མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་ཤུར་རྫོང་གི་ནང་བསྟན་སློབ་གྲྭ

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ལྷ་ས་ཆུ་ཤུར་རྫོང་འོག་ཏུ་ནང་བསྟན་མཐོ་སློབ་ལེགས་འགྲུབ་ཀྱི་སྒོ་འབྱེད་མཛད་སྒོ་ཞིག་ཚོགས་ཏེ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་སོགས་སྐུ་མགྲོན་དུ་ཕེབས་ཡོད་འདུག  

རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིིའི་ཕྱི་ཚེས་ ༢༠ ཉིན་ལྷ་སའི་ཆུ་ཤུར་རྫོང་སྙེ་ཐང་ཞང་དུ་བོད་ལྗོངས་ནང་བསྟན་མཐོ་སློབ་གསར་རྒྱག་གི་མཛད་སྒོ་ཞིག་བསྡུས་ཡོད་པ་དང་། མཛད་སྒོའི་ཐོག་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་ཕེབས་ཡོད་པར་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཧུའུ་ཕིན། ས་གནས་དཔོན་རིགས་དང་དགེ་འདུན་པ། མི་མང་བཅས་འདུ་འཛོམས་བྱུང་ཡོད་འདུག

དབུ་འབྱེད་མཛད་སྒོའི་ཐོག་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས། ཐེངས་འདིའི་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེ་མོ་གསར་འཛུགས་ཀྱི་དམིགས་ཡུལ་གཙོ་བོ། ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་ཀྱི་ནང་བསྟན་སློབ་གཉེར་གྱི་དགོན་སྡེ་མང་པོའི་འཛུགས་སྐྲུན་དང་སློབ་སྦྱོང་གི་ཆ་རྐྱེན་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་གནས་སྟངས་ལ་གཞིགས་ཏེ་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། མཐོ་སློབ་འདིས་བོད་བརྒྱུད་ནང་བསྟན་སློབ་གཉེར་གྱི་ལམ་ལུགས་དང་སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་དེང་རབས་ཅན་དུ་ཕྱོགས་པ། བོད་བརྒྱུད་ནང་བསྟན་གྱི་ཆོད་རྒྱུད་ཕན་ཚུན་གྱི་མཐུན་ལམ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་དམིགས་ཚད་ཇེ་མཐོར་བཏང་སྟེ་དེང་རབས་རང་བཞིན་གྱི་སློབ་གསོ་སྤེལ་རྒྱུ་དང་། ཁ་བྲལ་རིང་ལུགས་པས་ནུས་པ་ཆོས་ལུགས་ནང་མཉམ་བསྲེས་བྱ་བར་སྔོན་འགོག་བྱ་རྒྱུར་ནུས་པ་ཆེན་པོ་འདོན་ཐུབ་རྒྱུར་དམིགས་ཡོད་པ་སོགས་བརྗོད་འདུག  

བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ནི། ༢༠༠༩ ལོར་རྒྱ་ནག་ཆོས་ལུགས་ལྷན་ཁང་གིས་མཆོག་མཆན་གནང་བ་ལྟར་གསར་རྒྱག་གནང་བ་ཞིག་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་མུའུ་ ༢༦༨ དང་འཛུགས་བསྐྲུན་གྱི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ཁྲི་ ༣།༠༨ ཡོད་ཅིང་། མཐོ་སློབ་དུ་ད་ལྟའི་ཆར་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་བླ་སྦྲུལ་དང་དགེ་འདུན་པ་ ༡༥༠ ལྷག་ཡོད་འདུག་ལ། དུས་ཡུན་ལོ་ ༢ ནས་ ༤ བར་མདོ་སྔགས་གཉིས་ཀྱི་གཞུང་ལུགས་ཁག་གཙོས་པའི་ཆོས་ཕྱོགས་ཀྱི་སློབ་སྦྱོང་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གི་གསར་འཛུགས་བྱས་པའི་ནང་བསྟན་མཐོ་སློབ་ཀྱི་སློབ་མ་དེ་དག་བོད་ཁུལ་གྱི་དགོན་སྡེ་ཁག་ནས་དགེ་འདུན་པ་བཙན་གྱིས་བསྡུ་སྐོང་བྱས་པ་ཞིག་ཡིན་པ་དང་། སློབ་ཆེན་གྱི་དམིགས་ཡུལ་གཙོ་བོ། རྒྱ་ནག་གི་བཤད་བཞིན་པའི་ཁ་བྲལ་རིང་ལུགས་པར་ངོ་རྒོལ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཤུགས་ཆེར་སྤྲོད་རྒྱུར་དམིགས་ཏེ་ཆེད་བཙུགས་པ་ཞིག་ཡིན་ཚུལ་བརྗོད་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 7

  1. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    སྙེ་ཐང་གི་ས་ཆ་དེ་ནི་རྒྱ་རྒན་དེ་ཚོའི་མིག་ནང་སྔར་ནས་ཟུག་ཟིན་པ་རེད་གང་ཡིན་ཞེས་ན་ལྷ་ས་དང་ལམ་ཐག་ཉེ་ཤིང་མཐུན་ཁུངས་བཟང་བ་བཅས་ཀྱིས་རེད
    ས་ཆ་དེའི་ནང་ད་ཆ་ཆུ་ཤུར་བཙོན་ཁང་ཟེར་བའི་བཙོན་ཁང་གསར་པ་དེ་དང་ཨར་དམ་བཟོ་གྲྭ་་་་་ལག་སྐྱོར་འགྲུལ་འཐེན་འཁོར་ལོའི་བཟོ་གྲྭ་དེ་བཞིན་དམག་སྒར་་ད་དུང་བཟོ་གྲྭ་ཆེ་ཆུང་མང་པོ་ཞིག་ཡོད་པ་གོ་རྒྱུ་འདུག
    མ་ཟད་བཙོན་ཁང་དེའི་ནང་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་མང་པོ་ཞིག་ད་ལྟ་བཅུག་ཡོད་པ་གོ་རྒྱུ་འདུག

    Reply
  2. གཡག says:
    ལོ་ 15 སྔོན།

    ཏག་ཏག་རེད། ད་ཡིན་ན་བྱ་ཐབས་འདི་ལས་ཡོད་བ་མ་རེད། འདི་བཞིན་ས་གནས་གང་ས་ནས་སྤེལ་རྒྱུའི་དབུ་འཛུགས་བྱ་བཞིན་ཡོད་པ་འདྲ་བས་ཚང་མས་ལྷོད་ལྷོད་མ་གནང་རོགས་ཞུ།

    Reply
  3. སྟོང་བཙན་མགར་བུ། says:
    ལོ་ 15 སྔོན།

    ལྷ་ས་ཆུ་ཤར་རྫོང་གི་ནང་བསྟན་སློབ་གླིང་འདི་གུང་ཁྲན་ཏང་གི་ཆབ་སྲིད་ནང་བསྟན་སློབ་གླིང་ཞིག་ཏུ་མི་འགྱུར་བར་སྨོན།

    Reply
  4. མི་ཉག་དུང་བརྡ། says:
    ལོ་ 15 སྔོན།

    རྒྱ་ནག་གིས་བཤད་ཤེས་ན་ང་ཚོས་ཉན་ཤེས་པ་ཞིག་དགོས་ལ། ཁོང་ཚོས་
    ཁྲབ་ཤེས་ན་ང་ཚོས་དེ་བས་བལྟས་ཤེས་པ་ཞིག་དགོས། ད་སྐབས་ཀྱི་རྒྱ་ནག་གི་ཆབ་སྲིད་ཀྱི་རྣམ་ཤེས་ནི་ང་ཚོར་ཁ་དཔེར་ཡོད་པ་ལྟར། སྐབས་རེ་མགོ་ལ་རྭ་ཅོག་བཙུགས་ནས་ཤྭ་བ་ཡིན་ཟེར། ཡང་མཚམས་རེ་རྐུབ་ལ་རྩམ་པ་བྱུག་ནས་རྒོ་བ་ཡིན་ཟེར་ཤེས་མཁན་གྱི་རྒོད་སྐྱེས་དེ་ཡི།

    Reply
  5. དབུ་མ་པ། says:
    ལོ་ 15 སྔོན།

    ཆབ་མདོ་ཀརྨ་ཤང་དུ་འགྲིམ་འགྲུལ་བཀག་སྡོམ།
    བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཆབ་མདོ་ཁུལ་ཆབ་མདོ་རྫོང་གི་མངའ་ ཁོངས་རྫ་རྒྱུད་ཀརྨ་ཤང་དུ། ཕྱི་ཟླ་༡༠ ཚེས་༢༦ གི་ཐོ་རངས་རྒྱ་ནག་གི་ཆུ་ཚོད་༤ པའི་ས་གནས་ཤང་སྲིད་གཞུང་གིས་ལས་ཁུངས་ལ་འབར་རྫས་གཏོར་གྱིས་ཁང་གཏོར་བཤིག་བཏང་ ཡོད་པ་དང་། ད་ལྟའི་ཆར་ཀརྨ་དགོན་པ་སྒོ་བརྒྱབ་ནས་ས་གནས་དེའི་འགྲིལ་འགྲུལ་ཚང་མ་རྒྱ་གཞུང་ གིས་བཙན་བཀག་བྱས་ཡོད་པ་རེད།

    བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཆབ་མདོ་རྫོང་ཁོངས་རྫ་རྒྱུད་ཀརྨ་ཤང་དུ་ཕྱི་ཚེས་༢༦ གི་ཐོ་རངས་ཆུ་ཚོད་༤ ཙམ་གྱི་དུས་སུ་འབར་རྫས་གས་གཏོར་གྱིས་རྒྱ་གཞུང་གི་ས་གནས་ཤང་སྲིད་གཞུང་གི་ལས་ ཁང་གཏོར་ཞིག་ཏུ་སོང་ཡོད་པ་དང་། གྱང་ངོས་རྣམས་སུ་ཚོན་དམར་གྱིས་བོད་རང་བཙན་ཞེས་པའི་ཡིག་ཆེན་བྲིས་ཡོད་པ་མ་ཟད། བོད་རང་བཙན་ཞེས་པའི་ཡིག་ཆ་མང་པོ་སྦྱར་གཏོར་བྱས་ཡོད་པའི་གནས་ཚུལ་འདུག ཉིན་དེ་རང་དུ་ཆབ་མདོ་རྫོང་གི་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་ཀརྨ་དགོན་དུ་ སླེབས་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་འདུག་པ་དང་། ཐོ་རངས་མི་མེད་པའི་དུས་ཚོད་དང་སྟབས་བསྟུན་ནས་འབར་རྫས་གས་གཏོར་བཏང་བས་མི་སུ་ གཅིག་ལ་གནོན་སྐྱོན་ཕོག་མེད་པ་རེད། དེ་ལྟར་འབར་རྫས་གས་གཏོར་གཏོང་མཁན་དང་སྦྱར་ཡིག་གཏོར་མཁན་སུ་ཡིན་ད་ལྟའི་ཆར་ ཤེས་རྟོག་གང་ཡང་བྱུང་མེད་པ་རེད། འོན་ཀྱང་རྒྱ་གཞུང་གིས་ཀརྨ་ཤང་གི་ཉེ་འགྲམ་དུ་ཡོད་པའི་ཀརྨ་དགོན་པའི་དགེ་འདུན་ པ་རྣམས་ལ་དོགས་པ་བྱས་ནས་ཀརྨ་དགོན་པ་སྒོ་བརྒྱབ་པ་དང་། དགེ་འདུན་པ་རྣམས་ཡར་མར་གང་དུའང་གཏོང་གི་མེད་པར་དམ་དྲག་བྱས་ཡོད་འདུག དེ་བཞིན་ཆབ་མདོའི་རྫ་རྒྱུད་ཁུལ་ནི་གསེར་སྐུ་རྡུང་བ་དང་། མཆོད་ཆས་འདྲ་མིན་བཟོ་ཡུལ་གྱི་ལག་ཤེས་ཅན་ཧ་ཅང་མང་བའི་ས་གནས་ཤིག་ཡིན་མོད། ད་ལྟའི་ཆར་ལག་ཤེས་ཀྱི་ལས་ཀ་དེ་དག་ཚང་མ་བཙན་གྱིས་མཚམས་འཇོག་བྱེད་དུ་བཅུག་ ཡོད་པ་རེད། ཀརྨ་ཤང་ནས་ཆབ་མདོ་སོགས་སུ་འགྲོ་མི་ཆོག་པ་དང་། ཆབ་མདོ་སོགས་ས་གནས་གཞན་ཀརྨ་ཤང་དུ་ཡོང་མི་ཆོག་པ་སོགས་འགྲིམ་འགྲུལ་ཚང་མ་བཀག་ སྡོམ་བྱས་ནས་ད་ལྟའི་ཆར་ཀརྨ་ཤང་གི་ཉེ་ཁུལ་ཚང་མར་རྒྱ་གཞུང་གིས་དམ་དྲག་ཧ་ཅང་ ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།།
    མཐའ་མའི་བསྐྱར་བཅོས། ( ‘༢༠༡༡, ༡༠, ༢༧’ )

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དམིགས་ཡུལ་ངོ་མ་དེ་ཧ་གོ་སོང། ང་ཚོའི་ཁ་གཏད་དུ་་་་་་་་་

    Reply
  7. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    ངོ་རྒོལ་མཐའ་གཅིག་ཏུ་ཡོད། དཔོན་རིགས་འདི་ཚོ ??.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese