མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་ཀྱི་སྐུ་མགྲོན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་བདེ་སྲུང་བཀའ་བློན་མཆོག་གིས་སྤྱི་འཐུས་ཚོའི་དྲི་བར་ལན་འདེབས་གནང་སྟེ། ཨོ་སི་ཊི་ལི་ཡར་གནས་སྡོད་བོད་མི་ཁག་ཅིག་རྒྱ་ནག་གཞུང་ཚབ་ཀྱི་མགྲོན་འབོད་ལྟར་ཕྱིན་སྐོར་གསུངས་སོང་།

སྐབས་བཅོ་ལྔ་པའི་གྲོས་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ་ལ་ཉེ་བའི་སྐབས། སྤྱི་འཐུས་ཚོས་འདས་པའི་ཉིན་ ༡༣ རིང་ཁྲིམས་བཟོའི་ལས་དོན་དང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ བར་ལྷན་ཁང་ཁག་གི་ལས་བསྡོམས་ལ་བསྐྱར་ཞིབ་དང་། མ་འོངས་ལས་འཆར་ཐད་བགྲོ་གླེང་དོགས་འདྲི་གནང་བ་ཁག་ལ་དེ་རིང་ལྷན་ཁང་སོ་སོའི་བཀའ་བློན་གྱིས་ལན་འདེབས་གནང་སྐབས། ཉེ་ཆར་སྤྱི་འཐུས་ཤིག་གིས་བདེ་སྲུང་བཀའ་བློན་མཆོག་ལ། ཨོ་སི་ཊི་ལི་ཡར་གནས་སྡོད་བོད་མི་ཁག་ཅིག་རྒྱ་ནག་གཞུང་ཚབ་ཀྱི་མགྲོན་འབོད་ལྟར་ཕྱིན་པའི་གནས་ཚུལ་ཡོངས་ཁྱབ་ཆགས་ཡོད་པའི་སྐོར་ཤེས་རྟོགས་ཡོད་མེད་དང་། ཡོད་ན་མ་འོངས་བྱེད་འཆར་གང་དྲིས་པའི་ལན་དུ། དེ་རིང་ཉིན་རྒྱབ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་ལན་འདེབས་གནང་དོན། “ བཀུར་འོས་སྤྱི་འཐུས་ཤིག་གིས་ཨོ་སི་ཊི་ལི་ཡའི་ནང་གི་གནས་ཚུལ་དེའི་སྐོར་ཞུ་བདེ་བོ་ཡོད་ན་གསལ་བཤད་ཅིག་གནང་རོགས་གསུངས་སོང་། སྤྱིར་བཏང་གནས་ཚུལ་དེ་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཏུ་གྱུར་ཏེ། ཞུ་མ་བདེ་བ་གང་ཡང་མི་འདུག་པས་དེ་རིང་འདིར་གསལ་བོར་ཞུ་རྒྱུ་ཡིན། གནད་དོན་དེ་བཀུར་འོས་སྤྱི་འཐུས་མཆོག་གིས་གང་གསན་པ་དེ་ག་རང་ས་གནས་སུ་བྱུང་འདུག

ཡིན་ནའང་། གནད་དོན་དེ་མི་མང་པོ་དེ་འདྲ་མ་རེད། ཉུང་ཤོས་ཤིག་རེད། ཁ་གསལ་པོའི་ཐོག་ནས་ཞུས་པ་ཡིན་ན། དེའི་ཁོངས་ཀྱི་མི་གཅིག་སྔ་ཕྱི་ཐེངས་ ༤ ཙམ་ལ་བོད་ནང་དུ་བསྐྱོད་མྱོང་བ་དང་། ཨོ་སི་ཊི་ལི་ཡར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་དཔོན་རིགས་ཚོ་བསླེབས་སྐབས། བསོད་འདེབས་ཞུ་རྒྱུ་སོགས་རྒྱ་ནག་གཞུང་ཚབ་ཁང་གི་བཀོད་བྱུས་ལྟར། བོད་པ་སྤྱི་ཡོངས་ཀྱི་ངོ་ཚབ་ཡིན་མདོག་བྱས་འདུག མི་དེའི་རིགས་ད་ལྟ་བོད་ཕྱི་ནང་གཉིས་སུ་དཔལ་འབྱོར་གྱི་ཁ་རུབ་རྒྱག་མཁན་ཡོངས་གྲགས་ཡིན་པ་མ་ཟད། རྒྱ་ནག་གཞུང་གི་བེད་སྤྱོད་འོག་བོད་པའི་ཞབས་འདྲེན་པར་གྱུར་ཟིན་པ་གསལ་བོ་ཆགས་ཡོད། མི་དེའི་གྲས་དེ་རྒྱ་ནག་གི་བེད་སྤྱོད་འོག་ཕྱིན་པ་ཙམ་མ་ཟད། རང་རེའི་སྤྱི་ཚོགས་ཀྱི་བདེ་འཇགས་ཀྱང་དཀྲུགས་པའི་ཐབས་ལམ་བེད་སྤྱོད་ཀྱིས་དགྱེས་འཛོམས་ཀྱི་ཚོགས་འདུ་ཚོགས་མ་བཅུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཀྱང་ངོས་ལེན་མེད་པའི་གཏམ་འཆལ་བརྗོད་པ་སོགས། དངོས་ཡོད་དང་ལྡན་པའི་ཕྱག་བསྟར་ངན་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།” ཅེས་གསུངས་བྱུང་།  

 

བཀའ་བློན་མཆོག་གིས་མུ་མཐུད་དུ་གསུངས་དོན“ སྤྱི་ཡོངས་ཀྱི་ཆ་ནས་ཨོ་སི་ཊི་ལི་ཡའི་ནང་སྔ་ཕྱི་ཚོགས་འདུ་ཐེངས་གཉིས་ཚོགས་མ་ཐུབ་པའི་གནས་ཚུལ་གང་བྱུང་བ་ཚང་མས་མཁྱེན་ཡོད་པ་རེད། རྒྱ་མིའི་དཔོན་རིགས་དེ་འདྲ་བསླེབས་སྐབས་བོད་པའི་སྐུ་ཚབ་ཡིན་མདོག་གིས་ཕྱིན་པ་སོགས་བརྒྱུད་ལམ་ཁག་ཏུ་པར་དང་བཅས་པ་ཕྱིར་བསྒྲགས་བྱས་ཡོད་པར་དོ་སྣང་བྱུང་ཡོད་པ་རེད། ཨོ་སི་ཊི་ལི་ཡར་ཡོད་པའི་བོད་པའི་ཆབ་སྲིད་བཙོན་པ་རྣམས་ལ་ཆ་བཞག་ན། མང་ཆེ་བ་རྒྱལ་གཅེས་ལྷག་བསམ་གཡོ་བ་མེད་པར་ལངས་ཕྱོགས་སྔར་བཞིན་བརྟན་པོ་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རེད། ཨོ་སི་ཊི་ལི་ཡ་ཙམ་མ་ཡིན་པར། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་སུ་ཡིན་ཡང་། རང་ཉིད་ཀྱི་ཕ་མ་དང་གཉེན་ཉེ་ལ་ཐུག་འཕྲད་དུ་བསྐྱོད་པར་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་ལག་འཁྱེར་བཟུང་སྟེ་རྒྱ་ནག་གཞུང་ཚབ་ཁང་མ་གཏོགས་འགྲོ་ས་མེད་ལ། བོད་ནང་གཉེན་འཕྲད་དུ་འགྲོ་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཀག་འགོག་གང་ཡང་མེད། འོན་ཀྱང་། ས་གནས་སོ་སོའི་འབྲེལ་ཡོད་ཚན་པར་སྙན་སེང་ངེས་པར་དུ་ཞུ་དགོས་པར་མ་ཟད། བེད་སྤྱོད་ལོག་པར་མི་འགྲོ་བ་བྱ་རྒྱུ་ནི་བོད་མི་དོ་བདག་སོ་སོའི་རང་བདག་རང་གཅེས་བྱས་ཏེ། ངེས་པར་དུ་འགན་འཁུར་དགོས་པའི་གནད་དོན་ཞིག་ཡིན་སྟབས། གོ་སྐབས་འདི་བརྒྱུད་དེ་སྙན་སྒྲོན་ཞུས་པ་ཡིན” ཞེས་གསུངས་བྱུང་།

མཐའ་མར་ཁོང་གིས། “ ཉེ་ལམ་རྒྱ་ནག་གཞུང་གིས་བཙན་བྱོལ་ནང་གནས་པའི་བོད་མི་གང་མང་སོ་སོའི་གཉེན་ཉེ་ཐུག་འཕྲད་ཆེད་བོད་ནང་བསྐྱོད་རྒྱུའི་ལག་འཁྱེར་སྤྲོད་ཕྱོགས་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་ཆེ་རུ་འགྲོ་བཞིན་པ་མ་ཟད། ལྷག་པར་དུ་བོད་སྤྱི་བའི་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་ལས་དོན་ཡོད་པའི་མི་སྣ་ཚོ་བོད་ནང་བློ་འགུག་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་ཧ་ཅང་གསལ་བོ་ཆགས་ཡོད། བསམ་ཞིབ་མེད་པར་ལྐོག་ཇུས་བྱས་པ་དང་རྒྱ་ནག་གི་བེད་སྤྱོད་འོག་ཕྱིན་ཏེ་ཞབས་འདྲེན་ཞུ་མཁན་དང་། ལྐོག་ཉན་ལག་གསུབ་བྱེད་མཁན་ཡང་ཉུང་ཤས་ཤིག་ཡོད་བཞིན་པ་རེད། མི་དེའི་རིགས་རྒྱ་ནག་ཞུང་གི་འབྲེལ་ཡོད་ཚན་པས་ལྐོག་ཇུས་འོག་ཕྱིན་པ་མ་ཟད། མངོན་གསལ་གྱི་སྤྱི་ཚོགས་ནང་དམིགས་ཡུལ་ལྡན་པའི་འགུལ་བསྐྱོད་བྱེད་བཞིན་པ་གསལ་རུ་འགྲོ་བཞིན་ཡོད། ” ཅེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 37

  1. གཡག་ཕྲུག says:
    ལོ་ 14 སྔོན།

    གོང་དུ་མིང་འདོན་བྱས་པའི་བོད་མི་དེ་ནི་སེར་ནིའི་བོད་རིགས་མཐུན་ཚོགས་ཀྱི་དགྲ་བོ་ལྟ་བུ་ཆགས་ཡོད་གང་ཡིན་ཞེས་ན་ཁོ་པས་ཚོགས་འདུ་ཚོགས་
    རིམ་བཞིན་རྒྱུ་མཚན་ལྟར་སྣང་འདྲ་མིན་བརྗོད་དེ་གཟེང་ཆ་བསླངས་ཏེ་ཚོགས་འདུ་ལམ་ལྷོངས་མ་ཡོང་བའི་ཐབས་ཤེས་བྱས་ཏེ་ཚོགས་ཆེན་ཐེངས་གཉིས་གཏོར་གཤིགས་ཀྱིས་ཚོགས་མཚམས་འཇོག་དགོས་བྱུང་ཡོད་།
    སྤྱིར་བཏང་བོད་པ་ཡིན་པ་ཙམ་གྱི་བོད་རིགས་ཚོགས་པའི་ནང་བསམ་ཚུལ་
    ཤོད་པ་དང་ཐོབ་ཐང་རྩོད་ལེན་བྱེད་པའམ་ཆ་ཤས་ལེན་ཆོག་པའི་ངེས་པ་
    མེད་ australia ནང་ཚོགས་མི་མ་ཡིན་པ་ཞིག་ལ་ཚོགས་པ་དེའི་ནང་ཐོབ་
    ཐང་དང་དབང་ཆ་དེ་མིན་རྒྱུན་ལས་འོས་འདེམས་སོགས་ཀྱི་ཆ་ཤས་ལེན་པའི་ཐོབ་ཐང་གང་ཡང་མེད་པ་ཁྲིམས་དང་མཐུན་ཞིང་བོད་མི་དེས་ད་བར་ཚོགས་དངུལ་དང་རང་བཙན་ལག་དེབ་ཀྱི་བཅའ་དངུལ་སྤྲད་མེད་པ་ཡོངས་གྲགས་
    ཡིན་པས་ཁོ་པ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་ཡིན་མི་སྲིད་པས་
    བོད་རིགས་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་ཁོ་པ་བོད་པ་འདུ་འཛོམས་
    སྐབས་ཡོང་དུ་འཇུག་རྒྱུ་མེད་པས་གཅིག་སྒྲིལ་བྱོས་།

    Reply
  2. དམར་ཁ་ཚ། says:
    ལོ་ 14 སྔོན།

    དཔལ་འབྱོར་ཚེ་རིང་ནི་ཆབ་སྲིད་བཙོན་པ་རྫུན་མ་རེད། ཁོ་རང་ཆབ་སྲིད་བཙོན་པར་རྒྱབ་སྐྱོར་བྱེད་མཁན་གཙོ་གྲས་ཤིག་སྤྱི་ཟུར་བསྟན་འཛིན་མགོན་པོ་རེད། དེ་བཞིན་བོད་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ་ཟེར་བ་དེས་ལོ་ཤས་གོང་ཆབ་སྲིད་བཙོན་པ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་དེབ་ཞིག་བཏོན་པ་རེད།
    དེབ་དེའི་ནང་དཔལ་འབྱོར་ཚེ་རིང་ཆབ་སྲིད་བཙོན་པ་ཡིན་རབས་ཀྱི་ལོ་རྒྱུས་འཁོད་ཡོད། ནོར་འཁྲུལ་ཆེ་ཤོས་འདི་ཚོ་རེད།
    ལོ་ཤས་གོང་ཁོ་རང་རྒྱ་གར་དུ་འབྱོར་ཏེ་གཞོན་སྐྱེས་མང་པོ་ཞིག་ཨོ་སི་ཀྲེ་ལེ་ཡར་གྱི་མཐོ་སློབ་ཞིག་ཏུ་གཏོང་རྒྱུ་དང་། སློབ་ཡོན་རིན་མེད་ཡིན་ཚུལ་བཤད་པ་དང་། དེའི་ནང་དུ་ཐོ་འགོད་བྱེད་མཁན་གྲས་ཀྱིས་སྔ་འདོན་ཧིན་སྒོར་ཉིས་འབུམ་དགོས་ཚུལ་བཤད་དེ་བོད་པ་མང་པོ་ཞིག་གི་ལག་ནས་སྒོར་མོ་འབུམ་ཕྲག་ཁ་ཤས་བླངས་ཡོད། འདི་ནི་དངོས་འབྲེལ་གྱི་ཁོ་བའི་ལོ་རྒྱུས་ཀྱི་ཟུར་ཆ་ཙམ་ཞིག་ཡིན།

    Reply
  3. བློ་བཟང་ལུང་རྟོགས། says:
    ལོ་ 14 སྔོན།

    རང་རིགས་སྤུན་ཟླ་རྣམ་པར་ཞུ་རྒྱུ། རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་བཙན་བྱོལ་བོད་རིགས་ནང་ཁུལ་མཐུན་ལམ་མེད་པ་བཟོ་བའི་ལས་འགུལ་ཞིག་སྤེལ་དང་སྤེལ་བཞིན་ཡོད་པ་ལགས་ན། གནས་ཚུལ་ཁུངས་ལྡན་དང་བདེན་དཔང་མེད་པར་བོད་རིགས་ནང་ཁུལ་ལ་སྐྱོན་འདོགས་དང་གོ་སྐབས་བཟུང་གི་སྒེར་གྱི་སྙིང་ནད་སེལ་ཐུབ་བྱེད་པ་ཞབས་འདྲེན་ཡིན་པས་དེ་དོན་ཐུགས་ལ་བཅང་ནས་རིག་པ་འདོན་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།
    བདེ་སྲུང་བཀའ་བློན་གྱི་གསུང་བཤད་ནང་༼ཨོ་སི་ཊི་ལི་ཡར་ཡོད་པའི་བོད་པའི་ཆབ་སྲིད་བཙོན་པ་རྣམས་ལ་ཆ་བཞག་ན། མང་ཆེ་བ་རྒྱལ་གཅེས་ལྷག་བསམ་གཡོ་བ་མེད་པར་ལངས་ཕྱོགས་སྔར་བཞིན་བརྟན་པོ་ཡིན༽་གསུང་པ་འདི་ལ་ཡང་བརྩི་བཀུར་ཡོད་པ་ཞུ།

    Reply
  4. ཐོག་སྒྲ། says:
    ལོ་ 14 སྔོན།

    བོད་མི་དཀྱུས་མ་ཞིག་རྒྱ་ནག་ལ་ཕྱིན་པར་ཅི་ཧ་ལས་རྒྱུ་ཡོད།
    དེ་ལས་ཚབ་ཆེ་བ་ད་ལྟ་ང་ཚོས་བདམས་པས་བཀའ་ཁྲི་ཡང་དེ་སྔོན་ཕྱི་སྡོད་རྒྱ་མིའི་མིང་ཐོག་ནས་རྒྱ་ནག་ལ་ཕྱིན་པ་མ་རེད་དམ། བསམ་བློ་ཐོངས་དང་།

    Reply
  5. གནས་ཚང་། says:
    ལོ་ 14 སྔོན།

    བོད་པ་ཞིག་ཡིན་ན་བོད་པའི་སྐུ་ཚབ་མ་རེད་པས། བོད་དོན་ཞེས་པ་ཞིག་བོད་པ་ལས་ལོགས་སུ་ཨེ་ཡོད་ལ། བོད་དོན་ཡིན་པ་དང་མ་ཡིན་པའི་ཞེས་པའི་ས་མཚམས་སུས་བཤད་ཐུབ་ཀྱི་ཡོད་དམ།

    Reply
  6. ལུང་རྟོགས། says:
    ལོ་ 14 སྔོན།

    བོད་དོན་གྱི་ཆེད་དུ་རྒྱ་ནག་གཞུང་ཚབ་ཀྱི་སྐུ་མགྲོན་ལ་སོང་བ་ཡིན་ན་གནས་ཚུལ་ཁ་ཁ་རེད། དེ་མིན་དཀར་ནག་གི་དབྱེ་བ་ཕྱེ་རྒྱུ་ལྷག་མེད་མགྲོན་ལ་སོང་བ་ཙམ་གྱིས་ནག་པོ་ནག་རྐྱང་རེད། མི་ཁག་ཅིག་ནས་དེ་ལ་དབྱེ་བ་མང་པོ་ཞྀག་ཕྱེ་རྒྱུ་ཡོད་པ་ལྟ་བུ་བཤད་བཞིན་པ་ནི་ངོ་མ་ཁྱད་མཚར་རེད། བོད་པ་འདི་ཚོའི་ཁྲོད་ན་ཚ་རྩམ་གྱིས་ལྷུ་དྲིད་མི་ཐུབ་མཁན་ཡང་སྙིང་ཇི་ཙམ་ཡོད་ན།

    Reply
  7. ཐོས་བསམ་ says:
    ལོ་ 14 སྔོན།

    དེ་དངོས་གནས་རེད་ དེ་སྔོན་རྒྱ་གཞུང་གི་དུས་དེབ་ཞིག་གི་ཐོག་བོད་མི་དེ་དང་རྒྱ་ནག་གཞུང་ཚབ་ཆེན་པོ་མཉམ་དུ་བརྒྱབ་པའི་འདྲ་པར་ཞིག་ཐོན་ཡོད་པ་དང་དེ་ནས་བཟུངས་ཨའོ་སི་ཁྲོ་ལི་ཡར་གནས་བསྡོད་བོད་རིགས་རྣམས་པས་སྔར་ལས་ལྷག་པའི་དྭོགས་ཟོན་བྱ་བཞིན་ཡོད། ཁོ་པ་ནི་ད་བར་ལོ་དྲུག་ཙམ་རིང་བོད་དུ་ཐེངས་བཞི་ཙམ་དང་རྒྱ་གར་དུ་ཐེངས་གཉིས་ཙམ་ཕྱིན་ཡོད་པ་དང་དེ་གར་འགྲོ་རིང་མི་མང་པོ་ཞིག་ལ་མགོ་སྐོར་མང་པོ་གཏང་ཡོད་པའི་གནས་ཚུལ་ཡོད་ལ་ཁོ་པས་ད་བར་རང་བཙན་ལག་དེབ་དང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་དངུལ་ད་དུང་བོད་རིགས་མཐུན་ཚོགས་ཀྱི་དངུལ་འབུན་ཡང་སྤྲོད་ཀྱི་མེད་པའི་གནས་ཚུལ་དེ་དག་དངོས་ཡོད་ཡིན། སྤྱིར་རྒྱ་ནག་གཞུང་ཚབ་ཁང་གི་མི་དང་མཉམ་དུ་མཉམ་དུ་ཁ་ལག་བཟས་པ་ཙམ་གྱིས་རྒྱ་ཡི་གསོ་ཡིན་པའི་ངེས་པ་མེད། ཕྲན་ནས་གོ་ཐོས་ལྟར་ན་སི་ནིའི་བོད་རིགས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཞིག་ནས་ཀྱང་རྒྱ་ནག་གཞུང་ཚབ་ཁང་གི་མི་སྣ་བོད་རིགས་མཐུན་ཚོགས་ཀྱི་མིང་ཐོག་ནས་ཁྱིམ་དུ་མགྲོན་འབོད་བྱས་པ་དང་བོད་དུ་འགྲོ་རྒྱུའི་མཐོངས་མཆན་ཞུས་ཏེ་ཚོགས་གཙོ་ཡིན་རིང་བོད་དུ་ཕྱིན་ཡོད་པའི་གནས་ཚུལ་ཡང་ཡོད་འདུག་

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྲིད་དོན་བཙོན་པ་སོགས་རྒྱན་ཤོག་གི་ལམ་ནས་་ཕྱི་རྒྱལ་ལ་གཏོང་སྟངས་སྐོར་འདི་དོན་ངོ་མ་ཐབས་ཚུལ་ཡག་པོ་ཞིག་གཏན་ནས་མ་རེད། རྒྱན་འཇོག ག་རེ་རྒྱན་འཇོག ཚེ་སྲོག་གིས་རྒྱན་བཞག་ནས་ཡོང་བ་དེ་ལས་ལྷག་པའི་རྒྱན་ཅི་ཞིག་འཇོག
    སྲིད་སྐྱོང་གསར་བ་རྣམ་པས་་རྒྱན་འཇོག་གི་ལམ་ལུགས་འདིར་གསར་བརྗེ་དང་སྲིད་དོན་གྱི་བྱས་པ་ཅན་ཚོ་དང་མགོ་བདེ་དྲན་འཕྲུལ་དག་ལ་ས་མཚམས་མ་ནོར་བ་དང་ཐོབ་ཐང་མ་ནོར་བ་རེ་སྤྲོད་རྒྱུའི་རེ་བ་ཞུ།

    Reply
  9. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    ད་ང་ཚོས་རྒྱ་མགྲོན་བོད་པ་དེ་ཚོས་རྡ་རམ་ས་ལར་བསྐྱུར་ཡོད་པའི་ཨབ་ཕྲུག་ཚོ་ལ་བཟོ་སྟ་བཟོ་མ་ཐུབ་ན། ཁོ་ཚོར་བཟོ་སྟ་ཞིག་བཟོ་བའི་རེ་བ་མ་བྱེད།

    Reply
  10. རྭ་ལོ། says:
    ལོ་ 14 སྔོན།

    སྡིངས་ཆའི་སྒང་ནས་ཁ་མར་འཁོན་དེ་ཚོ་ཁམས་པ་འགའ་ཡིན་ལེ་ཆེ། ང་ནི་ཁམས་པ་ལ་དགའ་ས་སྟོང་དང་མི་དགའ་ས་བརྒྱ་ཡོད། དེའི་ནང་གི་གཅིག་འདི་ཡིན། ག་རེ་བྱས་ནས་ཁམས་པའི་མིང་རྫོད་དགོས་པ་རེད། བོད་མི་རིགས་ཀྱི་གྲུབ་ཆ་ཆེ་ཤོས་དང་དཔའ་བློ་སྟོབས། སྐུ་གཟི་བརྗིད། ཁམས་པ་ལབ་ལ་མིག་ལ་ཤར་རྒྱུ་དང་ཡིད་ལ་འཆར་རྒྱུ་ཡོད་པ་ཞིག་ཡིན་ནི་རེད། ངའི་ཁམས་པ་ཚོ་རི་དྭགས་ཤྭ་བ་བཞིན་སྟོངས་མེད་ལ། ངའི་ཁམས་པའི་དཔའ་བོ་ཚོའི་ལག་གི་མཚོན་ཆ་ལྷུང་མེད་པ། གཉིད་སོད། ཡར་ལོངས། ཕོ་རྒོད་པོའི་ཕ་ས་ཁམས་ཡིན་པ་མ་བརྗེད་རོགས།

    Reply
  11. སོག་ཤོད་ལྷ་རྒྱལ། says:
    ལོ་ 14 སྔོན།

    དེ་དང་དེ་ནང་བཞིན་སུ་སིད་ལ། བོད་མི་སྐོར་ཞིག་ག་དུས་ཡིན་ན་རྒྱ་ནག་བཞུང་འབྲེལ་མི་སྣ་དང་འབྲེལ་བ་དམ་བཟབ་ཡོད་པ་མ་ཚད། རྒྱ་ནག་བཞུང་གི་ག་དུས་སྐད་བཏང་བཏང་རེད་འདུག་ཟེར། ད་ལོ་རྒྱ་གཞུང་གི་ལོ་དྲུག་བཅུའི་དུས་དྲན་ཟེར་བའི་ནང་དུ། བོད་མི་སྐོར་ཞིག་སྡིང་ཆའི་གོང་དུ་མར་ཁ་སྐོར་ནས་སྡད་འདུག་ཟེར་། དེ་ཚོ་། ཚང་མས་ཉམས་ཞིབ་ཡག་པོ་བྱེད་གལ་ཆེ། ང་ཚོ་དགྲ་བོ་དེ་ ཕྱེ་ལས་ནང་དགྲ་དེ་ཉེན་ཁ་ཆེ་གི་རེད།།

    Reply
  12. བོད་པ་ says:
    ལོ་ 14 སྔོན།

    ཧ ཧ་ ད་ཡོང་གི་འདུག ག ཆབ་བྲག་ལྷ་མོས་རྒྱ་གཞུང་གི་མགྲོན་འབོད་ལ་འགྲོ་རྐྱང་ཡིན་ཟེར། ཁྱེད་ཀྱིས་ཅི་བཤད་རྒྱ་གཞུང་གིས་བཤད་འཇོག་གི་རེད། རྒྱ་རི་སོགས་ཀྱིས་ཡང་མང་པོ་བཤད་ཡོད་པ་རེད། ཕར་ཆུ་ཚོད་གཅིག་ལ་ཁྱེད་ཀྱི་འདོད་པ་བཤད་ན་ཚུར་ཁོ་ཚོའི་སྲིད་ཇུས་ཆུ་ཚོད་གཉིས་ལ་བཤད་གི་རེད། ཁྱེད་ཀྱི་བཤད་པ་ཁོ་ཚོས་བསམ་བློ་གཏོང་ཟེར་གི་རེད། ཁྱེད་ལ་ལས་དོན་མང་པོ་སྤྲོད་གི་རེད། པེ་ཆ་མང་པོ་སྤྲོད་གི་རེད། ཁ་ལག་མང་པོ་སྤྲོད་གི་རེད། བྲེལ་བ་མ་ལངས་ར་མགྲོན་འབོད་བྱེད་གི་ལོ་་་་འདི་མོ་ཟིག་ད་ཡིན་ས་རེད་མོད། ཟླ་ཤས་སྔོན་ནས་བཟུང་སྤྱི་ཟུར་གི་བཤད་སྟངས་ལ་འགྱུར་བ་མང་པོ་སོང་འདུག

    Reply
  13. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    སྔོན་ཆད་ཆོ་ལོ་དང་མཚན་གནས་སྤྲད་དེ་འུ་ཚང་གི་བླ་ཆེན་དཔོན་ཆེན་ཚོས་བླ་མང་པོ་བཙོང་བ་རེད། དེང་སྐབས་རྒྱ་སྒོར་དང་གསོལ་སྟོན་བཤམས་ཏེ་བཙན་བྱོལ་བ་ཚོས་བླ་བཙོང་བཞིན་ཡོད་པ་རེད། འདི་དག་ཚང་མ་གནའ་བོའི་བཙན་པོའི་རྒྱལ་རབས་ཀྱི་རང་བཙན་སྙིང་སྟོབས་རིན་ཐང་གི་རྒྱ་མིག་ལ་བཀྱགས་པ་ཡིན་ན། གནའ་མྱིའི་གཏམ་དཔེ་ལ་ཕ་རྒོད་པོ་ཤ་གཟན་ཞིག་ལ་བུ་ཁྭ་ཏ་སྐྱག་གཟན་ཞིག་ཅེས་པ་ལྟར། རང་ཅག་མི་རིགས་འདི་བླ་རུལ་བཞིན་པའི་མངོན་རྟགས་གསལ་ཤེས་དེ་རེད། ད་ནི་དགག་སྒྲུབ་ཐེར་འདོན་གྱིས་བླ་རུལ་གཙང་བཟོ་བྱེད་རྒྱུ་ལས་ཐབས་གཞན་ཡོད་མི་སྲིད།

    ཡིན་ནའང་། གུང་བྲན་དམར་ཤོག་གཞུང་གི་ཁྲིམས་འོག་ནས་རང་སྐྱོང་འཚོལ་དགོས་པའི་རིན་ཐང་གི་ངོས་གླེང་དགོས་ཚེ། གུང་བྲན་ཏང་གི་བཅའ་ཁྲིམས་ཀྱི་དབུ་ཁྱིད་དང་སྐྱབས་འགྲོ་ལྟ་བུའི་རྒྱུན་འཁྱོངས་བཞིའི་ནང་ནས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་པ་ཙམ་རེད། ད་དུང་མུ་མཐུད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་དང་། མར་ལེ་མའོ་ཙེ་ཏུང་གི་དགོངས་པ་སོགས་ངོས་ལེན་རྒྱུན་འཁྱོངས་བྱ་རྒྱུ་ལྷག་བསྡད་འདུག

    ད་ཁ་ཕྱིར་ལ་འཁོར་ནས་བླ་འགུགས་བྱ་རྒྱུ་ཡིན་ནམ། མུ་མཐུད་དུ་མགོ་སྒུར་ནས་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་འཚོལ་རྒྱུ་ཡིན་མིན་གདམ་ག་རྒྱག་དགོས་པ་རེད།

    Reply
  14. ཁྱུང་དཀར says:
    ལོ་ 14 སྔོན།

    ཆབ་བྲག་ལགས། རྒྱ་ནག་གི་མགྲོན་འབོད་ལ་ཁྱེད་ཀྱི་རེ་འདོད་བཞིན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་ལམ་སྟོན་གནང་ས་ཨེ་ཡོད་ལགས། འགྲོ་དགོས་ས་ནས་ཤར་སེ་འགྲོ་དགོས་པ་མ་གཏོགས་གྱ་ལ་གྱི་ལེ་བྱེད་བསྡད་ན་དེ་ནས་རག་ཡོང་། མདོ་དོན་བཤད་ན་ཁྱེད་རང་སྐུ་མགྲོན་ལ་འགྲོ་འདོད་ཀྱང་འདིའི་སྐབས་ཀྱི་སྐུ་མགྲོན་ཀི་ཆ་རྐྱེན་ལ་མགོ་གཉིས་འཁྲབ་པ་ལ་ཐོགས་མེད་ཅིག་དགོས་སེ་འདུག་ན། མ་གཞི་ནས་ཁྱེད་ལ་ཆ་རྐྱེན་དེ་རིགས་ཚང་གི་མི་འདུག

    Reply
  15. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ངས་གོ་སྐབས་འདི་བཟུང་ནས་བདེ་སྲུང་ལས་ཁོངས་ལ་ལོ་ལྟར་རྒྱན་རྒྱག་ལམ་ནས་ཨོ་སི་ཊོ་ལི་ཡར་གཏོང་བཞིན་པ་རྣམས་ཆབ་སྲིད་བཙོན་ཟུར་སོགས་དངོས་གནས་ཡིན་པའི་ཁུངས་སྐྱེལ་གསལ་བོ་མེད་རིགས་རྣམས་ངེས་པར་དུ་ཕྱིར་འཕུད་གནང་རོགས །ད་སྐབས་བོད་ནས་རང་སྲོག་གཏོང་མཁན་ཡང་ག་ཚོད་འདུག སྤྱིར་བོད་ནས་སྦྱར་ཡིག་ཙམ་སྦྱར་བ་ཚུན་ལ་གོ་སྐབས་སྤྲོད་དགོས་ན་ཁག་པོ་རེད། བཙན་བྱོལ་དུ་འབྱོར་རྗེས་ཁུངས་གང་ཞིག་ན་ཐོབ་ཐང་ཅི་ཞིག་རག་བསྡད་ཡོད་པ་རྣམས་ལའང་གོ་སྐབས་སྤྲོད་དགོས་མིན་དགོངས་པ་བཞེས་དགོས། དངོས་གནས་དཀའ་ལས་རྒྱབ་མྱོང་མཁན་འགྲོ་མ་ཐུབ་པར་རྫུན་མ་ཞིག་བཏང་ན་དེ་ལས་ཀྱང་ཧ་ཅང་ཕངས་པོ་རེད། ངེས་པར་དུ་བསྐྱར་ཞིག་ཅིག་གནང་རོགས།

    Reply
  16. མི་ཆུང་། says:
    ལོ་ 14 སྔོན།

    སྐབས་འདིར་གནད་དོན་གཉིས་ཡོད། གཅིག་སྐུ་མགྲོན་དུ་ཕྱིན་པ་ཙམ་གྱིས་ངན་པར་བརྩི་མི་རུང་བ་དེ་ཡིན། ད་ལྟ་ང་ཚོས་བསྐྲུན་བཞིན་པའི་སྲིད་ཇུས་ནི་ལམ་དབུ་མ་ཡིན་པ་དང་། གལ་སྲིད་དེ་ལྟར་མིན་རུང་རྐྱེན་ཆེར་མེད། འོན་ཀྱང་རིགས་གཅིག་གིས་བོད་མིའི་བླ་ཚོང་བ་དང་། འདུ་ཚོགས་སོགས་ལ་འགོག་རྐྱེན་བཟོ་མི་འདི་རིགས་ལ་ངེས་པར་དུ་ཟབ་དགོས་ལ། བརྟག་དགོས།

    གཉིས་པ་ནི། ཆབ་སྲིད་བཙོན་པ་དང་འབྲེལ་བའི་སྟེང་ནས་ལམ་ལོག་པར་འཇུག་མི་ཡོད་ཚོད་འདུག་ན། འདི་རིགས་ཀྱི་འགན་ལེན་ཚང་མ་བདེ་སྲུང་ལས་ཁུངས་ལ་ཡོད། དེ་རིང་བར་ཆབ་སྲིད་ཀྱི་གནས་དོན་འབྲེལ་ནས་ཨོ་སོ་ཏྲི་ལི་ཡར་ཕྱིན་པ་མང་ཡང་། དེའི་ནང་མི་བསད་རྟ་བསྒྱེལ་ནས་འགྲོ་མི་ཇི་སྙེད་པ་ཡོངས་གྲགས་རེད། ད་དུང་མི་བསད་རྟ་བསྒྱེལ་ཡང་གཡོ་དང་རྫུན་འོག་ནས་ཕྱིན་པ་མང་། འདི་དག་རྣམས་ནས་མང་པོ་བདེ་སྲུང་ལས་ཁུངས་ཀྱི་མི་སྣ་སོ་སོས་ཤཻས་ཀྱི་ཡོད་ཀྱང་། རྒྱན་ཤོག་ནང་དེ་ལྟར་བཏང་བ་རེད།

    དེས་ན་སླད་ཕྱིན་བདེ་སྲུང་ནས་དེ་སྔོན་བཞིན་ཁྲལ་མངོན་སླ་ཆོད་དང་། དགའ་ཉེ་ཕྱོགས་རིས་སུ་མ་སོང་བར། ཁ་ཞེ་ངོ་ལྐོག་མེད་པར་༧གོང་ས་མཆོག་གིས་ཐུགས་དགོངས་བླ་མེད་སྒྲུབ་ཐུབ་པའི་གསོལ་འདེབས་ཞུ་རྒྱུ་ལས་ཅང་མ་མཆིས།

    Reply
  17. གནས་ཚང་། says:
    ལོ་ 14 སྔོན།

    གཡུ་རལ་བཀྲ་རྒྱམ་ལགས།

    ད་དུང་གསལ་བོ་ཆགས་མ་སོང་། རབ་བྱུང་ན་མི་རེ་རེ་བྱས་ནས་ངོ་སྤྲོད་གནང་ཐུབ་ཀྱི་འདུག་གམ། ཐུགས་རྗེ་ཆེ།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གལ་ཏེ་ང་ལ་ཡང་རྒྱ་ནག་གཞུང་འབྲེལ་གྱིས་མགྲོན་ཤོག་ཅིག་གིས་སྣེ་ལེན་གནང་ཚེ་འགྲོ་ཐག་ཆོད་ཡིན། ཡིན་ན་ཡང་ང་ལ་ཆ་རྐྱེན་གཅིག་རང་ཡོད། དེ་ནི་ངས་རྒྱ་བོད་སུ་ཡིན་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་རང་དབང་སྒོས་ངོ་སྤྲོད་བྱ་ཆོག་པ་དགོས། རྩ་དོན་འདི་དང་འབྲེལ་ཏེ་རྒྱ་གཞུང་གིས་ཚུར་ལ་ཡང་ཆ་རྐྱེན་གང་བཏོན་ལ་ཉན་འཇོག་བྱེད་དགོས་ས་དང་བྱེད་ཐུབ་ས་ཡོད་ན་ཐང།
    མདོར་ན་ང་ཚོ་ཐབས་ལམ་གང་འདྲ་ཞིག་བརྒྱུད་དེ་བོད་ནང་ལ་སོང་ན་ཡང་སོ་སོའི་ངོས་ནས་བྱེད་འོས་པ་དང་བྱེད་ཐུབ་པའི་དོན་དག་རེ་ཅིས་ཀྱང་ཡོད་པས། ཚང་མ་བོད་ཀྱི་ཕོ་ཉ་ལྟ་བུ་ཞིག་ཆགས་རྒྱུར་རེ་སྐུལ་ཞུ་འདོད་བྱུང།

    Reply
  19. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    དཔལ་འབྱོར་ཚེ་རིང་རྒྱ་ནག་གི་དཔོན་རིགས་དང་ཤེས་ཡོན་པ་ཁག་ཅིག་ལ་ཐུགས་འཕྲད་དུ་སོང་བ་དེ་དངོས་ཡོད་རེད་ལ་གསོལ་སྟོན་ལ་ཕྱིན་པ་ཡང་དངོས་ཡོད་རེད། འོན་ཀྱང་རྒྱ་ནག་གི་གསོལ་སྟོན་ལ་རོལ་མཁན་ང་ཚོའི་སྤྱི་ཚོགས་ནང་བགྲང་ལས་འདས་བ་ཡོད། ཕ་ཡུལ་ལ་གཉེན་འཕྲད་དུ་འགྲོ་དགོས་ན་ངེས་བར་དུ་རྒྱ་ནག་གི་གསོལ་སྟོན་ལ་རོལ་དགོས་བའི་ངེས་འེ་ཡོད་ན། ཕ་ཡུལ་ནས་ཕྱིར་ལོ་རྗེས་ཡང་བསྐྱར་རྒྱ་ནག་གི་གསོལ་སྟོན་ལ་རོལ་བ་དེ་ལ་ཡང་རྒྱ་ནག་གི་ལས་འགན་ཞིག་ཏན་ཏན་ཡོད་ངེས་རེད།
    སྐྱག་པ་ལ་གཙང་གཙོག་མེད་པས་དཔལ་འབྱོར་ཚེ་རིང་གིས་ཟོས་བའི་སྐྱག་པ་དེ་གཙོག་པ་ཞིག་དང་གཞན་དག་ཚོས་ཟོས་བའི་སྐྱག་པ་དེ་གཙང་མ་ཞིག་ཡོངས་མི་སྲིད་པ་ཡིན།
    དཔལ་འབྱོར་ཚེ་རིང་བོད་ལ་སོང་ནས་ཁོང་ཏྰ་ལའི་བླ་མའི་སྐུ་ཚབ་ཡིན་ཟེར་བ་དེ་རིང་མ་གཏོགས་གོ་མྱོང་མེད་པས་མུ་མཐུད་ཞིབ་འཇུག་བྱེད་དགོས་འདུག། ད་དུང་རྒྱ་ནག་གི་གསོལ་སྟོན་རོལ་མཁན་ཚང་མ་ཞིིབ་འཇུག་བྱེད་དགོས་འདུག།

    Reply
  20. དབྱར་ཁབ་ཀུན་བཟང། says:
    ལོ་ 14 སྔོན།

    རང་ཉིད་་སུ་ཡིན་མི་ཤེས་པའི་ཉེས་ཅན་གྱི་མི་དེ་ཚོའི་རིགས་ནི་རྭ་ལོའི་བཤད་པ་ནང་བཞིན་ཁ་གསལ་གཏིང་གསལ་གྱི་ཐོག་ནས་སྐད་ཆ་བཤད་ན་ཁྲིམས་མཐུན་དང་གོ་བདེ་བ་ཙམ་མ་ཟད་སྤྱི་ཚོགས་སུ་ཡོངས་ཁྱབ་འགྲོ་བ་དང་ཚང་མས་དོགས་ཟ་དང་བལྟ་སྲུང་བྱེད་དེ་བྱ་ངན་བསག་པའི་སྔོན་འགོག་ཏུ་འགྲོ་བའི་་དགེ་མཚན་ཡོད། དེ་མིན་སྤྱི་མཐུས་གྲོས་ཚོགས་ནས་ཁ་གསལ་པོའི་མིང་སོགས་གང་ཡང་མ་བཏོད་ནས་གསལ་ལ་མ་གསལ་ལ་བཤད་དེ་གསར་བསྒྲགས་སུ་སྤེལ་ན་་ཅི་ཡང་མི་ཕན།

    Reply
  21. ཐུབ་བསྟན། says:
    ལོ་ 14 སྔོན།

    བོད་ཞི་བའི་བཅང་གྲོལ་བཏང་ནས་ལོ་༦༠འཁོར་པ་ཟེར་བའི་འདི་ལོའི་ཕྱི་ཟླ་༥པའི་ནང་རྒྱ་གཞུང་གི་ལྷ་སའི་མཛད་སྒོ་སོགས་ཀྱི་ཐོག་ཏུ་ཕྱི་སྡོད་བོད་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་དཀོན་རྡོར་བླ་མ་ཟེར་བ་སོགས་ཁག་གཅིག་སོས་སི་ནས་ཕྱིན་ཡོད་འདུག དཀོན་རྡོར་བླ་མ་ནི་ཆབ་མདོ་དགོན་པའི་བླ་མ་ཞིག་རེད། དེ་སྔོན་རྒྱ་གར་ལྷོ་ཕྱོགས་སེ་རའི་གྲྭ་བ་ཡིན་ཡང་རྗེས་ནས་ཡོ་རོབ་ལ་ཕྱིན་པ་རེད།

    དྲ་གྲོགས་རྭ་ལོ་ལགས།
    མགོ་ལོག་ཀླུ་རྒྱལ་དང་ལྷ་འབྲུག་གཉིས་ཟེར་བ་དེས་ག་རེ་བྱེད་བཞིན་འདུག་གམ།
    འདིའི་རིགས་ང་ཚོས་སྔ་སེ་ནས་གསལ་པོ་མ་བཟོས་ཐབས་མེད་ཆགས་ཡོད་རེད།
    གསལ་བཤད་གནང་རོགས་གནང་།

    Reply
  22. གངས་ཅན། says:
    ལོ་ 14 སྔོན།

    མདོ་སྨད་ཚང་གི་ཞབས་འདྲེན་རེད། ད་ཨ་ལགས་འཇིགས་མེད་ཀྱི་དབུ་ཁྲིད་པའི་མདོ་སྨད་དབུས་ས་གཉིས་ལ་བྱེད་རྒྱུ་ཞིག་ཡོད་ན་བྱེད་རན་རེད། འཁོས་ཆུང་ཀླུ་མཁར་བྱམས་ལྟ་བུ་སྟེང་ལ་མདོ་སྨད་དབུས་ས་གཉིས་རྒྱུགས་ནས་ཁྲིམས་ཁང་ལ་བསྐྱལ་བ་དང། མདོ་སྨད་ཁོངས་ཕྱིར་འབུད་བྱས་པ་ཡིན་ཟེར་བ་དང། གཞུང་ལ་ཞུ་གཏུགས་བྱེད་པ་སོགས་འདྲ་མིན་གྱིས་ལས་ཀ་ཞིག་སྤེལ་སོང། ད་འདིའི་སྟེང་ལ་བྱེད་རྒྱུ་ཞིག་ཡོད་ན་བྱེད་རན་རེད། མདོ་སྨད་ཀྱི་བླ་བཙོང་དང་ཞབས་འདྲེན་མ་རེད་དམ། གོ་ཐོས་ལ་འདི་དག་གིས་༸གོང་ས་མཆོག་གིས། རྒྱ་ནག་མི་དམངས་ལ་འབྲེལ་བ་བྱོས་ཟེར་བའི་བཀའ་སློབ་བེད་ཁ་ལ་འཁྱེར་ཏེ་བེད་སྤྱོད་ལོག་པར་གཏོང་གི་ཡོད་ཚོད་འདུག

    Reply
  23. གནས་ཚང་། says:
    ལོ་ 14 སྔོན།

    བོད་ལ་གཞུང་ཞིག་མེད་ན་ད་འདི་འདྲ་རེད། གཞུང་གཏོར་རྗེས་མིའང་འཐོར་སོང་བ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱིས་གཞིས་ཆགས་ཁག་ལ་མ་གཏོགས་ཐེ་ཇུས་མ་བྱས་ན་ཡག་གི་རེད།

    Reply
  24. ལུང་རྟོགས། says:
    ལོ་ 14 སྔོན།

    བོད་ནང་ལ་བོད་དོན་ཆེད་རང་སྲོག་མཆོད་མེར་ཕུལ་བཞིན་ཡོད་ཀྱང་རང་དབང་ལུང་པར་བྱ་ངན་འདི་ལྟར་བརྩོམ་པ་ནི་ངོ་མ་བཟོད་སྒོམ་བྱེད་དཀའ་བ་ཞིག་རེད། མགོ་གསེར་སྐུའི་བཅག་ན་བྱིན་རླབས་མེད། ཡིད་ཕ་མས་བཅད་ན་དགའ་རྒྱུ་མེད། ཁྱི་རྒན་འདི་ཚོ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ང་ཚོའི་ནང་ལ་མཆུ་ཚེར་མ་ལས་གནོ་བ་དེ་ཚོ་འདི་འདྲའི་དུས་སུ་དགོས་པ་རེད། དེ་མིན་ཁ་བདེ་པོ་བཤད་པ་སྟོང་བཤད་རེད།

    Reply
  25. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཕ་ཡུལ་ནས་ཨ་འི་མགོ་བོ་བཅད་ནས།།
    རྒྱལ་ཁབ་ཀྱི་ཁྲིམས་ཁང་དུ་ལྷུང་བའི་མི་བུ་མགོ་བདེ་དེ་ཚོ།།
    རྡ་ས་ནས་མི་རིགས་ཀྱི་ལར་ཞེན་ཆེ་བའི་ཆབ་སྲིད་བཙོན་ཟུར་ཆགས་ན།
    ངོ་ཚ་དང་གནོང་དེ་ལས་ཆེ་བ་ས་སྟེང་ལ་ཡོད་དམ།

    Reply
  26. དམར་ཁ་ཚ། says:
    ལོ་ 14 སྔོན།

    དགོངས་དག མཆན་དེ་ཤོར་སོང་། མི་ཁ་ཤས་ཤིག་ལ་མགོ་བསྐོར་གྱིས་དངུལ་བླངས་ཡོད་ཚོད་ཡིན།
    ཉེ་ཆར་སོ་སུ་ཀྲོ་ལེ་ཡར་རྒྱ་ནག་གཞུང་ཚབ་དང་ལྷན་་དུ་འདྲ་པར་བླངས་བའི་ལོ་རྒྱུས་ཁུངས་བདེན་སོགས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཅིག་ཏུ་འབྱོར་ཡོད་འདུག
    ཁོ་ཕ་ཡུལ་དུ་སོང་སྟེ་རང་ཉིད་༸གོང་ས་མཆོག་གི་སྐུ་ཚབ་ཡིན་རབས་སོགས་རྒྱ་ཆེའི་གཞིས་མི་མགོ་བསྐོར་གཏོང་བཞིན་ཡོད་པས་གནས་ཚུལ་དུ།

    Reply
  27. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    མི་ངན་དེ་རྒྱ་སོ་རེད་ཅེས་ཨོ་སི་ཊི་ལི་ཡའི་གཞུང་ལ་རྩིས་སྤྲོད་བྱེད་དགོས་རེད།

    Reply
  28. རྭ་ལོ། says:
    ལོ་ 14 སྔོན།

    ཨ་རི་ན་ཡོད་པའི་མགོ་ལོག་ཀླུ་རྒྱལ་དང་ལྷ་འབྲུག་གཉིས་གང་འདྲ་འདུག བོད་མི་ཉེན་ཁ་ཅན་གྱི་གྲས་ཡིན་པ་འདྲ། གྲོགས་པོ་ཚོས། གཟབ་ཙམ་བྱོས།

    Reply
  29. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་ཚབ་ཁང་ལ་ཐོག་རྒྱུ་མེད་མཁན་འགའ་སུད་སུ་རུ་ཡོད་པ་སྔ་མོ་ནས་གོ་མྱོང་།
    འོན་ཀྱང་དེང་སང་དེའི་གྲས་འཇར་མན་ནི་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་ལ་སླེབས་ཡོད་པ་འདྲ། གོ་ཐོས་སུ་བོད་མི་དམངས་སྤྱི་འཐུས་ལས་ཐོག་པ་ཞིག་གི་སྤུན་ཆེད་ཆུང་བ་ཡང་་ཁྱི་སྤུ་མེད་ལ་འབུད་གྲབས་འདུག་ཟེར། གནས་ཚུལ་ཁུངས་ལྡན་ལག་འབྱོར་བྱུང་ན་དྲ་ཐོག་ལ་འགོད་ངེས་ཡིན། སྤྱི་འཐུས་ལས་ཐོག་པ་རྣམས་པས་དོ་བདག་སོ་སོའི་ནང་མི་གཉེན་འབྲེལ་འཇར་མན་དུ་ཡོད་ན་ཁ་བརྡ་ལམ་སྟོན་བྱེད་རན་ཡིན།

    Reply
  30. རྭ་ལོ། says:
    ལོ་ 14 སྔོན།

    གསལ་བསྒྲགས།

    མི་གཏེ་བོ་དེའི་མིང་ལ་དཔལ་འབྱོར་ཚེ་རིང་ཟེར། ལོ་ ༥༠ཡས་མས། ཕ་ཡུལ་མདོ་སྨད་མཚོ་སྔོན་པོའི་ལྷོ་རྒྱུད་ཆབ་ཆ། བོད་ནང་ཡོད་དུས་རྫོང་དེའི་སློབ་གསོ་ཚན་ཁག་གི་འགན་འཛིན། བཙན་བྱོལ་དུ་འབྱོར་དུས་པད་དཀར་སློབ་གྲ་ཞེས་པའི་འགན་འཛིན། མི་གཤིས། བོད་ནང་ནས་ཁོ་རང་གི་སྤུན་ཆེ་བ་བུན་ནག་གི་ནང་དུ་བཅུག་ཚར་བ་རེད།
    ལ
    ད་ལྟའི་སྤྱོད་པ། བདེ་སྲུང་ལས་ཁུངས་ཀྱི་གསལ་བཤད་བཞིན་རེད། ཉེ་ལམ་བོད་ལ་ཕྱིན་སྐབས། ཁོ་རང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཡིན་ཅེས་སླར་ཡང་མང་ཚོགས་ལ་མགོ་སྐོར་བཏང་འདུག
    མི་འདི་ཉེན་ཁ་ཆེན་པོ་རེད། ཨོ་སི་ཊོ་ལི་ཡ་ན། ད་དུང་དོར་ཞི་རྒྱ་མཚོ་ཟེར་བ་དེ་ཡོད་པ་རེད། གོ་ཚོད་ལ་ཆོས་ཚོགས་ཤིག་བཟུང་ཡོད་པ་འདྲ། ཟློས་གར་མུ་མཐུད་ནས་མཇུག་སྐྱོང་གི་ཡོད་ཚུལ་འདུག འདི་ཡང་ཉེན་ཁ་ཆེན་པོ་ཡིན།

    ཨོ་སི་ཊོ་ལིའི་བོད་མིའི་ཚོགས་པའི་འཐུས་མི་འདེམས་སྟངས་ལ་ཡང་དཀའ་ངལ་ཡོད་པ་ཚོར། དེས་ལྷག་པར་དུ་མི་སྒེར་སོ་སོ་རྒྱ་ནག་གཞུང་ཚབ་ཁང་ལ་འགྲོ་རྒྱུའི་མཐུན་རྐྱེན་སྐྲུན་གི་ཡོད་ས་རེད། ཉེ་ལམ་གྱི་དབུས་རྒྱུན་འདེམ་སྟངས་ཀྱི་རྩོད་ཉོག་ལྟ་བུ་རརད།

    Reply
  31. ཁྱུང་དཀར says:
    ལོ་ 14 སྔོན།

    ཨོ་ཡ། རྒྱ་མིའི་གཞུང་ཚབ་ཀྱིས་མགྲོ་འབོད་བྱས་པ་འདི་ཅུང་དམིགས་གསལ་ཆགས་འདུག་ག རྒྱ་མི་དང་མཉམ་དུ་འབྲེལ་ལམ་འཛུགས་པ་གལ་ཆེན་ལྟ་བུ་སྣང་ཡང་། གཞུང་ཚབ་ཀྱིས་མགྲོན་འབོད་བྱ་སྟངས་ལ་བལྟས་ན་རྒྱ་ནག་ལ་དོན་དག་ཅིག་བསྒྲུབ་དགོས་པ་ཏན་ཏན་རེད། མི་གཤིས་མེད་པའི་ང་ཚོའི་སྐྱབས་བཅོལ་པ་རྣམས་དངུལ་དངོས་རྗེས་འབྲངས་ཡིན་པས་རྒྱ་མིས་ཤོག་དངུལ་གྱིས་བསླུ་བྲིད་གཏོང་ཆོག་ཆོག་ཡིན།

    Reply
  32. ཁྱུང་དཀར says:
    ལོ་ 14 སྔོན།

    ཨོ་ཡ། རྒྱ་མིའི་གཞུང་ཚབ་ཀྱིས་མགྲོ་འབོད་བྱས་པ་འདི་ཅུང་དམིགས་གསལ་ཆགས་འདུག་ག རྒྱ་མི་དང་མཉམ་དུ་འབྲེལ་ལམ་འཛུགས་པ་གལ་ཆེན་ལྟ་བུ་སྣང་ཡང་། གཞུང་ཚབ་ཀྱིས་མགྲོན་འབོད་བྱ་སྟངས་ལ་བལྟས་ན་རྒྱ་ནག་ལ་དོན་དག་ཅིག་བསྒྲུབ་དགོས་པ་ཏན་ཏན་རེད། མི་གཤིས་མེད་པའི་ང་ཚོའི་སྐྱབས་བཅོལ་པ་རྣམས་དངུལ་དངོས་རྗེས་འབྲངས་ཡིན་པས་རྒྱ་མིས་ཤོག་དངུལ་གྱིས་བསླུ་བྲིད་གཏོང་ཆོག་ཆོག་ཡིན།

    Reply
  33. མི་ཉག་སྐལ་བཟང་། says:
    ལོ་ 14 སྔོན།

    རིགས་དེ་ཚོར་བོད་རིགས་སྤུན་ཟླའི་འདུ་ཤེས་བཟུང་མི་དགོས་པར་ང་ཚོ་མཉམ་རུབ་ཀྱིས་རིམ་བཞིན་ཐབས་ལམ་དུ་མ་བརྒྱུད་ནས་ལྐོག་གསོད་གཏོང་ཐུབ་ན་བཟང་ཤོས་རེད། མི་དེ་ཚོ་རྒྱལ་ཚོང་པ་རེད། ལ་རྒྱ་དང་ངོ་ཚ་ཁྱོན་ནི་མེད་མཁན་དེ་ཚོ་རེ་རེ་བཞིན་རྩ་མེད་གཏོང་བར་འབད་བརྩོན་བྱ་རྒྱུ་དེ་རེད།

    Reply
  34. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    མི་དེའི་རིགས་མིང་བཏོན་ནས་ཡོངས་ཁྱབ་གསལ་བསྒྲགས་བྱ་ན་མ་འོངས་པར་ཕན་གྱི་རེད།

    Reply
  35. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་ནས་མི་བསད་་་་་རྐུ་བྱས་་་་ཁྲིམས་འགལ་ནག་ཚོང་བརྒྱབ་ནས་བཙོན་ཁང་དུ་ཚུད་ནས་བཙོན་ཁང་ནས་ཐར་དུས་རྒྱ་གར་ལ་ཡོང་ནས་ཆབ་སྲིད་བཙོན་པ་ཡིན་རབས་་་་་བོད་པའི་ལ་རྒྱ་སྒྲུབ་རབས་་་་་་་་་་བཙོན་ཁང་ནང་ནས་མནར་གཅོད་མྱང་རབས་་་་་་་བཤད་ནས་རྡ་ས་རུ་བསླེབས་དུས་བོད་མི་རིགས་ཀྱི་ལས་དོན་བསྒྲུབ་པའི་ཆབ་སྲིད་བཙོན་པ་ཆགས་སོང་མཁན་ཉུང་ཉུང་གཏན་ནས་མ་རེད་་་་་་་བདེ་སྲུང་ལྷན་ཁང་དང་བདེ་སྲུང་སྐུ་ངོ་ཚོ་ལ་མངོན་ཤེས་མེད་པའི་རྒྱེན་ཁོང་ཚོ་དོན་ངོ་མའི་མི་བསད་ལག་དམར་དང་་་་རྐུ་མ་དེ་ཚོ་ཆབ་སྲིད་བརྩོན་པའམ་བརྩོན་ཟུར་ཆགས་ཆགས་པ་རེད་་་་ཁོང་ཚོ་ཨོ་སའི་ཀྲོ་ལའི་ཡ་རུ་ཕྱིན་ནས་མི་རགས་བཙོང་མཁན་ཆགས་བ་རེད།དེང་སང་རྡ་སའི་གཡས་གཡོན་དུ་ང་རང་གིས་ཆབ་སྲིད་བརྩོན་པ་རྫུན་མ་དེ་འདྲ་ཨོ་སའི་ཀྲོ་ལའི་ཡ་རུ་མི་ཐོག་སྒུགས་མཁན་དེ་འདྲ་ངོ་ཤེས་ཀྱི་ཡོད།བདེ་སྲུང་ལྷན་ཁང་གིས་མ་འོངས་པར་ཆབ་སྲིད་བཙོན་པ་ངོ་མ་དང་རྫུན་མ་གང་འདྲ་བྱ་ནས་དབྱེ་འབྱེད་བྱ་བའི་ཐབས་ཤེས་ཡོད།ཆབ་སྲིད་བཙོན་པ་དེ་ཚོ་ལ་རྒྱན་བབ་ནས་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་བྱས་པའི་ཆབ་སྲིད་བཙོན་པ་དེ་ཚོའི་མདུན་ལམ་བཀག་བཞིན་པ་དེ་འདྲ་བྱུང་མྱོང་ཡོད།མ་འོངས་པ་ཡང་འདི་འདྲ་ཡོང་མོས་རེད།
    ་བོད་ནས་རྒྱ་མིས་བཙོན་དུ་བཙུད་མདོག་བྱས་ནས་མར་བཏོན་དེ་ནས་རྒྱ་གར་དུ་ཡོང་ནས་ཆབ་སྲིད་བཙོན་པའི་མིང་ཐོག་ནས་རྒྱ་ནག་གི་ཞབས་ཞུ་བསྒྲུབས་མཁན་དེ་འདྲ་མེད་མི་སྲིད་པ་མིན།

    Reply
  36. ནོར། says:
    ལོ་ 14 སྔོན།

    དཔལ་འབྱོར་ཚེ་རིང་ཟེར་བ་དེ་རེད་འདུག་གྰ

    Reply
  37. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    གནས་ཚུལ་གསལ་པོ་གསུངས་འདུག་པས་ཐུགས་རྗེ་ཆེ། དངོས་མིང་མ་སྨོས་པ་ནི་འགྲོ་སྟངས་ཡོད་པའི་རྟགས་མཚན་རེད། སྤྱིར་མི་སུ་ཡིན་མིན་དེ་ཕལ་ཆེར་གསལ་པོ་རེད། བྱས་ཙང་། ཆབ་སྲིད་བཙོན་པའི་མིང་རྫུན་ཁུར་ནས་བོད་གཞུང་དང་མི་མང་ལ་མགོ་སྐོར་གཏོང་ནས་ཨོསི་ཊི་ལི་ཡར་བསྐྱོད་པར་མ་ཟད། ད་དུང་རྒྱའི་ལག་ཆ་རུ་གྱུར་པ་ནི་ཆེས་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་གཅིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese