མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་མོ་རིར་བོད་དོན་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp


ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་བོད་རང་དབང་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག  འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་ཚོགས་དང་། ས་གནས་བོད་རིགས། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་བབ་དང་། རང་ལུས་མཆོད་མེར་སྒྲོན་པའི་རྒྱལ་གཅེས་དཔའ་བོ་དག་གི་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སོང་།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢ དང་། རེས་གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག ཨ་རིིའི་མངའ་སྡེ་ཇོར་རྗི་ཡའི་གྲོང་ཁྱེར་ཨེ་ཋི་ལན་ཌར་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ། བོད་རང་དབང་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག  འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་ཚོགས་དང་།  ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བཅས་མི་གྲངས་བརྒྱ་ལ་ཉེ་བ་ཞིག་གིས་མར་མེ་ཁྲོམ་སྐོར་གནང་སོང་།

དེ་བཞིན། ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་འགྲེམས་སྟོན་ཁང་དང་། སྲིད་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི། ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་བརྒྱ་ལ་ཉེ་བ་ཙམ་གྱིས་བདེན་ཚིག་སྨོན་ལམ་བཏོན་པ་དང་། བོད་ནང་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ་ངག་བཅད་གུས་འདུད་སྐར་མ་གཅིག་རིང་བྱས་རྗེས།  ལག་ཏུ་མར་མེ་བཟུང་ཞིང་། ངག་ནས་མ་ཎི་ཡི་གེ་དྲུག་མ་དང་། བྱང་ཆུབ་སེམས་མཆོག་མ་བཅས་འདོན་བཞིན་སློབ་གྲྭའི་ཁྱོན་དུ་ཞི་བའི་གོམ་བགྲོད་གནང་ཡོད་ལ། དུས་ཡུན་ཆུ་ཚོད་གཅིག་གི་རྗེས་སུ་མི་མང་འདུ་འཛོམས་ཆེ་སའི་སུམ་མདོ་ཞིག་ནས་ལས་འགུལ་མཇུག་བསྒྲིལ་སོང་ལ། བློ་གསལ་གླིང་ཆོས་ཚོགས་ཀྱི་ངོས་ནས་ཐེངས་འདིའི་ལས་འགུལ་གོ་སྒྲིག་གནང་མཁན་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་བོད་ཀྱི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་སོང་།

བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་པྲི་གཡང་གཱ་(Prianka Kandhal)ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། ཁོང་ཚོར་ཚོགས་མི་བརྒྱ་ལྷག་ཙམ་ཡོད་ཅིང་། ཟླ་རེའི་ནང་དུ་ལྷག་དཀར་སྲུང་གཙི་ཞུ་བ་དང་། གཞན་ཡང་བོད་ནང་གི་སྐབས་བབ་ཀྱི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གནས་བབ། བོད་ཀྱི་རིག་གཞུང་ངོ་སྤྲོད་སོགས་ཀྱིས་མཚོན་པའི་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད་པ་རེད།

སློབ་གླིང་འདིར་རྒྱ་རིགས་སློབ་མ་བརྒྱ་ཕྲག་ཁ་ཤས་ཡོད་པས། ཁྱོད་ཚོའི་ལས་འགུལ་ལ་ཁོང་ཚོས་རྣམ་འགྱུར་མི་ལེགས་པ་དེ་འདྲ་སྟོན་མཁན་བྱུང་མིན་དྲིས་པར། “ སྤྱིའི་ཆ་ནས་དེ་འདྲའི་རིགས་བྱུང་མ་མྱོང་།  ང་ཚོས་ངོས་ནས་འདི་གའི་རྒྱ་རིགས་སློབ་མའི་མཐུན་ཚོགས་ལ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པས།  ཆབ་སྲིད་ཐད་ལྟ་ཚུལ་མི་མཐུན་པ་ཡོད་ན་ང་ཚོས་བགྲོ་གླེང་བྱས་ནས་ཕན་ཚུན་གོ་རྟོགས་སྤེལ་རེས་བྱེད་ཆོག་གི་རེད་ཟེར་ནས་མགྲོན་འབོད་ཐེངས་གཉིས་བྱས་ཀྱང་ཁོང་ཚོས་ཁས་ལེན་བྱེད་ཐུབ་མ་སོང་ ” ཟེར།

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནི་ཨ་རིའི་ནང་བོད་དོན་དང་བོད་ཀྱི་རིག་གནས་ལ་དོ་སྣང་དང་ཞིབ་འཇུག་སོགས་བྱེད་མཁན་གྱི་སློབ་གྲྭ་མང་པོ་ཞིག་ཡོད་པའི་ཁྲོད་ཅུང་འབུར་ཏུ་ཐོན་པ་ཞིག་ཡིན་ལ། ༧གོང་ས་མཆོག་ལ་སློབ་གྲྭ་འདིའི་ཁྱད་འཕགས་གཙུག་ལག་སློབ་དཔོན་ཆེན་མོའི་མཚན་གནས་ཀྱང་ཕུལ་ཡོད།

ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 2

  1. ལྷག་དཀར་ལས་འགུལ། says:
    ལོ་ 15 སྔོན།

    བོད་རང་དབང་སློབ་ཕྲུག་ཚོགས་པས་ལྷག་དཀར་སྲུང་བརྩི་ཞུ་བཞིན་པ་དེ་རིང་གཞི་ནས་གོ་སོང་། གཅིག་བྱས་ན་ང་རང་མཐོང་རྒྱ་ཆུང་སོང་བས་ཡིན་ཀྱང་། ངའི་བསམ་པའི་གཏིང་རིམས་ན། ངས་རྒྱུན་དུ་གནས་ཚུལ་བརྒྲུག་སའི་སྟེགས་བུ་གལ་ཆེན་ཞིག་སྟེ། དུས་བབ་ཀྱི་དྲ་སྟེགས་འདིར་ལྷག་དཀར་ལས་འགུལ་གྱི་སྐོར་སྣ་གཅིག་མཐོང་མ་སོང་།

    གལ་ཏེ་ངའི་ཚོད་དཔག་དེ་ནོར་མེད་ན། གསར་ལམ་འདིར་དབྱེ་འབྱེད་ཀྱི་གོམས་གཤིས་ལྡན་འདུག

    Reply
  2. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    འཛམ་གླིང་འཁྲུགས་ཆེན་དང་པོ་དང་གཉིས་སོགས་ཀྱང་རྩ་བའི་འབྱུང་རྐྱེན་ནི་དབང་ཆ་གཅིག་སྡུད་རིང་ལུགས་པ་དག་གི་ངན་ཇུས་ལས་བྱུང་བ་ཡིན་པའི་གོ་རྟོགས་དེ་འཛམ་གླིང་སྤྱི་ལ་སྔ་ནས་སད་ཡོད་ཀྱང་། ལོ་རྒྱུས་ཤིན་ཏུ་རིང་བའི་རྒྱལ་ནག་ལ་མཚོན་ན་ད་དུང་སད་མེད་པ་ནི་ངོ་མ་སེམས་སྐྱོ་དགོས་པ་ཞིག་ཅི་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese