མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་མདོར་འབར་རྫས་གས་གཏོར།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་ཆབ་མདོ་རྫོང་རྫ་རྒྱུད་ཀརྨ་ཞང་སྲིད་གཞུང་ལས་ཁུངས་ལ་འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་སྟེ་ད་ཆར་དགོན་གྲོང་གཉིས་ཀ་བཀག་སྡོམ་བྱས་ཡོད་འདུག
གནས་ཚུལ་འབྱོར་གསལ་ལ། ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༤ པ་ཡས་མས་སུ་ཆབ་མདོ་རྫོང་ཁོངས་རྫ་རྒྱུད་ཀརྨ་ཞང་སྲིད་གཞུང་དུ་འབར་རྫས་གས་གཏོར་གྱིས་ལས་ཁུངས་གཏོར་བཤིག་བཏང་ཡོད་འདུག་ལ། སྲང་ལམ་གྱི་རྩིག་གྱང་ངོས་སུ་མཚོན་དམར་པོས་བོད་རང་བཙན་ཞེས་པའི་ཡི་གེ་དང་སྦྱར་ཡིག་ཀྱང་བཀྲམས་ཡོད་འདུག

ཐེངས་འདིའི་འབར་རྫས་གས་གཏོར་གྱིས་སྲིད་གཞུང་གི་མི་སྣ་དང་མི་མང་ལ་གནོད་སྐྱོན་ཐེབས་མེད་ཀྱང་། ཉིན་དེར་ཆབ་མདོ་རྫོང་ས་གནས་ཉེན་རྟོག་པ་དང་དམག་མི་མང་པོ་ཡོང་སྟེ་ཀརྨ་དགོན་པ་སྒོ་བརྒྱབ་ཡོད་པ་མ་ཟད། དགོན་པ་དང་ས་གནས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་དགེ་འདུན་པ་རྣམས་ཀྱི་འགྲོ་འོང་དང་ས་གནས་ཀྱི་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་འདུག

ཆབ་མདོ་རྫ་རྒྱུད་ཀརྨ་དགོན་པ་ནི། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་གིས་ཕྱག་བཏབས་ཤིང་། ད་བར་ལོ་ ༩༠༠ ལྷག་གི་ལོ་རྒྱུས་ཡོད་པའི་དགོན་རྙིང་ཞིག་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 12

  1. ཁང་མུན་གྲོལ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་བཞུགས་རིང་བོད་མི་ཚོས་ནམ་ཡང་དྲག་པོའི་ངོ་རྒོལ་བྱེད་མི་སྲིད་པས་དེ་རྒྱ་ནག་གཞུང་གིས་བརྫུན་བཟོ་བྱས་པར་ཐག་གིས་ཆོད

    Reply
  2. གནས་ཚང་། says:
    ལོ་ 15 སྔོན།

    ད་ཡང་ཁག་ཅིག་གིས་བརྟག་དཔྱད་མ་གནང་བའི་གཏམ་བཤད་རྫིག་པོ་ཁག་གང་བྱུང་དུ་གནང་བཞིན་འདུག གཤམ་གྱི་རྒྱ་ཡིག་གི་ཟིན་བྲིས་འདིར་ཞིག་གཟིགས་དང་། རྒྱ་མི་གཞུང་གིས་ཆེད་དུ་བཟོས་པའི་དོགས་པ་ཡོད་ཚུལ་བཀོད་འདུག

    http://blog.boxun.com/hero/201110/dongsai/18_1.shtml

    གནས་ཚུལ་བཀླགས། བསམ་བློ་བཏང་། གཞན་གྱི་དགོངས་ཚུལ་ལ་ཉན། དེ་ནས་སྐད་ཆ་བཤད་དགོས་པ་ལས་སྐབས་ལ་ལར་བོད་ནང་དུ་གོད་ཆག་བཟོ་བའི་རྒྱུ་རུ་འགྱུར་སྲིད་པས། ཚང་མ་ལོས་བསམ་བློ་བཏང་། ཞིབ་དཔྱད་གནང་། གཞན་ལ་ཉན་ནས་སྐད་ཆ་བཤད་པར་འབོད་བསྐུལ་ཡོད།

    Reply
  3. Danaktsering says:
    ལོ་ 15 སྔོན།

    ང་ཚོ་བོད་གངས་ཅན་པ་།
    སྙིང་རྗེ་ཡི་བདག་པོ་། ཞི་བདེ་་ཡི་མི་རིགས་ཞིག་ཡིན།
    ང་ཚོ་བོད་གངས་ཅན་པ་། སངྒེ་སྐོམ་ཡང་རྙོག་པའི་ཆུ་མི་འཐུང་། སྤྱང་ཀི་ལྟོགས་ཡང་གྲོགས་པོའི་ཤ་མི་ཟ།
    ང་ཚོ་བོད་གང་ཅན་པ་། པུས་མོ་གཏུབ་ཡང་། རྐང་པའི་སྐྱིལ་ཀྲུང་མི་ཞིག། དཔུང་པ་བཅག་ཡང་། ལག་པའི་ཐལ་མོ་མི་ཞིག་པའི་། དཔེ་ལྟར་རང་ཉིད་ཀྱི་སྐྱབས་གནས་དམ་པའི་ཞལ་གཞེས་དམ་བཅའ་དང་དུས་ཡན་ཡང་མི་འགལ་། ད་རེའི་ཀྱི་ཆབས་འདོའི་འབར་རྫས་གལ་གཏོར་དེ་རྫུན་བཟོ་ཁོ་ན་ཡིན།

    Reply
  4. གྲྭ་རྒོད says:
    ལོ་ 15 སྔོན།

    གས་གཏོར་དེ་དོག་པ་ཟ་དགོས་པ་ཞིག་ཏུ་མཐོང་གང་ཡིན་ཞེ་ན་བོད་ནང་ཆུ་ཚོད་༤ཟེར་བ་ཉིན་དང་མཚན་གཉིས་ཡོད་ལ་ཉིན་ལ་ཡིན་ན་ནི་ལས་བྱེད་ཡོད་མོད་མཚན་ལ་ཡིན་ན་དེ་ལས་དོག་པ་ཆེ་རུ་སོང་བ་རེད། ང་ཚོ་ལ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་མི་ཡོང་ཆེད་རྐང་བཙུགས་ནས་བྱས་པ་འདྲ་བོ་འདུག དེ་ཚོ་བོད་མི་ལ་རྒྱ་ཅན་ཞིག་གི་བཟོས་པ་མིན་པ་ཐག་ཆོད་ཡིན། རྒྱ་མིའི་ལས་བྱེད་དག་གི་ངན་བསྐུལ་བྱས་ནས་ཡོང་པ་ཡིན་སྲིད་པ་ཙམ་རེད།

    Reply
  5. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    བོད་སྡེབ་གསོད་བཏང་བ་དེ་ཞི་བ་དང་།  གནོད་སྐྱོན་ཅིག་ཀྱང་འཐེབ་མེད་པའི་འགས་གཏོར་འདི་བོད་མིས་བཏང་བའི་དབང་དུ་ཆ་བཞག་ཀྱང་དྲག་པོ་དང་འཇིག་སྐུལ་ལ་འགྲོ་མི་སྲིད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    གནས་སྟངས་འདི་འདྲའི་འོག་ལ་ཅི་ཡང་ཡོང་སྲིད་པ་ཞིག་རེད། འོན་ཀྱང་བོད་ས་ཡོངས་ནས་བོད་མི་ཚང་མས་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་དར་ཆ་ཤུགས་ཀྱིས་འཕྱར་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་བརྡ་ལན་གསལ་བོ་འཕྲོད་དགོས།

    Reply
  7. རྟམ་ཁོ། says:
    ལོ་ 15 སྔོན།

    ངོ་མ་ཆབ་སྲིད་ཀྱི་གཡོ་སྒྱུ་ནི་ཧ་ཅང་མགོ་རྙོག་པོ་དང་གཏིང་ནག་པོ་ཡིན་པ་བཤད་མ་དགོས་མོད། རྒྱ་འདི་ཚང་ལ་ཞི་དྲག་གཉིས་ཐོག་ནས་ར་སྤྲོད་ཡག་པོ་
    ཞིག་བྱེད་དགོས་ཚོད་རེད།

    Reply
  8. གངས says:
    ལོ་ 15 སྔོན།

    འདི་རྒྱ་ནག་ཚང་གིས་རྐང་བཙུགས་ནས་བཟོས་བ་ཁོ་ཐག་ཡིན། འདི་ཚང་གི་བྱེད་སྟངས་འདིས་རྒྱལ་སྤྱིའི་མིག་ནང་ལ་ང་ཚོ་འཇིག་སྐུལ་རིང་ལུགས་པའི་བཟོ་འདུག་ཟེར་འདོད་པ་རེད། བོད་ཕྱི་ནང་གཉིས་ནས་གནས་ཚུལ་འདིའི་རིགས་ལ་ཉམས་འཇོག་ཚད་མཐོན་པོ་རེ་བྱེད་རོགས།

    Reply
  9. མྱི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    འདི་ནི་ངོ་མ་ཁོ་བ་ཚང་གི་སྒྱུ་འཕྲུལ་ཞིག་ཡིན་ཤས་ཆེ། དུས་སྐབས་འདི་འདྲ་ཞིག་ལ་ཁོ་བ་ཚང་གིས་ལག་ཆ་གསར་བ་ཞིག་མ་རྙེད་ཡོད་ནི་རེད།

    Reply
  10. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 15 སྔོན།

    གཡུ་དྲུག་དཀར་ལགས་ཀྱིས་གསུང་པ་བདེན་པར་འདོད། འདི་འདྲའི་དོན་རྐྱེན་བྱུང་དུས་དངོས་གནས་གཟབ་གཟབ་བྱ་དགོས་པ་གལ་ཆེ། གསར་འགྱུར་ནང་འགོད་མཁན་ཉན་མཁན་གཉིས་ཀས་དོ་སྣང་བྱེད་དགོས། ད་རེས་ཀྱི་དོན་རྐྱེན་འདི་འདྲ་བ་རྒྱ་གཞུང་གིས་བཟོས་ཞིག་ཡིན་སྲིད་པ་རེད། ཨ་མདོ་རྔ་བའི་འཚེ་མེད་ཞི་བའི་ལས་འགུལ་གྱི་དོན་རྐྱེན་འདི་ལ་རྒྱ་གཞུང་གིས་འཚེ་བ་དང་། འཇིགས་སྐུལ་བ་རེད་ལབ་ནས་རྒྱལ་སྤྱིའི་ཐོག་བསྒྲགས་གང་ཐུབ་བྱེད་ཀྱིན་ཡོད། འོན་ཀྱང་གནས་ལུགས་དང་བདེན་པ་ར་སྤྲོད་བྱེད་མ་རག་པར་རྒྱུ་མཚན་གང་ཡང་མེད་པའི་འཁྱོག་བརྗོད་ཀྱི་གཏམ་ཉོག་སྤེལ་བཞིན་ཡོད། ལྷག་པར་དུ་འདི་འདྲའི་རིགས་རྫུན་བཟོ་བྱས་ཡོད་མེད་དེ་བོད་པ་རང་གི་ངོས་ནས་ཞིབ་འཇུག་བྱེད་གལ་ཆེ། དེ་སྔོན་༨༠༠༨ལོའི་ཞི་རྒོལ་སྐབས་ཀྱང་ལྷ་སའི་ལས་འགུལ་བའི་ནང་རྒྱ་གཞུང་གིས་ཆེད་མངགས་གཏོར་བཅོམ་བྱེད་མཁན་བཏང་ཡོད་པའི་སྐད་ཆ་ཡང་གོ་རྒྱུ་ཡོད། དེ་འདྲའི་ཉམས་མྱོང་གཞི་ལ་བཞག་ནས་ང་ཚོས་ངེས་པར་དུ་སྤྱང་པོ་བྱེད་གལ་ཆེ། ལྷག་པར་དུ་ས་ཁུལ་དེའི་མི་མང་ཚོས་དོ་སྣང་བྱེད་གལ་ཆེས་པར་སེམས།

    Reply
  11. ནགས་མེ། says:
    ལོ་ 15 སྔོན།

    བོད་མིས་ནམ་ཡང་མི་གསོད་ཕོད་གི་མི་འདུག ག་དུས་ཡིན་ན་ཁང་སྟོང་དང་རྒྱལ་སྒོ་བཅས་ལ་གཡུགས་གི་རེད། ནད་མ་ཁྱོག་དུས་རྣམ་འགྱུར་སྟོན་བྱེད་ཅིག་རེད།

    Reply
  12. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    གནས་སྐབས་འདི་འདྲར་ང་ཚོས་གསར་འགྱུར་གཏོང་སྟངས་དང་། ལུས་འགུལ་སྤེལ་སྟངས་སོགས་ལ་ངེས་པར་ཏུ་གཟབ་གཟབ་བྱེད་དགོས། གང་ཞེ་ན་ཐེངས་འདིའི་འབར་རྫས་གས་གཏོར་དེ་རྒྱ་གཞུང་གིས་ང་ཚོར་ཞ་མོ་ནག་པོ་འགེབས་ཆེད་རྐང་བཙུགས་ནས་གཏོར་བ་ཞིག་ཡིན་སྲིད། གང་ཞེ་ན་ཆབ་མདོ་ནི་ད་ལྟའི་བར་དུ་བོད་དོན་ཆེད་གྲགས་འགུལ་ཆེས་ཉུང་བའི་ས་ཁུལ་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese