མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ ༡༣༠༠༠ ལྷག་གི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༩ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་གཉིས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་སློབ་གྲྭ། གཞིས་གྲོངས་ཁག་བཅས་ཀྱིས་སེར་སྐྱ་མི་མང་ ༡༣༠༠༠ ལྷག་གིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱིད་ཀྱི་སྨོན་ལམ་མཆོད་འབུལ་དང་། ཟས་བཅད་སྨྱུང་གནས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག

 

གནས་ཚུལ་བཏང་འབྱོར་ལ། ཁ་སང་ཞོགས་པའི་ཆུ་ཚོད་ ༩ སྟེང་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱི་རུ། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དང་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ། སྦེལ་ཀོབ་ཉེ་འཁོར་གྱི་རིས་མེད་དགོན་སྡེ་ཁག་གི་མཁན་སློབ་ལས་སྣེ། བོད་མི་མང་སྤྱི་འཐུས། སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་བདེ་སླར་གཉིས་ཀྱི་གཞིས་མགོ་བཅས་ཀྱི་སྣེ་ཁྲིད་འོག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སེ་ར་བྱེས་སྨད་གཉིས་དང་རྒྱུད་སྨད། རྣམ་གྲོལ་གླིང་། བཀྲ་ཤིས་ལྷུན་པོ། ས་སྐྱ། བཀའ་རྒྱུད་དགོན་པ་བཅས་ཀྱི་དགེ་འདུན་པ་དང་། སློབ་གྲྭ་ཁག་གི་སློབ་ཕྲུག སྦེལ་ཀོབ་གཞིས་གྲོང་ཁག་གི་མང་ཚོགས་བཅས་མའེ་སོར་རྫོང་ཐོག་ཏུ་འཛོམས་ཏེ་ལས་འགུལ་སྤེལ་ཡོད་འདུག

 

ལས་འགུལ་གྱི་ཐོག་མར་མི་མང་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་སྐྱོར་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་གུས་འདུད་ཞུས་ཤིང་། བདེན་ཚིག་སྨོན་ལམ་གདངས་དབྱངས་སུ་གྱེར་ཡོད་འདུག དེའི་རྗེས་བདེ་སླར་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ནས་ངོ་སྤྲོད་གསུང་བཤད་དང་། འཇམ་མགོན་བསྟན་པའི་སྲོག་ཤིང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་བཀའ་སློབ་གསུང་བཤད་གནང་ཡོད་ཅིང་། སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཏམ་བཤད་གནང་ཞིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་ལས་འགུལ་སྐབས་ཀྱི་སྲུང་བྱ་ཁག་ལམ་སྟོན་གནང་ཡོད། དེའི་རྗེས་ལུགས་བསམ་ས་གནས་མགོ་འཛིན་ཨང་ཀེ་ཚང་མགོན་པོ་བཀྲ་ཤིས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དྲ་རྒྱ་ནང་བཀྲམས་པའི་ཞལ་འདོན་དང་། མཆོད་འབུལ་སྨོན་ལམ་གནང་ཡོད་འདུག

 

ཉིན་རྒྱབ་ཆུ་ཚོད་ ༡།༠༠ ཐོག་རྒྱ་གར་གྱི་གསར་འགོད་པ་རྣམས་ལ་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད་པ་དང་། གཞོན་ནུའི་ཚོགས་ཟུར་བློ་བཟང་ཡེ་ཤེས་ལགས་ཀྱིས་དབྱིན་སྐད་ཐོག་སྐད་བསྒྱུར་བྱས་ཡོད་འདུག ཆུ་ཚོད་ ༢།༠༠ ཐོག་སེ་ར་ཚོགས་ཆེན་དུ་མ་ཤོང་བར་སེར་བྱེས་ཆོས་རའི་ནང་དགེ་འདུན་པ་དང་། སློབ་ཕྲུག རྒྱ་ཆེའི་མང་ཚོགས་ ༡༣༠༠༠ ཙམ་བསྐྱར་དུ་གོང་གསལ་མཛད་རིམ་ཁག་དང་། གསུང་བཤད་རིམ་པར་གནང་ཡོད་འདུག་ལ། སེ་ར་ཆོས་སྒར་གྱི་རྩིག་ངོས་དག་ཏུ་སེ་ར་བྱེས་སྨད་གཉིས་དང་། སེ་ར་བླ་སྤྱི་བཅས་ཀྱིས་དཔར་སྐྲུན་འགྲེམས་སྤེལ་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མཁོ་འདོན་གནང་བའི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་པར་རིས་དང་། མཆོད་མེ། འཕྲེད་དར་ཚིག་གཞི་བཀོད་པའི་ཚོན་ལྡན་དར་དཔྱངས་ཀྱིས་ཁེངས་པར་བྱས་ཡོད་འདུག



དེ་བཞིན། ཕྱི་ཚེས་ ༡༨ ཉིན་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་ལུགས་བསམ་གཞིས་མགོ་མགོན་པོ་བཀྲ་ཤིས་ལགས། བདེ་སླར་གཞིས་མགོ་ཕུན་ཚོགས་ཚེ་རིང་ལགས་བཅས་ཀྱི་བཀོད་སྒྲིག་འོག གཞོན་སྐྱེས་དང་བུད་མེད་ཀྱིས་སྣེ་ཁྲིད་དེ། དགོན་པའི་དགེ་འདུན་པ་དང་སློབ་གྲྭའི་སློབ་ཕྲུག་བཅས་གཞུང་དང་གཞུང་འབྲེལ་མིན་པའི་སེར་སྐྱ་མི་མང་ ༦༠༠ ལྷག་མའེ་སོར་གྲོང་ཁྱེར་དུ་འདུ་འཛོམས་ཀྱིས། གྲོང་སྡེ་ཚོགས་ཁང་ཆེན་མོ་(Town Hall)ནས་རྫོང་དཔོན་ལས་ཁུངས་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་འདུག་ལ། ལས་འགུལ་གྱི་དགོས་འདུན་ཁག་དབྱིན་ཡིག་དང་། ཀ་ན་ཊ་ཀའི་སྐད་ཡིག་གཉིས་ཐོག་བཀོད་ཅིང་མཇུག་ཏུ། བཀའ་སྤྱི་ཐུན་མོང་གི་བསྒྲགས་གཏམ་གཞིར་བཟུང་གི་དགོས་འདུན་ཞུ་ཡིག་མའེ་སོར་རྫོང་དཔོན་བརྒྱུད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་ཡིག་ཕུལ་བ་སོགས་ཁྱབ་བསྒྲགས་བྱས་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

སྐར་མ ༣༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. ཁ་བའི་བུ། says:
    ལོ་ 15 སྔོན།

    རྩོམ་སྒྲིགས་པ་ལགས། གནས་ཚུལ་བྱང་རྩེ་ཆོས་རྗེ་རིན་པོ ཆེ་དབུ་བཞུགས་ཀྱིས་ལས་འགུལ་སྤེལ་ཡུལ་ནི་སེ་ར་བླ་སྤྱི་ལས་མའེ་སོར་རྫོང་ཐོག་ཏུ་ག་ལ་ཡིན།

    གནས་ཚུལ་སྐྱོག་པ་དང་། ཁུང་ལུངས་མེད་པ། གོ་མི་བདེ་བ་དེ་འདྲ་རིགས་མ་བཟོས་ན་མཚམས་ཀི། མ་ཟད་གཞན་གྱི་མཁོ་སྤྲོད་བྱས་པའི་གནས་ཚུལ་ལ་དཔྱད་པ་གནང་ཏེ་དྲ་རྒྱར་ཁུངས་དག་ཞིག་འདོན་སྤེལ་གནང་བ་ལས་གསར་འགྱུར་གྱི་གལ་ཆེའི་རང་བཞིན་ཡུལ་དང་། དུས། ཅི་ཞིག་གི་ཆེད་དུ། ཅི་ཞིག་བྱས་པ། བྱེད་པོ་སུ་སོགས་འགོད་ནོར་བྱུང་ན་གསར་འགྱུར་ནང་དོན་འབད་དེ་ཕྱིན་ཅི་ལོག་འགྲོ་བས་གཟབ་པར་དགོངས་འཇགས་ཞུ།

    Reply
  2. མགར་སྲས says:
    ལོ་ 15 སྔོན།

    བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་གཞི་རྒྱ་ཆེ་བའི་ལས་འགུལ་འདིར་བསྔགས་བརྗོད་ཡོད། ལས་འགུལ་གྱི་རྣམ་པ་ཇི་ལྟར་ཡང་རྒྱལ་སྤྱིའི་གསར་ལམ་བརྒྱུད་དེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ་པའི་ལས་འགུལ་འདི་ལྟ་བུ་ལས་ཅི་ཞིག་སྤེལ།
    གཙོ་བོ་གྲུབ་འབྲས་ལ་བལྟ་རྒྱུ་ལས་རྒྱ་ནག་གིས་ཆོས་ཁས་ལེན་མི་ལེན་ལ་ཐུག་མེད།

    Reply
  3. རང་དབང་རྒྱལ། says:
    ལོ་ 15 སྔོན།

    མ་གཞི་ལས་འགུལ་མ་སྤེལ་བ་ལ་ལྟོས་ན། འདིའི་རིགས་ཀྱི་ལས་འགུལ་ཡག་པོ་རེད་དེ། གནད་འགག་གཙོ་བོ་ནི། རྒྱ་གཞུང་དེ་ཆོས་དང་དེའི་ལུགས་སྲོལ་ལ་བརྩི་འཇོག་མི་བྱེད་མཁན་གྱི་ལྟ་བ་འཛིན་མཁན་ཞིག་ཡིན་པས་ན། ང་ཚོའི་ངོས་ནས་ང་ཚོའི་རིག་གཞུང་དང་དེའི་ངོས་འཛིན་དེ་རྒྱ་གཞུང་དང་དེའི་དབང་འཛིན་པ་རྣམས་ལ་ཇི་ལྟར་བསྒྲགས་ཀྱང་བཤད་རུང་། མིག་མེད་ལ་ནམ་མཁའ་བསྟན་པ་གཅིག་པ་མ་རེད་དམ།
    དེ་ལས། བོད་རྒྱའི་དཀའ་རྙོག་འདི་ཇི་ལྟར་སེལ་བའི་ཐབས་ཚུལ་ཞིག་འཚོལ་རན་སོང་བ་མ་ཡིན་ནམ། དེ་ཡང་། བཙན་བྱོལ་བོད་མིའི་གཞུང་དང་ཚོགས་པ་ཁག ཆབ་སྲིད་ཆེད་མཁས་མི་སྣ་གང་མང་ཞིག་བསྐོང་འཚོགས་གནངས་ནས། བོད་ཀྱི་འཐབ་རྩོད་བྱེད་སྟངས་ཀྱི་སྲིད་བྱུས་ལ་བསྐྱར་ཞིབ་དོན་ལ་སྨིན་པ་ཞིག་བྱེད་རྒྱུ་གལ་ཆེ།
    དེ་མིན། ཆོས་དང་ཆོས་ཀྱི་ཆོ་གའི་སྟོབས་ཤུགས་ཀྱིས་རྒྱ་གཞུང་དང་དེའི་དབང་འཛིན་པ་རྣམས་འགྱུར་བ་གཏོང་ཐུབ་རྒྱུ་ན། གནའ་ཞིག་ནས་བོད་མི་རིགས་ལ་ཐོབ་དགོས་པ་དེ་ཐོབ་ཡོད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese