མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ལ་རེ་བཅོལ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

 བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༣༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

བཀའ་ཤག་སྐབས་བཅུ་བཞི་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཞིག་སྒོ་འབྱེད་གནང་སོང་ལ། དེ་སྔའི་རྒྱ་ནག་གི་རྒྱབ་ཤ་དཀར་པོའི་ལན་འདེབས་ཚོགས་ཆུང་ཟླ་སྒྲིལ་བཏང་སྟེ། ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་འགན་འཛིན་དུ་བསྐོ་བཞག་གནང་སོང་། སྤྱིར་གནད་འགག་ཅན་གྱི་ལས་སྣེ་ཞིག་སྒོ་བརྒྱབ་ཏེ་འཆར་སྣང་ཁྲོད་ཀྱི་ལས་གཞི་ཞིག་མགོ་འཛུགས་བྱས་ན། གྲུབ་འབྲས་གང་འདྲ་འབྱུང་མིན་ད་ལྟ་ཚོད་དཔག་བྱེད་དཀའ་ཡང་། ལས་གཞི་འདི་ད་ལྟའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཐོག་མར་བཀའ་ཁྲིའི་འོས་མིར་བཞེངས་སྐབས། སྤྱི་ཚོགས་ནང་ཁྱབ་བསྒྲགས་བྱས་པའི་ཁོང་གི་ལས་འཆར་ནང་གི་གཙོ་གྲས་ཤིག་ཡིན་ལ། ཆབ་སྲིད་ཐོག་ཐུགས་སྣང་ཡོད་མཁན་ཚོའི་ཡིད་ཀྱི་དྭངས་བ་འདྲེན་པའི་ལྕགས་ཀྱུ་ཞིག་ཀྱང་ཆགས་ཡོད་སྲིད།   

    བཀའ་ཁྲི་མཆོག་གིས་མ་འོངས་པར་སྲིད་བྱུས་ཉམས་ཞིབ་ཁང་ཚད་ལྡན་ཞིག་འཛུགས་རྒྱུ་ཡིན་པ་དང་། ས་བྱི་ཞི་རྒོལ་ཆེན་མོའི་འབྱུང་རྐྱེན་དང་སྔ་ཕྱིའི་བྱུང་རིམ་ལ་བསྐྱར་ཞིབ་ཁྲུན་ཐག་ཆོད་པ་ཞིག་བྱས་ཏེ་མ་འོངས་པར་རྩ་དོན་འཐབ་རྩོད་བྱེད་ཕྱོགས་ལ་འཆར་གཞི་བསྒྲིག་རྒྱུའི་ཁས་ལེན་བྱས་ཡོད་ལ། བརྒྱད་པའི་བརྒྱད་ཉིན་གྱི་དམ་འབུལ་གསུང་བཤད་ནང་དུ་ཡང་། འབྱུང་འགྱུར་ལོ་ལྔ་བཅུའི་འཕྲལ་ཕུགས་ཀྱི་འཆར་སྣང་ཐད། མཁས་པ་དང་ཤེས་ཡོན་ཅན་ཚོའི་ཐབས་བྱུས་དང༌། རྣམ་དཔྱོད་འདོན་སའི་སྡིངས་ཆ་བསྐྲུན་ཆེད་བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཁང་ཞིག་འཛུགས་རྒྱུ་ཡིན་ཞེས་དམ་བཅའ་མཛད་ཡོད། 

    རང་དབང་འཐབ་རྩོད་མཁན་གྱི་མི་རིགས་ཤིག་དང་། མིའི་ལུང་པར་ཆབ་སྲིད་སྐྱབས་བཅོལ་དུ་སྡོད་མཁན་ཞིག་གི་ངོས་ཐད་ནས་བལྟས་ན། ལས་གཞི་འདི་ཧ་ཅང་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་རླབས་ཆེན་ཞིག་ཆགས་ཡོད་ལ། ཤེས་ལྡན་མི་སྣ་དང་ཆབ་སྲིད་ཉམས་ཞིབ་པ་དག་གིས་ཨམ་ཅོག་གྲུང་གྲུང་གིས་ཉན་ས་ཞིག་ཀྱང་ཆགས་ཡོད། འདས་པའི་མི་ལོ་ལྔ་བཅུའི་རྩ་དོན་འཐབ་རྩོད་ཁྲོད་ཞིབ་འཇུག་དཔྱད་བསྡུར་གྱིས་མ་འདང་པར་ཁ་ཆག་སྣ་རལ་གྱི་གནས་ཚུལ་མང་པོ་བྱུང་ཡོད་ལ། སྲིད་འབྱོར་རིག་གསུམ་ཐོག་ཏུའང་བསམ་བློའི་ཕུ་ཐག་གིས་མ་འདང་བར་ཐལ་ཆ་འཐུས་ཤོར་གྱི་གནད་དོན་མང་པོ་ལྷག་ཡོད། 

    དེ་སྔ་བཀའ་ཁྲི་མཆོག་གིས་ཉམས་ཞིབ་ཁང་འདིའི་གྲུབ་ཆའི་སྐོར་ལ། བཙན་བྱོལ་ནང་མཐོ་སློབ་ཚད་ལྡན་ཐོན་ཏེ་ལས་ཀ་མ་རག་པར་ལྷག་ཡོད་མཁན་ཚོ་དང་ཕྱི་རྒྱལ་ཁག་གི་བོད་རིགས་ཆེད་མཁས་པ། བོད་ནས་ཕེབས་པའི་བོད་རྒྱ་སྐད་ཡིག་ཚད་ལྡན་མཁྱེན་མཁན་དང་། བཞུགས་སྒར་ཁུལ་གྱི་ཤེས་ལྡན་མི་སྣ་སོགས་བསྡུ་སྐོང་བྱ་རྒྱུ་ཡིན་ཚུལ་བཤད་ཡོད། ད་ནི་འདས་པའི་ལོ་རྒན་ལྔ་བཅུའི་ཉམས་མྱོང་གཞི་ལ་བཞག་སྟེ་འབྱུང་འགྱུར་ལ་འཕེན་པ་གཏོང་རྒྱུའི་དུས་ཚོད་ཤར་ཡོད་ལ། བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་ལྡན་ལས་མེད་ཚོར་རྩ་དོན་ཐོག་ནུས་པ་འདོན་རྒྱུའི་གོ་སྐབས་ཤིག་ཀྱང་བསྐྲུན་ཡོད་ལས་ཆེ། 

            ལས་དོན་གང་ཞིག་ཡིན་རུང་མགོ་འཛུགས་རྒྱུ་སླ་བ་དང་མཇུག་སྐྱོང་རྒྱུ་དཀའ་བའི་ཆོས་ཉིད་ལྟར། བཀའ་ཤག་སྐབས་སྔ་མ་དག་གིས་ཀྱང་ཞིབ་འཇུག་ཚོགས་ཆུང་དང་ཉམས་ཞིབ་ཁང་རབ་དང་རིམ་པ་བཙུགས། བོད་མི་འབུམ་བཅུ་གཉིས་རྒྱ་ལག་ནས་གྲོངས་པའི་མཚན་ཐོ་འཚོལ་ཞིབ་ཚོགས་ཆུང་བཙུགས་ཀྱང་གྲུབ་འབྲས་ནམ་མཁའི་པདྨོ་ཆགས་སོང་ལ། བདེ་སྲུང་ཉམས་ཞིབ་ཁང་གི་ལས་དོན་ཡང་ཉིན་མོའི་སྐར་མའི་རྗེས་སུ་འགྲོ་བཞིན་ཡོད། ད་ཆར་སྨྱུ་གུ་འབུས་བཞིན་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་འདིས་ཀྱང་མི་མང་གི་རེ་བ་སྟོང་ཟད་མི་གཏོང་རྒྱུ་དང་། བཀའ་ཁྲིའི་ཐུགས་རེ་དང་དམ་བཅའ་གང་མཛད་པ་བཞིན་ལས་གཞི་ལེགས་འགྲུབ་བྱུང་སྟེ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་འཐོན་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད།

 

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༩ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese