དེ་རིང་ཕྱི་ཚེས་ ༡༡ ཉིན་རྒྱ་གར་བྷོ་ལེ་ཝོ་ཌི་(Bollywood)གློག་བརྙན་འཁྲབ་སྟོན་པ་རན་བྷེར་ཀཱ་པོར་(Ranbir Kapoor) གྱིས་འཁྲབ་པའི་གློག་བརྙན་(Rockstar)ཞེས་པ་དབུ་འབྱེད་འགྲེམས་སྟོན་བྱས་ཡོད་ཅིང་། གློག་བརྙན་དེ་ཐོག་མར་བཟོ་སྐྲུན་བྱེད་སྐབས། གློག་བརྙན་གྱི་བར་མཚམས་ཤིག་ཏུ་དུས་ཐུང་རིང་ “བོད་རང་བཙན” ( Free Tibet )ཞེས་བཀོད་པའི་འཕྲེད་དར་འཕྱར་ཀྱི་ཡོད་ཀྱང་། དེ་རིང་གློག་བརྙན་དེ་ཡོངས་ཁྱབ་ཏུ་དབུ་འབྱེད་འགྲེམས་སྟོན་གནང་སྐབས། (Tibet)ནག་གསུབ་བཏང་སྟེ་(Free)གཅིག་པུ་བཞག་ཡོད་འདུག
ཟླ་འདིའི་ཚེས་ ༦ ཉིན་རྒྱ་གར་གློག་བརྙན་ཞིབ་བཤེར་ལས་ཁུངས་ཀྱིས་གློག་བརྙན་དེའི་ནང་བོད་ཀྱི་རྒྱལ་དར་དང་བོད་རང་བཙན་གྱི་བརྗོད་ཚིག་འཁོད་པའི་འཕྲེད་དར་འཕྱར་གྱི་ཡོད་པ་དག་ཕྱིར་འཐེན་བྱ་དགོས་པའི་བཀའ་ཁྱབ་ཅིག་བཏང་ཡོད་ཅིང་། དེ་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད།
གསར་འགོད་པས་ཁ་པར་བརྒྱུད་རྒྱ་གར་ལྷོ་ཕྱོགས་མུན་བྷེ་གྲོང་ཁྱེར་ནང་གནད་དོན་དེའི་ཆེད་ཕེབས་པའི་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བཅར་འདྲི་ཞུས་པར། “ དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་གློག་བརྙན་དེ་དབུ་འབྱེད་འགྲེམས་སྟོན་བྱས་སོང་། ང་ཚོས་མུན་བྷེ་གྲོང་ཁྱེར་གྱི་གློག་བརྙན་ཁང་ཆེ་གྲས་(Cinemax)ཞེས་པར་བསྐྱོད་དེ་བལྟས་པ་ཡིན། སྤྱིར་གློག་བརྙན་དེའི་ནང་བོད་ཀྱི་རྒྱལ་དར་འཕྱར་བ་ཐེངས་མང་པོར་མཐོང་གི་འདུག་ལ། འཁྲབ་སྟོན་མི་སྣ་གཙོ་བོ་རཱམ་བྷེར་ཀ་པཱོར་(Ranbir Kapoor)ལགས་ཀྱི་སྟོད་གོས་སྟེང་། བོད་ཀྱི་རྒྱལ་དར་མཚོན་བྱེད་ཅིག་མགོ་ནས་མཇུག་བར་མཐོང་གི་འདུག འོན་ཀྱང་། ཐོག་མ་གློག་བརྙན་དེའི་བར་མཚམས་སུ་དབྱིན་ཡིག་ཐོག་བོད་རང་བཙན་འཁོད་པའི་འཕྲེད་དར་ཞིག་འཕྱར་གྱི་ཡོད་པ་དངོས་ཡོད་ཡིན་ཡང་། དེ་རིང་གློག་བརྙན་ཡོངས་ཁྱབ་ཏུ་གཏོང་སྐབས། བོད་ཅེས་པ་ནག་གསུབ་བཏང་སྟེ། རང་བཙན་ཞེས་པ་གཅིག་པུ་བཞག་འདུག” ཅེས་བརྗོད་བྱུང་།
ཚེས་ ༩ ཉིན་རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་དང་། མུན་བྷེ་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་པ་སངས་བཀྲ་ཤིས། ངྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་སོགས་ཆེད་དུ་མུན་བྷེ་རུ་བསྐྱོད་དེ། རྒྱ་གར་གློག་བརྙན་ཞིབ་བཤེར་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་ལྕམ་ཐཱ་ཀཱུར་(Smt. Pankaja Thakur)ལགས་དང་ཐུག་འཕྲད་ཀྱིས་གནད་དོན་དེའི་སྐོར་དྲིས་པར། གློག་བརྙན་ནང་བོད་རང་བཙན་གྱི་འཕྲེད་དར་འཕྱར་བ་དེ་གློག་བརྙན་གྱི་ནང་དོན་ལ་འབྲེལ་བ་མེད་པར་ཆབ་སྲིད་ལ་འབྲེལ་བ་ཆགས་ཀྱི་ཡོད་སྐོར་བརྗོད་ཡོད་པ་ལས། འཕྲེད་དར་རིགས་ཕྱིར་འཐེན་དང་ནག་གསུབ་གཏོང་དགོས་པའི་བཀའ་ཁྱབ་བཏང་མེད་ཚུལ་དང་། གལ་སྲིད་དེ་ལྟར་བྱུང་ཡོད་ཚེ་གློག་བརྙན་འཁྲབ་འཁྲིད་པ་ཨེམ་ཊའེ་ཛ་ལེ་(Imtiaz Ali) ཡི་ཐག་གཅོད་ཅིག་ཡིན་སྐོར་སོགས་བརྗོད་ཡོད་འདུག རྡོ་རྗེ་ཚེ་བརྟན་ལགས་ཀྱིས། “གནད་དོན་དེ་ཁ་གསལ་བཟོ་ཕྱིར་གློག་བརྙན་འཁྲབ་འཁྲིད་པ་དང་འཁྲབ་མཁན་གཉིས་ལ་འབྲེལ་གཏུག་བྱ་རྒྱུར་ཐབས་ཤེས་སྣ་ཚོགས་བྱས་ཀྱང་། འབྲེལ་བ་བྱས་མ་སོང་”ཞེས་བརྗོད་བྱུང་།
ཁ་སང་གཟའ་ཕུར་བུའི་ཉིན་མུན་བྷེ་རུ་གསར་འགོད་ལྷན་ཚོགས་བསྐྱངས་ཏེ། བོད་རང་བཙན་ལས་འགུལ་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། རྒྱ་གར་གློག་བརྙན་ཞིབ་བཤེར་ཚན་པའི་བྱེད་སྟངས་དེ་ནི་རྒྱ་གར་མི་མང་གིས་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་དགའ་བོ་བྱེད་པའི་སྣང་བརྙན་ལ་གཏོར་བརླག་དང་། འདས་པའི་ལོ་ ༥༢ རིང་བོད་མི་ཚོ་རྒྱ་གར་ནང་སྐྱབས་བཅོལ་དུ་བསྡད་རིང་སྨྲ་བརྗོད་རང་དབང་ལ་འགོག་རྐྱེན། ད་ལྟ་འགོག་རྐྱེན་འདི་རྒྱ་གར་གྱི་སྒྱུ་རྩལ་པ་ཚོར་ཡང་གཅིག་མཚུངས་སུ་སྤྲོད་ཀྱི་ཡོད་ཚུལ་བརྗོད་འདུག དེ་བཞིན། རྒྱ་གར་རྒྱལ་ཡོང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཀྱང་། རྒྱལ་ཁབ་ཕྱི་ནང་གི་བོད་མི་ཚོ་ལོ་ ༡ ཙམ་རིང་གློག་བརྙན་འདིར་རེ་བསྒུག་བྱས་མཐར། “བོད་རང་བཙན” གྱི་འཕྲེད་དར་ཕྱིར་འཐེན་དགོས་པའི་ཐག་གཅོད་བྱས་པ་དེས། བོད་མི་ཚོར་བློ་ཕམ་བཟོས་ཡོད་པ་དང་། ལྷག་པར་དུ་རྒྱ་གཞུང་གི་དྲག་གནོན་མ་བཟོད་པར་བོད་མི་ ༡༢ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་པའི་ཛ་དྲག་གི་སྐབས་འདིར། རྒྱ་གར་དབུས་གློག་བརྙན་ཞིབ་བཤེར་ཚན་པས་ཀྱང་བཀའ་ཁྱབ་འདི་ལྟར་ཕེབས་པ་ནི་བཟོད་དཀའ་བ་ཞིག་ཡིན་ཚུལ་བརྗོད་འདུག
ཕྱི་ཚེས་ ༩ ཉིན་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་རྒྱ་གར་དབུས་གློག་བརྙན་ཞིབ་བཤེར་ཚན་པའི་འགན་འཛིན་གྱི་མཚན་ཐོག་ལ་ཞུ་ཡིག་ཅིག་ཕུལ་ཏེ། ཐག་གཅོད་དེ་ནི་བོད་མི་ས་ཡ་དྲུག་གི་ཆེ་མཐོང་ལ་བརྩི་བཀུར་མ་བྱས་པ་དང་། དེ་བཞིན་རྒྱ་གར་གྱི་བྷོ་ལེ་ཝོ་ཌི་གློག་བརྙན་བཟོ་ལས་ཁང་གི་སྣང་བརྙན་དང་རང་དབང་ལ་གཏོར་སྐྱོན་བཟོས་པ། རྒྱ་གར་གློག་བརྙན་ཞིབ་བཤེར་ཚན་པ་དེ་ནི་རྒྱ་གར་དབུས་(Information and Broadcasting) ལྷན་ཁང་གི་ཁྱབ་ཁོངས་འོག་ཡོད་པ་ཞིག་ཡིན་པས། རྒྱ་གར་རྩ་ཁྲིམས་ཀྱི་དགོངས་དོན་འོག་འགྲོ་དགོས་པས་བཀའ་ཁྱབ་དེར་བསྐྱར་ཞིབ་དགོས་པའི་འབོད་སྐུལ་ཞུས་འདུག
གསར་འགོད་པས་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཤར་གླང་ཟླ་སྒྲོན་ལགས་སུ་བཅར་འདྲི་ཞུས་པར། འདས་པའི་ལོ་ངོ་ ༥༠ ལྷག་རིང་བོད་གཞུང་བོད་མིའི་སྒྲིག་འཛུགས་སུ་འགྱུར་བ་གཏོང་དགོས་བྱུང་པ་སོགས་རྒྱ་གར་གཞུང་གི་གནོན་ཤུགས་སྣ་ཚོགས་ཤིག་བསླེབས་བསྡད་ཡོད་པ་ནི། རྒྱལ་ཁབ་ཁོ་རང་ཚོའི་རྩ་དོན་ལ་ཐུག་ཡོད་པ་ཞིག་ཡིན་སྟབས་བསམ་ཤེས་བྱེད་ཐུབ་ཀྱང་། སྒྱུ་རྩལ་རང་བཞིན་གྱི་གློག་བརྙན་བཟོ་སྐྲུན་ནང་རྒྱ་ནག་གི་ཤུགས་རྐྱེན་བསླེབས་པ་དེ་ནི་ཧང་སང་དགོས་པ་ཞིག་ཡིན་ཚུལ་དང་། གལ་སྲིད་ཐག་གཅོད་དེར་འགྱུར་པ་མ་ཕྱིན་ཚེ། བོད་མི་ཚོ་གློག་བརྙན་དེར་ལྟ་རུ་སྐྱོད་སྐབས་བོད་ཀྱི་རྒྱལ་དར་གློག་བརྙན་ཁང་དུ་ཁྱེར་ནས་ཐག་གཅོད་དེར་ངོ་རྒོལ་གྱི་རྣམ་པ་བསྟོན་དགོས་པའི་འབོད་སྐུལ་ཞུས་སོང་ལ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་སུ་བཅར་འདྲི་ཞུས་པར། རྒྱ་གར་གྱིས་གློག་བརྙན་ནི་དུས་རབས་ཉེར་གཅིག་པའི་ཤེས་རིག་གི་རྣམ་པ་ཞིག་ཕྱི་ལོགས་སུ་སྟོན་པའི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་སྟབས། གོང་རིམ་ཞིབ་བཤེར་སྡེ་ཚན་གྱིས་ཨེ་ཤ་ཡའི་ཚོང་ར་དང་རྒྱ་ནག་གི་ཚོང་རར་ཁ་ཕྱོགས་ཀྱི་ཡོད་པས། ཚོང་གི་དགོས་མཁོ་ལ་བསྟུན་ནས་བོད་ཀྱི་རྒྱལ་དར་དང་འཕྲེད་དར་རིགས་བཀག་པ་ཡིན་སྲིད་པས། སྒྱུ་རྩལ་རིག་གནས་ཀྱིས་ཕྱུག་པའི་རྒྱལ་ཁབ་འདི་ལྟ་བུ་ཞིག་གི་ངོས་ནས། སྒྱུ་རྩལ་རང་བཞིན་གྱི་རྣམ་དཔྱོད་འདིའི་རིགས་ལ་ཚད་འཛིན་བྱས་པ་དེ་ཐབས་སྐྱོ་བོ་ཞིག་ཡིན་ཡང་། གློག་བརྙན་ནི་ཁོ་ཚོའི་ཚོང་ལས་ཤིག་ཡིན་སྟབས། གློག་བརྙན་ནང་བོད་ཀྱི་རྒྱལ་དར་དང་རང་བཙན་གྱི་འཕྲེད་དར་འཇོག་ཐུབ་ན་རྒྱལ་ཁ་ཐོབ་འགྲོ་རྒྱུ་དང་ཕྱིར་འཐེན་བྱས་ན་ཕམ་ཁ་ཆགས་འགྲོ་པ་གང་ཡང་མེད་ཚུལ་བརྗོད་སོང་།
གསར་འགོད་པ། བནྡེ་སྐྱབས།
བསྟན་འཛིན་བརྩོན་འགྲུས་ཟེར་བའི་མི་དེ་ལ་ངས་ནམ་རྒྱུན་ནས་བརྩི་བཀུར་བྱེད་ཀྱིན་ཡོད་མོད་ཀྱང་ཉེ་ལམ་རྒྱ་གར་གློག་བརྙན་དེའི་ནང་གི་འབོད་ཚིག་ཙམ་བསུབ་པ་ལ་བརྟེན་ནས་ཁ་ནང་ལ་གང་ཡོང་ཡོང་གིས་མགོ་ལ་རྡོས་རྒྱབས་པ་ལྟ་བུའི་སྐད་ཆ་འགའ་ལབ་བཞིན་པ་འདིས་ཁོ་རང་མི་ཅོལ་ཆུང་ཞིག་ཡིན་པ་གསལ་འདོན་བྱས་འདུག ཁོ་གནས་ཚུལ་ཆུང་ཆུང་འདི་ལྟ་བུ་ལ་དེ་འདྲའི་ངར་ལངས་རྒྱུ་ཡོད་ན་ཉེ་འཆར་བོད་ནང་ལ་ཤི་བཞིན་པའི་ཉམས་ཐག་དེ་ཚོའི་ཆེད་དུ་ཁོ་ཡང་མེ་སྦར་ན་ཆོག་མོད་ཀྱང་།་དེ་འདྲ་ད་དུང་འབྱུང་ས་མ་རེད། འདི་ལ་བལྟས་ན་ཁོས་ནམ་རྒྱུན་བོད་དོན་ཆེད་དུ་ཡོད་ཚད་གཏོང་ཕོད་ཀྱི་ཡོད་ཅེས་པའི་སྐད་ཆ་འདི་ཡང་ཚིག་སྐམ་ཙམ་ཡིན་པ་ཧ་གོ་ཡོང་།
གཞན་ད་དུང་ཤར་གླིང་ཟླ་སྒྲོན་ཟེར་བའི་སྙིང་ཆེ་མ་ཁྱོད།་ད་ལྟ་ཁྱོད་ཀྱི་རྐུབ་འཇོག་སའི་ས་ཆ་འདི་རྒྱ་གར་ལུང་པ་ཡིན་ཧ་གོ་མ་སོང་ངམ། བོད་ཀྱི་རྒྱལ་དར་འཁྱེར་ནས་ངོ་རྒོལ་བྱེད་ས་དེ་བཀྲིན་ཅན་གྱི་རྒྱ་གར་བ་ཚོ་མ་ཡིན་པར་ཤ་འཁོན་ཅན་གྱི་རྒྱ་ནག་པ་ཚོ་ཡིན་པས་ཁྱེད་རང་ལ་བློ་སྤོབས་དེ་འདྲ་ཆེན་པོ་ཡོད་ན་རྒྱ་ནག་པོའི་སྟེང་དུ་མཆོངས་ཤིག་གོ།
ཀླུ་མཁར་བྱམས་ཀྱིས་བརྗོད་གཞི་གླེང་སྟེངས་དེར་དགའ་བསུ་ཚད་མེད་ཡོད་ལ།ཤར་གླིང་ཟླ་སྒྲོན་ངོ་ཐུག་པོ་ཅན་འདི་ཚོར་རིག་དུས་ནས་ཞེ་མེར་ལངས་ཀི
གློག་བརྙན་འདི་ནང་དུ་བྲིས་པའི་དབྱིན་ཡིག་ ”Free Tibet” ཟེར་ན་བོད་རང་དབང་མ་གཏོགས་བོད་རང་བཙན་ཟེར་གྱི་མེད་པ་རེད། དབྱིན་སྐད་ནང་རང་བཙན་ཟེར་ན་ནི་ ” Independent Tibet” བརྗོད་དགོས།
ཐེངས་འདི་གློག་བརྙན་ནང་བོད་ཟེར་བའི་མིང་བསུབ་པ་ཙམ་གྱིས་ང་ཚོའི་ངོས་ནས་བརྗོད་ན་བློ་ཕམ་སྐྱེ་དགོས་པ་ཆགས་པ་ཡོད།
ཡིན་ནའང་འཁྲབ་གཞུང་རྩོམ་པ་པོ། འཁྲབ་འཁྲིད་པ་སོགས་ཚང་མར་ང་ཚོས་སྙིང་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་དགོས་པ་ཆགས་འདུག
རང་དབང་གི་མིང་དེ་ཡོད་པ་ཙམ་གྱིས་འགྲིག་ནི་བྱོས།
ང་ཚོས་མུ་མཐུད་དེ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཙམ་ཞིག་སྤེལ་ནས་རྒྱ་གར་རྒྱལ་ཡོངས་གསར་འགྱུར་ཆེ་ཁག་ཅིག་ཏུ་བཟོ་ཐབས་ལ་འབད་འབུངས་བྱ་གལ།
གློག་བརྙན་དེ་ཙམ་འདྲ་བྱུང་བ ཧང་སང་ཡ་གི་ཡག་པོ་རེད་་ ང་ཚོས་དེར་རྩོད་པ་བྱས་ན་རྗེས་ཕྱོགས་ཟུར་ཙམ་ཡང་ཐོན་མི་སྲིད་པར་འགྱུར་ངེས་རེད. དེ་ལས་དགའ་བསུ་བྱོས་དང. མ་འོང་བར་དེ་འདྲ་གང་མང་འབྱུང་སྲིད.
དེའི་ཕྱིར་་ཕྱོགས་ཀྱི་གླང་བོ་ལྟ་བུའི་ཤར་གྱི་གླང་བོ་ཟླ་སྒྲོན་གྱི་འབོད་སྐུལ་དེ་ཕྱིར་བསྡུ་གནང་རོགས་ཞུ
གཞན་ Free Tibet ཞེས་པ་བོད་རང་བཙན་ཁོ་ནར་བསྒྱུར་ཨེ་འགྲིག
ཧཧཧཧཧཧ ཤར་གླིང་ཟླ་སྒྲོན་གྱི་གླིང་ལ་གླང་ཆེན་གྱི་གླང་བྲིས་འདུག་པ་འདི
སུས་ཐུབ་ཚོད་བྱས་པ་རེད། མོས་གསར་འགྱུར་འདི་བཀླགས་ཡོད་ན་ཁོང་ཁྲོས་འབར་གྲབས་ཡོད་རྒྱུ་རེད།
དངོས་ཡོད་ཐོག་ནས་བཤད་ན།འདས་བའི་ལོ་དྲུག་ཅུའི་སྔོན་ནས་རྒྱ་གར་གཞུང་ལ་རྒྱ་ནག་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པས།ད་ཐེངས་གི་གློག་བརྙན་འདིའི་ངོས་ནས་བོད་དོན་དུ་འབྲེལ་ན་ཧ་ཅང་གི་རྐྱེན་ཕྲ་ཚགས་ཅིག་རེད།
འདས་བའི་ལོ་འདི་དག་གི་ནང་དུ་བོད་དོན་ཛ་དྲག་གི་བྱུང་རིམ་ནས་ཆགས་འཇིག་གི་གནས་ས་ཅི་ལྟར་འགས་ཡང།རྒྱ་གར་གཞུང་གི་ངོས་ནས་བོད་དོན་གྱི་ལངས་ཕྱོགས་འདི་ལ་ནམ་ཡང་དྲང་བདེན་གྱི་རྒྱབ་སྐྱོར་ཐོབ་མེད་པ་མ་ཟད།དེ་ལས་ལྡོག་སྟེ་བོད་ནི་རྒྱ་ནག་གི་ཆ་ཤས་ཞིག་ཡིན་པའི་གསལ་བསྒྲགས་བསྟར་བ་རེད།འོན་ཀྱང་།ང་ཚོ་ད་བར་དུ་རྒྱ་གར་དུ་གནས་ཐུབ་པ་འདི་ཡང་༸གོང་ས་མཆོག་གི་མཁྱེན་དཔྱོད་བླ་ན་མེད་པའི་མཛད་འཕྲིན་ལ་གོ་ལྡོག་མ་ཐུབ་པ་དང།འཛམ་གླིང་ཐོག་མིང་གི་ཐ་སྙད་ཞིག་འཇོག་ཆེད་ཡིན་པས།བོད་མི་རིགས་དང་བོད་རྒྱལ་ཁབ་ཞེས་བའི་སྟེང་ནས་དུས་ནམ་ཡང་རྒྱབ་སྐྱོར་བྱས་མེད་པ་གསལ་བོ་ཡིན།
བོད་རྒྱལ་དར་འཁོད་པའི་གློག་བརྙན་ཞིག་རྒྱ་གར་གློག་བརྙན་བཟོ་བསྐྲུན་པ་ཞིག་གིས་བཟོས་པ་ལ་ངོ་མ་དགའ་འོས་པ་ཞིག་རེད། སྤྱིར་རྒྱ་གར་ནང་དུ་གློག་བརྙན་བཟོས་སྐབས་ནང་དོན་གྱི་ཐད་ལ་འགྲིག་དང་མི་འགྲིག་གི་གླེང་སློང་མང་པོ་ཡོང་བཞིན་ཡོད། འདི་ནི་རྒྱལ་ནང་གི་རྙོག་གླེང་དང་འབྲེལ་ནས་ཡིན། ད་ལྟ་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་རྟགས་མཚན་ཞིག་དང་འབྲེལ་བའི་སྐད་ཆ་ནི་རྒྱ་གར་མི་རིགས་ལ་མཚོན་ན་གནད་དོན་ཆེན་པོ་གཅིག་ཏུ་ངོས་འཛིན་གྱིན་མེད། འདི་ནི་དོན་དག་ཆུང་ཚགས་ཞིག་རེད།
ཁོ་བོས་བལྟས་ན་བོད་ཀྱི་རྒྱལ་དར་འགྲེང་ནས་གློག་བརྙན་བཟོ་བསྐྲུན་བྱེད་པ་ད་གས་རང་གི་བློ་ཡིད་ཚིམ་སོང་། ངོས་རང་ངེས་པར་དུ་གློག་བརྙན་ངོ་མ་དེ་བལྟ་ཐུབ་པ་བྱེད་ཀྱི་ཡིན། འདི་ནི་ངོས་རང་ནས་གློག་བརྙན་དེར་རྒྱབ་སྐྱོར་མཚོན་བྱེད་ཡིན། བྱས་ཙང་བོད་མི་རྣམས་ཀྱིས་ཀྱང་གློག་བརྙན་ངོ་མ་དེ་བལྟས་པ་ཡིན་ན་རྒྱབ་སྐྱོར་མཚོན་བྱེད་གཅིག་ཏུ་འགྱུར་རྒྱུ་རེད་དྲན། བྱས་ཙང་རྒྱབ་སྐྱོར་གནང་རོགས། སྤྱིར་བཏང་རྒྱ་གར་ནང་དུ་གློག་བརྙན་གྱི་རྒྱུ་རྩལ་དེ་ཧ་ཅང་གི་ཁྱབ་ཆེན་པོ་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། བྱས་ཙང་གོ་སྐབས་འཛིན་ཐུབ་པ་དགོས།
རྒྱ་གར་མི་དམངས་གློག་བརྙན་ལ་ཧ་ཅང་དགའ་བོ་ཡོད་པས། གློག་བརྙན་ནང་ལ་བོད་དོན་སྐོར་ཅི་ཙམ་གྱིས་མང་དུ་སླེབས་ཐུབ་ན་དེ་ཙམ་གྱིས་རྒྱ་གར་མི་དམངས་ཀྱིས་བོད་ངོ་ཤེས་རྒྱུར་ཕན་ལ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་རྒྱུར་ཡང་ཧ་ཅང་ཕན་ཐོགས་ཆེ། བདག་གིས་སྙིང་ཐག་པ་ནས་གློག་བརྙན་འཁྲབ་སྟོན་པ་(Ranbir Kapoor)་གྱིས་འབྲེལ་ཡོད་ཚང་མར་བཀའ་དྲིན་ཆེ་ཞུ། ད་དུང་འདི་ལྟར་འབྱུང་ཐུབ་པའི་རེ་བ་ཡོད།
ད་ཐེངས་རྒྱ་གར་གློག་བརྙན་ཞིབ་བཤེར་ལས་ཁུངས་ཀྱིས་གནང་ཕྱོགས་དེ་རྒྱའི་ཆབ་སྲིད་ཀྱི་གནོན་ཤུགས་འོག་ནས་བྱུང་བ་ལས་དཔལ་འབྱོར་དང་ཚོང་འབྲེལ་གྱི་གནོན་ཤུགས་འོག་ནས་བྱུང་བ་ཞིག་མིན་པར་སེམས། ག྄ང་ཡིན་ཟེར་ན། འཛམ་གླིང་ནང་རྒྱ་གར་གྱི་གློག་བརྙན་ཁྲོམ་ར་ལྟོས་འཇོག་གི་ཆེན་པོ་ཡོད་ཀྱང་རྒྱ་ནག་ནང་རྒྱ་གར་གྱི་གློག་བརྙན་ཁྲོམ་ར་དེ་ཙམ་མེད་པར་སེམས། དེའི་རྒྱུ་མཚན་གཅིག་ནི་རྒྱ་ནག་དེ་ཆབ་སྲིད་ཀྱི་ཐོག་ནས་བརྗོད་ན་གུ་དོག་རིང་ལུགས་པ་ཡིན། དེ་བས་ཟློག་ཏེ་རྒྱ་གར་ནི་གུ་ཡངས་སྤྱི་ཚོགས་ཤིག་ཡིན་སྟབས་རྒྱ་གར་གྱི་གློག་བརྙན་ནང་རང་དབང་གི་རྣམ་པ་རྣམས་ངོས་དང་ཟུར་མང་པོ་ཞིག་ནས་མཐོན་ཡོང་གི་ཡོད། དེར་བརྟེན་རྒྱ་ནག་གི་རྫས་སྤྱོད་པའི་ཁྲོད་རྒྱ་གར་གྱི་གློག་བརྙན་ལ་དགའ་མོས་ཡོད་དབང་དུ་བཏང་ཡང་དེར་ཆབ་སྲིད་ཀྱི་འགོག་རྐྱེན་ཡོད་པ་ནི་སྨོས་མི་དགོས་པ་ཞིག་ཡིན། མདོར་ན་ད་རེས་བོད་དོན་དང་འབྲེལ་བའི་ཚིག་འབྲུ་འགའ་ཕྱིར་བསྡུ་བྱས་པ་དེས་བོད་དོན་ལ་དོ་སྣང་གསར་པ་ཞིག་བསྐྲུན་པ་རེད།་
སྤྱི་བཏང་གློག་བརྙེན་གྲགས་ཅན་ནང་བོད་ཀྱི་ཁྱད་ཆོས་ཚང་བའི་མཚོན་རྟགས་འདྲ་ཡོད་ན་ལེགས་ལ། ད་ཐེངས་གློག་བརྙེན་འདིའི་ནང་སྔར་ཡོད་བོད་དོན་དང་འབྲེལ་བའི་འཕྱར་དར་དང་ཡི་གེ་ནག་གསུབ་བཏང་ཡོད་ནའང་། ང་ཚོའི་བོད་དོན་ལ་ཁྱད་པ་དེ་ཙམ་བཟོས་ཐུབ་མེད་ལ། ད་དུང་དེ་ལས་ལྡོག་ཏེ་རྒྱ་གར་གློག་བརྙེན་བཟོ་བསྐྲུན་ཁང་དང་གློག་བརྙེན་དོ་དམ་ཁང་སོགས་ལ་བོད་དོན་ཐད་གླེང་གཞི་ཞིག་བསྐྲུན་ཐུབ་པ་བྱུང་ཡོད་ལ། རྒྱ་གར་གསར་ལམ་ཁག་དང་མང་ཚོགས་ནང་དུའང་བོད་དོན་ཐད་གླེང་སློང་སྣ་ཚོགས་བྱུང་ཡོད། དེའང་ང་ཚོའི་བོད་དོན་ཁྱབ་སྒྲགས་ལ་ཕན་པ་ཞིག་ཡིན་པས་སེམས་ཤུགས་ཆག་མི་དགོས་སྙམ།
གློག་བརྙན་ལྟས་ཚར་ཙམ་ཡིན་“ བོད་རང་བཙན” ཞེས་པ་ལས“བོད”ནག་གསུབ་བཏང་འདུག་འོན་ཀྱང་འཕྲེད་དར་དེ་དུས་ཡིན་ཐུང་ཙམ་ལས་མུ་འདུག་ འཕྲེད་དར་འཁྱེར་མཁན་Ranbir Kapoor ཉིད་རེད་མི་འདུྲག དགའ་འོས་པ་ཞིག་ལ་Ranbir Kapoor་ཡི་བོད་ཀྱི་རྒྱལ་དར་དང་བོད་རང་བཙན་ཞེས་པའི་འཕྲེད་དར་ཆུང་ཆུང་ཞིག་ཉིད་ཀྱི་དཔུང་བར་གློག་བརྙན་ཕྱེད་ཀ་ཙམ་ལ་བཏགས་བ་མཐོང་ཀྱི་འདུག