མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙན་ངག་གི་གསར་བརྗེ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༣༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

དྷ་རམ་ས་ལ་ནས་སླར་ཡང་སྙན་ངག་གི་ཁྲོམ་ར་གསར་པ་ཞིག་ཉམས་ཆུང་གིས་སྒོ་འབྱེད་བྱས་ཤིང་། སེམས་ཤུགས་ཅན་སྐོར་ཞིག་གིས་སྣེ་འཁྲིད་དེ་སྙན་ངག་གྱེར་འདོན་དང་། སྙན་ངག་སྒྲོག་སྦྱོང་། སྙན་ངག་འཁྲབ་སྟོན། སྙན་ངག་འཛིན་སྐྱོང་། སྙན་ངག་ཉོ་ཚོང་གི་ལས་འགུལ་སྤེལ་ཞིང་། སྙན་ངག་ལ་དགའ་མཁན་སྐོར་ཞིག་གིས་ཀྱང་དེ་ལ་རམ་འདེགས་བྱས་ཏེ། སྙན་ངག་གི་བགྲོ་གླེང་ཚོགས། སྙན་ངག་གི་གཏམ་བརྗོད་འཁྲབ། སྙན་ངག་གི་གློག་བརྙན་བཟོས། སྙན་ངག་གི་གསར་འགྱུར་སྤེལ་ཏེ་རྩ་དོན་འཐབ་རྩོད་ཅིག་ལ་སྙན་ངག་གིས་ཁ་གཏད་ལྕོག་རྒྱུར་སྟ་གོན་བྱེད་ཀྱིན་ཡོད།
      དུས་རབས་སྔ་མའི་ལོ་རབས་བརྒྱུད་ཅུ་དང་དགུ་བཅུའི་ནང་དུ་དཔལ་དོན་གྲུབ་རྒྱལ་གྱི་ལང་འཚོའི་རྦབ་ཆུས་བཙན་བྱོལ་སྤྱི་ཚོགས་ནང་སྙན་ངག་གི་གསར་བརྗེ་བསླངས་ཏེ། “མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད། རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ། དུས་དང་མཐུན་པའི་སྲོག་གི་དབང་བོ་མ་ཞུགས་ན། ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ། སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང༌། མདུན་བསྐྱོད་ཀྱི་གོམ་པ་ནི་དེ་བས་ཀྱང་ངོ” ཞེས་སྐད་འབོད་ཡང་ཡང་བརྒྱབ་ཡོད།

    འོན་ཀྱང་བར་ལམ་ཞིག་ཏུ་བཙན་བྱོལ་སྤྱི་ཚོགས་དང་སྙན་ངག་གི་བར་ཐག་སྔར་ལས་ཀྱང་ཇེ་རིང་ནས་ཇེ་རིང་དུ་སོང་སྟེ། མི་དགའ་ས་དང་མི་མཐུན་ས་ཐམས་ཅད་སྙན་ངག་པ་རེད་ཟེར་ནས་མཐའ་རུ་སྤྱུགས་ཤིང་། མི་ཤེས་པ་དང་མི་གོ་བ་ཡོངས་རྫོགས་སྙན་ངག་རེད་ཟེར་ནས་གཙང་ཕྱག་བྱས་ཡོད་ཀྱང་། འགྲོ་བ་མི་ཇི་སྲིད་བར་གནས་པ་དེ་སྲིད་དུ་དགའ་སྤྲོའི་དགོད་སྒྲ་ཁོང་བུར་འབྱིན་པའི་གདངས་དབྱངས་ཤིག་དང་། སྐྱོ་གདུང་མིག་ཆུ་འོད་དུ་འཚེར་བའི་རླབས་རྒྱུན་ཞིག་དུས་ནམ་ཡང་འཇགས་མི་སྲིད་པ་བཞིན། སྙན་ངག་པ་དང་སྙན་ངག་ཀྱང་མིའི་སྤྱི་ཚོགས་དང་ཁ་མི་འབྲལ་བར་འཚང་ནས་ཡོང།        

    ན་ནིང་དང་ད་ལོ་སླར་ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་ས་གནས་ཁག་ཅིག་ནང་སྙན་ངག་གི་རང་སྐྱོང་འོས་ལངས་ཤིག་བྱུང་དང་འབྱུང་བཞིན་འདུག་ལ། དེ་དག་ཁྲོད་སྙན་ངག་གི་རང་བཙན་འབོད་སྒྲ་སྒྲོག་མཁན་ཡང་རེ་གཉིས་ཐོན་དང་འཐོན་བཞིན་འདུག འདི་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྙན་ངག་གི་གསར་བརྗེ་འོས་ལངས་ཐེངས་གཉིས་པ་དེ་ཡིན་ལ། ས་བྱི་ཞི་རྒོལ་ཆེན་མོ་དང་ཡུལ་ཤུལ་ས་འགུལ་ཆེན་མོས་བོད་ཕྱི་ལོགས་སུ་སྙན་ངག་གི་སེམས་ཁམས་ངང་གིས་བསྐྲུན་ཏེ། རྩོམ་པ་པོ་ཐེའུ་རིང་ལགས་ཀྱི་ཁྲག་ཡིག་གིས་བཙན་བྱོལ་བོད་མིའི་སྙན་ངག་གི་རྨི་ལམ་ཁད་ཀྱིས་དཀྲོགས་ཡོད།

    བོད་པའི་མཁས་དབང་ཞིག་ཞིག་གིས། སྙན་ངག་ནི་དགའ་སྐྱོ་ཆགས་སྡང་ཁོང་ནས་རྡོལ་བའི་རླབས་དང་། རང་བྱུང་ལྷུན་གྲུབ་གདངས་སུ་འཕོས་བའི་དབྱངས། ཡིད་ཀྱི་མཚོ་མོ་སྐྱོམ་བྱེད་བསྐལ་བའི་རླུང་། བརྗོད་འདས་ཞིང་དུ་རྣམ་ཤེས་འཕོ་བའི་ལམ་ཡིན། ཞེས་གསུངས་པ་ལྟར། སྙན་ངག་ལ་དུང་བའི་མི་རིགས་འདི་དང་། སྙན་ངག་གིས་བཟི་བའི་མི་རབས་འདིས་རྒྱ་ནག་གི་མེ་མདའ་དང་ལྕགས་སྒྲོག་གི་སོ་བར་ནས་ཀྱང་ཁྲག་གིས་སྙན་ངག་བྲིས། མིག་ཆུས་སྙན་ངག་བྲིས། ཚེ་སྲོག་གིས་ཀྱང་སྙན་ངག་བྲིས་ཏེ། མིའི་རིགས་ཀྱི་བདེན་དོན་དང་སྙན་ངག་གི་རང་དབང་རྩོད་ཀྱི་ཡོད།

            བོད་ནང་གི་སྙན་ངག་པས་ད་ཆར་བྱེས་སུ་སྨྱུག་ཁ་གཏད་དེ། “རུས་རྐང་དུ་རྩམ་དྲི་བོར་བའི་དབུས་གཙང་པ་ཚོ། བསམ་བློར་མུ་གེ་ཐེབས་པའི་ཁམས་པ་བ་ཚོ། ནང་འཁྲུག་གི་གཏམ་རྒྱུད་གྱེར་བའི་མདོ་སྨད་པ་ཚོ” ཞེས་ཚ་འདྲི་མཚང་འབྱིན་བྱས་ཤིང་། “ཨ་རིའི་རང་བཙན་བསྒྲགས་གཏམ་འདྲ་བའི། ཧིན་རྡིའི་རང་སྲིད་རང་སྐྱོང་ལྟ་བུའི། ཧྥེ་གླིང་གི་མི་ནག་བཅིངས་གྲོལ་ལྟ་བུའི་ཡིག་འདྲི་གཉིས་ཀྱི་ཚ་འདྲི་སློང་གིན་འདུག རྟུལ་ཕོད། དཔའ་མཛངས། བྲན་གཡོག གཉའ་གནོན། བཙན་པོའི་རལ་གྲུ་ཐོགས་དང་བདག་གི་གདོང་དམར་བ ”ཞེས་འབོད་སྒྲ་ཤུགས་ཀྱིས་བསྒྲགས་ཏེ། ད་ཆར་ངྷ་རམ་ས་ལའི་ཆབ་སྲིད་པ་ཚོས་ཀྱང་སྙན་ངག་གི་གཏམ་བཤད་ཆལ་ཆོལ་རེ་གནང་སྟེ། སྙན་ངག་པར་ཡི་རངས་བཅོས་མ་རེ་སྟོན་མགོ་བརྩམས་ཡོད།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༨ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༩ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese