མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངྷ་སར་རིན་མེད་ཐོག་དང་བླངས་ཞབས་ཞུའི་སྨན་བཅོས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོ་ནས་བཟུང་དྷ་ས་ཡོངས་གླིང་སློབ་གྲྭར་ཨ་རིའི་སྨན་པ་སཱོམ་ནའེ་ཐི་བཟའ་ཟླ་གཉིས་ཀྱིས་སྣེ་ཁྲིད་འོག ཕྱིའི་རྒྱལ་ཁབ་ཁག་ལྔ་ནས་ཕེབས་པའི་དང་བླངས་སྨན་བཅོས་ཞབས་ཞུ་ཚོགས་པས་ཉིན་བཅུའི་རིང་། དྷ་ས་ཁུལ་གྱི་བྱིས་པ་དང་བུད་མེད་ཀྱི་ནད་གཞིར་སྨན་བཅོས་བྱེད་མགོ་བརྩམས་སོང་།    

ཁ་སང་ཕྱི་ཚེས་ ༣ ཉིན་ནས་བཟུང་ངྷ་ས་ཡོངས་གླིང་སློབ་གྲྭ་རུ་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ་བཅས་རྒྱལ་ཁབ་ ༥ ཙམ་གྱི་སྨན་པ་ ༨ ཙམ་གྱིས་ནུབ་ལུགས་རྩྭ་སྨན་དང་སྲོལ་རྒྱུན་གྱི་ལག་ཐབས་སྤྱད་དེ། བཞུགས་སྒར་ཁུལ་གྱི་བོད་པའི་བྱིས་པ་དང་བུད་མེད་ཀྱི་ནད་གཞི་སྣ་ཚོགས་ལ་རིན་མེད་སྨན་བཅོས་སྤྱི་ཚོགས་ཞབས་ཞུའི་ལས་གཞི་ཞིག་མགོ་འཛུགས་གནང་ཡོད་ཅིང་།  ཉིན་དང་པོར་སྨན་བཅོས་མིང་ཐོ་འགོད་མཁན་བྱིས་པ་ ༤༢ དང་བུད་མེད་ ༢༣ འབྱོར་ཡོད་འདུག



ཕྱི་ལོ་ ༢༠༡༠ ལོར་སྨན་བཅོས་ཞབས་ཞུ་ཚོགས་པ་འདི་ཐོག་དང་པོར་དྷ་སར་ཕེབས་ཏེ་སྨན་བཅོས་ཞབས་ཞུའི་ལས་དོན་བསྒྲུབས་ཡོད་པ་དང་། ད་ལོ་ནི་ཐེངས་གཉིས་པ་དེ་ཆགས་ཡོད་འདུག  ཐེངས་འདིར་དང་བླངས་སྨན་ཞབས་ནང་མཉམ་ཞུགས་གནང་མཁན་ཨ་རི་དང་། ཁེ་ན་ཌ། ནེའུ་སི་ལན་ཌི། ཨོ་སི་ཊོ་ལི་ཡ། དབྱིན་ལན་བཅས་རྒྱལ་ཁབ་ཁག་ལྔ་ནས་སྨན་པ་ ༨ ཕེབས་པ་ཡོད་འདུག  ཁོང་ཚོའི་སྨན་བཅོས་ཞབས་ཞུ་བྱ་ཡུལ་གཙོ་བོ་ནི་བྱིས་པ་དང་བུད་མེད་ཡིན་ཞིང་། སྨན་བཅོས་བྱེད་ཐབས་ནི་དེང་དུས་ཀྱི་རྫས་འགྱུར་སྨན་རྫས་དང་གཤེགས་བཅོས་སོགས་མ་ཡིན་པར།  མེ་ཚ་དང་སྐམ་ཁབ། གཏར་ཁ། སྨན་ཆུ་བྱུགས་པ་དང་། རྩ་གནད་འཕུར་ཉིལ། རྩྭ་སྨན་སོགས་སྲོལ་རྒྱུན་སྨན་བཅོས་ལག་ཐབས་ལ་བརྟེན་ནས་ནད་བཅོས་བྱེད་བཞིན་ཡོད་པ་རེད།

