མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་གནས་དང་ཡར་རྒྱས།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་ས་སུ་རི་ཡཱ་མགྲོན་ཁང་དུ་ཧིན་བོད་ཚོགས་པ་ཁག་ ༣༠ ཡི་འགན་འཛིན་ཚོས་ངྷ་ས་ཁུལ་གྱི་ཁོར་ཡུག་གཙང་བཟོ་དང་བོད་པ་དང་ཡུལ་མིའི་མཐུན་ལམ་ཡར་རྒྱས་སྐོར་ལ་བགྲོ་གླེང་གནང་སོང་།

ངྷ་ས་བདེ་དོན་ལས་ཁུངས་དང་བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གཉིས་ཐུན་མོང་གི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། ངྷ་ས་མེག་གྷན་པདྨ་ཐང་སུ་རུ་ཡཱ་ (Hotel Surya) མགྲོན་ཁང་དུ། ༼མཉམ་གནས་དང་ཡར་རྒྱས་༽ (Coexiting and Flourishing )  ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། བགྲོ་གླེང་དེར་ངྷ་ས་ཁུལ་གྱི་བོད་དང་རྒྱ་གར་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༣༠ ཙམ་གྱི་འགན་འཛིན་རྣམས་མཉམ་ཞུགས་གནང་ཐོག བཞུགས་སྒར་ངྷ་ས་ཁུལ་གྱི་ཁོར་ཡུག་གི་གནས་སྟངས་དང་། བོད་པ་དང་རྒྱ་གར་ཡུལ་མིའི་མཐུན་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་སྐོར་ལ་བགྲོ་གླེང་གནང་སོང་།  

དེའི་ཐད་ལ་ངྷ་ས་ས་གནས་མགོ་འཛིན་སྐུ་ཞབས་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྗོད་དོན། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་ལ་སྤྱི་ཚོགས་ནང་རྩོད་རྙོག་རིགས་སེལ་རྒྱུར་ནུས་པ་ཡོད་སྟབས། ཐེངས་འདིར་ང་ཚོས་རྩོད་རྙོག་འདུམ་འགྲིག་ཁང་དང་མཉམ་འབྲེལ་བྱས་ཏེ། ཁོང་ཚོར་བགྲོ་གླེང་སྟངས་འཛིན་བྱེད་དུ་བཅུག་པ་ཡིན། དེ་རིང་གི་བརྗོད་གཞི་གཙོ་བོ་ངྷ་སའི་ཁོར་ཡུག་སྲུང་སྐྱོབ་དང་རྒྱ་གར་ཡུལ་མིའི་མཐུན་ལམ་གོང་འཕེལ་དུ་གཏོང་རྒྱུའི་སྐོར་རེད། ཁོར་ཡུག་ལ་ཆ་བཞག་ན། ངྷ་ས་ནི་གཅིག་ནས་༧གོང་ས་མཆོག་གི་བཞུགས་གནས་ཡིན་པ་དང་། གཉིས་ནས་ཁུལ་འདིར་ཉིན་རེར་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་ཕེབས་ཀྱི་ཡོད་སྟབས། སྔོན་དང་མ་འདྲ་བར་གཙང་བཟོ་དགོས་ཀྱི་ཡོད་པ་རེད། ཟླ་སྔོན་མ་ནས་བདེ་དོན་ལས་ཁུངས་ཀྱི་གོ་སྒྲིག་འོག ཟླ་རེར་མེག་གྷན་ཁུལ་དུ་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་མགོ་འཛུགས་བྱས་ཡོད། ཡུལ་མིའི་མཐུན་ལམ་གྱི་ཕྱོགས་ནས་ཀྱང་། ངྷ་སར་ཚོང་རྒྱག་མཁན་སུ་འདྲ་ཞིག་ཡིན་རུང་། བོད་པ་དང་རྒྱ་གར་ཚོང་པའི་སྐྱིད་སྡུག་ནང་ཞུགས་མེད་མཁན་ཡོད་པ་མ་རེད། ཚོགས་པ་དེ་གཉིས་ཀྱི་འབྲེལ་ལམ་ཡག་པོ་བྱུང་ན། ཚོགས་མི་ཚོའི་འབྲེལ་ལམ་ཡག་པོ་ཡོང་གི་རེད། དེ་ལྟར་བྱུང་ན། མ་འོངས་པར་དཀའ་ངལ་འཕྲད་ནའང་། ང་ཚོ་ཐུན་མོང་གིས་སེལ་ཐུབ་པ་ཞིག་ཡོང་གི་རེད། ཅེས་བརྗོད་བྱུང་།

ད་ཆར་བཞུགས་སྒར་ངྷ་སར་བོད་པ་ཆིག་ཁྲི་ ༡༠༠༠༠ ལྷག་གནས་སྡོད་བྱེད་བཞིན་ཡོད་འདུག

 གསར་འགོིད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. ཨ་ལ་ལ says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པས་ལྷ་བཟང་ཚེ་རིང་དང་ཀླུ་མཁར་བྱམས་ལ་འདྲ་མི་འདྲ་མ་གསུངས། ཁོང་ཚོས་བོད་དོན་དང་རང་བཙན་ཆེད་རང་ལུས་མེས་བསྲེག་ཏན་ཏན་གཏོང་ངེས་ཡིན། ད་ལྟ་ཁོང་ཚོར་དུས་ཚོད་དགོས་པ་རེད། གྲ་སྒྲིག་དགོས་པ་རེད། གོ་ཚོད་ལ་འཇམ་དབྱངས་ནོར་བུས་ས་སྣུམ་ཉོས་ནས་ཡོང་གིན་ཡོད་ཚོད་འདུག ཁོང་ཚོ་ལྷན་དུ་འཛོམས་ཚར་དུས་ཁོང་ཚོས་ཁ་ནས་བཤད་བསྡད་པ་དེ་དོན་དངོས་ཡིན་མིན་ར་སྤྲོད་ཏན་ཏན་བྱེད་ཀྱི་རེད། འཇམ་ནོར་ས་ཐག་རིང་སོང་བས་ད་ལྟ་མ་སླེབས་པ་རེད་ཟེར། ཀར་ཆོས་ཀྱང་ལྡི་ལི་ན་མེ་ནང་དུ་མཆོང་རྩིས་བྱས་ནས་བཀག་མ་ཐུབ་པར་བསྡད་འདུག་ཟེར། བསྟན་འཛིན་བརྩོན་འགྲུས་ཀྱི་མགོ་དཀྲིས་དམར་པོའི་ཕྱེད་ཀ་མེས་འཚིགས་འདུག་ཟེར་གོ་ཡོང་གིན་འདུག་གཱ།

    Reply
  2. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ད་ལྟའི་གནས་སྟངས་འདི་འདྲའི་ཁོར་ཡུག་སྲུང་སྐབས་ལས་བོད་མའི་རང་སྲོག་བློས་གཏོང་གི་ལས་འགུལ་སྤེལ་གྱི་ཡོད་པ་དེས་ནང་དུ་བཞུགས་ནས་ལས་འགུལ་རེ་སྤེལ་ཐབས་བྱས་ནས་དགེ་མཚན་ཆེན་པོ་རེད།  རང་ཉིང་ཁ་ནས་གང་བྱུང་རེ་གླེང་ནས་དོན་དམ་ལས་འགུལ་གང་ཡང་སྤེལ་གྱི་མེད་པ་ཐབས་སྐྱོ་བོ་མ་རེད་དམ།  བོད་ནང་ཛ དྲག་གི་གནས་སྟངས་གང་འདྲ་ཞིག་ཡིན་མིན་ཚོགས་པ་སུམ་ཅུའི་ཤེས་ཀྱི་ཡོད་དམ་མེད་ཡོད་ན་དེས་སྐོར་ལས་འགུལ་སྤེལ་སྟངས་ལ་གྲོས་མོར་གནང་ཐུབས་ནས་དགེ་མཚན་ཆེན་པོ་མ་ཡིན་ནས།

    Reply
  3. རང་དབང་རྒྱལ། says:
    ལོ་ 15 སྔོན།

    སྤྱིར་བཏང་གི་ཆ་ནས་ཡག་པོ་རེད་དེ། དེང་སང་གི་བོད་ནང་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་རླབས་ཆེན་འདིའི་གཟི་བརྗིད་དང་གྲུབ་འབྲས་དེ་རྒྱལ་སྤྱིའི་མིག་སྔར་གང་འདྲ་བྱས་ནས་བཤམས་དགོས་པ་དང་། ཇི་ལྟར་བྱས་ནས་མཐུན་སྒྲིལ་བྱེད་དགོས་པ་སོགས་ཀྱི་ཕྱོགས་སུ་གྲོས་བསྡུར་དང་མཉམ་རུབ་བྱས་ན་གང་འདྲ་ཡིན་ནམ། མ་གཏོགས་ཚོགས་པ་རང་རང་ལ་ཁེ་བཟང་མེད་དུས། འདི་ལྟར་ཁུ་སིམ་སེ་བསྡད་ན། ག་འདྲ་ཡིན་ནམ། དཔེར་ན། མང་གཙོ་ཚོགས་པ་ཟེར་བ་དེས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་འགྲན་སྐབས་སུ་གང་འདྲ་བྱས་ནས། དཀའ་ལས་བཀྱོན་སོང་ངམ། དེ་ནི་ཁེ་ཕན་ལ་འབྲེལ་བ་ཤུགས་ཆེན་ཡོད་པས་རེད། གང་ཡིན་ཟེར་ན། ཚོགས་པ་དེས་བཏོན་པའི་བཀའ་ཁྲིའི་འོས་མི་སུ་ཞིག་ཐོབ་ན། ཚོགས་པ་དེར་རང་ཤུགས་ཀྱིས་རྒྱབ་སྐྱོར་ཡོང་གི་ཡོད་པས་སོ། ལྷག་པར་དུ། ཚོགས་པ་དེའི་ཚོགས་གཙོ་ཟེར་བ་སྤྱི་འཐུས་ཀྱི་འོས་མིར་བཏོན་པ་རེད། ཁྱབ་བསྒྲགས་དང་འགྲོ་སོང་མང་པོ་བཏང་བ་རེད་དེ། མཇུག་འབྲས་ནི་གོ་ས་དོན་དུ་གཉེར་བ་ཕྱི་གསལ་ནང་གསལ་དུ་ཆགས་པ་དེ་རེད། དེང་སྐབས་ཚོགས་གཙོ་ཟེར་བ་དེས་བོད་ཀྱི་སྤྱི་ཚོགས་ཆད་རབས་སོགས་མང་པོ་ཞིག་བསྒྲགས་ཀྱིན་པ་རེད། དེ་ནི་རང་གི་འདོད་དོན་མ་གྲུབ་པའི་ཉེར་ལེན་གྱིས་སྤྱི་ཚོགས་ཀྱི་སྒང་ལ་ཚུར་གཡུགས་ན་གང་འདྲ་ཡིན་ནམ།

    Reply
  4. ཆོས་སྒྲོན། says:
    ལོ་ 15 སྔོན།

    སྤྱིར་ན་རྡ་སའི་འཁཽར་ཡུག་སྲུང་སྐྱོབས་གལ་མི་ཆེ་བ་མ་རེད། དེ་ལས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༣༠ ཙམ་གྱི་འགན་འཛིན་རྣམས་ནས་ལས་འགུལ་ག་འདྲ་སྤེལ་མིན་དགོས་ཐད་ལ་བགྲོ་གླེང་གནང་ན་མི་ལེགས་སྙམ། གླུ་མཁར་དང་ལྷ་བཟང་སོགས་ནས་རྒྱུན་དུ་བོད་མི་རིགས་ཀྱི་འཐད་བརྩོད་བྱེད་དགོས་ན་ཁྲག་དང་རྣག་གི་འགྲོ་སོང་མ་བཏང་ན་ཡོང་ཐབས་མེད་རབས་གསུངས་ཀྱིན་འདུག་པས་ད་ཡིན་ན་དུས་ལ་བབས་འདུག

    Reply
  5. རྨེ་སྨྱོན། says:
    ལོ་ 15 སྔོན།

    ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ། རྗེས་སོར་འདྲ་བོ་མང་པོ་སྤེལ་ཐུབ་ན་ཡག་པོ་ཞི་དྲག་འདུག་གང་ཡིན་ཟེར་ན་ཡུལ་མི་རྣམ་དང་མཛའ་མཐུན་ངང་གནས་ཐུབ་ན་དགེ་མཚན་མང་པོ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese