མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ལྗོངས་ས་པཎ་ལྔ་རིག་ཚོཊ་ཆེན།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp


གངས་ལྗོངས་ས་པཎ་ལྔ་རིག་ཚོགས་ཆེན་སྐབས་བདུན་པ་དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ནས་དབུ་འཛུགས་ཀྱིས་ལི་ཐང་མི་འགྱུར་བཤད་གྲྭར་ཚོགས་ཡོད་པ་དང་།
སྐབས་དེར། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་གོང་དང་། ངོར་ཨེ་ཝྃ་ཆོས་ལྡན། ནཱ་ལེནྡྲ་བཅས། གདན་ས་གསུམ་གྱི་སྐུ་ཚབ་རྣམ་པ་དང་། གཞན་ཡང་བོད་ཆོལ་ཁ་གསུམ་ཆར་ནས་ས་སྐྱའི་ཆོས་བརྒྱུད་འཛིན་པའི་བཤད་གྲཱ་ཁག་དང་། ལི་ཐང་དང་། མི་ཉག་ཁུལ་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་བཅས་ཁྱོན་བསྡོམས་དགེ་འདུན་ཉིས་སྟོང་ལྷག་ཙམ་དང་བླ་སྤྲུལ་མཁན་པོ་བརྒྱ་ཕྲག་རྒལ་བ་བཅས་འཛོམས་ཡོད་པ་རེད།

 མཛད་སྒོའི་སྐབས་གདན་ས་གསུམ་གྱི་སྐུ་ཚབ་རྣམ་པ་དང་། ས་པཎ་ལྔ་རིིག་ཚོགས་ཆེན་གྱི་གཙོ་འཛིན་པ། གཞན་ཡང་མཁས་དབང་དང་། མཁན་པོ། ལས་སྣེ་བ་བཅས་ནས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ སློབ་གཉེར་བ་རྣམས་ལ་གཙོ་བོ་ནང་ཆོས་གོ་རྟོགས་ཀྱི་རྨང་གཞི་གཏན་པོ་ཟིན་ཐོག་ བོད་ཀྱི་སྐད་ ཡིག་དང་དེང་རབས་ཀྱི་ཤེས་ཡོན་སྤྲོད་རྒྱུ་གལ་ཆེན་ཡིན་ཚུལ་དང་། དེ་བཞིན་ཆོས་བརྒྱུད་ཁག་དང་། དགོན་སྡེ་ཁག དེ་བཞིན་མི་རིགས་ཀྱི་བར་གྱི་མཐུན་ལམ་དམ་ཟབ་དགོས་ཚུལ་བཅས་ཀྱི་སྐོར་ལ་གསུང་ བཤད་གནང་ཡོད་པ་རེད།

ཚོགས་ཆེན་གྱི་དངོས་གཞི་ཉིན་བཅོ་ལྔའི་རིང་ཕར་ཚད་གཉིས་ཀྱི་བཀའ་ཁྲིད་དང་གཞུང་ཆེན་བཀའ་པོད་དྲུག་གི་སྐོར་ལ་རྩོད་པ་དང་བགྲོ་གླེང་གནང་སྟེ། ཉིན་རེར་རྩོད་ཆེན་དང་རྩོད་ཆུང་གི་དུས་གཉིས་རེ་བྱས་ནས་རྩོད་ཆེན་གྱི་སྐབས་ཤེར་ཕྱིན་དང་ཚད་མ་གཉིས་གང་རུང་དང་། རྩོད་ཆུང་སྐབས་གཞུང་ཆེན་བཀའ་པོད་དྲུག་ཆ་ལ་རྩོད་པ་བྱས་ཡོད་ལ། ཡང་གཞུང་ཆེན་བཀའ་པོད་དྲུག་གཙོ་བོ་བརྗོད་གཞིར་བྱས་ནས་ཉིན་ལྔ་རེ་བཞིན་བགྲོ་གླེང་ཐེངས་རེ་གནང་སྟེ་བཤད་གྲྭ་ཁག་གི་སློབ་གཉེར་བ་རྣམས་ནས་རིག་ཡོད་པ་རེད།

གཞན་ཡང་ཉིན་བཅོ་ལྔའི་རིང་གྲྭ་ཚང་ཁག་གི་དགེ་འདུན་པ་རྣམས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། གོང་མ་རིན་པོ་ཆེ་སོགས་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམ་པའི་ཆེད་དུ་ཞབས་རིམ་གནས་བརྟན་ཕྱག་མཆོད་དང་། འཛམ་གླིང་ཞི་བདེའི་ཆེད་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། འཇམ་དཔལ་མཚན་བརྗོད་བཅས་བསགས་ཡོད་པ་རེད། བོད་ཟླ་བརྒྱད་པའི་ཚེས་གཅིག་གོང་མ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་འདུས་ཚོགས་ནས་ཚེ་ལྷ་རྣམ་གསུམ་གྱི་ཆོ་ག་དང་། གོང་མ་རིན་པོ་ཆེའི་ཞབས་བརྟེན་བཅས་བསགས་བསྒྲུབས་ཀྱིས་མཐའ་མའི་འཇུག་སྒྲིལ་ཏེ་ས་པཎ་ལྔ་རིག་ཚོགས་ཆེན་སྐབས་བདུན་པ་ལེགས་གྲུབ་བྱུང་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

ཆུ་ཚོད་ ༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༣ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༡༩ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣

མཆན། 2

  1. སྨར་དྷཱིཿཟེར། says:
    ལོ་ 14 སྔོན།

    བོད་མི་རིགས་ལ་ཆེས་ངོམས་སུ་ཡོད་པའི་ཆོས་དང་རིག་གཞུང་གཉིས་པོ་རང་དབང་ལུང་པ་ནས་སྐྱར་གསོའི་སྒོ་མོ་འབྱེད་མ་ཐུབ་ནས་བསྟན་དགྲ་རྒྱ་དམར་གྱི་མེ་མདའི་སོ་འོག་ནས་འདི་འདྲའི་རླབས་ཆེན་གྱི་བྱ་གཞག་རྩོམ་པའི་སྙིང་སྟོབས་ལ་ཡིད་སྨོན་བྱེད་ཆོག

    Reply
  2. རོ་ལངས། says:
    ལོ་ 14 སྔོན།

    ༧དཔལ་ལྡན་ས་སྐྱ་པའི་བླ་ན་མེད་པའི་འདུ་ཚོགས་འདིར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་བ་ལས་འོས་ཀྱི་ཡོད། གུ་ཡངས་དཀྱིལ་ཆེའི་འདུ་ཚོགས་འདི་འདྲ་དག་ནི་འགྲོ་བ་མི་ཡི་རྣམ་དཔྱོད་འཕེལ་རྒྱས་འགྲོ་བའི་གཞུང་ལམ་ལྟ་བུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese