མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་རྒྱ་གར་གྱི་མཛའ་འབྲེལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བཞུགས་སྒར་དུ་རྒྱ་གར་ཆོས་ལུགས་ཆེ་ཁག་ལྔ་དང་ཚོགས་སྡེ་ཁག་ ༣༠ ཙམ་གྱི་འཐུས་མིས་བོད་ནང་གི་ཛ་དྲག་གནང་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་དང་བགྲོ་གླེང་ཞིག་གནང་སོང་།  

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༤ སྟེང་ངྷ་ས་ཁུ་ལཱབ་( The Club House)ཞེས་པའི་ཚོགས་ཁང་དུ། རྒྱ་གར་ཧི་མ་ལ་ཡ་ཁྱིམ་ཚང་དང་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་གོ་སྒྲིག་འོག ཕྱི་ལོ་ ༡༩༦༢ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་ནག་གིས་རྒྱ་གར་ལ་དྲག་གནོན་བྱས་པའི་དུས་ཚིགས་དྲན་གསོ་དང་བསྟུན་ཏེ། ༼ རྒྱ་གར་ཆོས་ཚོགས་ཀྱི་སྨོན་ལམ་མཆོད་འབུལ ༽ ཞེས་པའི་བགྲོ་གླེང་གཏམ་བཤད་ཀྱི་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་ཧི་མ་ཅལ་མངའ་སྡེ་གཞུང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ཟུར་བ་ཝེ་རྗེ་མཱོན་ཁོ་ཊེ་ཡ་( Vijay Mankotia )མཆོག་དང་། རྒྱ་གར་གྱི་(RSS)ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཨེན་ཌི་རེ་ཤི་ཁའུ་མཱར་( Indreshi Kumar )། ཧ་མ་ཅལ་འཐུང་ཆུའི་དོ་དམ་འགན་འཛིན་ཕི་ར་ཝེན་ཞཱར་མ་( Pravin Sharma)། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་བཅས་ཆེད་ཕེབས་ཀྱིས་གཏམ་བཤད་གནང་ཡོད་ལ། གཞན། ཀང་རི་རེ་སི་(Congress) དང་བྷི་ཇི་པི་(BJP)། དེ་བཞིན། བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་ཚོགས་གཙོ་སོགས་རྒྱ་གར་དང་བོད་པའི་ཚོགས་སྡེ་ཁག་ ༣༠ ཙམ་གྱི་མགོ་ཁྲིད་དང་སྐུ་ཚབ་བཅས་ ༢༠༠ མཉམ་ཞུགས་ཀྱིས་རྒྱ་གར་པ་དང་བོད་མིའི་མཛའ་གྲོགས་མཐུན་ལམ་དང་། རྒྱ་གར་ཡུལ་མིས་བོད་དོན་རྒྱབ་སྐྱོར། རྒྱ་དཀར་ནག་གི་དོན་རྐྱེན་སོགས་ཀྱི་སྐོར་ནས་གཏམ་བཤད་གནང་ཡོད།

 

མཛད་སྒོའི་ཐོག་མར་བགྲོ་གླེང་ཚོགས་འདུའི་བརྗོད་གཞི་ལྟར། རྒྱ་གར་གྱི་ཆོས་ལུགས་ཆེ་ཁག་ཧིན་རྡི་དང་ནང་པ། ཁ་ཆེ། ཡེ་ཤུ། སུག་ (Christian, Hindu, Muslim, Sikh and Buddhist)བཅས་ཀྱི་སྐུ་ཚབ་འཐུས་མི་རྣམས་ཀྱིས་བོད་ནང་ཞི་བདེ་དང་ཉེ་ཆར་རང་ལུས་མེར་བསྲེགས་གཏོང་མཁན་དག་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ཆོས་ལུགས་སོ་སོའི་ཆོ་ག་ལྟར་བསྔོ་སྨོན་ཞལ་འདོན་གནང་སོང་། འདི་ལ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡང་དྲུག་ལགས་ཀྱིས། “ཐེངས་འདིའི་ཚོགས་འདུའི་སྟེང་རྒྱ་གར་ཆེ་ལུགས་ཆེ་ཁག་ལྔའི་འཐུས་མི་དང་། རྒྱ་གར་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་བཅས་ཀྱི་མི་སྣ་མཉམ་ཞུགས་ཐོག་ཐུན་མོང་གིས་བོད་དོན་གླེང་པ་འདི་ནི་དམིགས་བསམ་དང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པ་ཞིག་རེད།” ཅེས་བརྗོད་བྱུང་།



གཏམ་བཤད་གནང་སྐབས་ཕྱི་ལོ་ ༡༩༦༢ ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་ནི་རྒྱ་ནག་གིས་རྒྱ་དཀར་ནག་གི་ཆིངས་དོན་རྩིས་མེད་ཀྱིས། རྒྱལ་མཚམས་བརྒལ་ཏེ་རྒྱ་གར་ལ་དྲག་གནོན་དམག་འཐབ་བཤམ་པ་དུས་ནམ་ཡང་རྒྱ་གར་མི་མང་གིས་བརྗེད་མི་སྲིད་པ་དང་། འབྱུང་འགྱུར་རྒྱ་ནག་གིས་དེ་འདྲའི་ལས་ངན་བྱ་སྤྱོད་ཅི་ཞིག་སྤེལ་ཡང་རྒྱ་གར་མི་མང་ལ་གྲ་སྒྲིག་ཡོད་པ། བོད་དང་རྒྱ་གར་བར་དུས་ཡུན་རིང་པོའི་མཛའ་གྲོགས་ཀྱི་འབྲེལ་ལམ་ཡོད་པ་ལྟར། སྔར་ལས་ལྷག་པའི་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ། བོད་པའི་རྩ་དོན་ལ་བཟུང་པའི་རྒྱབ་སྐྱོར་རྒྱུན་འཁྱོང་ཇེ་ཟབ་ཏུ་གཏོང་རྒྱུ།  ཉེ་ལམ་ནས་བོད་ནང་བོད་རིགས་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་དེ་འུ་ཐུག་པ་ཞིག་ཡིན་སྟབས། ཁོང་ཚོ་ལ་རྒྱ་གར་མི་མང་གིས་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གི་ཐལ་ཆེ་པའི་བྱ་སྤྱོད་ལ་བློ་ཕམ་ཡོད་པ་སོགས་ཀྱི་གཏམ་བཤད་གནང་སོང་།

ཉིན་འདིའི་ཚོགས་འདིའི་སྟེང་ངྷ་སའི་རྒྱ་གར་གླ་གཏོང་རླངས་འཁོར་མཉམ་འབྲེལ་མཐུན་ཚོགས་(Taxi Union) དང་། ཚོང་ཁང་སྐྱིད་སྡུག་ཚོགས་པ་(Shopkeepers Assocition)སོགས་ཀྱི་སྐུ་ཚབ་དག་གིས་ངྷ་ས་འདི་ཞི་བདེ་བསྟི་གནས་ཤིག་སྐྲུན་རྒྱུ་དང་། བོད་མི་དང་ས་གནས་ཡུལ་མིའི་མཐུན་ལམ་གོང་འཕེལ་མཉམ་གནས་ལ་ནུས་ཤུགས་འདོན་རྒྱུ་སོགས་ཀྱི་ཐད་ལ་རིམ་པར་གཏམ་བཤད་གནང་བྱུང་། བགྲོ་གླེང་གཏམ་བཤད་ཀྱི་ཚོགས་འདུ་དེ་ཧི་མ་ལ་ཡ་ཁྱིམ་ཚང་(Himalaya Parvar)དང་། བོད་པའི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱིས་མཉམ་རུབ་ཐོག་གོ་སྒྲིག་བྱས་པ་ཞིག་རེད།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

སྐར་མ ༣༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བོད་ཧིན་གྱི་འབྲེལ་བ་རྒྱལ་ཁབ་གཞན་ལས་གཏིང་ཟབ་ལ་ཡུ་རིང་ན་ཡང་ང་ཚོས་མི་ལྔ་བཅུ་ལྷག་རིང་ལ་རྒྱ་གར་མི་དམངས་ཀྱི་མིག་ལམ་དང་རྣ་ལམ། ལྷག་པར་སེམས་པའི་ནང་ལ་བོད་དང་བོད་དོན་གྱི་གཟུགས་རིས་ཡག་པོ་ཞིག་བཞེངས་ཐུབ་མེད། འཐུས་ཤོར་འདི་ངོ་མ་འགྱོད་པ་ཆེན་པོ་ཞིག་རེད། ད་ནི་འདི་ལྟར་རྒྱ་གར་མི་དམངས་དང་ཚོགས་སྡེ། གཞུང་བཅས་ལ་འབྲེལ་ལམ་ཇེ་ཟབ་དང་རྒྱ་ཆེར་གཏོང་རྒྱུ་འདི་བོད་དོན་འཐབ་རྩོད་ཁོ་ན་ཙམ་མིན་པར་ཕྱོགས་མང་པོ་ནས་དོན་སྙིང་ཆེ་བ་ཞིག་རེད།

    Reply
  2. དུག་མདའ། says:
    ལོ་ 15 སྔོན།

    ཟིལ་ཁྲོམ་ལ་སེམས་ཤུགས་འཕར་བ་ཡི་རིང་ཡོད། ངའི་བསམ་པར་བོད་མིའི་བར་མིང་ཚིག་གསར་བ་བཙན་སྒྲིག་བྱེད་པ་ལས་ཀྱང་དགྱ་མི་ལ་རྒྱ་སྐད་མི་བཤད་རྒྱུ་གལ་ཆེན་པོ་རེད་སྙམ། རང་ས་རང་ཡུལ་གྱི་ཚོང་ཁང་ནང་ནས་ཨ་ཕ་ཨ་མྱེས་ཀྱིས་རྒྱ་བརྡ་འཕྲོད་མ་འཕྲོད་ཙམ་ལ། བུ་དང་ཚ་བོས་ལམ་སེང་མཁས་འདོགས་ཀྱིས་ཙག་ཊ་ཐ་མག་ཙམ་ལའང་སྐད་བསྒྱུར་བྱེད་པའི་སྲོལ་ངན་དེ་མཚམས་འཇོགས་དགོས་ཀྱི་འདུག བོད་མི་ས་ཡ་དྲུག་པོ་ཚང་མ་དེང་བླང་སྐད་སྒྱུར་དུ་ཡོད་ན་དགྱ་ནག་པས་བོད་ཀྱི་སྤྱི་སྐད་དགྱ་སྐད་བྱེད་དགོས་པར་བརྗོད་བཞིན་པ་ལ་ངོ་རྒོལ་བྱེད་དོན་ཡང་མི་འདུག་སྙམ།

    Reply
  3. ཟིལ་ཁྲོམ། says:
    ལོ་ 15 སྔོན།

    དེང་སང་བོད་ཡུལ་ས་ཆ་མང་པོ་ཞིག་ནས་མི་ཕན་ཚུན་སྐད་ཆ་བཤད་དུས་དང་ཚོང་ཁོང་སོགས་ནས་ཉོ་ཅ་རྒྱག་དུས་སྐབས་བོད་སྐད་མ་གཏོགས་རྒྱ་སྐད་རྒྱག་མི་བཤད་པ་སོགས་བྱེད་བཞིན་འདུག དེས་བོད་ཀྱི་སྐད་ཡིག་ཡར་རྒྱས་བཏང་བ་མི་ཉམས་པ་བྱེད་པ་ལ་ཧ་ཅང་ཕན་ཐོག་ཆེན། དཔེར་ན། ངས་ཨ་མས་ཟེར་ན་<<དེང་སང་ཚོང་ཁང་ནང་ནས་ཅ་ལག་སོགས་ཉོ་སྐབས་གཟབ་གཟབ་བྱེད་དགོས་གི་འདུག རྒྱ་སྐད་དང་ཅ་ལག་རྒྱ་སྐད་གི་མིང་ཅན་རྣམས་བོད་སྐད་ཐོག་ནས་ཟེར་མ་ཤེས་ཉེ་འཁྲིས་ཀྱི་མི་ཚང་མ་འཕྱ་སྨོད་བྱེད་ཀྱི་འདུག རྗེས་མ་ཁྱོད་ཡོང་དུས་རྒྱ་སྐད་མ་རྒྱག་ཨ་ཟེར།>> སྤྱིར་ངའི་ཕ་ཡུལ་རྫོགས་ནས་བོད་སྐད་མ་གཏོགས་རྒྱ་སྐད་བཤད་མཁན་ཧ་ལམ་མི་སྲིད་པ་ལྟ་བུ་ཡིན་ཡང་། དེང་རབ་ཀྱི་ཅ་ལག་མང་ཆེ་བ་ལ་སྔར་བོད་མིང་མེད་པས་དཔེར་ན། ན་ནང་ང་བོད་ལ་འགྲོ་དུས་ངས་ངོ་ཤེས་པ་ཞིག་ལ་ཁ་པར་བཏང་དུས། ངའི་སྲིང་མོ་ཆུང་བས་ཨ་བུ་འདི་ན་བརྡ་རྟགས་མི་འདུག་ཁ་པར་འགྲོ་གི་མ་རེད་ཟེར། ངས་བརྡ་རྟགས་ཟེར་བ་དེ་ག་རེ་ཡིན་ཧ་མ་གོ་ནས་སྲིང་མོ་ལ། བརྡ་རྟགས་ཟེར་ན་ག་རེ་ཟེར་རེད་དྲིས་པས། མོས་ཨ་བུས་བོད་སྐད་རྒྱག་ཤེས་གི་མི་འདུག་<ཞིང་ཧག>རྒྱ་སྐད་རེད། བོད་སྐད་ལ་བརྡ་རྟགས་ཟེར་ལེ་རེད་ཨ་བུ་གཟབ་གཟབ་གྱིས་མ་གཏོགས་དེང་སང་སྔར་དང་འདྲ་ལེ་མ་རེད་རྒྱ་སྐད་རྒྱོབ་དང་མི་འཕྱ་གི་རེད་ཟེར། ང་ངོ་གནོང་ཆེན་པོ་བྱུང་ཡང་དགའ་ཚོར་ཆེན་པོ་ཞིག དེ་བཞིན་དེ་དུས་ཁོ་ཚོས་འཕྲུལ་རྟ་འཕྲུལ་རྟ་ཟེར་བཞིན་འདུག་ངས་་མ་ཤེས་ནས་འཕྲུལ་རྟ་ཟེར་ན་ཅི་རེད་དྲིས་པས། ཁོང་ཚོ་ཚང་མ་གད་མོ་དགོད་བཞིན་འཕྲུལ་རྟ་ཟེར་ན་རྒྱ་སྐད་ལ་<མོ་ཐོ་ཁྲི>ཟེར་ལེ་རེད་ཁྱེད་ད་བོད་ལ་བཞུགས་ནས་བོད་སྐད་སྦྱང་ན་སོགས་བརྩེ་མོའི་ངང་ལབ་སོང་། དེ་ཙམ་གྱིས་ཀྱང་ཕན་ང་ལ་ཕན་ཐོག་ཆེན་པོ་བྱུང་། དེས་ན་ང་ཚོས་བརྡ་རམ་ས་དང་མ་འགྱུ་ཏྲི་ལ་སོགས་བོད་མི་འདུས་སྡོད་མང་ས་ནས་བོད་པ་རྣམས་ཀྱིས་བོད་སྐད་མ་གཏོགས་གཞན་གྱི་སྐད་ཡིག་བེད་སྤྱོད་མི་བཏང་རྒྱུ་བྱས་ན་བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་བ་ལ་ཧ་ཅང་ཕན་ཐོག་ཆེན་པོ་ཡོད་འདུག

    Reply
  4. ཚང་མ། says:
    ལོ་ 15 སྔོན།

    སིད་སུད་གནས་སྡོད་བོད་རིགས་རྣམས་རེ་གཟའ་ལྷག་པའི་ཉིན་ལས་ཀའི་དུས་ཚོད་ཁེལ་བར་བརྟེན་ངོ་རྒོལ་ལས་འགུལ་སྤེལ་མ་ཐུབ་པས་རྒྱལ་ཡོངས་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་ནང་ཞུགས་ཐུབ་མི་འདུག
    སང་ཉིན་གསང་སྤེན་པ་ཉིན་ཛུ་རིག་གྲོང་ཁྱེར་ནས་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་བྱེད་རྒྱུ་ཡིན་པ་དང་རེ་གཟའ་ཉི་མ་ཉིན་གུང་གསང་དང་སྟབས་བསྟུན་ཇི་ནི་ཝར་གྲོང་ཁྱེར་དུ་ལས་གཞི་བརྒྱ་ཆེན་པོ་ཞིག་སྤེལ་རྒྱུ་ཡིན་འདུག
    ཧྥ་རན་སིར་གནས་སྡོད་བོད་མི་ཡོངས་ཀྱིས་ཉིན་དེར་ངོ་རྒོལ་ལས་འགུལ་ཤུགས་ཆེར་སྤེལ་འདུག་མ་ཟད་སང་ཉིན་རེ་གཟའ་སྤེན་པ་ཉིན་བོད་དོན་རྒྱབ་སྐྱོར་ཚོགས་པ་གཙོས་བོད་མི་ཡོངས་ནས་སླར་ཡང་ངོ་རྒོལ་བྱེད་ཀྱི་ཡིན་འདུག
    ཡིག་ནོར་མང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese