མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚེ་རིང་གཡུ་སྒྲོན་གྱི་དམ་འབུལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་མདོ་སྨད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཉེ་ལམ་འདས་གྲོངས་སུ་སོང་བའི་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱི་ཚབ་ཏུ་སྤྱི་འཐུས་ལས་འཁུར་དམ་འབུལ་ཞུས་ཡོད།

ཉེ་ཆར་མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་འདས་གྲོངས་སུ་གྱུར་སྟབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༣ པའི་དགོངས་དོན་འོག དབུས་འོས་བསྡུ་ལས་ཁང་ནས་སྤྱི་འཐུས་སྐབས་ ༡༥ པའི་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་ཁོངས་ནས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཚོགས་དྲུང་ལས་ཁུངས་སུ་ལས་འཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་བ་ལྟར། དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་མདོ་སྨད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་དུ་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་ཡོད་འདུག

 

ཚེ་རིང་གཡུ་སྒྲོན་ལགས་གྱིས།  ༡༩༨༣ ནས་ ༡༩༩༡ བར་ལོ་ངོ་དགུ་ཙམ་གྱི་རིང་ ( MYRADA PLAN ) མཱ་ར་ཌ་རོགས་ཚོགས་ལས་ཁང་ནང་ལོ་གསུམ་དྲུང་ཡིག་གི་ལས་འགན་དང༌། ལོ་གསུམ་ལས་འཆར་འགན་འཛིན། ལོ་གསུམ་རིང་གློག་ཀླད་དང༌། སྦྱིན་བདག་འབྲེལ་མཐུད་སྡེ་ཚན་བཅས་སུ་ཞབས་འདེགས་ཞུས། ༡༩༩༢ ནས་ ༢༠༠༡ བར་ཧོན་སུར་རབ་གླིང་གཞིས་ལས་ཁང་དུ་ལས་འཆར་སྡེ་ཚན་གྱི་འགན་འཛིན་( PROJECT OFFICER ) ལོ་ངོ་དགུ་ཙམ་ཞུས། དེ་དང་ཆབས་ཅིག ༡༩༩༡ ནས་ ༡༩༩༤ བར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང༌། དེའི་རྗེས་སླར་ཡང་ ༡༩༩༨ ནས་ ༢༠༠༥ བར་སྐབས་གཉིས་བསྟུད་མར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མིའི་ཞབས་ཞུ་བྱས། སྐབས་དེ་དག་ཏུ་ ༡༩༩༥ ནས་ ༡༩༩༧ བར་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོའི་ལས་འཁུར་ལོ་གསུམ་ཞུས། ༢༠༠༠ ནས་ ༢༠༠༢ བར་ས་གནས་ཕ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དེ་དང་ཆབས་ཅིག་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་སུ་དངུལ་གཉེར་དང༌།  ༢༠༠༤ ཟླ་ ༦ པ་ནས་ས་གནས་གཞོན་ནུའི་ཚོགས་གཞོན་གྱི་ལས་འགན་ཞུས་ཏེ། ཞབས་ཞུ་སྐབས་སོ་སོར་འཆར་འཕར་གྱི་ལས་འགུལ་མང་རབ་ཅིག་སྤེལ་རྩོམ་ཞུས་ཏེ་གྲུབ་འབྲས་ཀྱང་གང་ལེགས་ཐོན་ཡོད། ཕྱི་ལོ་ ༢༠༠༥ ཟླ་བ་ ༤ པ་ནས་ཧོན་སུར་རབ་གླིང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་སུ་མི་མང་གི་འོས་ཤོག་ཐོན་ཅིང༌། དེའི་ཚོགས་གཙོར་འདེམས་ཐོན་བྱུང་སྟེ་ཞབས་ཞུ་བྱས། ༢༠༠༦ ཟླ་ ༦ ནས་སྐབས་ ༡༤ པའི་མདོ་སྨད་ཆོལ་ཁའི་ཐོབ་ཁོངས་སུ་བོད་མི་མང་སྤྱི་འཐུས་ལ་འོས་འདེམས་བྱུང་བ་དང་། ད་ལྟ་སྐབས་ ༡༥པའི་སྤྱི་འཐུས་འདེམས་ཐོན་བྱུང་ཡོད་པ་རེད།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༦ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 8

  1. རོ་བདག says:
    ལོ་ 15 སྔོན།

    སྤྱི་འཐུས་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ རང་ནུས་ཀྱིས་སྔར་བཞིན་སྤྱི་དོན ་ལ་འབད་རྩོལ་གནང་རོགས་ཞུ

    Reply
  2. གཡག says:
    ལོ་ 15 སྔོན།

    ཨ་ཅེ་ཚེ་རིང་གཡུ་སྒྲོན་ལགས་སུ། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ཁ་དཔེ་ལ་ཡང་། གཅིག་མ་ཤི་ན་གཅིག་མི་རྒྱལ། ཟེར་བ་ཅིས་མ་བདེན།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    སྤྱིར་བཏང་ཉེ་སྔོན་མདོ་སྨད་ཀྱི་བུད་མེད་ནང་གི་ལེགས་ཤོས་དེ་མ་ཐོབ་པར་བློ་ཕམ་ནས་ཡོད་མོད། དེ་རིང་གོ་སྐབས་ཤིག་ནས་དམ་འབུལ་གནང་བ་རྟེན་འབྲེལ་ཞུ། སྐུ་ངོ་རྒྱལ་རོང་ནི་མདོ་སྨད་ཙམ་མིན་པར་བོད་མི་མང་གི་སྤྱི་འཐུས་རྒྱུན་ལས་ནང་གི་ལེགས་ཤོས་ཤིག་ཡིན་པས་འདས་གྲོངས་སུ་ཕྱིན་པ་ལ་བློ་ཕམ་ཡོད་ཀྱང་འཆི་བ་ལ་རང་དབང་མེད་པའི་མྱ་ངན་ཙམ་ཞུ་རྒྱུ་ལས་མ་མཆིས་སོ།།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། ཁོང་སྤྱི་འཐུས་འདས་པོ་ཟླ་བ་ཚེ་རིང་གི་ཚབ་མ་རེད།

    Reply
  5. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    བདག་གིས་ཀྱང་འོས་འཕེན་སྔོན་འགྲོ་དང་དངོས་གཞི་གཉིས་ཀར་ཁོ་མོར་འོས་འཕངས་པ་ཡིན། ད་སྐབས་དངོས་སུ་སྤྱི་འཐུས་ཀྱི་ཕྱག་ལེན་བསྟར་བར་ཕེབས་པར་དགའ་བསུ་ཞུ། ༸རྒྱལ་བའི་བཀའ་དགོངས་བཞིན་ལས་ཀ་སྔོན་མ་བཞིན་ལས་བའི་རེ་བ་སྙིང་ནས་ཞུ།

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ཨ་ཅག་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁོ་མོ་བསྐྱར་དུ་སླེབས་པས་དགའ་བྱུང་། སྤྱི་འཐུས་གོ་ཆོད་ཅིག་ཡིན་པ་ཡོངས་གྲགས་ཡིན།

    Reply
  7. ལུང་རྟོགས། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ།

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    དྲང་ཤད་ཅན་གྱི་ཨ་ཅག་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་སྤྱི་འཐུས་དམ་འབུལ་བྱས་པ་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ལ། སྔར་བཞིན་རང་གི་རྣམ་དཔྱོད་ཀྱིས་མཐོང་བའི་ཡུལ་ལ་དྲང་ཚུགས་འཛིན་རྒྱུ་དང་ལྷག་བསམ་རྣམ་དག་གིས་སྤྱི་དོན་འཐུས་ཤོར་དུ་མི་འགྲོ་བར་འབད་པ་ལྷུར་ལེན་བྱེད་རྒྱུ་རེ་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese