མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྣམ་དཔྱོད་གསར་པ། འགུལ་སྐྱོད་གསར་པ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་རྒྱལ་སར་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་སྐོང་བ་དང་ལྷན་དུ། ས་གནས་དེ་ཁུལ་གྱི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་ཆེན་སྤེལ་ཡོད་ལ། ལྷག་པར་དུ་རྣམ་པ་གསར་པའི་ལས་འགུལ་གཉིས་སྤེལ་ཡོད་པའི་ཐད། གསར་འགོད་པས་བཅར་འདྲི་བརྒྱུད་རྒྱུས་ལོན་བྱས་ཡོད།

« གོ་ལ་གསར་པ། རྣམ་དཔྱོད་གསར་པ། » འདི་ད་ལོའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྐབས་ཀྱི་ཁ་གཡང་འབོད་ཚིག་རེད། འབོད་ཚིག་འདིའི་འོག་ཟླ་འདིའི་ཕྱི་ཚེས་ ༣ ནས་༥ ཉིན་བར། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཚོ་ཧྥ་རན་སིའི་གྲོང་ཁྱེར་ཁྰན་ནང་འཛོམས་ཏེ། ད་ལྟའི་འཛམ་གླིང་དཔལ་འབྱོར་ཉམས་ཆག་ཐད་གདོང་ལེན་གསར་པ་ཞིག་བྱ་ཐབས་ལ་གྲོས་མོལ་བྱས་ཡོད། དུས་ཚོད་དང་གོ་སྐབས་འདི་བཟུང་ནས། རྒྱ་གར་དང་ཨ་རི། ཡུ་རོབ་སོགས་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་སར་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱལ་ཁབ་དང་ས་གནས་ཁག་ ༦༣ ནང་དུས་གཅིག་ཏུ་ལས་འགུལ་སྤེལ་ཡོད།

ཐེངས་འདིའི་ཡོངས་ཁྱབ་ཀྱི་ལས་འགུལ་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་འབྲེལ་མཐུད་ཁང་གི་འབོད་སྐུལ་དང་འཆར་འགོད་གཞིར་བཟུང་། ས་གནས་ཁག་གི་བོད་རིགས་ཚོགས་པ་དང་། བོད་ཀྱི་གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་གོ་སྒྲིག་འོག་སྤེལ་ཡོད། ཡིན་ནའང་། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་འབྱོར་སའི་ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་ནང་། བོད་མི་གཙོས་པའི་གཞོན་སྐྱེས་དང་བླངས་པ་ཁག་ཅིག་གིས་རང་མོས་ཀྱིས་བསྟུད་མར་ལས་འགུལ་ཐེངས་གཉིས་སྤེལ་ཡོད། ཕྱི་ཚེས་ ༢ ཉིན་གུང་ཆུ་ཚོད་༣ ཐོག མགོ་སེར་མ་གཅིག་ཚུད་པའི་བོད་རིགས་གཞོན་སྐྱེས་དྲུག་གིས་དྲན་རྟེན་སྒོ་ཆེན་སྟེང་། བོད་ཀྱི་རྒྱལ་དར་དང་བོད་དོན་འབོད་ཚིག་འཁོད་པའི་འཕྲེད་དར་དཔྱངས་ཏེ་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ཚེས་ ༤ ཉིན་གྱི་ཐོ་རེངས་ཆུ་ཚོད་ ༣ སྟེང་། མགོ་སེར་བུ་དང་བུ་མོ་གསུམ་ཚུད་པའི་བོད་རིགས་གཞོན་སྐྱེས་ ༡༩ རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཤིང་། བུ་བསྟན་འཛིན་ཆོས་བཟང་ལགས་གཞུང་ཚབ་ཁང་གི་སྒོ་ཆེན་སྟེང་འཛེགས་ནས་རྒྱ་ནག་གི་རྒྱལ་དར་བཀོག་པའི་ཚབ་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་ཡོད།

འདི་ག་གསར་འགོད་པས་ལས་འགུལ་བ་འདི་དག་ལ་ཐུག་འཕྲད་བྱས་ཏེ། ཁོང་ཅག་གི་ཐོག་མའི་འཆར་གཞི་དང་བར་གྱི་བརྒྱུད་རིམ། མཐའ་མའི་འཛིན་བཟུང་བཀག་ཉར་བཅས་ལ་རྒྱུས་ལོན་བྱས་པ་ཡིན།  ཕྱི་ཚེས་ ༢ ཉིན་གྱི་ལས་འགུལ་བ་ཏྰ་ར་སྒྲོལ་མ་ལྷ་མོ་ལགས་ཀྱིས། “ དེང་སྐབས་བོད་ནང་ཉིན་རེ་བཞིན་དོན་དག་མང་པོ་འབྱུང་བཞིན་འདུག རྔ་པ་དང་དཀར་མཛེས་ཁུལ་ནས་བོད་མི་བཅུ་ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་རེད། བོད་ནང་ཛ་དྲག་གི་དོན་རྐྱེན་བྱུང་སྐབས། ང་ཚོ་ཕྱི་ལོགས་ནས་ཡོད་མཁན་ཚོས་ཀྱང་དུས་རྒྱུན་ལྟར་ངོ་རྒོལ་སྐད་འབོད་གཅིག་པུ་མ་ཡིན་པར། ལས་འགུལ་སྤེལ་སྐབས་བྱ་ཐབས་གསར་པ་དང་། མི་ལ་དོ་སྣང་གསར་པ། ཁྱབ་བསྒྲགས་ཆེན་པོ་ཡོང་ཐབས་བྱ་རྒྱུ་གལ་ཆེན་པོར་མཐོང་སོང་། དེར་བརྟེན། ང་ཚོ་མི་དྲུག་པོ་ལོགས་སུ་ཐོན་ནས་ལས་འགུལ་སྤེལ་བ་ཡིན།’’ ཞེས་དང་། “ལས་འགུལ་སྤེལ་སའི་ ( Charles de Gaulle) དྲན་རྟེན་སྒོ་ཆེན་ལ་མཚོན་ན། གཅིག་ནས་ཧྥ་རན་སིའི་རང་བཙན་རྩོད་ལེན་ཆེད་རང་སྲོག་བློས་བཏང་བའི་དཔའ་བོ་ཚོའི་ཆེད་དུ་བཞེངས་བའི་དྲན་རྟེན་རེད། གཉིས་ནས་རྒྱལ་ས་ཕ་རི་སི་ནང་གི་ཡུལ་བསྐོར་བ་དང་མི་མང་འདུ་འཛོམས་ཆེ་སའི་ས་གནས་ཤིག་དང་། གསུམ་ནས་ཧྥ་རན་སིའི་སྲིད་འཛིན་ཕོ་བྲང་གི་ཉེ་འཁྲིས་ཆགས་ཡོད། ང་ཚོས་ས་གནས་དེར་ལས་འགུལ་སྤེལ་ཐུབ་ན་མི་ལ་དོ་སྣང་དང་། ཁྱབ་བསྒྲགས་ཆེན་པོ་འགྲོ་བར་ཕན་གི་རེད་བསམ་ནས་བདམས་པ་ཡིན།’’ ཞེས་ཉིན་དེའི་ལས་འགུལ་གྱི་ཐོག་མའི་དམིགས་ཡུལ་ངོ་སྤྲོད་གནང་སོང་།

བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ཕྱི་ཚེས་ ༤ ཉིན་གྱི་ཐོ་རེངས་ལས་འགུལ་སྐོར་ནས་གསུངས་དོན། “ ཞོགས་པ་སྔ་བོ་དེར་ལས་འགུལ་དེ་འདྲ་ཞིག་སྤེལ་བསམ་བསམ་སུ་ལའང་ཡོད་པ་མ་རེད། ང་ཚོ་མི་བཅུ་དགུ་བོ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་གྲོང་ཁྱེར་ནེ་སི་ནང་ལས་འགུལ་སྤེལ་བར་འགྲོ་མཁན་རེད།  ང་ཚོ་མ་ཟད་ཕ་རི་སི་ནས་མི་བརྒྱ་ལྷག་མཉམ་དུ་འགྲོ་གཏན་འཁེལ་ཡོད། ཕྱི་ཚེས་ ༣ ཉིན་གྱི་དགོང་མོ་ཆུ་ཚོད་ ༦ ནས་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡ བར་ནེ་སིར་ཐོན་མཁན་གྱི་རླངས་འཁོར་ལ་བསྒུགས་པ་རེད། བར་ནས་དོན་རྐྱེན་བྱུང་ནས་གང་ལྟར་ཚང་མ་ནེ་སིར་འགྲོ་ཐུབ་ཡོད་པ་མ་རེད། མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་འགོག་རྐྱེན་བཟོས་ཡོད་པའི་དོགས་པ་ཟ་བཞིན་འདུག བར་དེར་འགའ་ཤས་ཀྱིས་ནེ་སིར་འགྲོ་མ་ཐུབ་རུང་ལས་འགུལ་ཞིག་སྤེལ་ཐུབ་ན་ཞེས་གྲོས་མགོ་བཏོན་སོང་། ཐ་མ་དེར་ང་ཚོ་མི་བཅུ་དགུ་བོ་ཁ་མཚུངས་ནས་རྒྱ་ནག་གཞུང་ཚབ་མདུན་སྐད་འབོད་བྱ་རྒྱུ་ཐག་བཅད་པ་ཡིན།’’ ཞེས་ལས་འགུལ་དེའི་བྱུང་རིམ་ངོ་སྤྲོད་དང་། ཁོང་གིས་གསུངས་པ་ལྟར་ན། ལས་འགུལ་བ་ཚོ་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འགྲམ་དུ་འབྱོར་རྗེས། དུས་ཡུན་ཐུང་ངུ་ཞིག་གི་ནང་གོ་བསྡུར་བྱས་ནས་བསྟན་འཛིན་གྲགས་པ་དང་བསྟན་འཛིན་ཆོས་བཟང་གཉིས་ཀྱིས་དང་བླངས་ཐོག་གཞུང་ཚབ་སྒོ་ཆེན་སྟེང་འཛེགས་ནས་རྒྱ་ནག་གི་རྒྱལ་དར་མར་ཕབས་རྒྱུ་དང་། ལས་འགུལ་བ་གཞན་གཉིས་ཀྱིས་ཁོང་གཉིས་ཡར་འཛེགས་པར་རེམ་འདེགས་བྱ་རྒྱུ། གཞན་ཚོས་གཞུང་ཚབ་མདུན་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་སྐད་འབོད་བྱ་རྒྱུ་བྱས་ཡོད་འདུག ལས་འགུལ་དངོས་གཞིའི་སྐབས་ཉེན་རྟོག་པས་བསྟན་འཛིན་གྲགས་པའི་གདོང་ལ་དུག་རྫས་རླངས་ཆུ་གཏོར་ནས་ཡར་འཛེགས་ཐུབ་མེད་པ་ལས། གཞན་ལས་འགུལ་སྐབས་གོ་སྒྲིག་གང་བྱས་ཚང་མ་བདེ་བླག་ངང་འགྲུབ་ཡོད་འདུག

བུ་བསྟན་འཛིན་ཆོས་བཟང་ལགས་ཀྱིས་རྒྱ་ནག་གི་རྒྱལ་དར་མར་བཀོག་པའི་ཚབ་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་རྗེས། དུས་ཡུན་སྐར་མ་བཞི་བཅུ་ཞེ་ལྔ་ལྷག་གི་རིང་ངོ་རྒོལ་སྐད་འབོད་དང་བོད་ཀྱི་རྒྱལ་གླུ་བཏང་ཡོད་པ་མ་ཟད། སྟོད་གོས་དང་ལྷམ་མགོ་ཕུད་དེ་ཞབས་བྲོའང་འཁྲབ་ཡོད་འདུག ཁོང་གིས་དེའི་སྐབས་ཀྱི་སེམས་ཚོར་སྐོར་ནས་གསུངས་དོན། “ སྔོན་མ་ནས་ཉིན་མ་ཞིག་རྒྱ་ནག་གཞུང་ཚབ་ཁང་གི་ཐོག་ཁར་འཛེགས་ནས་རྒྱལ་དར་དབབ་དགོས་བསམ་མྱོང་། དེ་བསམ་ནས་ཡུན་རིང་བོ་འགོར་སོང་། མཚམས་ལ་ལར་ཆེད་དུ་གཞུང་ཚབ་ཁང་གི་ཉེ་འཁོར་དུ་སོང་ནས་ས་ཆ་སོགས་ལ་རྒྱུས་ལོན་ཡང་བྱས་མྱོང་ཡོད། དངོས་སུ་ཡར་འཛེགས་ནས་རྒྱ་མིའི་རྒྱལ་དར་མར་ཕབ། རང་གི་རྒྱལ་དར་ཡར་བསྒྲེངས་ཐུབ་སྐབས་བཤད་མི་ཤེས་པའི་དགའ་བ་ཞིག་སྐྱེས་སོང་། ངོ་མས། ཁ་ཐུག་དེར་དགའ་དྲགས་ནས་ག་རེ་བྱེད་དགོས་མིན་ཡང་མི་ཤེས་པའི་ཚོད་དུ་སླེབས་སོང་། རྒྱལ་དར་བསྒྲེངས་རྗེས་སྐད་འབོད་བྱས་པ་ཡིན། རྒྱལ་དར་ལ་ཁ་འཁོར་ནས་གུས་ཞབས་ཞུས་པ་ཡིན། བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་ཐེངས་གཉིས་གསུམ་ཞིག་ལ་བཏང་པ་ཡིན། ད་དུང་དགའ་བ་གནོན་ཐུབ་མ་སོང་། སྟོད་གོས་དང་ལྷམ་མགོ་ཕུད་ནས་བོད་གཞས་བཏང་ནས་ཞབས་བྲོ་བརྒྱབ་པ་ཡིན།’’ ཞེས་བརྗོད་དེ། ཁོང་གིས་རྒྱ་ནག་གཞུང་ཚབ་ཁང་གི་རྒྱལ་དར་མར་ཕབ་ནས་བོད་ཀྱི་རྒྱལ་དར་བསྒྲེངས་ཐུབ་པ་དེ་རང་གི་མི་ཚེའི་ནང་གི་སྤོབས་པ་ཆེ་ཤོས་ཤིག་ལ་རྩི་བཞིན་ཡོད་ཚུལ་གསུངས་བྱུང་།

ལས་འགུལ་བ་ཚོ་ཉེན་རྟོག་པས་འཛིན་བཟུང་དང་བཀག་ཉར་སྐབས་དམིགས་བསལ་དཀའ་ངལ་བྱུང་མིན་ཐད་བཀའ་འདྲི་ཞུས་སྐབས། བློ་བཟང་སྟོབས་ལྡན་ལགས་ཀྱིས་ “ ང་ཚོས་ལས་འགུལ་མགོ་འཛུགས་སྐབས་སྐོར་སྲུང་ཉེན་རྟོག་པ་གཉིས་ལས་མི་འདུག དེ་ནས་རིམ་བཞིན་ཇེ་མང་དུ་སོང་ནས་ལས་འགུལ་མཚམས་འཇོག་སྐབས་ཕར་ཆེར་ཉེན་རྟོག་པ་ ༨༠ ལྷག་དང་། བསྟན་འཛིན་ཆོས་བཟང་སྒོ་ཆེན་ཐོག་ནས་མར་ལེན་ཆེད་མེ་གསོད་རུ་ཁག་ཀྱང་འབྱོར་འདུག ང་ཚོས་ལས་འགུལ་མཚམས་འཇོག་རག་པར་དུ་ཁོ་ཚོས་དམིགས་བསལ་གྱིས་བཀག་འགོག་དང་དམ་དྲག་དེ་ཙམ་བྱས་མ་སོང་། ང་ཚོས་ངོས་ནས་ཀྱང་ངོ་རྒོལ་སྐད་འབོད་ལས་ཕར་ཉེན་རྟོག་པ་དང་སྐོར་སྲུང་བ་ཚོར་རྣམ་འགྱུར་མ་འདྲ་གང་ཡང་བསྟན་མེད། ལས་འགུལ་མཚམས་བཞག་རྗེས་བསྟན་འཛིན་ཆོས་བཟང་ལས་གཞན་ཚང་མ་རུ་ཁག་གཉིས་གསུམ་ལ་བགོས་ནས་ཉེན་རྟོག་ལས་ཁུངས་ནང་འཁྲིད་སོང་། མི་རེ་རེ་བཞིན་དྲི་བ་སྐར་མ་བཅུ་ཙམ་རེར་དྲིས་རྗེས་ཚང་མ་ཀློད་སོང་། བསྟན་འཛིན་ཆོས་བཟང་ཡང་ཆུ་ཚོད་དྲུག་རིང་བཀག་ཉར་བྱས་རྗེས་ཀློད་གྲོལ་བཏང་བ་རེད།’’ ཅེས་བརྗོད་བྱུང་།

དང་བླངས་ལས་འགུལ་འདི་གཉིས་སྐོར་གྱི་ཆེད་བསྒྲིགས་བརྙན་འཕྲིན་ཐུང་ཐུང་གཉིས་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ཐོག་ཁོང་ཚོར་རྒྱབ་སྐྱོར་དང་གླེང་སློང་བྱེད་མཁན་མང་པོ་བྱུང་ཡོད། བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འགུལ་གོ་སྒྲིག་པ་བསྟན་རྣམ་ལགས་སུ་དགོངས་ཚུལ་གང་ཡོད་དྲིས་སྐབས། ཁོང་གིས་ “ ཧ་ལས་པའི་ཡག་པོ་བྱུང་འདུག ནམ་རྒྱུན་ཚོགས་པས་གོ་སྒྲིག་འོག་ལས་འགུལ་སྤེལ་སྐབས་ཁྲིམས་དང་སྒྲིག་གཞིའི་འོག་འགྲོ་དགོས་ཀྱི་ཡོད་པ་རེད། རང་དབང་ཞེ་དྲག་ཡོད་པ་མ་རེད། ཁོ་ཚོ་ནང་བཞིན་དྲན་རྟེན་སྒོ་ཆེན་སྟེང་ནས་མར་འཕྲེད་དར་དཔྱངས་པ་དང་། ལྷག་པར་རྒྱ་མིའི་གཞུང་ཚབ་ཁང་གི་རྒྱལ་དར་བཀོག་ནས་བོད་ཀྱི་རྒྱལ་དར་བསྒྲེངས་རྒྱུ་དེ་འདྲ་ཡོང་མི་སྲིད་པ་ལྟ་བུ་རེད། འདི་ཚོགས་པའི་གོ་སྒྲིག་དང་། དང་བླང་ལས་འགུལ་གཉིས་བར་གྱི་ཁྱད་པར་རེད།’’ ཅེས་དང་། “ ད་རེས་ཁོ་ཚོས་རྣམ་དཔྱོད་གསར་པ་སྤྱད་ནས་འགུལ་སྐྱོད་གསར་པ་ཞིག་སྤེལ་བ་རེད། མདང་དགོང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཀྱང་ཚོགས་འདུའི་གླེང་སློང་བྱུང་། མ་འོངས་པར་ཁོ་ཚོ་བཞིན་དུས་ཚོད་ངེས་མེད་ལ་ལས་འགུལ་འདི་རིགས་བརྩམ་རྒྱུར་མོས་མཐུན་བྱུང་སོང་ལ། མུ་མཐུད་ནས་ལས་འགུལ་འདི་རིགས་སྤྱི་ཚོགས་ནང་སྤེལ་རྒྱུ་མང་དུ་འགྲོ་བ་རེད་བསམ། ’’ ཞེས་གདེང་འཇོག་དང་བཅས་བརྗོད་སོང་།

རང་ལོ་ཉེར་དྲུག་ཡིན་པའི་བསྟན་འཛིན་ཆོས་བཟང་ལགས་ནི་ཧྥ་རན་སིའི་རྒྱ་ནག་གཞུང་ཚབ་ཁང་གི་རྒྱལ་དར་མར་དབབ་མཁན་གཉིས་པ་དེ་ཡིན་ཞིང་། ཕྱི་ལོ་༢༠༠༨ ལོར་སྐུ་ཞབས་གུར་མགོན་སྐྱབས་ལགས་ཀྱིས་ཐེངས་དང་པོར་རྒྱ་ནག་གི་རྒྱལ་དར་མར་ཕབས་ཡོད་པ་མ་ཟད་། དེ་ནས་བཟུང་ད་བར་དུ་རྒྱ་ནག་གཞུང་ཚབ་ཁང་གིས་བོད་པའི་ལས་འགུལ་ཁག་གི་སྐབས་རྒྱལ་དར་ཕྱིར་བསྡུ་བྱེད་ཀྱི་ཡོད་འདུག

ས་གནས་གསར་འགོད་པ། ཟླ་བ་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 6

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    འདི་ལྟར་གྱིས་དང་ཨ་མའུ་བུ་རྒོད་ཚོ། ཁྱེད་ཚོས་ཕྱི་གླིང་འགྲིམས་པ་དོན་སྙིང་ལྡན། བོད་མི་རེ་རེས་མི་རིགས་གཞན་དག་ནང་ལ་་་བོད་་ཅེས་པའི་དར་ཆ་གསར་བ་རེ་འཛུགས་དགོས། དེ་བས་ནམ་རྒྱུན་ནས་རང་ཉིད་བོད་ཀྱི་དར་ཆ་ཞིག་ཡིན་པར་སྙམ་འོས།

    Reply
  2. བརྩོན་རྒྱམ། says:
    ལོ་ 14 སྔོན།

    བོད་རང་དབང་སློབ་ཕྲུག་ཚོགས་པ་གཙོ་བོར་བྱས་ནས་བོད་མི་ཚོས་ལས་འགུལ་འདྲ་མིན་ཞིག་གནང་བཞིན་པ་ནི་དགའ་འོས་པ་ཞིག་རེད། རྒྱ་ནག་དམར་གཞུང་གིས་དྲག་གནོན་ཅི་འདྲ་བྱས་ན་ཡང་ང་ཚོས་མུ་མཐུད་དུ་ལས་འགུལ་སྤེལ་རྒྱུ་གལ་ཆེན་རེད།  བོད་ཀྱི་གནས་སྟངས་འདི་རྒྱལ་སྤྱིའི་ཐོག་ནས་གླེང་ཐུབ་པ་ཞིག་བྱེད་རྒྱུ་འུ་ཚོས་འོས་འགན་རེད་མ་ཡིན་ནམ།

    Reply
  3. ཤག་སྒང་པ། says:
    ལོ་ 14 སྔོན།

    ཏཱ་ར་སྒྲོལ་མ་ལགས། ཁྱེད་རང་ནས་ལས་འགུལ་གསར་པའི་སྣེ་འཁྲིད་ཀྱིས་རྒྱལ་སྤྱིའི་སྡིངས་ཆར་ཁྱབ་བསྒྲགས་དང་གནོན་ཤུགས་འཐེབ་ཐུབ་པའི་ལས་འགུལ་སྤེལ་བར་ཤིན་ཏུ་བསྔགས་བརྗོད་ཡོད། གསང་སྔགས་ལགས་ལ་བཀྲིས་བདེ་ལེགས་ཞུ་རོགས།
    ཕྱག་རོགས་གཞན་དང་བོད་དོན་རྒྱབ་སྐྱོར་བ་ཚོར་ཐུགས་རྗེ་ཆེ།

    Reply
  4. སྟག་ཕྲུག says:
    ལོ་ 14 སྔོན།

    ལས་འགུལ་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  5. ནད་པ says:
    ལོ་ 14 སྔོན།

    བོད་ཀྱི་བུ་བསྟན་འཛིན་ཆོས་བཟང་ལགས་ཀྱིས་གཙོས་པའི་ལས་འགུལ་བ་ཡོངས་ལ་བསྔགས་བརྗོད་ཞུ། ལྷག་དོན་ཕྱི་རྒྱལ་བ་གསུམ་ལ་དམིགས་བསལ་གྱིས་དགའ་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་འོས།

    རྒྱ་ནག་གྱི་དར་དམར་མར་ཕབ་ཏེ་བོད་དར་ཡར་བསྒྲེངས་ཐུབ་པ་དེ་ཡང་ལས་འགུལ་དོན་སྙིང་ལྡན་པ་བྱུང་བའི་གྲུབ་འབྲས་ཤིག་རེད།

    བོད་རང་དབང་སློབ་ཚོགས་ཀྱིས་སྣེ་འཁྲིད་པའི་བོད་དོན་ལས་འགུལ་བ་ཕྱིས་འབྱུང་ཡང་གྲུབ་འབྲས་དོན་སྙིང་ལྡན་པ་ཤ་སྟག་ཡོང་བའི་སྨོན་འདུན་ཞུ།

    བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་ཡིད་བཞིན་ནོར་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་ཁྲི་ལོར་བརྟན་པར་ཤོག

    བོད་རྒྱལ་ལོ།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    གསར་འགྱུར་ཧ་ཅང་ཡག་པོ་བྲིས་འདུག་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese