མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུའུ་ཅིན་ཐའོ་ལ་ངོ་རྒོལ་དང་རྒྱལ་ཁབ་ཉི་ཤུར་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཧྥ་རན་སིར་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་ཚོགས་ཀྱི་ཡོད་སྟབས། ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ངོ་རྒོལ་གྱིི་གསར་འགོད་གསལ་བསྒྲགས་བསྐྱངས་སོང་།

དེ་རིང་སྔ་དྲོར་བཞུགས་སྒར་བོད་ཀྱི་གསོལ་མགྲོན་ཁང་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དབུས་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཚོགས་པ་ལྔ་མཉམ་རུབ་ཀྱི་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནས་ ༣ བར་ཧྥ་རན་སིའི་རྒྱལ་ས་ཁེ་ནཱེ་སི་ནང་ཚོགས་བཞིན་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ (G 20)ཞེས་པའི་ཚོགས་འདུའི་ཐོག རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་མཉམ་ཞུགས་བྱེད་ཀྱིན་ཡོད་པར་ངོ་རྒོལ་དང་། ཚོགས་འདུ་དེར་མཉམ་ཞུགས་གནང་མཁན་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་ཆབ་སྲིད་གནད་ཡོད་མི་ན་བཅས་ལ་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་བཅས་གནང་སོང་ལ། དེ་བཞིན། བོད་དོན་རྒྱབ་སྐྱོར་བ་ ༢༡༠༠༠  ལྷག་གི་མཚན་རྟགས་ཤིག་ཚོགས་ཞུགས་པ་རྣམ་པར་འབུལ་རྒྱུ་ཡིན་འདུག 

 

གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་ ༤ བཏོན་ཡོད་པ་ཁག་ནི། དང་པོ། རྒྱ་ནག་གཞུང་གིས་རྔ་པ་དང་དཀར་མཛེས་ས་ཁུལ་གྱི་དགོན་སྡེ་ཁག་གི་དམ་དྲག་ཕྱིར་བསྡུ་དང་། དགེ་འདུན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་འཇུག་དགོས། གཉིས་པ།  ༢༠༡༡ ལོའི་ཟླ་ ༣ པའི་ཚེས་ ༡༦ ཉིན་ནས་སྐུ་ལུས་མེར་བསྲེགས་གཏོང་མཁན་སྐོར་ཞིག་བཙན་འཁྲིད་བྱས་པ་ཁག་ཀློད་གྲོལ་གཏོང་དགོས། གསུམ་པ། རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་དང་ཉམས་ཞིབ་ཚོགས་ཆུང་ཞིག་འཕྲལ་དུ་རྔ་པ་དང་དཀར་མཛེས་གཙོས་བོད་ནང་ཞིབ་འཇུག་ཆེད་གཏོང་དགོས་པ། བཞི་བ། རྒྱ་དམར་གཞུང་གིས་རྔ་པ་ཀི་རྟི་དགོན་པ་གཙོས་བོད་ཀྱི་དགོན་སྡེ་ཁག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་དམ་དྲག་གི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་ཀྱིན་པ་གང་མགྱོགས་མཚས་འཇོག་དགོས་པ་བཅས་རེད།

གསར་འགོད་བསྒྲགས་གཏམ་ནང་བཀོད་དོན། རྒྱལ་ཁབ་ ༢༠ མགོ་ཁྲིད་རྣམ་པ་དང་འཛམ་གླིང་གི་རྒྱལ་ཁབ་ལ། རྒྱ་ནག་གཞུང་གིས་བོད་ནང་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་གཏོང་རྒྱུའི་དམིགས་ཡུལ་ངོས་ལེན་ཆེད། འབྱོར་ལྡན་རྒྱལ་ཁབ་ ༢༠ ཚོགས་ཞུགས་དཔོན་རིགས་རྣམས་ཀྱིས་མཉམ་རུབ་ཐོག་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ད་ལྟའི་རྔ་པའི་གནས་བབ་ལ་བློ་འཚབ་དང་བཅས་ཐད་ཀར་བཀའ་འདྲི་ཞུ་རྒྱུར། རྔ་པ་ནས་གར་སོང་ཆ་མེད་དུ་གྱུར་བ་དག་གང་དུ་ཡོད་མེད་ཁ་གསལ་བཟོ་དགོས་པའི་ཐད་མཉམ་རུབ་ཞུ་གཏུགས་བྱ་རྒྱུ། ཁོང་རྣམ་པ་གནས་སྟངས་དང་སྒྲིག་གཞི་གང་ཞིག་གི་འོག་ནས་བཙན་འཁྲིད་བྱས་ཡོད་མེད་དང་གར་ཡོད་གསལ་བཤད་བྱ་རྒྱུ། དོ་སྣང་ཅན་གྱི་གཞུང་དང་མཉམ་དུ་ནུས་ཤུགས་ལྡན་པའི་སྒྲིག་འཛུགས་བཙུགས་ཏེ་བོད་ནང་འགྲོ་ཐུབ་པའི་ཆོད་གན་འཇོག་ཏུ་འཇུག་དགོས་ཅེས་སོགས་བཀོད་འདུག  

དེ་རིང་རྒྱལ་ཁབ་ ༢༠ ཡི་ཚོགས་འདུ་དང་བསྟུན་ཏེ་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་རྒྱལ་སྤྱིའི་རྒྱལ་ས་དང་གྲོང་ཁྱེར་ ༦༠ ནང་ཉིན་བརྒྱ་དུས་གཅིག་ཏུ་ཞུ་གཏུག་གི་ལས་འགུལ་སྤེལ་གྱིན་ཡོད་འདུག་ལ།  ཨ་རི་གཙོས་རྒྱལ་ཁབ་ཁག་གི་རྒྱ་ནག་གཞུང་ཚབ་མདུན་དུ་བོད་ཀྱི་རྒྱལ་དར་དང་། ཉེ་ལམ་བོད་ནང་རང་ལུས་མེར་བསྲེགས་བཏང་ཟིན་པ་དག་གི་སྐུ་པར་འཕྱར་ཏེ་ངོ་རྒོལ་སྐད་འབོད་བྱེད་ཀྱིན་ཡོད་འདུག ལས་འགུལ་འདིའི་ནང་ལྷོ་ཨ་ཧྤི་རི་ཀའི་ཆོས་དཔོན་ཌ་སེན་མན་ཊུའུ་ཊུའུ་མཆོག་དང་རྒྱལ་སྤྱིའི་སྙན་གྲགས་ཅན་གྱི་གཞས་པ་དང་སྒྱུ་རྩལ་པ་བཅས་མཉམ་ཞུགས་གནང་བཞིན་ཡོད་འདུག་ལ། དེ་རིང་ཧྤ་རན་སི་གཙོས་ཕྱིའི་རྒྱལ་ཁབ་ཁག་དང་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་གནད་ཡོད་མི་སྣ་དག་ལ་འབོད་སྐུལ་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད། བཞུགས་སྒར་རླངས་འཁོར་ས་ཚིགས་སུ་ཐེངས་འདིའི་ཚོགས་འདུར་མཉམ་ཞུགས་གནང་བཞིན་པའི་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པའི་རྣང་བརྙན་བཟོས་ཏེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་སོང་། དེ་བཞིན། ཁ་སང་དང་དེ་རིང་གཉིས་སུ་བལ་ཡུལ་ནང་ལས་འགུལ་ཤུགས་ཆེན་སྤེལ་ཏེ། བལ་ཡུལ་ཉེན་རྟོགས་པ་ཚོས་བོད་མི་ལས་འགུལ་བ་མང་པོ་ཞིག་ལ་ཉེས་རྡུང་གཏོང་བ་དང་འཛིན་བཟུང་བྱེད་པ་སོགས་བྱུང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨
Mobile App

མཚོ་ངོགས་ཀྱི་དམ་བཅའ།

༢༠༢༦/༠༡/༢༨

མཆན། 6

  1. ནད་པ says:
    ལོ་ 14 སྔོན།

    གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད། ཅེས་པ་ལྟར་བོད་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད།

    རྒྱ་ནག་ཏུ་དམངས་གཙོ་མེད་ན། དེ་རུ་ངོ་རྒཽལ་བྱེད་དགོས། ཤིང་ཅང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒཽལ་བྱེད་དགོས།
    ནང་སོག་ཏུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་བྱེད་དགོས།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    པེན་བོད་ཀྱི་མཐུན་ཚོགས་ནས་སྲིད་འཛིན་ཧུའུ་མཚན་ཐོག་ལ་ཕུལ་བའི་སྙན་ཞུ་ཞིག
    http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/

    Reply
  3. བྱམས་རྒྱལ། says:
    ལོ་ 14 སྔོན།

    ཚོགས་པ་ལྔ་པོས་རང་འགན་དེ་ཁྱེར་ནས་ཧུར་ཐག་གནང་གི་འདུག་ མུ་མཐུད་རོགས་ ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན

    Reply
  4. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ངོ་མ་རྒྱལ་སྤྱི་ལ་དྲང་བདེན་དང་གནས་ལུགས་ལ་ལྟ་བའི་མིག་ཡོད་ན། ཧུའུ་ཅིན་ཐོ་ལ་གནས་ལུགས་ཤིག་ཤོད་དགོས་ཡ། མ་ཤོད་ན་ངོ་མ་སྙིང་དོན་སྙིང་མེད་ཀི་ཡ།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཨ་ལ་ལ་ལས་འགུལ་སྤེལ་བར་སྙིང་ནས་ཚོགས་པ་ལྔ་ལ་ཐུགས་རྗེ་ཆེ་ཞུ། འོན་ཀྱང་། ཚོགས་ཞུགས་མི་སྣ་དག་གི་བརྙན་རིས་དེས་མང་བོ་ཞིག་ལ་ཕོག་ཐུག་བཏང་ཨེ་འགྲོ་བསམ་སྤྱད་ཀྱི་ཚོར་སྣང་སྐྱེས།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཧུབ་ གཅིན་འཐུང་ གར་འགྲོ་ གར་སྡོད་ལ་ ངོ་རྒོལ་ མཐར་ཕྱིན་ མཛོད་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese