དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན།
ངོས་ནས་བརྡ་ཁྱབ་འདི་བཞིན་བོད་མིའི་ཆབ་སྲིད་ཀྱི་གཞུང་འཛིན་ལ་འགྱུར་བ་ཕྱིན་པས་དབང་གིས་ངོས་རང་ཉིད་དང་དེ་འབྲེལ་ལས་དོན་ལ་ཤུགས་རྐྱེན་ཇི་ཆགས་དང་འབྲེལ་བའི་ཐོག་ནས་བཏོན་པ་ཞིག་ཡིན།
མཁྱེན་གསལ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དགོངས་ཡངས་དཀྱེལ་ཆེའི་ཐོག་ཁོང་གི་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་འོས་འདེམས་བྱས་པའི་བོད་མིའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ནས་བོད་མི་རྣམས་འགན་དབང་ཆེ་རུ་འགྲོ་བའི་མདུན་བསྐྱོད་རླབས་ཆེན་གནང་བ་ནི། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༥ པའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ཁག་ལ་འགྱུར་བ་བཏང་ཞིང་། དེ་རྗེས་ཕྱི་ཟླ་ ༦ པའི་ནང་འགན་དབང་ཆེ་རུ་ཕྱིན་པའི་བོད་མི་མང་སྤྱི་འཐུས་གསར་པ་ལྷན་ཚོགས་གནང་བ་དང་། དེ་བཞིན་ཕྱི་ཟླ་ ༨ པའི་ནང་འགན་དབང་ཆེ་རུ་ཕྱིན་པའི་བཀའ་བློན་ཁྲི་པ་གསར་པའི་མཛད་འཁུར་དབུ་འཛུགས་གནང་བ་བཅས་ཀྱིས་ལས་རིམ་དེ་ད་ཆ་ཡོངས་སུ་གྲུབ་ཡོད།
ཕྱི་ལོ་ ༡༩༩༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་འབྲེལ་ལམ་གྱི་ལས་དོན་ཆེ་ཁག་ཞུ་རྒྱུའི་ཆེད་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞིས་ཐོག་གུས་ལ་ཁོང་གི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་གཞག་སྩལ་བྱུང་། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་དང་ཕྲན་རང་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་དོན་ནས་རྒས་ཡོལ་ཞུས་ཀྱང་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་འོས་འགན་མུ་མཐུད་ཞུས་པ་ཡིན།
ཉེ་ལམ་གྱི་འགྱུར་བ་མ་ཕྱིན་བར་དུ་༧གོང་ས་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཡིན་པར་བརྟེན་ཕྲན་ནས་གཙོ་བོ་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་དོན་ཁག་དང་། དེ་འབྲེལ་སྲི་ཞུ་བ་དང་ཚོགས་ཁག་བཅས་ལ་རོགས་ཕན་གང་ཞུས་དེ་དག་འགལ་ཟླ་གང་ཡང་མེད། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གནད་དོན་དང་། ཡང་ཨ་རིའི་གཞུང་ལ་ཞུ་གཏུགས་དགོས་རིགས་ལས་དོན་གཞན་ཐོག་ཕྲན་ནས་ནིའུ་ཡོག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་རིམ་པ་དང་ལྷན་དུ་ལས་འཁུར་མཉམ་རུབ་ཞུས་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིར་འགྱུར་བ་ཕྱིན་པ་དང་བཅའ་ཁྲིམས་ལ་བསྒྱུར་བཅོས་དང་སྟབས་བསྟུན་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༥ པའི་ནང་བཀའ་ཤག་ནས་གུས་ལ་དེའི་ཁོངས་སུ་ལས་འགན་ཞིག་བསྐོ་གཞག་གནང་འདོད་ཡོད་པ་གསུངས་བྱུང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ནས་ཡུན་རིང་སྔོན་རྒས་ཡོལ་ཞུས་ཟིན་པ་དྲན་སྐུལ་དང་བཅས་བཅའ་ཁྲིམས་ཀྱི་ཆ་རྐྱེན་དེ་དག་ཕྲན་གྱི་འོས་འགན་ལ་འབྲེལ་བ་ཆགས་ཀྱི་མེད་སྐོར་བཀའ་ཤག་ལ་དེ་འཕྲལ་ཕྱག་བྲིས་ཤིག་ཀྱང་ཕུལ་བ་ཡིན།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐད་ཀའི་ཆབ་སྲིད་ཀྱི་དབུ་ཁྲིད་འོག་གུས་ནས་དགའ་ལྡན་ཕོ་བྲང་གི་གཞུང་འཛིན་ཉིན་མཐའ་མའི་བར་ལ་ཞབས་ཕྱི་གང་ནུས་བསྒྲུབ་རྒྱུའི་གོ་སྐལ་བྱུང་བ་ནི་ཤིན་ཏུ་ནས་སྐལ་པ་བཟང་པོ་ཡིན།
ཉེ་ཆར་གྱི་འཛིན་སྐྱོང་གི་འགྱུར་བའི་རྗེས་ངོས་ནས་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་གནད་དོན། དེ་ཡང་ཆེ་ཁག་ཨ་རིའི་གཞུང་ངམ་གཞུང་གཞན་དག་ཚོ་དང་འབྲེལ་བ་བྱེད་རྒྱུའམ། ཡང་ན་ཆུང་ཙག་ངོ་སྤྲོད་ཡི་གེ་འབུལ་རྒྱུ་མཚོན་པ་རྣམས་མཚམས་འཇོག་ཞུས་པ་ཡིན། དེང་གནད་དོན་དེ་རིགས་ཆ་ཚང་ནིའུ་ཡོག་ཏུ་ཡོད་པའི་བོད་ཀྱི་དོན་གཅོད་ཁང་ནས་ཐུགས་འགན་བཞེས་བཞིན་ཡོད།
འོན་ཀྱང་དེ་ནི་གུས་ནས་སྒྲིག་འཛུགས་གསར་པ་དེ་ཡི་ལས་དོན་ལ་ཕྱག་རོགས་ཞུ་འདོད་མེད་པ་དང་། ཡང་ན་བཀའ་ཤག་གསར་པ་ནས་གུས་ལ་ཡིད་ཆེས་མེད་པ་དེ་འདྲ་གང་ཡང་མིན་པར། ད་ལྟའི་སྒྲོམ་གཞི་གསར་པའི་འོག་དེ་སྔའི་བརྒྱུད་རིམ་གྱི་གནད་དོན་རྣམས་གསལ་པོ་བཟོ་རྒྱུའི་རིམ་པ་ཙམ་ཞིག་ཡིན། བརྗོད་མ་དགོས་པ་ཞིག་ལ་རང་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་གསར་པར་ཞབས་ཕྱི་དང་དེ་བཞིན་ལམ་སྟོན་གང་ནུས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། དོན་གནད་འདིའི་ཐོག་གུས་ནས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བཀའ་བསྡུར་ཐེངས་མང་ཞུ་རྒྱུའི་གོ་སྐབས་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ལས་གནས་ཐོག་དུས་ཡུན་གང་འཚམས་རིང་མུ་མཐུད་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་ལྷན་འགན་འཁུར་ཞུས་ཐོག་རྒྱ་ནག་གཞུང་གི་དབུ་ཁྲིད་དང་མཉམ་དུ་རང་ཕྱོགས་ནས་གྲོས་མོལ་ཡོང་ཐབས་འབད་རྩོལ་དང་གྲོས་མོལ་གྱི་ལས་རིམ་འགན་ཁུར་ཞུ་རྒྱུ་ཡིན། ལས་འགན་དེའི་ཐོག་ཕྲན་གྱི་ངོས་ནས་གྲོས་མོལ་གྱི་ལས་རིམ་ལ་རོགས་ཕན་དང་ཐུགས་སྣང་གནང་མཁན་གྱི་གཞུང་ཁག་གིས་གཙོས་ཚོགས་སྒེར་རྣམས་དང་མུ་མཐུད་འབྲེལ་འདྲིས་བྱེད་རྒྱུ་ཡིན།
ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་དང་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་ཧ་ཅང་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་བལྟས་ན་གྲོས་མོལ་ཡོང་ཐབས་འབད་རྩོལ་བྱ་རྒྱུ་ཡང་ཕན་ཐོགས་མེད་པ་ལྟ་བུ་རེད། འོན་ཀྱང་ཕྱོགས་གཞན་ནས་བསམ་ཚེ་ད་ལྟའི་ཛ་དྲག་གི་གནས་སྟངས་དེར་གདོང་ལེན་བྱེད་རྒྱུ་ནི་གྲོས་མོལ་ལས་ཐབས་ལམ་གཞན་གང་ཡང་མེད་པ་བསམ་ཡོད་སུས་བལྟས་ཀྱང་ཤེས་ཐུབ་པ་ཞིག་ཡིན།
༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཝ་ཤིང་ཊོན་ཌི་སི་ནས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༡
བཙན་བྱོལ་ནང་གི་ལོ་ངོ་དྲུག་ཅུ་ཉེ་བའི་ལོ་རྒྱུས་ནང་རྒྱ་རི་རིན་པོ་ཆེ་ཚང་མི་སྣ་བྱེས་རྗེས་ཅན་དང་འབྱོན་ཐང་ཅན་ཞིག་ཡིན་པས་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བཀོད་འོས་པའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེ་ཞིག་ཆགས་ཡོད་པས་ཁོང་གི་སྐོར་འབྲི་ཐུབ་ན་ཡག་པོ་འདུག
རྒྱ་རིའི་སྐོར་ནས་རྩོད་པ་མ་རྒྱགས་རོགས་གནང་། སྔར་འཇོན་མ་འཇོན་ང་ཚོས་མཐོང་ཚར་བ་རེད། ཕྱིན་ཆད་འཇོན་མིན་ང་ཚོས་བལྟ་ཆོག
གནས་ཚང་ལགས། ཕྱི་རྒྱལ་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་རྣམས་༧གོང་ས་མཆོག་གི་མཚན་གཡར་ཐོག་ནས་བཀའ་ཤག་གསར་པས་བསྐྱར་དུ་བསྐོ་གཞག་གནང་བ་དེ་མཁྱེན་པ་གནང་དགོས།
ཐུབ་བསྟན་དང་གནས་ཚང་ལགས་འཕན་ཚུན་རྩོད་རེ་མ་སྣང་།
རྒྱ་རི་ཟེར་བའི་མི་དེ་རྒྱ་རང་རེད། ད་བར་༸གོང་མཆོག་གི་ཚན་ཐོགས་ནས་སྒེར་དོན་གྲུབ་པ་མ་རྟོགས་བོད་ལ་འཕན་འཐོགས་པའི་ལས་ཞིག་ནམ་ཡང་བྱས་མྱོངས་མེད།
གནས་ཚང་ལགས། ཧ་ཅང་སྲིད་དོན་ལ་མཁས་མདོག་མ་སྟོན། ༧གོང་ས་མཆོག་གིས་ བཀའ་ཤག་ལ་སྲིད་དོན་ཐད་ནས་ཁོང་གི་མཚན་བཀོལ་ཆོག་པའི་ཐོབ་ཐང་ཆ་ཚང་སྤྲད་ཡོད་ཟེར་བ་ག་རེ་རེད་དམ། སྐུ་ཚབ་དོན་གཅོད་ཁག་ལ་ཁོང་གི་མཚན་བཀོལ་ཆོག ཅེས་པ་ཙམ་ལས་བཀའ་ཤག་གིས་རང་སྣང་གང་དྲན་གྱིས་༧གོང་ས་མཆོག་གི་མཚན་བཀོལ་ཆོག་པ་ང་ཚོས་དེ་རིང་མ་གཏོགས་གོ་མྱོང་མེད་ལ། དེ་ལྟར་བཀོལ་ན་ངོ་རྒོལ་ཡང་བྱེད་ངེས་ཡིན།
ཐུབ་བསྟན་དང་སྐུ་ངོ་རྒྱ་རི་མི་གཅིག་ཡིན་མིན་གང་ལྟར་གསལ་བོ་དག་པོ་བྱས་ནས་མཁྱེན་དགོས་པ་ནི། གོང་ས་མཆོག་གིས་ཁོང་གི་མཚན་གཡར་ཆོག་ཅེས་པ་ལས་གང་བསྟན་ཡོད་དམ། བཀའ་ཤག་ལ་སྲིད་དོན་ཐད་ནས་ཁོང་གི་མཚན་བཀོལ་ཆོག་པའི་ཐོབ་ཐང་ཆ་ཚང་སྤྲད་ཡོད་པས། བཀའ་ཁྲིསདམིགས་འཛུགས་བྱེད་དགོས་པ་ཞིག་ལས་གོང་ས་མཆོག་ལ་འབྲེལ་བ་ཆགས་ཡོད་པ་མ་རེད། ཡིན་ནའི། ད་ལྟའི་གནས་སྟངས་འདི་མུ་མཐུད་དུ་ཕྱིན་པ་ཡིན་ན། གུས་པས་གོང་དུ་ཞུས་པ་ལས་ལམ་ཁ་ལྷག་མི་འདུག འདི་ན་སྲིད་དོན་གྱི་ཐབས་ལམ་ཞིག་བཤད་ཀྱིན་པ་ལས་སྐུ་ངོ་རྒྱ་རིར་འཇོན་ཐང་ཡོད་མེད་དང་བྱས་རྗེས་ཆེ་མིན་རྐང་གཅིག་གླེང་གི་ཡོད་པ་མ་རེད། ད་མཁྱེན་སོང་ངམ།
བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལས་ལྷག་གི་ཤེས་འཇོན་ལྷག་བསམ་ཅན་རེ་ཡོད་ན་ཡར་ལོངས་དང་། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ལས་ཀ་སྤྲད་ངེས་རེད། རྒྱ་དམར་ལ་གསལ་བཤད་ཀྱིས་རྒྱ་གཞུང་ལ་གོ་བརྡ་ཡག་པོ་སྤྲོད་ཐུབ་མཁན་རེ་ཡོད་ན་ལྐོག་ལབ་བྱེད་དགོས་ཅི་ཡོད་ཡར་ལོངས་ཤིག་དང་། དེའི་རིགས་ལ་ང་ཚོས་ལས་ཀ་སྤྲོད་ངེས་ཡིན།
ག་དུས་ཡིན་ཡང་ཁ་ཕྱིར་ལོག་སྡོད་པའི་ཐེ་ཝན་ཕོགས་ཟན་དང་། དེའི་རིགས་ཀྱིས་སྣང་བར་མི་འགྲོ་བར་ངེས། དེ་ང་ཚོས་ཤེས་ཤེས་པ་རེད། འོན་ཀྱང་རྒྱ་རི་ཚང་ལ་ང་ཚོས་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་འོས། །
སྔ་བར་ཕྱི་གསུམ་དུ་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ཚུལ་བཞིན་བསྒྲུབས་ཏེ། བོད་གཞུང་མང་ལ་ཞབས་ཕྱི་ཡང་དག་ཞུ་མཁན་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ད་བར་སྐུ་ངལ་ཚད་མེད་བཀྱོན་ཏེ། ལངས་ཕྱོགས་འགྱུར་མེད་གནང་བར་བཀའ་དྲིན་རྗེས་དྲན་དང་། སླད་མའི་ཆར་ཡང་ཁོང་གི་ཆོས་སྲིད་ཀྱི་མཛད་བཞེད་མཁའ་དག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ། མིང་རྫུན་རེའི་འོག་ཡུབ་ནས་དྲ་འབུ་སྐྱག་ཟན་རེ་ཟུང་གིས་ག་རེ་ཤོད་མིན་ལ་ལྟོས་པ་ཅི་ཡོད། ༧གོང་ས་མཆོག་གི་དབུ་ཁྲིད་འོག་དངོས་གནས་རྒྱ་རི་ཚང་ལ་གཟི་བརྗིད་ཡོད།
གནས་ཚང་ལགས། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ནི་ཐད་ཀར་༸ གོང་ས་མཆོག་གིས་དམིགས་འཛུགས་གནང་བའི་སྐུ་ཚབ་ཞིག་ཡིན་སྟབས་ཁོང་ལ་ང་ཚོས་དམིགས་བསལ་སྐུ་ཚབ་ཅེས་འབོད་ཀྱིན་པ་དེ་རེད།
གལ་ཏེ་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཐད་ཀར་དམིགས་བསལ་སྐུ་ཚབ་ཏུ་བསྐོས་ན་དེ་ནི་བཙན་བྱོལ་གཞུང་གི་སྐུ་ཚབ་གཅིག་རང་བཞིན་གྱིས་ཆགས་པ་རེད།
ད་ལྟའི་ཆར་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ནི་བགྲེས་ཡོལ་ཆ་ཚང་དུ་ཕེབས་ཏེ་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་ཟིན་སྟབས། རྒྱ་རི་རིན་པོ་ཆེས་མཆོག་དམིགས་བསལ་གྱི་སྐུ་ཚབ་ཐུགས་འགན་མུ་མཐུད་བཞེས་ན་ཏིང་ཞའོ་ཕིན་ལྟར་༸ གོང་ས་མཆོག་ཡོལ་བའི་བརྒྱབ་ཀྱི་བཀོད་ཇུས་པ་ཞིག་ཚུལ་ཇི་ལྟར་བྱས་ནས་ཆགས་སམ།
ངས་བལྟས་ན་༸གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་སྤྱི་དང་། སྒོས་སུ་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་རྫོགས་པ་རྩིས་སྤྲོད་གནང་བའི་ཚུལ་དེ་ནི་འཛམ་གླིང་རྒྱལ་སྤྱིའི་སྟེང་དུ་ཕྱི་གསལ་ནང་གསལ་ཞག་རེད་བསམས།
དེ་བཞིན་ང་ཚོ་སྟེ་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་བརྗོད་ནས་ཕྱི་གསལ་ནང་གསལ་ཡིན་པ་ལས་དེར་ལུས་གཅིག་ལ་མགོ་གཉིས་ཟེར་བའི་གནས་ལུགས་དེ་འདྲ་ཞིག་གཏན་ནས་མེད་པ་རེད།
ཡིན་ནའང་ད་བར་བཀའ་ཟུར་རྒྱ་རི་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་དོན་སྲི་ཞུ་དང་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་ལོ་མང་རིང་བཞུས་སྟབས། ད་ཆ་ཁོང་ཡང་བགྲེས་ཡོལ་དུ་ཕེབས་ཏེ་དེའི་ཚབ་ཏུ་སྐུ་ཚབ་ཅུང་ལོ་ན་གཞོན་པ་གཞན་ཞིག་བསྐོས་ན་ལེགས་པར་མཐོང་གིན་ཡོད།
གང་ཡིན་ཟེར་ན་ང་ཚོའི་བོད་ཀྱི་རྩ་དོན་དེ་གལ་འགངས་ཤིན་ཏུ་ནས་ཆེན་པོ་ཞིག་ཡིན་སྟབས། མི་རབས་གསར་པ་ཚོས་མུ་མཐུད་བོད་ཀྱི་གནད་དོན་དེ་ཕྲག་ཐོག་ཏུ་འཁྱེར་ཐུབ་པ་བྱེད་དགོས།
སྐུ་ངོ་རྒྱ་རིའི་གསལ་བསྒྲགས་འདི་ལས་ཉེན་ཁ་གཉིས་མཐོང་གི་འདུག
༡ གོང་ས་མཆོག་ནས་སྲིད་འགན་རྩིས་སྤྲད་ཟིན་པས། དམིགས་བསལ་སྐུ་ཚབ་མུ་མཐུད་དུ་གནས་པ་ཡིན་ན། རྒྱ་གཞུང་གིས་བསྒྲགས་ཀྱིན་པའི་ཡོལ་བའི་རྒྱབ་ཀྱི་ཐག་གཅོད་ཅེས་པ་དོན་དངོས་སུ་གྱུར་འདུག
༢ གལ་སྲིད་དམིགས་བསལ་སྐུ་ཚབ་ཅིག་དགོས་ཀྱི་ཡོད་ན། བཀའ་ཁྲིས་ཐད་བསྐོས་གནང་དགོས་ཀྱི་འདུག དེ་ལས་ལྡོག་ན། ལུས་པོ་གཅིག་ལ་མགོ་བོ་གཉིས་ཀྱི་རྗེས་སུ་སོང་ཡོད་པར་མ་ཟད། མ་འོངས་པར་བོད་ཀྱི་ཆིག་སྒྲིལ་དང་སྟོབས་ཤུགས་ལ་བརྡབ་སྐྱོན་ཆེན་པོ་བྱུང་ངེས་རེད།
སྤྱིར་བཏང་བློ་གྲོས་རྒྱལ་མཚན་གྱིས་གོང་ས་མཚོག་གི་དམིགས་བསལ་སྐུ་ཚབ་མིང་ཐོག་ནས་བོད་དོན་ཐོག་ལ་ཕྱག་ལས་ཡུན་རིང་གནང་ཡོད་པ་ནི་ངོས་རང་ནས་ངོས་འཛིན་བཞིན་ཡོད། འདི་ནི་བོད་དོན་ཐོག་ལ་ཕྱག་ལས་གནང་མཁན་ཀུན་དང་མཚུངས་པ་ཞིག་ལས་དམིགས་བསལ་བ་གང་ཡང་མིན། རྒྱལ་ཁབ་གཞན་ཁག་གི་དམིགས་བསལ་སྐུ་ཚབ་རྣམ་པས་ཀྱང་ཕྱག་ལས་དེ་ལྟར་གནང་བཞིན་ཡོད། ཆབ་བྲག་ལགས་ཀྱིས་བློ་གྲོགས་རྒྱལ་མཚན་ཁོང་ནི་༸གོང་ས་མཆོག་གི་ཕྱག་ཡ་གཅིག་རེད་ཟེར་བ་ནི་ངོ་མ་སྤྲེད་ལས་ཁྲབ་པ་རང་རེད། བསྟོད་མ་ཤེས་ན་མ་བསྟོད་པ་ཡག་གི་རེད།
བློ་ཕམ་པ་གཅིག་ལ་ཁ་བརྡ་དྲ་རྒྱ་ནི་དེང་སང་མཆན་འདེབས་མཁན་གྱི་བསམ་འཆར་ལ་སྐྲག་ཐག་ཆོད་ནས་སྨྲ་བརྗོད་རང་དབང་ལ་བཀག་འགོག་ཀྱིས་དང་པོ་ནས་མཆན་སྒོ་རྒྱག་འདུག ཧ་ཧ་ཧ་ཧ་ སྤྱིར་བཏང་མཆན་རིགས་ལ་ཡག་སྡུག་སྣ་ཚོགས་ཡོང་གི་རེད། བརྗོད་གཞི་དང་འབྲེལ་བ་ཡོད་ན་མཆན་སྡུག་པ་ཡིན་ན་ཡང་འགོད་བཅུག་དགོས་པ་རེད། བརྗོད་གཞི་དང་འབྲེལ་མེད་ཡིན་ན་མཆན་ཇི་འདྲ་ཡག་ན་ཡང་བསུབ་དགོས་པ་ཡིན། འདི་ནི་མཆན་གྱི་འགྲོ་ལུགས་ཡིན། འགྲོ་ལུགས་ཤེས་དགོས་ན། རྒྱལ་སྤྱིའི་གསར་འགྱུར་དྲ་ཚིགས་ཁག་གི་མཆན་ལ་གཅིག་གཟིགས་དང་། ཡག་སྡུག་སྣ་ཚོགས་ཡོད། དྲ་ཚིགས་དེ་དག་ལ་གཟིགས་ན་ངོ་མ་དམངས་གཙོའི་ཚོར་བ་དེ་ཡོང་གིན་འདུག བོད་ཡིག་གི་དྲ་ཚིགས་ཁག་ལ་མཆན་འབྲི་སྐབས་དམངས་གཙོ་ཡིན་པའི་ཚོར་བ་ཤུགས་ཆེན་པོ་དེ་ཙམ་སླེབས་ཐུབ་ཀྱི་མིན་འདུག
རྒྱ་རི་ལགས་ནས་གཞུང་ཞབས་ཡུན་རིང་གནང་བ་ལ་ཡག་པོ་རེད། ཡིན་ནའང་གྲུབ་འབྲས་
ག་རེ་ཐོན་ཡོད་མེད་ཕྱི་མིག་ཤིག་ལྟོས་དང། བོད་རྒྱ་འབྲེལ་མོལ་ཐོག་ངས་མཐོང་ཡ་ལ་གྲུབ་
འབྲས་གང་ཡང་མཐོང་གི་མིན་འདུག གྲུབ་འབྲས་མེད་བཞིན་དུ་གྲུབ་འབྲས་ཐོན་འདུག་
གསུང་ཡ་དེ་བོད་སྤྱི་པའི་འགན་འཁུར་མེད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། གྲུ་འབྲས་
ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་མེད་ཤེས་ཀྱི་མི་འདུག དམིགས་གསལ་
སྐུ་ཚབ་རྣམ་པ་ཕེབས་ནས་རྒྱ་མིའི་དེ་སྔོན་༸གོང་ས་མཆོག་ལ་སྐུལ་འདེབས་བྱེད་མ་མྱོང་བ་བྱེད་
པ་དང། བོད་མིས་ཐོག་དྲག་གནོན་ཚད་ལས་འགལ་བ་བྱེད་མུས་རེད། དེ་ལ་གྲུབ་འབྲས་རླབས་
ཆེན་ཐོན་པ་ལབ་པ་དེ་བོད་སྤྱི་པའི་འགན་འཁུར་མེད་པའི་སྐད་ཆ་རེད། རྒྱ་ནག་དམར་པོས་
གཞུང་གི་གསལ་བསྒྲགས་ནང་རྒྱ་རི་བློ་རྒྱན་ཅན་གྱི་ཡིག་ཆ་ནོར་བུ་ལྟ་བུར་དེ་ང་ཚོ་ལ་རག་པ་དེ་
གྲུབ་འབྲས་མེད་ན་གང་ཡིན་ལབ་པ་དེ་ཁྱེད་རང་ཚོ་གི་གོ་ཚོར་མ་བྱུང་ངམ། དེ་བོད་ཀྱི་གྲུབ་
འབྲས་རེད་དམ་རྒྱའི་གྲུབ་འབྲས་རེད། འགན་འཁར་མེད་པ་རང་རེད། ཧཧཧཧཧཧ
ཚེ་རིང་བཀྲ་ཤིས་ལགས། འཇིག་རྟེན་ཕ་རོལ་དུ་འགྲོ་དགོས་མིན་མི་ཤེས་ཀྱང་། དྲྭ་བ་འདི་ནས་རྒྱང་ལ་བུད་རྒྱུ་དེ་ཁྱེད་རང་རེད་འདུག ཡིག་སྟར་ཁ་ཤས་ནང་ཡིག་ནོར་རྐྱང་རྐྱང་གིས་བཀངས་འདུག འདི་ལྟར་ཡིག་ནོར་དང་ཁ་ངན་རྐྱང་རྐྱང་བཏང་བསྡད་ན། མི་སྒེར་ཙམ་མ་ཟད། ཐ་ན་བོད་མི་རིགས་ཀྱི་བླ་སྲོག་ཨ་ནུས་མཛད་པའི་གསལ་བྱེད་སུམ་ཅུ་དེའང་རྨང་ནས་འགྱེལ་ས་རེད།
ཡང་དུ་ང་ཚོ་བོད་ཀྱི་གཤིས་སྤྱོད་བཟང་པོ་དེ་བག་ལ་ཞ་ནས་ནམ་རྒྱུན་ལྟར་རྐང་འཐེན་ལག་དྲུད་བྱ་རྒྱུའི་འགོ་འཛུགས་བྱེད་ཀི། ༧སྐྱབས་མགོན་ཆེན་པོའི་ཐུགས་ཀྱིས་གཏད་དེ་གང་གི་སྐུ་ཚབ་ཏུ་བསྐོ་བཞག་གནང་བའི་རྒྱ་རི་བློ་གྲོས་མཆོག་གིས་བོད་གཉེན་འཕྲང་གི་དུས་འདིར་སྲི་ཞུ་བླ་མེད་གནང་བར་རང་རེ་བོད་གངས་ཅན་པ་ཚོ་སྙིང་ནས་སྤྲོ་བ་ལྡན་དགོས་པ་ལས་འཁང་ར་དང་སྨོད་ཚིག་རིགས་བྱེད་ན་འཇིག་རྟེན་འདིའི་བཟང་སྤྱོད་དང་། ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་ལས་འབྲས་ལའང་འཇོལ་ཉོག་ཏུ་འགྲོ་བ་མ་ཡིན་ནམ། མ་གཞི་ལས་སྟངས་འདི་འདྲ་ཞེ་ཅིག་བྱས་པའི་ཉེར་ལེན་ལ་བརྟེན་ནས། ཨོ་རྒྱན་གུ་རུས་ཀྱང་། བོད་ལ་དྲན་ཆེན་བྱས་ཀྱང་དྲིན་མི་འཚོར། ཞེས་གསུང་འདུག་པས་རང་རེའི་གཤིས་ཀ་ངོ་མ་དེ་དེ་ཡིན་པ་འདྲ།
རེད་དང་མ་རེད་ཀྱི་བསམ་ཚུལ་ཞིག་མེད་ནའང་། གོང་བཀོད་ཨ་ལ་ལ་ཡི་བསམ་ཚུལ་དེར་འཐའ་གཅིག་དུ་བརྒྱ་སྐྱོར་ཡོད། དེ་དངོས་ཡོད་རེད།་འོན་ཀྱང་། ཁོང་གི་ལྷག་བསམ་གྱི་མཛད་རྗེས་དྲི་མ་ཅུང་ཟད་ཅིག་མེད་པར་གསལ་གསལ་དྭངས་དྭངས་ཡིན་པས་གྲོགས་པོ་ཚོས་ཚིག་ངན་པར་བེད་སྤྱོད་བྱས་ན་ཅི་འོས། །
ད་ཡང་བོད་གཞུང་གི་གཞུང་ཞབས་ཐེ་ཝན་ཕོག་ཟན་ནང་དཀྲུགས་འདྲ་བྱས། བླ་མ་ཚོ་ལ་ཁ་གཏད་འདྲ་བརྒྱབ། མྱི་འཇོན་ཐང་ཅན་ཚོར་འཕྲོ་བརླག་འདྲ་ཐོང་ཡ།
བཙན་བྱོལ་བས་བཤད་པ་དེ་ལྡེན་པ་རེད་།
རྒྱ་རི་ཟེར་བའི་མི་དེས་འཕན་འཚུན་བརྡ་ལན་ཏག་ཏག་ཞིག་རྩ་བ་ནས་བསྐྱལ་ཀྱི་ཐུབ་མེད།
དཔེར་ན་ཀྲུའུ་བྱོན་གྱིས་ཏཱ་ལའི་བླ་མས་རང་བཙན་བརྩོད་ཀྱི་མེད་ན་ཡག་པོ་རེད་ཞེས་བརྗོད་པས། རྒྱ་རི་ཁོ་བས་༸གོང་ས་མཆོགས་ལ་རྒྱ་ནག་གཞུང་གི་༸གོང་ས་མཆོགས་ཀྱི་རང་བརྩན་བརྩོད་གྱི་མེད་པར་མཁས་བླངས་ཞེས་ཞུས་ཡོད། དེ་བརྗེས་༸གོང་ས་མཆོགས་ཀྱི་ཨོ་སེ་ཀྲི་རི་ནང་ལ་ངོས་ཀྱིས་རང་བརྩན་བརྩོད་ཀྱི་མེད་པ་རྒྱ་ནག་དབུས་གཞུང་གིས་ངོས་ལེན་བྱས་ཡོད་ཞེས་བསར་འགོད་གསལ་བསྒྲགས་གནང་དུས། གསང་ཉིན་དེ་རང་ལ་ཀྲུའུ་བྱོན་གྱིས་ཏཱ་ལས་མི་མང་ལ་མགོ་སྐོར་སྟོང་གྱི་འདུག་ང་ཚོས་དེ་འདྲ་རྩ་བ་ནས་བརྗོད་མེད་ཞེས་བསར་འགོད་གསར་བསྒྲགས་བྱས་ཡོད། ང་ཚོ་ཕན་ཚུན་གྱི་སྐད་ཆ་tape recode ནང་ལ་ཡོད་ཞེས་བརྗོད་དུས།
རྒྱ་རིའི་ཁ་རྒྱ་སྒོར་གྱིས་སྐག་པ་ཡིན་ནམ་སྐྱག་པས་སྐག་པ་ཡིན་ནམ་གང་ཡིན་མི་ཤེས་ཁ་སྒྲགས་རྒྱུ་མིན་འདུག།
ཁྱེད་ཀྱི་རྟ་ལམ་བོང་བུས་བཀག་མི་དགོས་སོང་ཅིག་འཇིག་རྟེན་ཕ་རོལ་དུ་སོང་ཞིག།
བོད་རྒྱ་འབྲེལ་མོལ་གྱི་ལམ་ཁ་དེ་རྒྱ་ནག་དབུས་གཞུང་དང་བཙན་བྱོལ་སྒྲིག་བཙུགས་གཉིས་ནས་བོད་མི་ཡོད་དོ་ཅོག་ལ་ཕྱེས་བཞག་པའི་ལམ་ཁ་རེད་མ་གཏོགས་སྐུ་ཚབ་གཉིས་པོས་རང་ལ་ཕྱེས་བཞག་པ་ཞིག་གཏན་ནས་མིན། ག་རེ་རྟ་ལམ་དང་བོང་ལམ་འཇོན་ཐང་ཡོད་ན་ཁྱེད་རང་གིས་བྱས་ཀྱང་ཆོག ཡིན་ཅིག་རྐུབ་བཀྱག་གཅིག་གི་སྟེང་བསྡད་ནས་ཞི་མོལ་བྱེད་དགོས་པ་དེ་འདྲ་གང་ཡང་མ་རེད། ཐ་ན་དྲྭ་ཐོག་ནས་བསམ་ཚུལ་བརྗེ་རེས་ཚུད་པའི་ཞི་མོལ་གྱི་ལམ་ཁ་ཡོད་ཡོད་པ་རེད་ལོ། སྡུག་སྐད་མ་རྒྱག དམྱལ་བར་ལྷུང་ཡོང་།
རྒྱ་རི་ལགས་ཀྱི་ལོ་མང་བོད་གཞུང་གི་ལས་བྱེད་གནང་བ་ཡག་པོ་རེད། ཐུགས་རྗེ་ཆེ། འོན་ཀྱང་ཡུད་ཤོད་དགོས་མིན་འདུག ཞབས་ཕྱི་ང་ཚོ་ཚང་མས་ཞུ་གི་ཡོད་རེད། ང་ཚོ་ཚང་མས་ངས་འདི་དང་འདི་བྱས་ཡོད་ཅེས་འུད་ཤོབ་ཤོདདགོས་པ་རེད་པས། ཞབས་ཕྱི་ཟེར་བ་ཚིག་སྙན་པོ་རེད་མ་གཏོགས་སོ་སོའི་ལྟོ་གོས་དོན་དག་མ་རེད་པས། གཞུང་གི་ཞབས་ཕྱིའི་མཚན་གནས་འོག་ནས་རང་གི་སྒེར་དོན་ལ་ཧ་ཅང་གི་ཕན་གྱི་མེད་རེད་པས། རང་དོན་དོར་ཏེ་བོད་སྥྱི་པའི་དོན་ལ་ལས་ཀ་བྱེད་ཀྱི་ཡོད་ན་དངོས་ནས་ཧང་སངས་དགོས་པ་རེད། དེ་མིན་སུས་ཀྱང་ཡུད་ཤོད་ས་མེད། ཧ་ལས་ཀྱི་མིན་འདུག
རྒྱ་རི་རིན་པོ་ཆེ་ནས་དྲང་བདེན་དང་ལྷག་བསམ་གྱི་༸གོང་ས་མཆོག་དང་བོད་མི་དམངས་ལ་ཞབས་ཞུ་ཞུས་གནང་བ་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལོ་ན་དང་དུས་ཚོད་འཇོན་ཐང་གང་གི་ཐད་ནས་བལྟས་ཀྱང་ངལ་གསོ་དང་ལས་མཚམས་འཇོག་རན་རེད་འདུག སྐད་ཡིག་སོགས་ལ་མཁས་པོ་ཡོད་ཚོད་འདུག འོན་ཀྱང་དེ་གཅིག་པོས་འགྲིག་ཐབས་མེད། གཙོ་བོ་རྣམ་དཔྱོད་དགོས་ཀྱི་འདུག རིན་པོ་ཆེ་ནས་དཔེར་ན་བཀའ་མོལ་མང་པོ་ཞིག་གསུང་གནང་གི་འདུག་ཀྱང་གསལ་པོ་མི་འདུག་ལ་གཅིག་ཏུ་བསྒྲིལ་ཀྱང་ཐུབ་ཀྱི་མི་འདུག མདོར་ན་ཉ་ཉོག་མང་ལ་གསལ་པོ་མེད་མཁན་ཞིག་འདུག དེའི་རྐྱེན་གྱིས་བོད་རྒྱ་ཞི་མོལ་སྐབས་ཕན་ཚུན་གསལ་པོ་མ་ཆགས་པ་དང་གསལ་པོ་བཟོ་མ་ཐུབ་པ་མང་པོ་ཡོད་ངེས་པ་རེད། དཔེར་ན། གོང་གི་གསུང་འཕྲིན་དེའི་ནང་དུའང་ཡིག་མགོ་ནས་བཤད་སྐབས་དགའ་ལྡན་ཕོ་བྲང་གི་སྲིད་དབང་མཇུག་བསྡུས་པས་མཚན་གནས་མུ་འཐུད་བཞེས་ཀྱི་མིན་ཚོད་དང་། དེ་ག་གསུང་དང་གསུང་བཞིན་དུའང་བོད་མི་རིགས་དང་བཀའ་ཁྲི་མཆོག་ལ་ཞབས་འདེགས་ཆེད་བཞེས་རྒྱུ་ཡིན་པ་སོགས་ཁ་མི་གསལ་ཅིང་གོ་རིམ་མི་ལྡན་པ་མང་པོ་ཞིག་ཡོང་གིན་འདུག་པས། ད་ནི་མཚམས་བཞག་ན་འོས་འཚམས་ཡིན་པར་མཐོང་།
༸ གོང་ས་ཡིད་བཞིན་ནོར་བུ་མཆོག་ནི་བོད་མི་རིགས་ཀྱི་ཚེ་རབས་འདི་ཕྱི་གཉིས་ཀྱི་སྐྱབས་གནས་བསླུ་བ་མེད་པའི་བོད་གངས་ཅན་ལྗོངས་ཀྱི་འཕགས་མཆོག་ཕྱག་ན་པདྨོ་སྐུ་དངོས་བསམ་བཞིན་དུ་སྲིད་པའི་ཚུལ་པ་དེ་ཉིད་ཡིན།
བོད་ཀྱི་བླ་ན་མེད་པའི་སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་གྱི་གྲིབ་བསིལ་འོག་སྐུ་ཚེ་ཧྲིལ་པོར་རྒྱལ་བའི་བཀའ་དགོངས་ལྟར་བོད་རྒྱལ་ཁབ་དང་། བོད་མི་རིགས། བོད་པའི་སྤྱི་ཚོགས་ནང་ལྷག་པའི་བསམ་པ་བཟང་པོས་སོ་སོའི་ཤེས་འཇོན་ལ་དཔག་པའི་སྒོ་ནས་སྲི་ཞུ་མཁན་སྤྱི་དང་སྒོས་སུ་འདིར་བཀའ་ཟུར་རྒྱ་རི་བློ་གྲོས་མཆོག་གིས་ཀྱང་ད་བར་༸ གོང་ས་མཆོག་གི་ཞབས་འོག་དང་ལེན་བཞུས་ཏེ་ཕྱག་ལས་ཡུན་རིང་གནང་བ་དེར་ང་ཚོ་བོད་མི་རིགས་གཅིག་གི་ངོས་ནས་བཤད་ན་དགའ་འོས་པ་ཞིག་ཡིན།
ཁོང་དང་ཁོང་འདྲ་བའི་སྲི་ཞུའི་མི་སྣ་ཡོངས་རྫོགས་ང་ཚོ་སྟེ་བོད་རྒྱལ་ཁབ་དང་། བོད་མི་རིགས་འདིའི་གཟི་བརྗིད་གཅིག་ཆགས་ཡོད། མི་ཞིག་དཀའ་སྡུག་གིས་མནར་ཏེ་བཀྲས་ལྟོག་བྱུང་བའི་སྐབས་སུ་སྐོམ་པའི་དུས་ཆུ་ཐིགས་ཁ་ཤས་ཤིག་དང་། ལྟོག་པའི་དུས་སུ་ཁ་ཟས་ཏོག་ཙམ་བྱིན་མཁན་ཞིག་བྱུང་ཚེ་དེ་ནི་ངོ་མ་བཀའ་དྲིན་ཆེན་པོ་ཡིན་པའི་འཚོར་སྣང་འབྱུང་ངེས་རེད།
༸ གོང་ས་མཆོག་དང་། བོད་རྒྱལ་ཁབ། བོད་མི་རིགས་འདི་ཆེས་ཡ་ངའི་བའི་གནས་ཐབས་སྡུག་འདི་འདྲའི་སྐབས་སུ་གཞུང་དང་མི་དམངས་ཀྱི་ཆེད་སྲི་ཞུ་ཉིན་གཅིག་ལས་ཀྱང་ཞུ་མ་ཐུབ་པའི་མི་གཅིག་ཡིན་ཀྱང་ང་ཚོའི་ངོས་ནས་བརྗོད་ན་དེ་ཡང་བོད་མི་་རིགས་ཀྱི་ངོས་ནས་བཤད་ན་སྤོབས་པ་བྱེད་འོས་པ་ཞིག་ཡིན།
བཀའ་དྲིན་བསམ་ཤེས་མེད་པར་དྲིན་ལན་ལོག་འཇལ་བྱས་པ་དང་། ཇ་ལན་ཆུ་འཇལ་བྱེད་མཁན་སུ་ཞིག་ཡིན་ཀྱང་ལས་རྒྱུ་འབྲས་དང་། འཇིག་རྟེན་མི་ཆོས་ལ་གཏན་ནས་འགྲོ་སྲིད་ཀྱི་མ་རེད།
བོད་རྒྱལ་ལོ།
ད་ག་ང་ཚོས་གཞན་ལ་སྐྱོན་བརྗོད་ཁོ་ན་བྱེད་མཁན་སྡད་པ་ལས་རང་ཉིད་ཀྱིས་འཇོན་པའི་ལས་རེ་བྱས་ན་མི་བཟང་ངམ། རྒྱ་རི་རིན་པོ་ཆེའི་ངོས་ནས་བརྗོད་ན་། ཁོང་གིས་མི་ལོ་བཅུ་ཕྲག་གཉིས་ཙམ་༧རྒྱལ་བའི་དབུ་འོག་ཞབས་འདེགས་ཞུས་ཏེ་སྤྱི་དོན་བསྒྲུབས་གནང་ཡོད་པ་རེད། གྲུབ་འབྲས་དོན་མིན་ལོག་ཀ་རེད། ལྷག་པར་དུ་ཁོང་དང་ཁོང་གི་ཁྱིམ་རྒྱུད་འདི་རང་རེའི་སྤྱི་ཚོགས་ནང་རང་ནུས་ཅི་ལྕོགས་ཀྱིས་ཞབས་ཞུ་བསྒྲུབས་སྒྲུབ་མུས་རེད། ཁོང་ཚོར་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གང་ཡང་མེད་པ་རེད། ང་ཚོས་ཚད་ལྡན་གྱི་རང་རེའི་སྲིད་ཞུ་བ་ཚོར་དོན་མེད་སྙོན་འཛུགས་བྱེད་པ་ནི་མི་ཆོས་དང་འགལ་བ་རེད་ལ་རྒྱུ་འབྲས་ལའང་འགྲོ་གི་མ་རེད། དེ་ཙམ་དུ་མ་ཟད་གཞུང་ཞབས་ལྷག་བསམ་ཅན་ཚོའང་སེམས་ཤུགས་ཆག་ངེས་ཡིན། དེར་བརྟེན་སྨྱུག་མིང་འོག་གབ་ཏེ་དོན་མེད་སྙོན་འཛུགས་བྱེད་པ་ནི་སྡར་མའི་རྟགས་རེད།
ཨོ་བཟང་ལགས་ཀྱིས་གསུངས་པར་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། རང་ཉིད་ཀྱི་འཇོན་ཐང་དང་བློས་ཐོང་ཇི་ཙམ་ཡོད་པ་དེ་སྤྱི་ཚོགས་ཐོག་སྟོན་ན་ཁྱེད་ལ་ད་གཟོད་མང་ཚོགས་ཀྱིས་བརྩི་བཀུར་དང་ཆ་འཇོག་ཐོབ་པ་ལས། རང་ཉིད་ནས་ཕུ་དཀྲུག་མདའ་དཀྲུག་མ་གཏོགས་གང་ཡང་མི་བྱེད་བཞིན་དུ་སྤྱི་དོན་ཐོག་དཀའ་ལས་རྒྱག་མཁན་ལ་མ་འགྲིགས་མ་འཐུས་ཁོ་ན་བརྗོད་པའི་རྒྱུ་མཚན་ཅི་ཡིན། བསམ་བློ་ནང་དུ་བསྐོར་ནས་རང་ཉིད་ལ་ཞིབ་བཤེར་ཐིལ་ཕྱིན་པ་ཞིག་བྱས་ན་གཞི་ནས་རང་གིས་ག་རེ་བྱེད་ཀྱི་ཡོད་པ་དེ་ཤེས་ངེས་ལགས་ན་དེ་དོན་བོད་མི་ཞིག་ཡིན་ན་ནི་བསམ་བློ་ཡག་པོ་གཏོང་རོགས། ངའི་རེ་བ་ཡིན།
ངན་པའི་སྐྱེ་བོ་ཚོགས་གྱུར་ན། །འདྲི་མི་དགོས་གཏམ་ངན་ཐུ་ལུ་ལུ། ཟེར་བ་ལྟར་རང་རེའི་སྤྱི་ཚོགས་ནང་མི་འགའ་ཞིག་རང་ངོས་ནས་ཁྲོམ་སྐོར་ཙམ་དུའང་ཐོན་དཀའ་ན་ཡང་། རང་ཉིད་བློས་བཏང་གིས་བོད་སྤྱི་པའི་ལས་ཀར་མི་ཚེ་ཧྲིལ་པོ་གཏོང་བཞིན་པའི་རླབས་ཆེན་གྱི་མི་སྣར་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུའི་ཚབ་ལ་གཟུགས་མེད་གྲིབ་བཟོས་ཀྱིས་སྐྱོན་བརྗོད་ཁོ་ན་མ་གཏོགས་བྱེད་རྒྱུ་མེད་པ་འདི་རིགས་ལ་སྒེར་གྱི་འཁོན་འཛིན་ནམ་དགྲ་ཕྱོགས་ཀྱི་ལས་འགན་ཡོད་པ་གོར་མ་ཆག་པས་རྒྱ་ཆེའི་བོད་རིགས་རྣམ་པས་ལུང་སྟོང་དུ་སྤྱང་ཀི་ངུ་བར་རྟོགས་ལྡན་ལ་རྣམ་རྟོག་མེད་ཟེར་བ་ལྟར་སྣང་མེད་དང་དོགས་ཟོན་གནང་རོགས།
རྒྱ་རི་བླ་གྲོས་རྒྱལ་མཚན་ཁྱོད་ཀྱིས་བོད་བསྟན་སྲིད་གཉིས་ཀྱིར་ཆེད་དུ་ལོ་ངོ་དུ་མའི་རིང་ལ་དཀལ་ལས་བསྐྱང་བ་དེ་ལ་ཐུགས་རྗེ་ཆེ་ཞི་བ་ཡིན། ལྷགས་པར་དུ་བོད་རྒྱ་གྲོས་མོལ་སྐོར་ལ་གྲུབ་འབྲས་རླབས་ཆེན་ཐོན་པ་དེ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་ནང་གསུང་བཤད་གནང་ཡོད་པ་དེ་ལས་ལྷག་ཅིག་ང་བཤད་རྒྱུ་མེད། སོ་སོའི་ལས་ཀ་དང་འཇོན་ཐང་གི་སྔོན་རྗེས་ལ་བལྟ་མ་ཐུབ་པའི་མི་འཁྱབས་ཞིག་གིས་གཞན་ལ་སྐྱོན་བརྗོད་བྱེད་ཡ་དེ་ལེགས་པོ་ཞིག་མི་འདུག། ཁྱོད་ལ་འཇོན་ཐང་ཡོད་ན་རྒྱལ་སྤྱིའི་ལྡིངས་ཆ་སྒང་ལ་སླེབས་ཤོག་དང་སྐབས་དེ་དུས་ངས་ཁྱོད་ལ་བསྔགས་བརྗོད་བྱེད་ཡང་།།
སྐུ་ངོ་མཆོག་གིས་མུ་མཐུད་དེ་རང་ཉིད་ཀྱི་འབྱོན་དང་ཉམ་མྱོང་བླ་མེད་དེ་བོད་མི་རིགས་ཀྱི་ཆེད་འབུལ་རོགས་གནང་།
ངོ་མ་བསམ་མེད་འདི་ཚོས་གང་བཤད་འདི་བཤད་ཅིག་མི་འདུག
ཁོང་གིས་བོད་མི་རིགས་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་ཕྱི་ཞུས་ནས་མི་ཚེའི་གསུམ་ཆ་གཉིས་ལྷག་འདས་ཟིན་པ་འདི་བོད་མི་རིགས་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་སྲུབ་ཏུ་མེད་པ་ཞིག་ཏུ་གྱུར་ཡོད་པ་དྲང་བདེན་དགའ་བ་ཚོོས་མཁྱེན་གསལ་ཡིན་པ་སྨོས་མི་དགོས་པ་ཞིག་རེད།
ལས་རྒྱུ་འབྲས་དང་མི་མཚུངས་པའི་བསམ་མེད་སྐད་ཆ་གང་བྱུང་མ་འཐོར་ན་ལེགས་སྙམ།
ད་ཚང་མ་སྨྱོས་ཚར་འདུག སྐྱོན་མ་གཏོགས་བཟང་མི་མཐོང་ནོ་འདི་ཅི་རེད།
དམིགས་བསལ་སྐུ་ཚབ་མཆོག་གིས་ཡོངས་ཁྱབ་བརྡ་ཁྱབ་གནང་དོན་གསལ་རྟོགས་བྱུང། བཀའ་ཁྲི་མཆོག་དང་བཀའ་བསྡུར་ཐེངས་མང་གནང་བ་དང། མུ་མཐུད་སྐུ་ཚབ་ཀྱི་ཕྱག་ལས་གནང་རྒྱུར་ནུས་པ་འདོན་རྒྱུའི་ཆོད་སེམས་བཅས་ལ་ཧ་ཅང་དགའ་བོ་བྱུང། སྐུ་ཉིད་དང་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་རྣམ་པ་གཉིས་ནི་ཡིད་བཞིན་ནོར་བུའི་ཕྱག་ཟུང་གཞན་ཞིག་ཡིན་པར་ངོས་འཛིན་འོས། ངོ་མ་བཀའ་དྲིན་ཆེ། མཛད་འཕྲིན་སྔར་ལྷག་རྒྱས་པའི་སྨོན་འདུན་ཞུའོ།
རེད་རེད་རྒྱ་རི་ཁྱེད་རང་དགོངས་པ་ཡིན་ཡིན་པ་རེད། རྟ་ལམ་བོང་བུ་གི་མ་བཀག་ན་ཡག་པོ་རེད། བོད་སྤྱི་པའི་དོན་དག་མ་འགྲུབས་ན་ཁྱེད་རང་སྒེར་གྱི་དོན་དག་གང་ཙམ་ཤིག་བསྒྲུབས་ཚར་ཡོད་ཤག་རེད། གོ་ཐོས་ལ་ཁྱེད་རང་གི་བོད་ནང་ལ་ཁང་པ་ཆེན་པོ་རྒྱབ་ཀྱི་ཡོད་པ་གོ་སོང། བོང་ནང་གི་བོད་མི་ཚོས་དམིགས་ཡུལ་ག་རེ་ཡིན་པ་ཤེས་ཚོད་ཡིན། རྒྱ་ནག་དམར་པོའི་གཞུང་གི་འོག་ལ་དུས་ནམ་ཡང་སྡོད་འདོད་མེད་། སྡོད་འདོད་ཡོད་ན་ཁྱེད་རང་ཚོ་སྡོད། འདོད་འདོད་ཡོད་མཁན་རྣམ་པ་ཕེབས་རོག་གནང་། ཡིན་ན་བོད་ཀྱི་ལོས་རྒྱུས་ལ་ནག་ཐིག་མ་བཟོ་རོག ༸གོང་ས་མཆོག་གི་བཀའ་སློབ་ནང་མཐའ་མའི་ཐག་གཅོད་དེ་བོད་མི་མང་ལ་ཡོད་གསུང་པ་དེ་རེད། ཁྱེད་རང་རྣམ་པ་ཁ་ཤས་ལ་བོད་དེ་རྒྱ་མའི་འོག་རྩིས་སྤྲོད་ཡ་གི་ཐོབ་ཐང་ཡོད་མ་རེད།
དམིགས་བསལ་སྐུ་ཚབ་མཆོག་གི་བརྡ་ཁྱབ་འདི་གཏང་དགོས་དམིགས་ནི། ཁྱེད་ཀྱིས་ལོ་ཡུན་གང་མཚམས་རིང་བོད་གཞུང་ལ་ཕྱག་ལས་གནང་བའི་འུད་ཤོབ་དང་ཁྱབ་བསྒྲགས་བྱེད་པའི་ཆེད་དུ་ཡིན་པ་ཞིག་ཏུ་ཚོར་བྱུང་། གཅིག་བྱས་ན་ངོས་རང་ཉིད་བློ་ཉོན་མོངས་པའི་དབང་དུ་སོང་ནས་སྣང་ཚུལ་དེ་བྱུང་བ་ཡིན་སྲིད། གང་ལྟར་ཡང་། ཁྱེད་ཀྱི་བརྡ་ཁྱབ་འདིའི་ནང་དུ་དམིགས་བསལ་གྱི་གནས་ཚུལ་གསར་པ་གང་ཡང་མིན་འདུག ངོས་རང་གིས་བསམས་ན། སྐུ་ཉིད་དགོངས་པ་ཞུ་སྔ་མ་དྲག་ན་ཡང་ཕྱིས་དྲག་མིན་འདུག རང་ཉིད་ཀྱིས་ལས་འགན་དེ་ཕྲག་ཏུ་འཁྱེར་ནས་ད་བར་གྲུབ་འབྲས་སྣེ་གཅིག་ཀྱང་ཐོན་མེད་པ་ཤེས་བཞིན་དུ་ད་དུང་རྐུབ་སྟེགས་མུ་མཐུད་འཛིན་ནས་ཅི་བྱེད། དེ་བས་གཞན་ལ་རྩིས་སྤྲོད་བྱེད་ན་ཡག་རྒྱུ་རེད། འདི་ནི་གང་ཟག་སྒེར་གྱི་གནད་དོན་དང་འབྲེལ་བ་གཏན་ནས་མིན། བོད་ཀྱི་རྩ་དོན་དང་བོད་མི་རིགས་ཀྱི་བདེ་སྡུག་ལ་བསམས་ནས་བྲིས་པ་ཡིན།
༧གོང་མཆོག་གིས་སྲིད་ཀྱི་འགན་དབང་མ་བཞེས་ན་བཙན་བྱོལ་བོད་གཞུང་གི་ཞབས་ཞུ་ཞུ་རྒྱུའི་སྤོབས་པ་དང་འདོད་པ་མེད་ཞེས་་་རླུང་འཕྲིན་ཁག་ནས་བོད་ཕྱི་ནང་གཉིས་ཀྱིས་གོ་ཐུབ་པ་བཟོས་སོང་།
ད་ཡང་་་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོ་ལ་ཞབས་ཞུ་དང་ལམ་སྟོན་བྱེད་ཀྱི་ཡིན་ཟེར་ན་ག་རེ་ལབ་ཀྱི་རེད་དམ།
རྒྱ་རི་ལགས་་་་ཁྱོད་ཀྱིས་སྐད་ཆ་སྔར་ཕྱི་འགལ་བ་འདི་འདྲ་ག་རེད་དམ། བོད་མི་སུས་ཡིད་ཆེས་བྱེད་རེད་དམ།
མ་ཟད་དེང་རབས་གསར་པའི་འབུམ་རབ་པ་སྲིད་འཛིན་བློ་བཟང་སེང་གེ་མཆོག་ལ་ལམ་སྟོན་བྱེད་ཀྱི་ཡིན་མདོག་མདོག་འདི་ནི་དགོད་མོ་ཤོར་ཡ་ཞིག་རེད། ཧཧཧཧ
དེ་ལས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་འདིར་ནག་ཐུག་མེད་པར་བཞག་རོགས་བྱོས། ང་ཚོ་བོད་མི་ཉམ་ཆུང་ཚོ་རྒྱ་དམར་ཕྱོགས་པའི་རྩ་ཁྲིམས་འོག་ཏུ་སྡོད་འདོད་མེད།
རྒྱ་ནག་དམར་ཕྱོགས་པའི་མཉམ་དུ་རང་སྲིད་རང་སྐྱོང་ཡང་བོད་མི་དམངས་སུ་དགོས་མཁོ་མེད།
སྤྱིའི་ཆ་ནས་བོད་མི་རིགས་ཀྱི་བདེ་སྡུག་གི་ཐོག་ཏུ་ཐག་གཅོད་བྱེད་པའི་དབང་ཆ་ཁྱོད་ལ་མེད་པ་རེད། བོད་རྒྱ་ཆེན་མི་དམངས་ཀྱིས་ཀྱང་ཁས་ལེན་གྱི་མེད།
མི་ལོ་ཉི་ཤུ་རྩ་གཉིས་མ་ཟིན་ཙམ་གྱི་རིང་ལ་དམིགས་བསལ་སྐུ་གནང་། རྒྱ་ན་གི་འགོ་སྐོར་འོག་ལ་ཐེངས་དགུ་ལ་ཕེབས་ནས་དོན་འགྲུས་སྤུ་ཉག་ཙམ་ཡང་མ་བྱུང་། ད་ནས་ཁྱེད་ཀྱི་བཞུགས་ཁྲི་དེ་མི་ནུས་པ་ཅན་ཞིག་ལ་སྐོར་ན་ཡག་ཤོས་མ་ཡིན་ནམ་སྐུ་ངོ་ལགས།
དམིགས་བསལ་སྐུ་ཚབ་ཁྱེད་རང་ལ་ཞུ་རྒྱུ་ཁ་ཤས་ཡོད།
གཅིག་ཆོས་ལུགས་ནང་དཀྲུགས་རྒྱག་གི་མ་འདུག རྙིང་མ་པ་ལ་སྤྲུལ་སྐུ་རྫུན་མང་པོ་བཟོས་ཏེ་སེམས་ཅན་མགོ་སྐོར་གཏོང་གི་མ་འདུག
རྙིང་མའི་དགོན་པ་ཚོར་ཁ་པར་གཏོང་ནས་རང་དོན་སྒྲུབ་རྒྱུ་མཚམས་འཇོག་བྱས་ན་ཡག་གི་རེད།
གཉིས། ཁམས་པ་ནང་དཀྲུགས་རྒྱག་གི་མ་འདུག ཆུ་སྒང་གསར་བ་བཙུགས་ཏེ་བཙན་བྱོལ་ནང་ཟིང་སློང་གི་མ་འདུག ༸རྒྱལ་བ་ལ་དད་པ་ཡོད་ན་ཁམས་རིགས་ནང་མཐུན་ཡོང་ཐབས་ཀྱིས་དང་། ཁམས་པ་མཐུན་ན་བོད་མཐུན། བོད་མཐུན་ན་དོན་འགྲུབ་ནི་རེད།
ཡ་རེད་རེད་ད་དགོང་པ་ཞུ་ཡག་དེ་ཕྱི་མ་གྲགས་ན་སྔ་བརྩ་བ་ནས་།
ད་ཁྱེད་སོངས་ཞིག་སྙུང་སྐྱེ་ཡུལ་ལ་མེད་ན་ས་ཆོག་བཙང་བ་དེ་ཁེ་རེད།
ད་ཁྱེད་་་་་་་་་་་་་་་་་་་་་་་།