དང་བླངས་སྨན་བཅོས་ཞབས་ཞུ་ཚོགས་པ་འདི་ནི་ཨ་རིའི་སྨན་པ་སྐུ་ཞབས་སཱོམ་ནའེ་ཐི་ལགས་དང་ཁོང་གི་བཟའ་ཟླ་གསོ་རིག་ཆེད་མཁས་པ་དང་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་དཔོན་ཆེན་མོ་ལྕམ་སའོ་མཱ་ལགས་རྣམ་གཉིས་ཀྱིས་ཐུགས་འགན་བཞེས་ཐོག སྨན་པ་དེ་དག་གིས་སོ་སོའི་གུང་གསེང་གི་དུས་ཚོད་སྤྱད་དེ་རྒྱལ་ཁབ་སོ་སོའི་གྲོང་གསེབ་ཁག་ནང་དང་བླངས་ཐོག་སྨན་བཅོས་རིན་མེད་ཀྱིས་གནང་བཞིན་ཡོད་འདུག  སྨན་ཞབས་ཚོགས་པ་འདིས་ཧིན་རྡི་ནའེ་ཞི་ཡ་དང་འབར་མ་སོགས་ཀྱི་གྲོང་གསེབ་ཁུལ་དུ་འདས་པའི་ལོ་མང་རིང་དང་བླངས་སྨན་བཅོས་གནང་མྱོང་ཡོད་འདུག



ཚོགས་པ་འདིའི་སྣེ་ཁྲིད་མཁན་སྨན་པ་སྐུ་ཞབས་སཱོམ་ནའེ་ཐི་ལགས་ནི་ཕྱི་ལོ་ ༡༩༩༨ ལོར་ལྷ་སར་བསྐྱོད་མྱོང་ཡོད་པ་དང་། བོད་ནང་གི་རིག་གནས་ཞབས་ཞུའི་ཚོགས་སྡེ་ཁག་ལ་འབྲེལ་བ་གནང་མྱོང་ཡོད་འདུག  ཁོང་གིས་དྷ་སའི་བོད་པའི་སྤྱི་ཚོགས་ནང་དང་བླངས་ཞབས་ཞུ་སྒྲུབ་འདུན་ཇི་ལྟར་བྱུང་མིན་སྐོར་བརྗོད་དོན། “ ཉེ་བའི་འགའི་སྔོན་ལ་གྲོགས་པོ་ཞིག་བརྒྱུད་དེ་ཡུལ་སྐོར་སྤྲོ་འཆམ་པའི་ངོ་བོའི་ཐོག་ནས་ངེད་བཟའ་ཟླ་གཉིས་དྷ་སར་ཡོང་བ་ཡིན། སྐབས་དེར་སོ་སོའི་ངོས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རོགས་ཞིག་སྒྲུབ་ཐུབ་ན་བསམ་པའི་འདུན་པ་སྐྱེས་བྱུང་།  རྗེས་སུ་ཚེ་མཆོག་གླིང་གི་ཕྱག་མཛོད་ཐུབ་བསྟན་ལགས་བརྒྱུད་ཡོངས་གླིང་སློབ་གྲྭའི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་འབྲེལ་བ་གནང་སྟེ།  ཡོངས་གླིང་སློབ་གྲྭ་དང་ཚེ་མཆོག་གླིང་དགོན་པ་གཉིས་ཀྱི་རོགས་རམ་འོག   ལོ་སྔོན་མ་ནས་དྷ་རམ་ས་ལར་དང་བླངས་སྨན་པའི་སྤྱི་ཚོགས་ཞབས་ཞུའི་ལས་གཞི་མགོ་བཙུགས་པ་ཡིན།  ད་ལོ་དྷ་སར་ཡོང་བ་ཐེངས་གཉིས་པ་དེ་ཆགས་ཡོད།  ང་ཚོའི་ངོས་ནས་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་ཞིག་སྒྲུབ་ཐུབ་པ་བྱུང་བར་དགའ་བོ་བྱུང་། དེ་བཞིན། བོད་པའི་སྤྱི་ཚོགས་ཀྱིས་ང་ཚོས་ལས་གཞི་འདི་དང་ལེན་དང་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ། ང་ཚོས་ངོས་ནས་ལས་དོན་ཆུང་ཚགས་ཤིག་ཡིན་ནའང་དེ་ལ་རོགས་པ་བྱ་རྒྱུའི་སེམས་ཤུགས་ཆེན་པོ་ཡོད། ལོ་རྗེས་མར་ཡང་རྒྱལ་ཁབ་ཁག་གི་སྨན་པ་རྣམས་ལ་འབྲེལ་གཏུག་བྱས་ཏེ་གོ་སྒྲིག་ཞུ་ཐུབ་ཚེ་ཡང་བསྐྱར་དྷ་སར་ཡོང་རྒྱུ་ཡིན།  ངས་དང་བླངས་ཞབས་ཞུའི་ལས་ཀ་འདི་བྱས་ཏེ་ལོ་མང་ཕྱིན་པ་རེད། ནམ་རྒྱུན་བོད་པའི་སྤྱི་ཚོགས་དང་རྒྱུན་རིང་པོར་འབྲེལ་བ་གནང་མྱོང་ཡོད། བོད་པའི་དགེ་རྒན་མང་པོ་ཨ་རིའི་ནང་ཕེབས་ཏེ་བོད་པའི་ནང་ཆོས་ངོ་སྤྲོད་དང་། དེ་བཞིན་བོད་མི་སྐྱབས་བཅོལ་བ་མང་པོ་ཨ་རིའི་ནང་བསྡད་ཡོད་སྟབས། བོད་མིའི་དཀའ་སྡུག་གི་གནས་སྟངས་དང་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དང་དམིགས་ཡུལ་སོགས་གསལ་བོ་ཤེས་ཀྱི་ཡོད།  ང་ཚོའི་རེ་བར་གང་མགྱོགས་བོད་ནི་རང་དབང་ཅན་གྱི་ལུང་པ་ཞིག་ཆགས་ཐུབ་རྒྱུ་དང་།  བཙན་བྱོལ་དུ་ཡོད་པའི་བོད་པ་ཚང་མ་ཕྱིར་རང་ཡུལ་དུ་ལོག་ཐུབ་རྒྱུར་རེ་བ་བྱེད་ཀྱིན་ཡོད། ” ཅེས་བརྗོད་སོང་།



གཞན་ཡང་། སྨན་པ་སྐུ་ཞབས་སཱོམ་ནའེ་ཐི་ལགས་ཀྱིས་བརྗོད་པ་ལྟར་ན།  སྨན་པའི་དང་བླངས་ཞབས་ཞུའི་ཚོགས་པ་འདིའི་ནང་མཉམ་ཞུགས་གནང་མཁན་སྨན་པ་ཚང་མ། སོ་སོའི་རྒྱལ་ཁབ་ནང་སྨན་པའི་ལས་བྲེལ་ཆེན་ཡོད་མཁན་རྐྱང་ཡིན་པ་དང་།  ཁོང་རྣམ་པས་གྲོང་གསེབ་ཁག་ཏུ་རིན་མེད་དང་བླངས་ཞབས་ཞུ་སྒྲུབ་ཆེད་ལས་ཀའི་བར་གསེང་གི་དུས་ཚོད་སྤྱད་དེ་ཕེབས་པ་དང་།  ཁོ་ཚོས་དྷ་རམ་ས་ལར་བྱིས་པ་རྣམས་ཀྱི་ནད་གཞི་གཙོ་བོ་རྣ་ཅོག་གནག་པ་དང་། སྐྱི་ལྤགས་ཀྱི་ནད་རིགས། དུས་རྒྱུན་གྲོད་ཁོག་མ་བདེ་བ་དང་ཆམས་ནད་འབྱུང་སླ་བ་སོགས་ཀྱི་རིགས་ལ་སྨན་བཅོས་དང་། དེ་བཞིན་བུད་མེད་རྣམས་ལ་སྨན་བཅོས་གཙོ་བོ་མངལ་ཆགས་མ་ཐུབ་པའི་ནད་དང་། སྦྲིམ་མ་རྣམས་ལ་ཕྲུ་གུ་སྲུང་སྟངས་དང་། བྱིས་པ་སྐྱེས་སྐབས་དཀའ་ངལ་མི་འབྱུང་བའི་ཐབས་ཤེས། བྱིས་པ་སྐྱེས་རྗེས་བདེ་ཐང་ངང་འཚར་ལོངས་འབྱུང་ཐབས་སོགས་ཡིན་ཚུལ་བརྗོད་སོང་ལ། དྷ་རམ་ས་ལ་ནི་རི་གཟར་དུ་ཆགས་ཡོད་སྟབས།  རྐང་པའི་པུས་ཚིགས་དང་སྐེད་པ་ན་བ། མགོ་ན་བ། གློ་བ་དང་རྒྱུ་མའི་ནད་ཚ་ཅུང་མང་པོ་ཡོད་སྐོར་ཡང་གསུངས།  



ཡོངས་གླིང་སློབ་གྲྭའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ། དྷ་རམ་ས་ལར་དང་བླངས་སྨན་བཅོས་ཞབས་ཞུ་གནང་མཁན་དེ་དག་ལ་རོགས་རམ་མཐུན་འགྱུར་དང་ལས་གཞི་གོ་སྒྲིག་གནང་སྟངས་ཅི་འདྲ་ཡིན་མིན་སྐོར་དྲིས་པར། ཁོང་གིས་ལོ་སྔོན་མར་སྨན་པ་དེ་དག་དྷ་རམ་ས་ལར་དང་བླངས་ཞབས་ཞུ་སྒྲུབ་པར་ཕེབས་འཆར་ཡོད་པས། ཡོངས་གླིང་སློབ་གྲྭ་ནས་ཁོང་ཅག་ལ་མཐུན་འགྱུར་གནང་ཐུབ་ཀྱི་ཡོད་མེད་ཚེ་མཆོག་གླིང་གི་གྲྭ་ཚང་བརྒྱུད་འབྲེལ་བ་བྱུང་དོན་བཞིན་ཡོངས་གླིང་སློབ་གྲྭས་འགན་ལན་ཞུས་སྐོར་བརྗོད་བྱུང་ལ། ལོ་སྔོན་མར་རྒྱལ་ཁབ་བདུན་ཙམ་ནས་སྨན་པ་ ༩ ཕེབས་ཡོད་པ་དང་། ཐེངས་འདིར་རྒྱལ་ཁབ་ལྔ་ནས་སྨན་པ་ ༨ ཕེབས་འདུག  ལྕམ་སྐུ་སའོ་མཱ་ལགས་ནི་གསོ་རིག་ཆེད་མཁས་པ་ཞིག་ཡིན་པར་མ་ཟད།  ཨ་རི་དང་རྒྱ་གར། འབར་མ། ཁ་ན་ཌ་སོགས་རྒྱལ་ཁབ་མང་པོའི་གསོ་རིག་མཐོ་སློབ་ནང་སློབ་ཁྲིད་དང་ཟབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་ཆེན་མོ་བ་ཞིག་ཡིན་ཞིང་། ཚེ་མཆོག་གླིང་དགོན་པའི་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ལགས་ཀྱིས་ཀྱང་།  ཕྱི་རྒྱལ་གྱི་དང་བླངས་སྨན་པ་དེ་དག་གི་སྡོད་གནས་དང་ཞལ་ལག་གོ་སྒྲིག་ཚེ་མཆོག་གླིང་དགོན་པའི་གནང་གི་ཡོད་པ་དང་། སྨན་བཅོས་བྱ་སའི་ཁང་པ་དང་སྨན་བཅོས་ཐད་ཀྱི་རོགས་རམ་མཐུན་འགྱུར་ཡོངས་གླིང་སློབ་གྲྭའི་གནང་གི་ཡོད་ཚུལ་བརྗོད་སོང་།  

ཟླ་འདིའི་ཕྱི་ཚེས་ ༣ ནས་ ༡༣ བར་ཉིན་བཅུའི་རིང་བྱིས་པ་དང་བུད་མེད་ལ་སྨན་བཅོས་བྱེད་རྒྱུ་ཡིན་པ་དང་།  དེའང་ཐོག་མའི་ཉིན་དང་པོར་བྱིས་པ་དང་དེའི་ཕྱི་ཉིན་བུད་མེད་བཅས་རིམ་པར་ཉི་མ་རེ་རེ་བཞིན་རེས་མོས་སུ་འཁོར་དེ་སྨན་བཅོས་བྱ་རྒྱུ་ཡིན་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    སྦྱིན་པ་ནི་རང་གཞན་གཉིས་དགེའི་ལས་དོན་བཟང་ཤོས་ཤིག་ཡིན། འདིའི་ཐད་ལ་ནང་པ་ལས་ཡེ་ཤུ་བར་བྱས་རྗེས་ཆེ། དོན་ངོ་མར་འདི་ནི་ཆོས་ལུགས་དང་འབྲེལ་མི་དགོས། ཕན་ཚུན་རོགས་རམ་དང་མཉམ་ལས་འཆམ་མཐུན་འདི་དག་མིའི་སྤྱི་ཚོགས་སུ་དགེས་ངེས་ཕན་ངེས་ཀྱི་དོན་བཟང་ཡིན།

    Reply
  2. བཀྲ་ཤིས། says:
    ལོ་ 11 སྔོན།

    རིན་མེད་དང་བླངས་གནང་བ་ལ་རྗེས་སུ་ཡིད་རང་དང་བསྔགས་བརྗོད་ཡོད།

    Reply
  3. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 11 སྔོན།

    ལྷག་བསམ་ད་ཡག་པོ་རེད་དེ། བོད་པ་སྐྱོ་བོ་ཚོ་སྨན་པ་འདི་ཚོས་རང་གི་ལག་རྩལ་སྦྱོང་ས་བྱེད་པ་གཏན་ནས་འགོག་ཐབས་བྱེད་དགོས། སྔོན་ཆད་ཅིག་ལ་བདེ་ལེགས་སྨན་ཁང་གིས་ཨ་རི་ནས་ཡིན་པའི་སྨན་པ་གསར་བ་མང་པོ་སྐད་བཏང་ནས་བདེ་ལེགས་སྨན་ཁང་དུ་ལས་ཀའི་ཉམས་མྱོང་གསོག་བཞིན་ཡོད་རབས་མང་དུ་ཐོས་སོང་།

    Reply
  4. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ཐུགས་རྗེ་ཆེ་ང་ཚོ་བཙན་བྱོལ་བོད་པ་ཚོ་གཞན་དང་མི་འདྲ་པར་རིན་མེད་དང་ལས་མེད་ཁེ་བཟང་ལ་དགའ་པོ་རེད།

    Reply
  5. ཤག་སྒང་པ། says:
    ལོ་ 11 སྔོན།

    ཁྱེད་ཚོས་འདི་ལྟར་གནང་བར་བསྔགས་བརྗོད་ཡོད། མུ་མཐུད་ཅིག

    ང་ཚོ་བཙན་བྱོལ་བོད་མིའི་མི་འབོར་ལ་བཞི་ཤད་འཐེབ་རན་ནས་ཡོད། ཡོད་པ་རེ་རེ་ལའང་རིན་ཐང་རེ་རེ་ཡོད་ངེས།

    ༢༠༠༨ ནས་ང་ཚོ༌༌༌༌༌༌འགག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist