མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་ཕྱིར་རྒྱ་གཞུང་ལ་རྩིས་སྤྲོད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་མཐའ་སྲུང་དམག་མིས་བོད་མི་བཀྲ་ཤིས་འབོད་པ་ཞིག་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཏེ། ད་ལྟའི་ཆར་ལྷ་སའི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག

འདས་པའི་ལོ་ཤས་རིང་བལ་ཡུལ་གཞུང་གིས་སྔ་ཕྱི་བོད་གཞུང་བལ་ཡུལ་དབུས་སྣེ་ལེན་ཁང་དང་བལ་ཡུལ་རྒྱལ་སའི་ཉེ་འཁོར་སོགས་ནས་བོད་མི་འཛིན་བཟུང་གིས་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་ཀྱི་གནས་ཚུལ་བྱུང་ཡོད་པ་ལྟར། ཉེ་ཆར་བལ་ཡུལ་གཞུང་གིས་ཡང་བསྐྱར་འདི་ལོའི་ཕྱི་ཟླ་༩བའི་ནང་བལ་ཡུལ་ཉེན་རྟོག་པས་བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་ཁམས་ནག་ཆུ་འབྲི་རུ་རྫོང་ནས་ཡིན་པའི་བོད་མི་བཀྲ་ཤིས་འབོད་པ་ཞིག་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཏེ། ད་ལྟའི་ཆར་ལྷ་སའི་ཉེ་ཁུལ་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཤེས་རྟོགས་བྱུང་འདུག

རང་ལོ་ ༢༠ ཡིན་པའི་བཀྲ་ཤིས་ནི། ཁམས་འབྲི་རུ་རྫོང་ཁོངས་ཀྱི་འབྲོག་ཁུལ་ནས་ཡིན་པ་དང་།  འདི་ལོ་ཕྱི་ཟླ་ ༩ བའི་ཟླ་དཀྱིལ་དུ་ཁོང་དང་གྲོང་ཚོ་དང་ལོ་ཚོད་གཅིག་པའི་གཞོན་སྐྱེས་ ༤ ཡིས་ལྷ་ས་ནས་ལམ་འཁྲིད་པ་ཞིག་ལ་རྒྱ་སྒོར་ ༦༠༠༠ རེ་སྤྲད་དེ་ཉིན་མང་པོར་གོམ་པ་བརྒྱབ་རྗེས་བལ་ཡུལ་གྱི་ས་ཐོག་ཏུ་བསླེབས་ཏེ། ཉིན་དང་པོར་མཐའ་མཚམས་ཀྱི་ཁྱིམ་ཚང་ཞིག་ལ་གནས་ཚང་གཡར་ཏེ་ངལ་གསོས་ཡོད་འདུག    ཕྱི་ཉིན་ལམ་འཁྲིད་པས་ཁོང་ཚོའི་ཁྲོད་ཀྱི་མི་ ༣ འཁྲིད་དེ་རྒྱལ་ས་ཀ་ཐ་མན་གྲུ་ཕྱིན་རྗེས། བཀྲ་ཤིས་དང་ལམ་གྲོགས་གཞན་གཉིས་ཀྱིས་ས་གནས་དེ་ནས་འཕྲུལ་རྟ་རེ་རེ་གླས་ཏེ་རྒྱལ་སའི་ཕྱོགས་སུ་ཡོང་ཡོད་པར། ལམ་གྲོགས་གཞན་དེ་མཐར་ཡོད་ཀྱང་། བཀྲ་ཤིས་ལ་མཐའ་མཚམས་དམག་མིས་བཀག་ཉར་ཞིབ་བཤེར་བྱས་རྗེས་རླངས་འཁོར་ནང་བཞག་ཏེ་འཁྲིད་ཡོད་པ་ལམ་གྲོགས་གཞན་དེས་མཐོང་ཡོད་འདུག   ཕྱིས་སུ་ལམ་གྲོགས་གཞན་དེས་བལ་ཡུལ་སྣེ་ལེན་ཁང་ལ་གནས་ཚུལ་བཤད་རྗེས། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྟ་རྟོགས་ལས་ཁུངས་སོགས་འབྲེལ་ཡོད་མང་པོས་བལ་ཡུལ་གཞུང་ལ་འབོད་སྐུལ་ཞུས་ཀྱང་། གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་ཐུབ་མེད་སྟབས། ཉེ་ཆར་ཁོང་དང་མཉམ་དུ་སྐྱབས་བཅོལ་དུ་ཡོང་མཁན་ལམ་གྲོགས་གཞན་པ་དག་གིས་ནང་མིར་འབྲེལ་བ་བརྒྱུད་ལྷ་སར་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བལ་པོས་ལོ་མང་རིང་ལ་བོད་མིར་བཀའ་དྲིན་ཤིན་ཏུ་ཆེ་ན་ཡང་། དེང་གི་བལ་གཞུང་གིས་བོད་ཀྱི་བདེ་དོན་བཙོང་ནས་དངུལ་བཟོས་པ་ནི། ངོ་ཚ་བའི་གནས་སུ་མི་འགྱུར་རམ། སོམས་ཤིག བལ་རིགས་ཚོས། བལ་རིགས་བོད་རིགས་གཉིས་ཀྱི་མཐུན་ལམ་ཡུན་བརྟན་ཤོག །

    Reply
  2. གཟེར་མ། says:
    ལོ་ 15 སྔོན།

    བལ་ཡུལ་གཞུང་རྒྱ་ནག་ལ་
    སྐྲགས་སྟེ་བོད་ལ་ཅི་སྡུག་གང་ངན་བྱེད་ཀྱི་ཡོད་རེད

    Reply
  3. དོན་འགྲུབ། says:
    ལོ་ 15 སྔོན།

    བལ་ཡུལ་གཞུང་གིས་མིའི་སྤྱོད་པ་ལས་འདས་པའི་བྱ་སྤྱོད་འདི་ལ་ཁ་གཏད་ཆོད་པའི་བོད་མི་འབྱོད་ལྡན་ཤིག་བྱུང་ན་ཅི་མ་རུང།

    Reply
  4. ཁ་བའི་རྡུལ་བརྩེགས། says:
    ལོ་ 15 སྔོན།

    སྨད་འཚོང་མ་དེ་ངར་བ་རེད།

    ཉེ་ལམ་རྒྱ་ནག་གི་ཁྲིམས་རྭ་ཞིག་གི་ནང་དུ་སྨད་འཚོང་མ་ཞིག་གི་སྐད་སྒྲ་ལྷང་ལྷང་དུ་གྲགས་ཏེ་ཡོད་སྐད་ཐོས་ཤིང་། སྨད་འཚོང་མ་དེ་ཡི་བདེན་པའི་སྐད་སྒྲ་མང་པོ་ཞིག་གིས་མགོ་གཙོ་གང་མང་ཞིག་བློང་བློང་པོར་བྱས་པར་མ་ཟད། ཁོ་མོའི་སྐད་ཆ་བཤད་བཞིན་པའི་བར་སྐབས་ཤིག་ན་ཁྲིམས་དཔོན་ཀྱང་འཚབ་འཚུབ་ཏུ་གྱུར་ཏེ་ཡར་ལངས་ནས། “བློ་མཐུན་ཉེན་རྟོག་པ། ཉེས་ཅན་པ་མོ་མར་འཁྲིད་རོགས”ཞེས་སྨྲ་དགོས་བྱུང་འདུག དེ་ཡི་སྐད་ཆ་འགའ་བཀོད་ན་གཤམ་ལྟར།

    ཁོ་མོས་ཐོག་མར་ལམ་བུ་འདིར་མི་འདོད་བཞིན་ཞུགས་དགོས་པའི་ཐབས་མེད་ཀྱི་རྒྱུ་རྐྱེན་དག་འདི་ལྟར་བཤད་འདུག་སྟེ། “ངས་ལོ་ལྔའི་རིང་ལུས་ཚོང་གི་བྱ་བ་གཉེར་བ་མ་ཟད། དེ་སྔོན་ང་ལོ་གཉིས་ནང་གྲོང་ཁྱེར་འདིའི་འགན་གཙོ་གཞོན་པ་ཝེའུ་ཅུན་ཤིན་གྱི་གསང་བའི་སྨད་ཚོང་མ་ཨང་གསུམ་པའམ་བཞི་པ་དེ་བྱས་པ་རེད། འོན་ཀྱང་ལུས་ཚོང་བྱ་བ་འདི་ངའི་བྱེད་འདོད་པ་ཞིག་རྩ་བ་ནས་མིན། ལམ་ཁ་འདིར་རྒྱུ་དགོས་པ་འདིས་ངའི་ཁྱིམ་མི་དང་སོ་སོར་དཀའ་ངལ་དང་ངོ་ཚ་ཧ་ཅང་ཆེན་པོ་བཟོས་མྱོང་བ་མ་ཟད། དངོས་གནས་བརྗོད་ན་དེ་ནི་འཚོ་བའི་དཀའ་ངལ་གྱིས་ང་རང་བཙན་འདེད་བྱས་པ་ཞིག་ཡིན། ངའི་ཁྱིམ་ལ་དགུང་ལོ་བརྒྱད་ཅུའི་རྨོ་རྨོ་ཡོད་ཅིང༌། ངའི་འོག་ལ་ཅི་ཡང་མི་དྲན་གང་ཡང་བསམ་ཤེས་མེད་པའི་གཅུང་པོ་ཡོད། རྨོ་རྨོ་རྒས་འཁོག་གཡོག་སྐྱོང་དགོས་ལ་གཅུང་པོ་སློབ་གྲྭར་འགྲོ་དགོས་པ་རེད། འོན་ཀྱང་ང་དང་པ་ལགས་གཉིས་ཀྱིས་ཉིན་མཚན་བསྟུད་མར་ཞིང་ཁར་ངལ་རྩོལ་ལོ་གཅིག་ཙམ་བྱས་ཀྱང་། ལོ་མཇུག་གི་འབྲུ་རིགས་ཡོངས་བབས་དེ་གྲོང་ཚོའི་ནང་གི་དཔྱལ་ཁྲལ་དང་གྲོང་ཚོ་སྲིད་གཞུང་གི་ཁྲལ་མཇལ་བའང་འདང་གི་མེད། གལ་ཏེ་དུས་ཐོག་དཔྱལ་ཁྲལ་མ་སྤྲད་ན། གྲོང་ཚོ་སྲིད་གཞུང་ལས་བྱེད་མི་སྣ་ཁྱིམ་དུ་ཡོང་སྟེ་ནང་གི་བྱ་དེ་དང་ར་ལུག་བཙན་འཁྲིད་བྱེད་པ་དང༌། དེ་བཞིན་འབྲུ་རིགས་བཙན་འཕྲོག་བྱེད་ཀྱི་རེད།ཅེས་བཤད་འདུག” ཅེས་བཤད་འདུག ཁོ་མོའི་སྐད་ཆ་དུམ་ཚན་དེའི་སྟེང་ནས་ང་ཚོས་མགོ་གཙོ་ཞིག་གི་རུལ་སུང་གི་གསང་རྣམ་ཞིག་མཐོང་བར་མ་ཟད། ཁྱིམ་ཚང་དེ་དང་དེ་ཡི་ཉེ་འཁོར་གྱི་འཚོ་བའི་དཀའ་ངལ་དང་། ཁོ་ཚོའི་འཚོ་བ་སྡུག་པོ་དེ་ཡི་སྟེང་གི་ད་དུང་ཁྲལ་གྱི་དཀའ་ངལ་དང་། ཁྲལ་ལས་མ་འཇལ་ཚེ་ས་གནས་ལས་བྱེད་དག་གིས་ལུགས་མེད་ཀྱི་ལས་ཀ་ལག་ཏུ་བསྟར་ལུགས་དག་ཀྱང་མཐོང་ནུས། འདི་དག་གི་ཐད་ནས་བཤད་འདོད་པ་མང་ནའང་སྐད་ཆ་དུམ་བཀོད་དང་དེ་ཡི་གནད་དག་ཟུར་བསྟན་ཙམ་གྱིས་སུས་ཀྱང་གོ་བར་སྙམ་ནས་མ་བཤད་ལ། འོག་མ་དག་ཀྱང་དེ་བཞིན་ནོ། །

    ཡང་ཁོ་མོས་འདི་ལྟར་བཤད་འདུག་སྟེ། “དེ་རྗེས་ང་གྲོང་ཁྱེར་ནང་གཡོག་མོའམ་བུ་རྫི་མ་བྱས་ཤིང༌། སྐབས་དེར་ཁྱིམ་བདག་གིས་ང་ལ་ཐེངས་མང་བཙན་གཡེམ་བྱས་ཀྱང་ངས་བཤད་ས་རག་གི་མི་འདུག དུས་དེ་ནས་བཟུང་ང་རང་ངན་ལམ་འདིར་མི་རྒྱུ་ག་མེད་བྱུང་བ་རེད། ངས་འདིར་ཁྲིམས་དཔོན་ལགས་ལ་དྲི་བ་ཞིག་བཀོད་འདོད་ཡོད། ང་ཉམ་ཆུང་ནུས་མེད་ཀྱི་བུད་མེད་ཅིག་ཡིན་པའི་ངོས་ནས་འཚོ་སྤྱོད་ཁོ་ནའི་ཆེད་དུ་ངའི་ལང་ཚོ་འཚོང་རྒྱུ་ལས་དེ་མིན་ང་འདྲ་བ་ཚོས་ད་དུང་བཙོང་རྒྱུ་ཞིག་ག་རེ་བསྡད་ཡོད་དམ། འགོ་དཔོན་ཝེའུ་ཅུན་ཤིན་ལ་ཉིན་གསུམ་འཆམ་ནད་ཕོག་དུས་ཀྱང་གཞན་གྱིས་སྒོར་ཁྲི་ལྔ་བཅུའི་འཚམས་འདྲི་ཟེར་བ་རག་ཡོད་པ་རེད། རྫོང་རིམ་པའི་འགོ་ཁྲིད་བརྗེ་བསྒྱུར་སྐབས་སུ་ཁོས་སླར་ཡང་སྒོར་ཁྲི་ལྔ་བརྒྱ་ཐབས་ཤེས་བྱས་པ་རེད། གལ་ཏེ་ང་ལ་སྒོར་མོ་དེ་དག་གི་བཅུ་ཆ་གཅིག་ཙམ་བྱུང་ནའང༌། སྨད་ཚོང་གི་ལམ་བུར་རྩ་བ་ཉིད་ནས་འགྲོ་སྲིད་ཀྱི་མ་རེད།”ཅེས་བཤད་འདུག སྐད་ཆ་དུམ་ཚན་འདི་ལས་གྲོང་ཁྱེར་ཁྲོད་ཀྱི་ཕྱུག་བདག་དག་གི་ལོག་སྤྱོད་མཐོང་ནུས་པར་མ་ཟད། ཉམ་ཆུང་བའི་བྲན་གཡོག་དག་ནི་ཇི་ལྟར་བཀོལ་ཞིང་གང་ལྟར་མནར་ཀྱང་ཤོད་ས་གཏུགས་ས་ཅི་ཡང་མེད་པའི་མགོན་མེད་ཅིག་ཡིན་པ་ཤེས་ཐུབ་པ་མ་རེད་དམ།

    ཡང་ཁོ་མོས་འདི་ལྟར། “མི་ཚོས་ང་ཚོ་སྨད་ཚོང་ལས་ཀ་བྱེད་མཁན་གྱི་བུད་མེད་ཚོས་སྲིད་གཞུང་གི་ལས་བྱེད་ཚོར་གནོད་སྐྱོན་བཟོས་པ་དང༌། འཁྲིག་སྤྱོད་བརྒྱུད་ནས་ནད་རིགས་བརྒྱུད་སྤྲོད་བྱེད་པ། དེ་མིན་སྤྱི་ཚོགས་ཀྱི་ལམ་ལུགས་བཟང་པོར་གཏོར་བརླག་གཏོང་བ་རེད་ཟེར། ངས་དེ་ནི་དངོས་ཡོད་གནས་སྟངས་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་འཇིག་རྟེན་འདིའི་ཐོག་ལུས་ཉོ་མཁན་མེད་ན་གཟུགས་པོ་ཚོང་མཁན་ག་ནས་ཡོད་དམ། གཟུགས་པོ་ཉོ་མཁན་གྱི་སྐྱེས་པ་མེད་ན། ལུས་པོ་བཙོང་མཁན་གྱི་བུད་མེད་གང་ནས་ཡོང་དགོས་སམ། སྨད་ཚོང་གི་དར་སྲོལ་ཆེན་མོ་འདི་ང་ཚོས་བསྐུལ་སློང་བྱས་པ་མིན། དེ་ནི་ལག་ཏུ་དབང་ཆ་དང་རྒྱུ་ནོར་ཡོད་མཁན་གྱི་ཕྱུག་བདག་ཚོས་བཟོས་པའི་གནས་སྟངས་ཤིག་རེད།”ཅེས་བདེན་ཅོག་ཅོག་ཅིག་བཤད་འདུག

    ཡང་ཁོ་མོས་རང་སྐྱོན་ངོས་ལེན་དང་བསྒྲགས་ཆེན་པོ་ཚོའི་ཉེས་ཆ་བསྔོགས་པ་དང་ ། སློབ་ཆེན་གྱི་མིང་རྟགས་དང་གོ་གནས་ཀྱི་སྟེགས་བུ་སོགས་ཀྱང་རྫུན་རྫུས་འབའ་ཞིག་ཡིན་ཚུལ། ད་དུང་ཁྲིམས་ཀྱི་མདུན་ས་ནས་འདྲ་མཉམ་མིན་ཚུལ་སོགས་ཀྱང་འདི་ལྟར་ རྒོལ་ཞིང་བཤད་འདུག་སྟེ། “ཁྲིམས་གཏུག་མཁན་གྱིས་ངས་གཞན་ལ་མགོ་སྐོར་གཏོང་བའི་ནག་ཉེས་བསགས་འདུག་ཟེར། ངས་རང་ཉིད་གཞན་ལ་མགོ་སྐོར་གཏོང་མཁན་ཡིན་པར་ངོས་ལེན་བྱེད་ཀྱི་ཡིན། ང་ལ་མཚོན་ན་སློབ་ཆུང་གི་ཤེས་ཡོན་སློབ་གསོའང་རག་མྱོང་མེད་མཁན་ཞིག་རེད། ཡིན་ཡང་ད་ལྟ་ང་ལ་སློབ་ཆེན་གྱི་ལག་འཁྱེར་ཡོད། འོན་ཀྱང་དེང་དུས་ཀྱི་སྤྱི་ཚོགས་ཐོག་ལག་འཁྱེར་རྫུན་མ་འཁྱེར་མཁན་སྟོང་ཕྲག་མང་པོའི་ཡང་ཚད་ཀྱི་མ་རེད། དཔོན་པོ་ཝེའུ་ཅུན་ཤིན་ཁོ་སློབ་འབྲིང་ཡང་ཐོན་ཐུབ་པ་བྱུང་མེད། ཡིན་ཡང་ད་ལྟ་ལས་གནས་ཐོག་གི་ཞིབ་འཇུག་སློབ་མ་ཟེར་བ་དེར་གྱུར་ཚར་བ་མ་རེད་དམ། ཁྲིམས་ཀྱི་མདུན་སར། ང་དང་ཁོ་ཚོའི་དབར་ལ་འདྲ་མཉམ་ཟེར་བ་དེ་འདྲ་འདུག་གམ། ཁྱོད་ཚོས་ང་ལ་ངོ་ཚ་མི་འདུག་ཟེར་བ་དེར་ངས་ངོས་ལེན་བྱེད་ཀྱི་ཡིན། འོན་ཀྱང་ངས་བསམ་པར་ང་ལས་ངོ་ཚ་དང་ཁྲེལ་གཞུང་མེད་པ་ནི་ ཝེའུ་ཅུན་ཤིན་དང་འདྲ་བ་ལྐོག་ཟ་རུལ་སུངས་ལ་བྱང་བའི་དཔོན་ངན་ཆེ་ཆེ་ཆུང་ཆུང་དེ་དག་རེད། མི་དེ་ཚོས་ཁ་ནས་མི་མང་ལ་ཞབས་འདེབས་ཞུ་ཡི་ཡོད་ཚུལ་བཤད་ཅིང༌། ལྐོག་ཏུ་ཇག་པ་དང་རྐུན་མ་སོགས་ཀྱི་ཁྲམ་པའི་ལས་ཀ་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད། ”ཅེས་བཤད་འདུག

    མཇུག་མཐར་ཁྲིམས་དཔོན་ཀྱང་བློང་བློང་པོར་བྱེད་པའི་སྐད་སྒྲ་འདི་འདྲ་ཞིག་གིས་ཁོ་མོའི་སྐད་ཆ་མཇུག་བཅད་འདུག་སྟེ། “ཝེའུ་ཅུན་ཤིན་ཁོ་ཉིན་མོར་མི་གཞན་ལ་སྙན་སེང་ཞུ་སྐབས་སྐད་ཧ་ཅང་མཐོན་པོ་ཡོད་ཀྱང༌། མཚན་གཞུང་དུ་ངའི་སྡོད་སར་སླེབས་དུས་ཐབས་ཤེས་ཡོད་རྒུས་ང་ལ་མནར་གཅོད་དང་མཐོང་ཆུང་བྱེད་ཀྱི་རེད། ཁོ་འདྲ་བའི་སྤྱང་ཀི་ལྟ་བའི་ཕྱི་པགས་གྱོན་པའི་གཡོ་རྫུས་ཅན་དེ་འདྲ་ངས་ཧ་ཅང་མང་པོ་མཐོང་མྱོང༌། དེ་རིང་འདིར་ཡོད་མིའི་ནང་དུ་ཡང་དེ་སྔོན་ངའི་མགྲོན་པོ་བྱེད་མྱོང་མཁན་དེ་འདྲ་ཡོད། འོན་ཀྱང་དེ་རིང་ཁོ་ཚོས་ང་ལ་ཁྲིམས་གཅོད་བྱེད་ཀྱི་ཡོད་པ་རེད།” ཅེས་བཤད་སྐབས་ཁྲིམས་དཔོན་ལམ་སེང་ཡར་ལངས་ནས། བློ་མཐུན་ཉེན་རྟོགས་པ་ལགས། ཉེས་ཅན་མོ་མྱུར་དུ་མར་ལ་ཁྲིད་ཅེས་སྐད་ཆའི་མཇུག་བཅད་འདུག གལ་ཏེ་ཁོ་མོར་མུ་མཐུད་དུ་བཤད་བཅུག་ན་ཁྲིམས་གཅོད་མཁན་གྱི་ཚོགས་གྲལ་ན་ཆེ་མདོག་བསྟན་པའི་མི་བུ་ག་ཚོད་ཅིག་ལྐུགས་པོར་བཏང་ཡོད་པ་འདྲ།

    སྐད་ཆ་འདི་ཆ་ཚང་ལ་གཟིགས་འདོད་ན་རང་གྲོལ་དྲ་བའི་སྟེང་དུ་གཟིགས་རོགསhttp://www.rdrol.net/node/569
    མཚོ་སྔོན་ཟིན་བྲིས་ནང་བཀོད་འདུག བཀོད་པ་པོ། གློག་དམར་སུམ་སྒྲོག

    Reply
  5. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    ད་ག་རེ་བྱེད། གཅར་རྡུང་མནར་གཅོད་ཀྱི་ཁ་གཏད་སུ་ཞིག་གིས་ཆོག གསར་འགོད་པ་ལགས། སྒོར་ཁྲི་བྱིན་ཏེ་ཉོས་པའི་རྟ་གཉིས་གླས་པ་ཡིན་ན་བཤད་རྒྱུ་མེད། དེ་མིན་ལྷ་སའི་སྐད་དུ་སྦག་སྦག་ཟེར་བ་དེ་ཡིན་ན་འཕྲུལ་རྟ་ཟེར་དགོས་པ་རེད། ༼བཀྲ་ཤིས་དང་ལམ་གྲོགས་གཞན་གཉིས་ཀྱིས་ས་གནས་དེ་ནས་ཁྲི་རྟ་རེ་རེ་གླས་ཏེ་རྒྱལ་སའི་ཕྱོགས་སུ་ཡོང་ཡོད་པར། ༽

    Reply
  6. སྟོང་བཙན་མགར་བུ། says:
    ལོ་ 15 སྔོན།

    འདི་དང་འདི་ལྟ་བུའི་གནས་ཚུལ་གྲངས་ལས་འདས་བ་དག། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྟ་རྟོགས་ལས་ཁུངས་སོགས་འབྲེལ་ཡོད་ལ་ཡར་ཞུ་ཅི་ཙམ་ཞུས་ཀྱང། དགོས་ཕན་ངོ་མ་ཆུང་གི། དེ་ལས་བོད་སྒེར་ངོས་ནས་གང་གཟབ་བྱས་ན་ཡག་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese