མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་ལ་རྒོལ་བ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་
སྔ་དྲོའི་ཆུ་ཚོད་ ༡༠ ཡོལ་ཙམ་ལ་ལྡི་ལི་རོ་ཧི་ནི་ས་གནས་མཐོ་སློབ་བོད་ཀྱི་གཞོན་ནུ་ཚོགས་པའི་སྣེ་ཁྲིད་འོག ལྡི་ལིའི་མཐོ་སློབ་ཁག་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་མཐོ་རིམ་སློབ་ཕྲུག་ཕོ་མོ་ ༡༣ གྱིས་བོད་ཀྱི་རྒྱ་དར་དང་། “རང་ལུས་མེ་རུ་བསྲེག་པ། རང་དབང་གི་འབོད་སྒྲ་ཡིན།”ཞེས་བཀོད་པའི་ཕྲེད་དར་འདྲ་མིན་ཕྱར་ཏེ། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ ༥༠ ལྷག་གི་མདུན་སར་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་མ་ཟད། དབྱིན་བོད་ཧིན་གསུམ་ཐོག་ནས་གསར་འགོད་པའི་དྲི་བར་ལན་འདེབས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་མགྱོགས་མྱུར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག



གནས་ཚུལ་འབྱོར་བའི་ནང་བཀོད་དོན། དེ་རིང་ཞོགས་པར་ཁུ་སིམ་མེར་གནས་པའི་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ཆེན་གཉིས་གློ་བུར་དུ་བོད་ཀྱི་རྒྱ་དར་དང་ཕྲེད་དར་ཁྱེར་བའི་མཐོ་སློབ་པ་སྐོར་ཞིག་གི་ངོ་རྒོལ་དང་སྐད་འབོད་འོག་ཟང་ཟིང་ལང་ལོང་དུ་གྱུར། མཐོ་རིམ་སློབ་མ་ཁ་ཤས་བྱང་ཆ་ལྡན་པའི་ངང་སྔོན་ནས་གོ་སྒྲིག་བྱས་པ་བཞིན་གཞུང་ཚབ་ཀྱི་སྒོ་ཆུང་བརྒྱུད་གཞུང་ཚབ་ཁང་གི་སྒོ་རའི་ནང་དུ་མཆོངས། ན་གཞོན་དེ་དག་གིས་བོད་ཀྱི་རྒྱལ་དར་དང་བོད་རང་བཙན་གྱི་འབོད་ཚིག་འདྲ་མིན་སྒོ་ར་ནང་མའི་ནང་དུ་གཡུགས་པར་བརྟེན་ཏེ། རྒྱ་གར་ཉེན་རྟོག་སྐོར་སྲུང་བ་ལྔ་བཅུ་ལྷག་བསླེབས་ཀྱང་། ན་གཞོན་དེ་དག་གློ་བུར་དུ་འབོད་ཚིག་སྒྲོག་བཞིན་ཕྱོགས་སོ་སོར་བྲོས་ཡོད་སྟབས། ཉེན་རྟོག་པ་ཚོས་སུ་ཞིག་གི་རྗེས་འདེད་གཏོང་དགོས་ཀྱང་མ་ཤེས་པར་ཅུང་ཟད་ལྷག་ཡོད་པ་དང་། སྐབས་དེར་སྒོ་ཆེན་ཕྱི་ལོགས་སུ་ཡོད་པའི་སློབ་མ་ཚོས་ཞི་བའི་ངོ་རྒོལ་ལས་འགུལ་གྱི་འགོག་སྲུང་(non-violent protection method)ཐབས་ལམ་ལག་བསྟར་བྱས་ཏེ་སྐད་འབོད་ཤུགས་ཆེན་བྱས་པར་བརྟེན། ཉེན་རྟོག་པ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཞིང་། དེའི་རྗེས་ཉེན་རྟོག་པ་བརྒྱ་ལྷག་འབྱོར་ཏེ་ལས་འགུལ་བ་རྣམས་རི་བོང་གླག་གིས་ཁུར་བ་བཞིན་འཛིན་བཟུང་གིས་ཉེ་འདབ་ལྟ་སྲུང་བཙོན་ཁང་དུ་འཁྲིད་སོང་། སྐབས་དེར་སློབ་ཕྲུག་ཚུལ་ཁྲིམས་རྡོ་རྗེ་ལགས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བསླངས་ཡོད་པའི་ཐོག་བརྩེགས་གསུམ་ལྷག་གི་མཐོ་ཚད་ཡོད་པའི་གློག་སྡོང་རིང་བོའི་སྟེང་འཛེགས་ཏེ། གསར་འགོད་པ་དག་གི་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་ཞོར་སྐར་མ་ ༢༠ ལྷག་ལ་སྐད་འབོད་བྱས། ཞེས་བསྟན་འདུག



གནས་ཚུལ་ནང་མུ་མཐུད་དུ་བཀོད་དོན། བོད་རིགས་མཐོ་སློབ་རིམ་སློབ་ཕྲུག་དེ་དག་ད་ལྟ་ཅ་ན་ག་པོས་རིའི་(Chanakyapuri)བཙོན་ཁང་དུ་ཡོད་ཅིང་། སང་ཉིན་སློབ་ཕྲུག་ཚང་མ་ལྡི་ལི་གསར་བའི་ཁྲིམས་ཁང་དུ་བཅར་ཏེ། གནས་ཚུལ་ལ་རྩད་ཞིབ་དང་སྐབས་བབ་ཉེས་ཁྲིམས་གང་བབ་འཁུར་དགོས། ལྡི་ལི་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་དཔལ་ལྡན་བསོད་ནམས་ཀྱིས་གསར་འགོད་པར་བརྗོད་དོན་ “ང་ཚོས་སྔོན་པའི་མཐོ་སློབ་ཀྱི་བདུན་ཕྲག་གཅིག་གི་ཟས་བཅད་ངོ་རྒོལ་དང་དེ་རིང་གི་ངོ་རྒོལ་འདི་གཉིས་ཀྱི་དམིགས་ཡུལ་གཙོ་བོ་ཉེ་ལམ་བོད་ནང་དུ་མུ་མཐུད་བོད་བོད་དོན་ཆེད་རང་ལུས་མེ་བསྲེགས་གཏོང་བཞིན་པའི་དཔའ་བོ་དག་གི་འབོད་སྐུལ་ལ་རྒྱ་གཞུང་གིས་ཉན་འཇོག་བྱེད་དགོས་པ་དང་། དེ་བཞིན་གནས་ཚུལ་ཛ་དྲག་འདི་ལ་རྒྱལ་སྤྱིའི་ངོས་ནས་ཀྱང་དོ་སྣང་བྱ་དགོས་ཞེས་འབོད་སྐུལ་ཞུ་ཆེད་ཡིན་ལ། དེ་མིན་གནས་ཚུལ་འདི་ལྟར་མུ་མཐུད་སྣང་མེད་དུ་ལྷག་ཚེ་ང་ཚོར་ཡང་འདི་ལས་ལྷག་པའི་གྲ་སྒྲིག་དང་འཆར་གཞི་འདྲ་མིན་ཡོད ” ཅེས་བརྗོད་སོང་། ཞེས་བསྟན་འདུག

 

ལྡི་ལི་བོད་རིགས་མཐོ་རིམ་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱས།

 

ལྡི་ལི་བོད་རིགས་མཐོ་རིམ་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱས།

 

ལྡི་ལི་བོད་རིགས་མཐོ་རིམ་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱས།

 

ལྡི་ལི་བོད་རིགས་མཐོ་རིམ་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱས།

 

ལྡི་ལི་བོད་རིགས་མཐོ་རིམ་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱས།

 

ལྡི་ལི་བོད་རིགས་མཐོ་རིམ་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱས།

 

ལྡི་ལི་བོད་རིགས་མཐོ་རིམ་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱས།

 

 

གནས་ཚུལ་གཏོང་མཁན། སྦྲ་རིགས་ཐོགས་མེད།

 

མཆན། 19

  1. མིག་ཆུ། says:
    ལོ་ 11 སྔོན།

    ད་དུང་འཚེ་མེད་ཞི་བ་དང་འབྲེལ་བའི་ངོ་རྒོལ་གྱི་ཐབས་རྩལ་དང་འཆར་འགོད་ཁག་སྦྱངས་འདོད་ཡོད་ཚེ་ཁྱེད་རང་ངེས་པར་དུ་ལོ་རེ་བཞིན་ངྷ་སར་བཀོད་སྒྲིག་བྱེད་བཞིན་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཟའ་འཁོར་གཅིག་ལྷག་རིང་གི་འཚེ་མེད་ཞི་བའི་སྦྱོང་བརྡར་ལ་ཞུགས་ཐུབ་པ་ཡིན་ན་ཁྱེད་ཀྱི་མི་ཚེ་ལ་འགྱུར་བ་ཆེན་པོ་ཞིག་བསྐྲུན་ཐུབ་ངེས།
    གནས་ཚུལ་རྒྱས་པ་མཁྱེན་འདོད་ཡོད་ན http://www.studentsforafreetibet.org
    འམ་ཡང་ན་་་sftindia.org ལ་གཟིགས་རོགས་གནང་།

    Reply
  2. མིག་ཆུ། says:
    ལོ་ 11 སྔོན།

    རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ།  ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མ་ཚོར་ད་དུང་ཡང་ལས་འགུལ་གང་མང་རྩོམ་པའི་འདུན་པ་དང་འཆར་གཞི་གང་མང་ཡོད་པས།་ཁྱེད་ཚོའི་རེ་བ་ང་ཚོར་བཅོལ་ཆོག་་་་རྒན་ཆབ་བྲག་ལྷ་མོ་སྐྱབས་ཀྱི་སྐད་ཆ་བདེན་པར་མཐོང་།་་་་ངོ་མོ་ལས་འགུལ་ག་འདྲ་ག་འདྲ་ཞིག་སྤེའ་ཡང་མིའི་གྲངས་ཀ་ཞེ་བྲག་རག་ལས་མི་འདུག་་་་དཔེར་ན་ང་ཚོའི་ད་ཐེངས་ཀྱི་ལས་འགུལ་འདིའི་ཁྲོད་དུ་ཞུགས་མཁན་གྱི་མི་གྲངས་ཉུང་ཉུང་ཡིན་ཡང་ང་ཚོའི་བོད་དོན་དྲིལ་བསྒྲགས་ཀྱི་འཚེ་མེད་ཞི་བའི་ལས་འགུལ་འདི་ ་བོད་ཀྱི་དྲ་ཚིགས་དང་གསར་ཤོག་ཁག་མ་ཡིན་པའི་གསར་ཤོག་དང་དྲ་ཚིགས་་གཞན་དཔེར་ན་Times of India, India TV , AFP News, and Washinton post སོགས་ཀྱི་ནང་དུ་ཁྱབ་ཐུབ་ཡོད།་་་་རྒྱུ་མཚན་དེ་ལ་བརྟེན་ནས་འཆར་གཞི་དང་ཐབས་རྩལ།  དུས་ཚོད་སྟངས་འཛིན།་་གསར་འགོད་པར་འབྲེལ་མཐུད།   དྲི་བར་ལན་འདེབས་ཞུ་སྟངས་སོགས་ནི་གལ་ཆེ་ཤོས་རེད་འདུག

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 11 སྔོན།

    པར་འདི་ཚོ་ཞིབ་ལྟ་ཞིག་བྱས་པས་མི་རིགས་འདིའི་ལས་དབང་བསམ་ནས་མིག་ཆུས་མཁུར་ཚོས་བརླན་སོང་།
    གོ་ཚུལ་ལྟར་ན་གསོ་སྒར་སློབ་གྲྭའི་ནང་དུ་གླུ་གཞས་འདྲེན་བསྡུར་དང་ས་རཱ་མཐོ་སློབ་ཀྱི་སློབ་མ་ཚོས་གླེང་ཁ་བཏང་བ་དེ་ཚོ་གོ་ཡོང་དུས་བཙན་བྱོལ་ནང་གི་མི་འདི་ཚོ་ལ་ཞེ་ཁ་ཇེ་ལོག་དང་སྙིང་ཇེ་ན་ཆགས་སོང་།
    དངོས་གནས་ཁོང་ཚོ་ལ་ངོ་ཚ་རྒྱུ་མེད་པ་རེད།
    གསོ་སྒར་གྱི་སློབ་སྤྱི་དང་ས་རཱའི་སློབ་སྤྱི་དེ་ཚོས་ཁོང་ཚོ་ལ་གླུ་གཞས་འདྲེན་བསྡུར་དང་གླེང་ཁ་བཏང་དུ་བཅུགས་པ་དེ་ནི་ཁོང་ཚོའི་ཁ་ནས་མི་རིགས་ཀྱི་ལ་རྒྱ་བཤད་པ་དེ་དེ་ག་རང་རྫུན་མ་ཡིན་པ་གྱུར་སོང།ཁོང་ཚོ་ལ་ངོ་ཚ་ཟེར་བ་དེ་མི་འདུག

    Reply
  4. ཅང་མེད། says:
    ལོ་ 11 སྔོན།

    ཤེས་ཡོན་དང་ལྷག་བསམ་ལྡན་པའི་ན་གཞོན་སློབ་མ་དག་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ། ན་གཞཽན་ཡིནཔའི་དོན་ཆོད་འདུག་་་་་བསྐྱར་དུ་་་་བཅོས་མིན་ལྷད་མེད་ཀྱི་བཀའ་དྲིན་ཆེ་ཞུ།

    Reply
  5. མྱི་རྐྱང་སྨྱོན་པ། says:
    ལོ་ 11 སྔོན།

    སློབ་ཕྲུག་དེ་དག་གིས་འདི་ལས་ལྷག་པའི་ལས་འགུལ་སྤེལ་ཐབས་མེད་པ་ལྟ་བུ་ཞིག་རེད་འདུག ངོ་མ་སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཏེ་དྷ་སའི་ཉེ་འཁྲིས་སུ་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཞིག་གིས་ཉིན་འདི་དག་ལ་གླེང་ཀ་གཏོང་བཞིན་པའི་གནས་ཚུལ་དེ་འདི་ལས་རྦད་དེ་སྐྱོ་བའི་གནས་ཤིག་ཏུ་གྱུར་སོང་ཐལ། ཚང་མས་མཉམ་གཅིག་ཏུ་རྡོག་རྩ་གཅིག་སྒྲིལ་མ་བྱས་ཚེ་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་འབྱུང་ཁག་པོ་རེད། ཚང་མ་མཉམ་དུ་ལོངས་ཤོག

    Reply
  6. སྐར་ཁྲི་བཙན། says:
    ལོ་ 11 སྔོན།

    རྒྱལ་གཅེས་སློབ་ཕྲུག་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ།

    Reply
  7. བརྩོན་རྒྱམ། says:
    ལོ་ 11 སྔོན།

    འདི་ནི་བོད་རིགས་སློབ་མ་ཚོགས་ཞི་བའི་ལས་འགུར་འདི་འདྲ་གནང་ཐུབས་པ་ཧ་ཀྱང་གི་ཡང་པོ་རེད།  དེ་ནི་མི་རིགས་དང་རྒྱལ་ཁབ་ལ་ཤ་གཞེན་ཡོད་པ་མཚུངས་ཀྱི་ཡོད་པས་དགའ་འོས་པས་བྱ་བ་གལ་ཆེན་ཞིག་རེད།  ཐུགས་རྗེ་ཆེ་ཞུ།

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    ཡི་རངས་བསྔགས་བརྗོད་ཞུ། འཆར་གཞི་ལྡན་པའི་ལས་འགུལ་འདི་རིགས་ཁྱབ་སྤེལ་གནང་རྒྱུ་གལ་ཆེ། རྒྱལ་ཁབ་ཁག་ཆང་མ་ནས་་་མུ་མཐུད་དུ་་་་་མིའི་མང་ཉུང་ལ་རག་ལས་མེད་་འཆར་འགོད་དང་ཐབས་ཚུལ་ལེགས་དགོས། དམིགས་ཡུལ་བོད་ནང་གི་མངོན་འདོད་གསལ་བསྒྲགས་དང། བོད་ནང་གི་གནས་སྟངས་ཇེ་ལེགས་སུ་ཡོང་ཕྱིར་་་རྒྱལ་སྤྱིའི་གནོན་ཤུགས་་་སྤྲོད་རྒྱུར་་འབོད་སྐུལ་ཞུ་དགོས།

    Reply
  9. རྩ་ཐང་། says:
    ལོ་ 11 སྔོན།

    ཨོ། ལྷག་བསམ་རྣམ་དག་གི་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་འོངས་པར་ཡང་བཙལ་བྱོལ་སྤྱི་ཚོགས་ནང་དུ་ལྷག་པར་གཞོན་སྐྱེས་ཚོས་དེ་ལྟ་བུའི་ལས་འགུལ་སྤེལ་རྒྱུར་སྐོམ་པ་ཆུ་འདོད་བཞིན་རེ་སྒུག་བྱེད་བཞིན་ཡོད་ལ་དེ་འོས་པ་ཞིག་རེད། གང་ཡིན་ཟེར་ན་མ་འོངས་པའི་བོད་དེ་བོད་རིགས་གཞོན་སྐྱེས་ཚོའི་ཡིན་པ་གོར་མ་ཆགས་ལ་ལས་འགུལ་ཡང་ད་གཞོན་སྐྱེས་ཚོས་ཤུགས་རྒྱག་དགོས་པའི་དུས་ལ་སླེབས་ཡོད། ཡིན་ད། ད་དུང་མུ་མཐུད་ནས་ཡིན་ད་མ་འོངས་བོད་ཀྱི་སོན་རྩ་ཚོ།།

    Reply
  10. ཀུན་དགའ། says:
    ལོ་ 11 སྔོན།

    ཐུགས་རྗེ་ཆེ། ཡི་རང་ཞུ།

    Reply
  11. འགྱུར་མེད་བསྟན་འཛིན། says:
    ལོ་ 11 སྔོན།

    མཐོ་རིམ་སློབ་མ་ཚོས་མུ་མཐུད་ནས་ཤུགས་རྒྱོབས་ཤོག་ཨ།
    ད་ཁྱེད་ཚོས་ཤུགས་མ་བརྒྱབ་ན་རྡ་སའི་རི་གྲོངས་དང་གངས་སྐྱིད་ལ་རེ་བ་རྫོགས་སོང།
    ཁོང་ཚོས་ནང་ཁུལ་གྱི་ཕ་ཕོར་རྩོད་རྒྱུ་གཙོ་བོ་རུ་འཛིན་ནས་བོད་དོན་ཟུར་དུ་བཞགས་ནས་མི་ལོ་ལྔ་བཅུ་དེ་ལྟར་རྫོགས་ཚར་བ་རེད།
    གཞི་བྱས་གཉིས་ནས་མི་རབས་གསར་པ་ཚོས་མཐུན་འབྲེལ་ནུས་པ་མཉམ་དུ་སྤུངས་རོགས།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ལས་འགུལ་འདི་དག་ནི་དུས་ཐོག་དང་། བྱེད་སྟངས་ཤིན་ཏུ་འོས་ཤིང་འཚམས་པ་རེད། རྗེས་སུ་ཡི་རང་ཡོད། ཐུགས་རྗེ་ཆེ་གྲངས་མེད་ཞུ།

    Reply
  13. ཚངས་སར་ཕྲིན་ལས། says:
    ལོ་ 11 སྔོན།

    མཐོ་རིམ་སློབ་མ་ཡིན་པའི་གོ་ཆོད་སོང་བ་རེད། མ་འོང་བོད་དེ་གང་འདྲ་ཡོང་མིན་ང་ཚོ་ལ་རགས་ལས་ཡོད་དུས་ན་གཞོན་ཚོའི་ངེས་པར་ཅན་ལས་འགུལ་འདི་འདྲའི་རིགས་མུ་འཐུད་སྤེལ་དགོས།

    Reply
  14. འགྱུར་མེད་བསྟན་འཛིན། says:
    ལོ་ 11 སྔོན།

    བཀྲ་ཤིས་བདེ་ལེགས་མཐོ་རིམ་སློབ་མ་ཚོས་རྣམ་དཔྱོད་ལྡན་པའི་ལས་འགུལ་སྤེལ་འདུག་རྒྱ་གར་དང་འཛམ་གིང་གི་གསལ་ལམ་ཁག་ལ་འགྲེལ་བཤད་རྒྱག་རྒྱུ་དེ་གལ་ཆེན་པོ་རེད་དཔེ་ཡག་པོ་བྱུང་འདུག་ལེགས་སོ་བསྔགས་བརྗོད་ཡོད།
    མུ་མཐུད་ནས་དེ་འདྲའི་ལད་འགུལ་འདྲ་མིན་སྤེལ་རྒྱུ་གལ་ཆེ།
    བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མི་ནུས་པ་དང་འཇོན་ཐང་ཡོད་མཁན་ཚོས་དངུལ་དང་རྒྱུ་བཏང་ནས་ཁོང་ཚོ་བཙོན་ནས་བཏོན་དགོས།
    ཁོང་ཚོས་སློབ་སྦྱོང་གི་དུས་ཚོད་ལ་བསམ་བློ་མ་བཏང་བར་སྐྱིད་སྡུག་མཉམ་མྱོང་བྱ་བ་ཡང་བསྐྱར་ལེགས་སོ་ཞུ་གི་ཡིན།

    Reply
  15. ཨ་མིའི་བུ། says:
    ལོ་ 11 སྔོན།

    གསར་འགོད་བ་དེ་འདྲ་མང་པོ་ཞིག་གློ་བུར་དུ་འབྱོར་པ་ཡག་པོ་བྱུང་འདུག།
    དེ་གྲ་བསྒྲིག་ཡག་པོ་བྱས་ཡོད་པ་འདྲ། ཐུགས་རྗེ་ཆེ་རྒྱབ་སྐྱོར་ཡོད་དང་ཡོད།

    Reply
  16. ལྕགས་སྤྲེལ། says:
    ལོ་ 11 སྔོན།

    མཐོ་རིམ་སློབ་མ་ཚོ་ཐུགས་རྗེ་ཆེ་མ་འོང་པར་གངས་ཅན་པ་ཚང་གི་ལས་འགེན་དང་རེ་བ་ནི་ཁྱེད་ཚོ་ལ་བཅོལ་ཡོད། དེང་སྐབས་གཙོ་བོ་རང་རེ་རྣམས་ལ་ཁ་ཚ་དགོས་གཏིག་ནི་ཤེས་ཡོན་ཡིན་པའི་ནམ་ཡང་རང་ཉིད་ཀྱི་སློབ་སྦྱོང་སྒང་ལ་ཐེས་ཤོལ་མི་འགྲོ་རྒྱུ་ཧ་ཅང་གལ་ཆེ། རྒྱབ་སྐྱོར་ཡོད། བོད་རྒྱལ་སྐྱོར་ཡོད།

    Reply
  17. ཟླ་བ་བསྟན་འཛིན says:
    ལོ་ 11 སྔོན།

    ལྡི་ལི་བོད་རིགས་མཐོ་རིམ་སློབ་ཕྲུག་ཚོས་འདི་ལྟར་སེམས་ཤུགས་བྱས་ཏེ་རྒྱ་ནག་གཞུང་ཚབ་འདུན་དུ་ངོ་རྒོལ་བྱེད་པ་ལ་སྙིང་དབུས་ནས་དགའ་བསུ་དང་འགྲེལ་ཐུགས་རྗེ་ཆེ་ཞུ།
    ཁྱེད་རྣམ་ལ་ཐར་གཅིག་ཏུ་རྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།

    Reply
  18. གྲགས་བསོད་ says:
    ལོ་ 11 སྔོན།

    རོ་ཧི་ནི་ས་གནས་མཐོ་སློབ་བོད་ཀྱི་གཞོན་ནུ་ཚོགས་པ་དང་དེའི་སྣེ་འཁྲིད་འོག་གི་ན་གཞོན་སློབ་ཕྲུག་ཚོས་རང་ཅག་མི་རབས་གསར་པ་ཚོའི་རྣ་ལམ་དུ་དྲིལ་བུ་ཐེངས་ཤིང་བརྡུང་འདུག་ན་ཚོང་མ་གཉིད་ལས་གྲོལ་བའི་རེ་བ་ཡོད།

    Reply
  19. ཤེལ་དཀར་བློ་བཟང་། says:
    ལོ་ 11 སྔོན།

    མཐོ་རིམ་སློབ་མ་ཚོར་སེམས་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞི་བའི་ལས་འགུལ་འདི་ལྟབུ་གང་མང་མང་སྤེལ་དགོས་ཀྱི་འདུག ད་ང་ཚོ་ཚང་མས་ནུས་ཤུགས་ཡོད་ཚད་ཀྱིས་ཐབས་ཤེས་བྱེད་པའི་དུས་ལ་སླེབ་འདུག ས་སྟེང་འདིར་ཞི་བདེ་དང་དྲང་བདེན་ལ་དགའ་མོས་བྱེད་མཁན་ཡོད་དམ།
    དཔལ་འབྱོར་གྱི་སྟོབས་ཤུགས་ཡོད་ན་དྲང་བདེན་ལ་ནུས་ཤུགས་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist