མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལི་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ལྡི་ལི་རྒྱ་ནག་གཞུང་ཚབ་མདུན་དུ་དགེ་འདུན་པ་དང་སློབ་ཕྲུག་ ༡༣ ཙམ་གྱིས་ངོ་རྒོལ་སྐད་འབོད་བྱས་ཏེ་རྒྱ་གར་ཉེན་རྟོག་པས་བཟུང་བཀག་ཉར་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ནས་ ༢༡ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་ ༣༥༠༠ ལྷག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ་མཇུག་སྒྲིལ་ཡོད་ཀྱང་།  དེ་རིང་ཞོགས་པའི་ཆུ་ཚོད་ ༡༠། ༣༠  དང་ཕྱེད་ཀའི་སྟེང་ཕྱོགས་མཐའ་ཁག་ནས་ཕེབས་པའི་གྲྭ་པ་ ༤ དང་ཅན་ངྷི་སྒར་མཐོ་སློབ་ཀྱི་སློབ་མ་ ༩ བཅས་མི་བཅུ་གསུམ་གྱིས་ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་སྟབས། རྒྱ་གར་ཉེན་རྟོག་པས་མི་ ༡༣ ཆ་ཚང་འཛིན་བཟུང་བཀག་ཉར་བྱས་འདུག་ལ། གཞན། ཉིན་གུང་ཆུ་ཚོད་ ༡ པོ་ཡས་མས་སུ་ལྡི་ལིར་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་གྲྭའི་སློབ་མ་ཁག་ཅིག་གིས་ལྡི་ལི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་མདུན་དུ་སྐད་འབོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་འདུག  

 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 18

  1. ལུང་རྟོགས། says:
    ལོ་ 15 སྔོན།

    ཨ་མའི་བུ་ནི་ཨ་མ་ཡང་ངོ་མི་ཤེས་མཁན་ཞྀག་རེད་འདུག་ལ། བཀྲ་ཤྀས་དེ་ནི་བཀྲ་མི་ཤིས་པའི་སྣ་འགྲན་ཞིག་རེད་འདུག

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ཁྱོད་རང་བཀྲ་ཤིས་རེད་མི་འདུག
    ཁྱོད་རང་བཀྲ་མི་ཤིས་པ་རེད་འདུག ག་རེ་ལབ་ཀྱི་ཡོད། ངས་དབུ་མའི་ལམ་ལ་དགག་པ་རྒྱག་པ་མ་རེད་གཞིས་ཀྱི་བོད་མི་ཚོས་རང་ལུས་མེ་ལ་བསྲེག་པ་རེད་ལ་ང་ཚོ་བཙན་བྱོལ་བས་བསྲེགས་པ་མ་རེད།
    སྡུག་སྦྱོང་དང་མནར་གཅོད་མི་སྤྱོད་ལས་འདས་པའི་མྱོང་བ་ལུས་སེམས་ཀྱིས་མ་ཐེག་ནས་སྐུ་ལུས་ཞུན་མེར་ཕུལ་བ་རྣམས་ལ་རྒྱབ་སྐྱོར་ཙམ་ལྟ་ཞོག
    གཞན་གྱིས་དེ་ཚོ་ལ་གདུང་སེམས་མཉམ་བསྐྱེད་བྱེད་པ་ལ་གྲྭ་པས་ཞབས་འདྲེན་བཞག་འདུག་ཞེས་ལབ་ན་འགྲིག་གི་རེད་དམ། ཁྱོད་ཚོ་ལ་དོན་ལྔ་སྣོད་དྲུག་གི་བསམ་བློ་བཏང་ས་ཞིག་ཡོད་ན་ལེགས་པར་སོམ་ཞིག
    འཁོང་ར་བྱེད་མ་སྡད་པར་གཞིས་ཀྱི་བཙུན་པ་ཕོ་མོ་རྣམས་ཀྱིས་ཆོད་སེམས་ལ་ལན་ཅིག་རྣ་བ་གཏོད་རོག
    ཡང་ན་ཕན་ཚུན་གཉིས་ཕན་གྱི་སྒོ་ནས་གྲོས་གཞིའམ་འདས་པོ་ཚོའི་ཕྱིར་དུ་
    རྒྱབ་སྐྱོར་བྱོས་ཤོག ཡང་དེརིང་གྲྭ་པ་གཅིག་གི་སྐུ་ལུས་ཞུན་མེར་ཕུལ་བ་འདི་ཞབས་འདྲེན་རེད་པས། དབུ་མའི་ལམ་ལ་དགག་པ་རེད་པས། རྒྱལ་བ་ཡིད་བཞིན་ནོར་བུའི་ཞལ་ལ་མ་ཉན་པ་རེད་པས། ངས་གོང་དུ་ཡང་ཞུས་ཡོད་སོ་ལེ་མི་འཐེན་པར་ཡང་ཡང་ཞུ། ཆིག་བསྒྲིལ་བྱོས་ཤོག། མདུན་མཆོང་གྱིས་ཤོག
    རྒྱ་དམར་ལ་རྒོལ་ཤོག། གུང་ཁྲེན་མགོ་སྟིང་སློག་ཤོག
    བཙན་བྱོལ་བས་ཕྱི་དྲིལ་བྱོས་ཤོག།

    Reply
  3. བཀྲ་ཤིས། says:
    ལོ་ 15 སྔོན།

    རྨ་ཀླུང་་དཔལ་ལ་་ཟེར་བ་ཁྱེད་རང་༸གོང་ས་མཆོག་ལ་སྐུར་འདེབས་མ་བྱེད།
    ད་ཡང་ལམ་དབུ་མའི་སྲིད་བྱུས་ལ་དགག་པ་རྒྱག་ཡོང་གི་འདུག
    ཞབས་འདྲེན་ཚོ།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ད་ནི་ངོ་མ་བོད་ཡུལ་གྱར་བའི་མི་བུ་ཚོ་གི་སོ་ལེ་མ་འཐེན་རོག སྐྱེས་པ་བུ་དང་བུ་མོ་རབ་བྱུང་བཙུན་པ་བཙུན་མ་གཞིས་ལུས་སྤུན་ཟླ་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་འབྱུང་འགྱུར་མདུན་ལམ་ལ་ཕན་དང་གནོད་སྐྱེལ་སོགས་ཀྱིས་ཁུང་སྐྱེལ་དཀར་འདོན་རྒྱ་གུང་ཁྲེན་གཞུང་ལ་མ་བྱས་པ་མ་རེད། བོད་རྒྱ་ཞི་མོལ་ཐེང་དགུ་བྱས་པ་རེད། མདུང་རྩེ་ཁ་སྤྲོད་རེད།
    མ་ཉན་པ་རེད། མ་གོ་བ་མ་རེད། རྒྱ་དམར་གདོན་འདྲེ་ཚང་གི་མ་རྐང་གཙུག་ནས་མ་ཉན་པ་རེད།
    བོད་རང་བཙན་ཡིན་རྒྱ་རྒྱ་ནག་ལ་རྒྱུག བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་བྱེས་པ་སྐྱ་སེར་ཡོངས་ཀྱིས་རྒྱ་ནག་གཞུང་ཚབ་མེ་གི་བསྲེག་བཞག་ན་ཡང་རྒྱ་ནག་གི་མི་ཉན་པ་ཡིན་ནི་ཤོད་མི་དགོས་པ་དང་།
    ཨ་ཅང་ཅང་རྒྱ་ནག་སྤྱིན་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གསུམ་གྱི་རང་སྐྱོང་ཚད་ལྡན་སྤྲོད་རོག་དགོས་བོད་ཀྱི་བདག་པོ་རྒྱ་ནག་རེད་ངོ་ཚོ་རྒྱ་ནག་ལ་དགའ། མེས་རྒྱལ་ནང་དུ་ལོག་གི་ཡིན་ཞེས་ངོ་དགའ་གཉིས་པོ་ནི།
    བོང་བུ་གི་རྣ་མཆོག་ནང་དུ་གསེར་དང་བྱེ་མ་གཉིས་ཀ་གཡུག་རྐྱང་ལས་ཁྱད་པར་གཏན་ནས་མ་ཕྱེས་པ་རེད། མ་ཚད་བོད་ཡུལ་གྱར་བའི་སྲིད་གཞུང་ཞེས་ཏཱ་ལས་ཕྱི་རྒྱལ་ལ་ཚོགས་པ་ཁྲིམས་འགལ་གྱི་སྒོ་ནས་གཙུག་པ་དེ་ནི་མེས་རྒྱལ་གོང་བུ་གཅིག་གྱུར་གཏོར་གཤིག་གཏོང་བའི་ཕྱིར་དུ་གཙུག་པ་ལས་ཁུང་ལུང་གཏན་ནས་ཡོད་མ་རེད་ཞེས་སྙིང་ནས་གཟན་པའི་བརྙས་གཏམ་འདི་ཚོ་མཐོང་གི་མེད་དམ། དགྲ་ཕྱོགས་ནས་མ་ཉན་ན་ང་ཚོས་ག་རེ་བྱེད་དགོས་ཀྱི་རེད། བསམ་བློ་ཐོང་དང་
    ཨ་མའི་བུ་གཙོས་པའི་དྲྭ་གྲོགས་ཚོ་གུང་ཁྲན་ཏང་གི་གསར་འགྱུར་ནང་ལྟོས་དང་གཞི་ནས་ག་རེ་རྩོད་དགོས་མིན་དང་རྩོད་ས་ཡོད་མེད་གཞི་ནས་གསལ་པོ་ཤེས་ཡོང་ས་རེད།
    ཕ་ཡུལ་གྱི་བོད་མི་རྒྱལ་ཞེན་རྣམས་ཀྱིས་འཇིག་རྟེན་འདི་ན་གཅེས་ཤོས་རང་སྲོག་དམར་པོ་རྦད་དེ་གཏོང་རྐྱང་བྱེད་དགོས་པའི་འ་ཆད་འུ་ཐུག་པས་སྡུག་བསྔལ་སེམས་ཀྱིས་མ་བཟོད་ནས་སྐད་འབོད་དང་ཁྲོམ་སྟོན་བྱེད་པ་འདི་ལ་སྐྱ་སེར་སུ་ཡིན་ན་རྒྱ་མི་གུང་ཁྲན་དམར་པོ་ལ་གནོན་ཤུག་དང་ཕྱི་དྲིལ་འདས་པ་ཚོར་གདུང་སེམས་མཉམ་བསྐྱེད་སོགས་ཀྱི་ལས་འགུལ་རྣམས་བྱེད་རྐྱང་བྱོས་དང་འཛམ་གླིང་གི་མི་རྣམས་ལྐུགས་པ་གཏན་ནས་མ་རེད། བོད་རྒྱུད་ནང་བསྟན་གི་ཞབས་འདྲེན་ཞུ་གི་མ་རེད་ལ།
    འཛམ་གླིང་ན་མཁས་འཛང་སུ་གི་ལྟས་ན་ཡང་རྒྱ་དམར་པོ་ཕུད་པའི་རྒྱལ་ཁབ་ཡོད་ཚད་ཡི་ག་དེ་བས་སུན་གི་མ་རེད།
    རྒྱ་ནག་གི་བྱེད་སྟང་ཁྱི་ལུད་དར་གཏུམ་ག་རེ་བྱེད་ཀྱི་ཡོད་པ་ཀུན་གྱིས་ཤེས་ཀྱི་ཡོད་ལ།
    བོད་མིའི་སྐྱ་སེར་རྣམས་ཀྱིས་སྐད་འབོད་བྱས་པ་རྒྱུ་མཚན་དང་དམིགས་ཡུལ་གང་ཞིག་ཡིན་པ་དེ་བས་གསལ་རྐྱང་ཤེས་ཀྱི་ཡོད།
    ཨ་མའི་བུ་གཙོས་པའི་རུས་འདྲུད་ཚོ་གི་རི་བོང་གནམ་རྡིབ་ཀྱི་སྐད་ཆ་གང་བྱུང་མ་ཤོད་ན་བཟང་གི།
    ཁྱོད་རང་རྒྱ་དམར་པོའི་གཡོ་འོག་དང་མགོ་བསྐོར་གྱི་འོག་ཏུ་ཚུད་པ་དེ་ཡིན་པ་ངེས་པར་དུ་ཤེས་དགོས།
    ཁྱོད་རང་གི་སྐད་ཆ་དང་བསམ་མཆན་འདི་ད་ལྟ་ཤོད་དགོས་པའི་དུས་ཚིག་གཏན་ནས་མིན།

    Reply
  5. སྟག་ཚང་རིག་རྒོད་། says:
    ལོ་ 15 སྔོན།

    ཨ་མིའི་བུ་ལགས་་་་་
    ལ་རྒྱ་དང་སེམས་ཤུགས་ཡོད་ན་ལོངས་དང་།

    Reply
  6. སྟག་ཚང་རིག་རྒོད་། says:
    ལོ་ 15 སྔོན།

    ངའི་མིང་ལ་ཡེ་ཤེས་བསམ་གྲུབ་ཡིན་།
    དེ་རིང་ང་ཚོ་མི་བཞི་ཙམ་གྱིས་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱས་པ་ཡིན་།
    ང་ཚོས་འདི་ལྟར་བྱེད་པའི་དམིག་ཡུལ་གཙོ་བོ་བོད་ནང་དུ་ཆོས་དད་རང་དབང་དགོས་སྐོར་གཙོ་བོར་བཤད་པ་ཡིན་གང་ཡིན་ཟེར་ན་ང་ཚོ་གྲྭ་པ་ཞིག་ཡིན་པའི་ཆ་ནས་འོས་འགན་དེ་འདྲ་ཞིག་ཡོད་པ་རེད་།
    ཡང་ང་ཚོས་དཔེལ་བའི་ལས་འགུལ་དེར་རྒྱབ་སྐྱོར་བྱེད་མཁན་ཙམ་ལས་འགོ་བྱེད་མཁན་གང་ཡང་མེད་།
    དེ་ནི་བོད་མི་མི་རི་ངོ་རིས་འགན་ཁུར་བ་ལས་ངེས་པར་དུ་ཚོགས་པ་ཞིག་ལ་རྟེན་དགོས་པའི་བསམ་བློ་དེ་ཇི་ཉུང་དུ་འགྲོ་བའི་ཕྱིར་ཡིན་།
    ཡང་ཕྱོགས་གཞན་ཞིག་ནས་སྡི་ལི་ས་གནས་ལས་བྱེད་པ་མང་པོ་ཞིག་གི་གནས་ཚུལ་ནི་སྙན་པ་དེ་དག་གོ་སྐབས་རོགས་རམ་ཞུ་འདོད་མ་བྱུང་།
    གྲོགས་པོའམ་སྤུན་ཟླ་ཚོས་རྒྱབ་སྐྱོར་མེད་ན་ཡང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུས་བྱ་ཞིག་བྱས་པར་ངོས་འཛིན་བྱེད་པ་ལས་མ་རབ་ཀྱི་སྐད་ཆ་དེ་འདྲ་མ་གསུང་རོགས་ཞུ་རྒྱུ་ཡིན་།
    ང་ཚོ་དགོང་མོའི་ཆུ་ཚོད་དྲུག་པ་ཙམ་ལ་ཕྱིར་ཡོང་བ་ཡིན་།

    Reply
  7. ཨ་མིའི་བུ། says:
    ལོ་ 15 སྔོན།

    དེང་སང་བོད་ནང་བསྟན་བ་དར་གི་འདུག བོད་ཙམ་དུ་མ་ཟད་རྒྱ་ནག་ལ་ཡང་བསྟན་བ་དར་གི་འདུག དེ་ཡག་པོ་རེད། རྒྱ་ནག་ནང་ལ་བོད་བརྒྱུད་ནང་བསྟན་སྤེལ་སྟངས་སྔར་དང་མི་འདྲ་བར་ཡག་བོ་ཡོང་གི་འདུག དེ་ཚོ་འཕྲོ་བརླགས་མ་གཏོངས་རོགས།
    སྤྱིར་བོད་པའི་འཐད་རྩོད་དེ་ངས་ངོས་ཟིན་གི་མི་འདུག
    རྒྱལ་ཁབ་རང་བཙན་རེད་དམ???????????????
    མི་རིགས་རང་སྐྱོང་རེད་དམ?????????????
    ངས་ད་ལྟ་བར་དུ་ཅང་ཤེས་མ་སོང་བོད་པས་ཅི་ཞིག་རྩོད་ཀྱི་ཡོད་ཧ་གོ་ཡི་འདུག འཐད་རྩོད་བྱེད་ན་་་་་དམིགས་ཡུལ་གཅིག་དང་་་་འབོད་སྒྲ་གཅིག་གི་ཐོག་ཤར་བསྐྱོད་བྱེད་དགོས་བ་རེད་ལོ་ལོ། །

    Reply
  8. ཨ་མིའི་བུ། says:
    ལོ་ 15 སྔོན།

    དེ་རིང་གོས་ས་མཆོག་གི་བཀའ་སློབ། ༼༼ཁོང་གིས་མུ་མཐུད་དུ་ནང་པ་ཚོའི་ཁྲོད་བཅོམ་ལྡན་འདས་ཀྱི་བསླབ་བྱས་སོ་སོའི་སེམས་འདུལ་རྒྱུའི་ཚབ་ཏུ་ཆགས་སྡང་གི་ལག་ཆར་སྤྱོད་མཁན་ཡོང་གི་ཡོད་པ་དང་། ཆོས་བྱེད་དང་མི་བྱེད་སོ་སོའི་རང་དབང་ཡིན་ཡང་། གལ་སྲིད་ཆོས་བྱ་རྒྱུ་ཡིན་ན། ཆོས་ནས་གསུངས་པའི་བསླབ་བྱ་ཁག་ཉི་མ་རེ་རེ་བཞིན་ལག་ལེན་བསྟར་དགོས་པ།༽༽ གསུང་འདུག་པ་མ་བརྗེད་རོགས།

    Reply
  9. ཨ་མིའི་བུ། says:
    ལོ་ 15 སྔོན།

    རྒྱང་མིག་ལགས། ་་ འདི་འདྲ་ག་རེ་རེད། ༼༼བོད་རྒྱུད་ནང་པའི་བསྟན་པ་ཉམས་ཆགས་སུ་འགྲོ་ཚར་བ་རེད། ད་ཞེ་གྲག་རེ་རྒྱབ་ས་ཡོད་པ་མ་རེད། ༽༽་རེ་བ་བྱེད་ས་ཡོད་རེད། དེང་སང་བོད་ནང་ན་སངས་རྒྱ%

    Reply
  10. རྒྱང་མིག says:
    ལོ་ 15 སྔོན།

    བཀྲ་ཤིས་ལགས། དགེ་འདུན་པ་ལ་དམིགས་བསལ་གྱི་ལས་ཀ་ཞིག་ཡོད་པ་མ་རེད་སངས་རྒྱས་ཀྱི་སར་འགྲོ་རྒྱུར་ཁ་ཐག་རིང་དྲག་པས་སེམས་ཤུགས་ཆག་ཚར་བ་རེད། སེམས་ཅན་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་དེང་སང་མི་ཚང་མས་འབད་བརྩོན་བྱེད་ཀྱི་ཡོད་པས་ད་ཅི་ཞིག་མི་རིགས་ཕན་པ་ཡོད་ཚེ་དེ་སྒྲུབ་ནས་རང་གི་འགན་ཁུར་ཕྲག་ཏུ་ལེན་རྒྱུ་གལ་ཆེ།

    Reply
  11. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ཨ་མའི་བུ་་་་ཡིན་བུ་མོ་ཡིན་་་་་་་་ཆ་མི་འཚལ་བ་ཁྱོད་རང་ནོར་སོང་། འདི་ཞབས་འདྲེན་ཞེས་རྩ་བ་ནས་ལབ་མི་རུང་།
    བོད་ནང་གི་སྐུ་ལུས་མེ་མཆོད་ཕུལ་མཁན་ཚང་མ་བཙུན་པ་བཙུན་མ་མང་ཤོས་ལས་ལས་མི་སྐྱེ་ཕོ་མོ་མང་ཤོས་མ་རེད།
    བྱས་གཙང་སྡུག་བསྔལ་གནམ་ས་གཉིས་ཀྱི་མི་ཐེག་པ་འདི་ལྟ་བུ་བྱུང་དུས་སྐད་འབོད་མ་ཚད་ག་རེ་དགོས་ན་ཡང་བྱེད་ཕོད་དགོས་ལ་བྱེད་ཀྱང་དགོས།
    ཁྱོད་རང་གི་བྱེད་མ་ཕོད་ནས་མི་ལ་ཞབས་འདྲེན་ག་རེ་ལབས་ཀྱི་ཡོད།
    ཞབས་འདྲེན་ངོ་མ་ཁྱོད་རང་གི་བསམ་ཚུལ་གླེང་བ་འདིས་བཞག་འདུག
    ཁྱོད་རང་གི་ཞབས་འདྲེན་ཞེས་པ་དེ་མགོ་འཚོས་མི་འདུག
    ཁྱོད་ངོ་མི་ཚའམ།
    ཡུལ་ལ་དགྲ་བྱུང་ན། རྔ་འབྱར་ཁྱི་ཡང་རྒྱུག་དགོས་ཞེས་པའི་མནའ་དཔེ་ཡོད་པ་བཞིན་སྐྱ་སེར་སུ་ཡིན་ཀྱང་བསྟན་སྲིད་ལ་ཞེན་ལ་ཁྱད་པར་གཏན་ནས་མེད།
    གལ་སྲིད་བོད་ཀྱི་སེར་མོ་བ་རྣམས་ཀྱི་འདི་འདྲ་བྱེད་ཚད་ཞབས་འདྲེན་ཡིན་ན།
    ད་གཟོད་མི་གི་དོ་སྣང་བྱེད་རྒྱུ་དང་ཕར་ཞོག ཁྱི་གཅིག་གིས་ཀྱང་དོ་སྣང་མི་བྱེད་པའི་ས་ལ་སླེབ་ཚར་བ་རེད། ཁྱོད་ཀྱིས་མི་ཤེས་པ་དགྲ་དང་ཤ་ཕ་གཉིས་ཀྱི་ཕག་ཏུ་གབ་པ་ཨེ་ཡིན། ཁ་ཚུམ་ཞིག ་་་་་་

    Reply
  12. རྒྱང་མིག says:
    ལོ་ 15 སྔོན།

    བོད་རྒྱུད་ནང་པའི་བསྟན་པ་ཉམས་ཆགས་སུ་འགྲོ་ཚར་བ་རེད། ད་ཞེ་གྲག་རེ་རྒྱབ་ས་ཡོད་པ་མ་རེད། བསྟན་པ་ལ་ཞབས་འདྲེན་ཞུས་ཡོད་ཀྱང་མི་རིགས་ཀྱི་ཆེད་དུ་ཅི་ཞིག་ཡིན་ཀྱང་བྱེད་ཐུབ་པ་དེ་རྗེས་སུ་ཡི་རང་ཡོད། མི་རབས་གསར་པའི་བཤད་ཕོད་པ་དང་སྒྲུབ་ཕོད་པའི་སྙིང་སྟོབས་དེས་འབྱུང་འགྱུར་འཆི་གསོན་མཚོན་ཐུབ་པས་རེ་བ་ཞིག་འདུག།

    Reply
  13. བཀྲ་ཤིས། says:
    ལོ་ 15 སྔོན།

    བཀྲ་ཤིས་དང་། ཨ་མའི་བུ།
    ཁྱེད་གཉིས་ཀྱིས་བཤད་པ་བདེན་གི རྒྱང་སྐྱོར་ཡོད། ད་ནས་བཟུང་དགེ་འདུན་པས་དགེ་འདུན་པའི་ལས་ཀ་བྱས་ན་བཟང་ས་རེད།
    འདི་འདྲ་དེ་གྲ་བཙུན་ཚོས་ལས་ཀ་མ་རེད།

    Reply
  14. ཨ་མིའི་བུ། says:
    ལོ་ 15 སྔོན།

    ཡང་ཞབས་འདྲེན་བཞག་འདུག དགེ་འདུན་པ་ཚོ་འདུག་མ་ཤེས་ན་སངས་རྒྱས་ཀྱི་བསྟན་སྣུབས་ས་རེད།
    ༸གོང་ས་མཆོག་གིས་བསྒྲེས་ཡོལ་གནང་ནས་རབ་ཏུ་བྱུང་བ་ཚོས་ཆབ་སྲིད་ལ་ཐེ་བྱུས་བྱེད་རྒྱུའི་དུས་ཚོད་རྫོགས་ཚར་བ་རེད། ད་བསྡད་ན་ཡག་གི་རེད།
    རྒྱལ་སྤྱིའི་ཐོག་བོད་པའི་དགེ་འདུན་པ་ཚོར་ལྟ་ཚུལ་ཡག་པོ་ཞིག་མི་ཡོང་བ་ཡང་གནད་དོན་འདི་ལ་ཐུག་ཡོད། རྒྱ་རིགས་ཀྱི་ནང་པ་ཁག་གིས་ལྟ་ཚུལ་ལ་ཡང་མ་དད་པ་སྐྱེ་བའི་རྒྱུ་རྐྱེན་གཙོ་གཅིག་འདི་ལ་ཐུག་འདུག འདི་ལ་རྒྱ་གཞུང་གིས་བྱུས་ངན་དེ་འདྲ་ཡང་ཡོད་མི་སྲིད་པ་མིན། དེས་ན་དེང་ཕྱིན་ཆད་བོད་པའི་བླ་མ། གྲ་པ། བཙུན་མ་ཚོས་ཆོས་བཞིན་འདུལ་བ་བཞིན་གནང་རྒྱུའི་དུས་སུ་བབ་ཡོད།
    དེང་ཕྱིན་ཆད་ཞབས་འདྲེན་འཇོག་རྒྱུ་དེ་མཚམས་འཇོག་བྱེད་དགོས་ཀྱི་འདུག

    དེང་སང་བོད་པའི་སྤྱི་ཚོགས་ནང་དུ་གྲ་བཙུན་ཚོར་མཐོང་ཚུལ་སྡུག་ཏུ་འགྲོ་བཞིན་ཡོད་བ་དང་། གྲ་ལོག་དང་ཨ་ནེ་ལོག་མཁན་མང་དུ་འགྲོ་བཞིན་པ་དང་གཉིས། འདི་འདྲའི་ཞབས་འདྲེན་ནང་འགྲོ་མཁན་མང་བ་ལ་བརྟེན་ནས་བོད་བརྒྱུད་ནང་པའི་བསྟན་པ་ཉམས་ཆགས་སུ་འགྲོ་རྒྱུ་ཉག་གཅིག་རེད།

    Reply
  15. ཨ་མིའི་བུ། says:
    ལོ་ 15 སྔོན།

    ཡང་ཞབས་འདྲེན་བཞག་འདུག དགེ་འདུན་པ་ཚོ་འདུག་མ་ཤེས་ན་སངས་རྒྱས་ཀྱི་བསྟན་སྣུབས་ས་རེད།
    ༸གོང་ས་མཆོག་གིས་བསྒྲེས་ཡོལ་གནང་ནས་རབ་ཏུ་བྱུང་བ་ཚོས་ཆབ་སྲིད་ལ་ཐེ་བྱུས་བྱེད་རྒྱུའི་དུས་ཚོད་རྫོགས་ཚར་བ་རེད། ད་བསྡད་ན་ཡག་གི་རེད།
    རྒྱལ་སྤྱིའི་ཐོག་བོད་པའི་དགེ་འདུན་པ་ཚོར་ལྟ་ཚུལ་ཡག་པོ་ཞིག་མི་ཡོང་བ་ཡང་གནད་དོན་འདི་ལ་ཐུག་ཡོད། རྒྱ་རིགས་ཀྱི་ནང་པ་ཁག་གིས་ལྟ་ཚུལ་ལ་ཡང་མ་དད་པ་སྐྱེ་བའི་རྒྱུ་རྐྱེན་གཙོ་གཅིག་འདི་ལ་ཐུག་འདུག འདི་ལ་རྒྱ་གཞུང་གིས་བྱུས་ངན་དེ་འདྲ་ཡང་ཡོད་མི་སྲིད་པ་མིན། དེས་ན་དེང་ཕྱིན་ཆད་བོད་པའི་བླ་མ། གྲ་པ། བཙུན་མ་ཚོས་ཆོས་བཞིན་འདུལ་བ་བཞིན་གནང་རྒྱུའི་དུས་སུ་བབ་ཡོད།
    དེང་ཕྱིན་ཆད་ཞབས་འདྲེན་འཇོག་རྒྱུ་དེ་མཚམས་འཇོག་བྱེད་དགོས་ཀྱི་འདུག

    དེང་སང་བོད་པའི་སྤྱི་ཚོགས་ནང་དུ་གྲ་བཙུན་ཚོར་མཐོང་ཚུལ་སྡུག་ཏུ་འགྲོ་བཞིན་ཡོད་བ་དང་གཅིག་ གྲ་ལོག་དང་ཨ་ནེ་ལོག་མཁན་མང་དུ་འགྲོ་བཞིན་པ་དང་གཉིས། འདི་འདྲའི་ཞབས་འདྲེན་ནང་འགྲོ་མཁན་མང་བ་ལ་བརྟེན་ནས་བོད་བརྒྱུད་ནང་པའི་བསྟན་པ་ཉམས་ཆགས་སུ་འགྲོ་རྒྱུ་ཉག་གཅིག་རེད།

    Reply
  16. རིན་འཕེལ། says:
    ལོ་ 15 སྔོན།

    བཀྲ་ཤིས་ཟེར་པ་ཁྱོས་གསལ་བོ་ཉོན། བོད་བསྟན་པ་ཆབ་སྲིད་ཀྱི་ཕྱག་ལས་གནང་མཁན་ཚོས་སེམས་ཤུགས་མ་ཆག་རོགས། མ་གཞི་ཁྱོས་བཤད་པའི་སྐད་ཆ་སོགས་བོད་ཀྱི་དགྲ་བོ་རྒྱ་གཞུང་གིས་ང་ཚོ་ལ་སྨད་པའི་ཚིག་རྐྱང་རྐྱང་ཡིན་ཙང་ཧང་སང་དགོས་པ་ཅུང་ཙམ་ཡང་མེད། ཁྱོད་ཀྱི་བཤད་པ་ལྟར་་་་་བསྟན་པ་དང་སེམས་ཅན་རབ་བྱུང་ལ་་ཁ་གཡར་ནས་རྒྱ་གཞུང་ལ་གསར་འགྱུར་གྱི་རྒྱུ་ཆ་མ་གཏོང་རོགས།

    Reply
  17. བཀྲ་ཤིས། says:
    ལོ་ 15 སྔོན།

    སྐུ་ཞོགས་རྣམས་གསོན་དང་། འཁྲུགས་རྩོད་དང་ངོ་རྒོལ་ནི་གང་ཞིག་གི་ཆེད་དུ་ཡིན་ཡང་ན་བཟའ་ངུར་སྨྲིག་བཀླུབས་པའི་རང་རབ་བྱུང་བའི་བགྱི་བ་མིན་པས།
    བསྟན་པ་དང་སེམས་ཅན་ལ་ཁ་གཡར་ནས་རབ་བྱུང་ལོ་རྒྱུས་ལ་ནག་ཐིག་མ་གཏོད་རོགས།
    འདས་པའི་བོད་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་བྱེད་དུས་ཀྱང་ཆེས་མཐོང་མི་འདོད་པ་ཞིང་མཐོང་བ་ཡོང་བ་ནི་སེར་གཟུགས་བཟུང་བའི་བླ་མ་དང་དགེ་བཤེས་ཁ་ཤས་ཀྱིས་བསྟན་པ་ལ་ཁ་གཡར་ན་ས་མི་བསོད་ཁྲག་སྒྱུར་གྱི་ལས་འགུལ་ཚད་མེད་པའི་ཕུགས་རྩ་བྱས་འདུག་པ་དེ་ཚོ་རེད།
    ཅི་སྟེ་དངོས་གནས་ཁྱེད་ཚོ་བོད་བསྟན་སྲིད་ཀྱི་དོན་ཡིན་ན། རང་གཞན་སུ་ལགནོད་པའི་འཚེ་བའི་ལས་ལྟ་ཅི་ཞེ་སྡང་དང་ཁོང་ཁྲོའི་རྣམ་པ་ཡང་མེད་པའི་ཐོག་ནས་ཞི་བའི་ངོ་རྒོལ་རྣལ་མ་ཞིག་གནང་རོགས་ཞེས་གསོལ་བ་སྙིང་ནས་འདེབས།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རྗེས་སུ་ཡི་རང་ཡོད། འདི་ལྟར་མཚམས་མ་ཆད་པར་་་་གློ་བུར་གློ་བུར་དུ་རྒྱ་ནག་གི་དོན་གཅོད་ཁང་དག་གི་སྒོ་འགྲམ་དུ་ཞི་རྒོལ་བྱེད་དགོས། ཡིག་ཆ་གཏོར་དགོས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མཉམ་འབྲེལ་གྱིས་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོར་ནས་བདུན་ཕྲག་རེ་རེའི་ནང་ལ་ལས་འགུལ་ཐེངས་རེ་སྤེལ་ཐུབ་ན་ཧ་ཅང་བཟང་་་་རེ་བ་བྱས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese