མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙད་བཙུགས་ཟེར་བ་ལས་བཙན་གཡེམ་ལབ་ཡོད་པ་མ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp


བདུན་ཕྲག་སྔོན་མ
འི་ནང་ངྷ་ས་ཨ་མདོའི་གྲོང་གསེབ་ཏུ་ལ་དྭགས་ཀྱི་བཙུན་མ་ཞིག་གིས། ཁྱིམ་མཚེས་གྲྭ་བ་ཞིག་གིས་ཁོ་མོར་བཙན་གཡེམ་བྱ་རྩིས་བྱས་ཚུལ་བརྗོད་དེ་གྲྭ་བ་དེ་ས་གནས་རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་མཚན་མོར་ངྷ་རམ་ས་ལའི་ཕར་ངོས་ཨ་མདོའི་གྲོང་གསེབ་ཏུ་གནས་སྡོད་བྱེད་པའི་བོད་པའི་གྲྭ་བ་ཤེས་རབ་ཞུ་བ་ཞིག་དང་ལ་དྭགས་ཀྱི་བཙུན་མ་པད་མཛེས་ཞུ་བ་གཉིས་བར་རྙོག་གླེང་ཞིག་བྱུང་སྟེ། བཙུན་མ་དེས་ས་གནས་རྒྱ་གར་ཉེན་རྟོག་པར་ཁ་པར་བཏང་ནས་ཁོང་མོར་བརྙས་བཅོས་བྱས་ཚུལ་བརྗོད་དེ། གྲྭ་བ་དེ་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་རྗེས་སུ་ཀློད་གྲོལ་བཏང་ཡོད་འདུག ངྷ་ས་ཁུལ་དུ་གནས་ཚུལ་དེའི་སྐོར་གླེང་སློང་བྱེད་བཞིན་པ་ལྟར་ན། གྲྭ་བ་དེས་ནམ་རྒྱུན་བཙུན་མ་དེར་ཁ་པར་གཏོང་གི་ཡོད་པ་དང་དགོང་མོ་དེར་དངོས་སུ་དབང་ཡོད་བྱས་ཏེ་རྙོག་དྲ་དེ་བྱུང་ཚུལ་བརྗོད།

ཕྱི་ཚེས་ ༢༨ ཉིན་འདི་གའི་གསར་འགོད་པ་ངྷ་ས་ཨ་མདོའི་གྲོང་གསེབ་ཏུ་བསྐྱོད་དེ་དོ་བདག་དེ་གཉིས་འཚོལ་སྐབས། བཙུན་མ་དེས་ཁང་པ་སྤོར་ཚར་འདུག་ལ་གྲྭ་བ་དེ་ཡང་ཉིན་དེར་ཁང་པའི་ནང་བསྡད་མེད་སྟབས། རྙོག་དྲ་བྱུང་ཡུལ་གྱི་གྲོང་པ་ཁྱིམ་མཚེས་དག་ལ་གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་མེད་དྲིས་སྐབས། བཙུན་མ་དེའི་ངོ་ཤེས་བོད་རིགས་བུད་མེད་ཅིག་གིས་བརྗོད་དོན་ལྟར་ན། གྲྭ་བ་ཞིག་རྒྱ་གར་ཉེན་རྟོག་པས་འཁྲིད་པའི་གནས་ཚུལ་ཞིག་བྱུང་བ་རེད། བཙུན་མ་དེ་རྒྱ་གར་ལྷོ་ཕྱོགས་བཙུན་དགོན་ཞིག་ཏུ་ལོ་བཅུ་གྲངས་རིང་ནང་ཆོས་སློབ་སྦྱོང་བྱས་མྱོང་མཁན་ཞིག་ཡིན་པ་དང་། རྗེས་སུ་ངྷ་སར་ཡོང་སྟེ་དབྱིན་ཡིག་འཛིན་གྲྭར་འགྲོ་བཞིན་ཡོད་སྐོར། ཟླ་གཅིག་གི་གོང་ཙམ་ལ་གྲྭ་བ་དེ་བཙུན་མ་དེའི་ཉེ་འགྲམ་དུ་ཁང་པ་གླས་ཏེ་བསྡད་སོང་ཡང་། ཁོང་གཉིས་ལ་འབྲེལ་བ་གང་འདྲ་ཡོད་མེད་ཤེས་ཀྱི་མེད་སྐོར་བརྗོད་བྱུང་།

དོན་དག་དེ་བྱུང་བའི་རྗེས་སུ་བཙུན་མ་དེས་ཁོ་མོར་བརྗོད་པ་ལྟར་ན། ཕྱི་ཚེས་ ༡༨ ཉིན་གྱི་མཚན་མོར་གྲྭ་བ་ལོ་ཆུང་དེ་ཁོ་མོའི་ཁང་པའི་ནང་འཛུལ་ཡོང་སྟེ། བཙན་དབང་གིས་ཁོ་མོའི་ནུ་མ་ཕུར་ཕུར་གཏོང་རྩིས་བྱས་སྐབས། ཁོ་མོས་རང་ཉིད་བཙུན་མ་ཞིག་ཡིན་པའི་ཆ་ནས་སྐྱེས་པ་ཚོས་ལག་པ་འཆང་ན་འགྲིག་གི་མེད་སྐོར་བརྗོད་དེ་ཁོང་གཉིས་བར་ཁ་རྩོད་ཤོར་ཡོད་ཚུལ་དང་། མཐའ་མར་ཁོ་མོ་ཨུ་ཐུག་སྟེ་རྒྱ་གར་ཉེན་རྟོག་པར་ཁ་པར་གཏོང་རྩིས་བྱས་པར། གྲྭ་བ་དེས་ཉེན་རྟོག་པར་ལབ་ན་  “ ཇོ་བོ་རིན་པོ། ཉིན་ཞིག་ཁྱོད་རང་གསོད་རྒྱུ་ཡིན་ ” ཟེར་ནས་འཇིགས་སྐུལ་བྱས་ཚུལ་སོགས་ཁོ་མོར་ལབ་སོང་ཟེར། ཡང་ཁྱིམ་མཚེས་འབྲུག་པའི་བཙུན་མ་ཞིག་དང་བོད་པའི་བཙུན་མ་གཞན་གཉིས་ཀྱིས་མི་གཞན་ལ་བརྗོད་པ་ལྟར་ན། གྲྭ་བཙུན་དེ་གཉིས་བར་གྱི་རྙོག་དྲ་དེ་ཚུལ་མིན་གྱི་བྱ་སྤྱོད་དེ་འདྲ་མིན་སྐོར་དང་། གནད་དོན་ཆུང་ཚགས་ཐོག་བོད་པ་ནང་ཁུལ་རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་བྱས་པ་དེ་ཡག་པོ་མེད་ཚུལ་སོགས་བརྗོད་འདུག  

གནད་དོན་དེའི་ཐད་གསར་འགོད་པས་ངྷ་ས་བདེ་དོན་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོས་བརྗོད་དོན། “ གནས་ཚུལ་དེ་འདྲ་ཞིག་བྱུང་བ་དངོས་ཡོད་རེད། ཉེ་ཆར་ཨ་མདོའི་གྲོང་གསེབ་ཏུ་ལ་དྭགས་ཨ་ནེ་ཞིག་དང་བོད་ཀྱི་གྲྭ་བ་གཉིས་ཁ་རྩོད་ཤོར་ཏེ། བཙུན་མ་དེས་གྲྭ་བ་ཁོང་ཉེན་རྟོག་པར་རྩིས་སྤྲད་འདུག བདེ་དོན་ལས་ཁུངས་ཀྱིས་གནས་ཚུལ་ཞིབ་བརྩད་བྱས་སྐབས་གྲྭ་བ་དེ་སྔ་ས་ནས་ཀློད་ཚར་འདུག ཀློད་སྟངས་གསལ་པོ་མི་ཤེས་ཀྱང་སྒོར་མོ་སྤྲད་དེ་ཀློད་པ་ཞིག་ཡིན་ས་རེད། རྒྱ་གར་ཉེན་རྟོག་པས་གྲྭ་བ་དེར་ཧྥོར་སི་གྷན་ཅི་ (Forsyth Ganj)ཉེན་རྟོག་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་ཤིག་སྤྲད་དེ། རྗེས་མ་ཡང་བསྐྱར་སྐད་གཏོང་གི་ཡིན་ལབ་འདུག བྱེད་སྟངས་དེར་བལྟས་ཡོང་ན་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་པ་གསལ་པོ་རེད། སྤྱིར་གྲྭ་བ་དེས་བཙན་གཡེམ་བཏང་བ་ཡིན་ན། ཁྲིམས་ཐོག་ནས་ཉེས་པ་ལྕི་མོ་ཆགས་འགྲོ་བ་རེད། ཡིན་ནའང་། བཀོད་ཁྱབ་ནང་  “ སྙད་བཙུགས་ ” ་ཟེར་བ་ལས་  “ བཙན་གཡེམ་ ” ཞེས་བཀོད་ཡོད་པ་མ་རེད། ཉིན་ཤས་གོང་གྲྭ་བ་དེ་བདེ་དོན་ལས་ཁུངས་ལ་ཡོང་སྟེ། “ ཨ་ནེ་དེས་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་འདུག བོད་པའི་སྤྱི་ཚོགས་ལ་མཐོང་ཆུང་གཏོང་གི་འདུག་ ” ཟེར་ནས་ལབ་སོང་། ཁོའི་རོགས་པ་ཚོས་ཀྱང་དེ་ལྟར་ལབ་སོང་། ལ་དྭགས་ཨ་ནེ་དེ་འདིར་བསླེབས་མ་སོང་། ཁོ་མོས་གནད་དོན་དེར་འགྲེལ་བཤད་ཇི་ལྟར་རྒྱག་གི་ཡོད་མེད་ཀྱང་ཤེས་མ་སོང་། གོ་ཐོས་ལ། ད་ལྟ་ཁོ་མོ་ཨ་མདོའི་གྲོང་གསེབ་ཏུ་མ་བསྡད་པར་དགུ་བཅུ་གསུམ་ལས་ཁུངས་ཀྱི་འོག་ཅིག་ཏུ་སྤོར་འདུག་ཟེར། ང་ཚོས་ཕྱོགས་གཅིག་གི་གནས་ཚུལ་ལ་ཉན་ན་འགྲིག་གི་མེད་སྟབས། རིམ་བཞིན་དོ་བདག་དང་གྲོང་པ་ཁྱིམ་མཚེས་ལ་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱ་རྩིས་ཡོད” ཅེས་བརྗོད་བྱུང་།

ངྷ་སའི་ཨ་མདོའི་གྲོང་གསེབ་ཞེས་པ་ནི་ལོ་རབས་དགུ་བཅུའི་ནང་ཁེ་འབྱོར་ཞན་པའི་ཨ་མདོའི་ཕོ་གཞོན་སྐོར་ཞིག་གི་སྡོད་གནས་ཡིན་ཞིང་། ཕྱིས་སུ་ས་ཆ་དེར་ཀུན་གྱིས་ཨ་མདོའི་གྲོང་གསེབ་ཅེས་བཏགས་ཤིང་། ད་ཆར་གྲོང་གསེབ་དེ་ཁུལ་དུ་གནས་སྡོད་བྱེད་མཁན་ཕལ་ཆེ་བ་བོད་ནས་གསར་དུ་འབྱོར་བའི་ཆོལ་ཁ་གསུམ་གྱི་གསར་འབྱོར་བ་དག་ཆགས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༡༢ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 43

  1. མྱི་སྐྱ། says:
    ལོ་ 13 སྔོན།

    རྙོག་གྲ་འདི་གཙོ་བོ་ཕྱི་ནང་གི་ཚོར་བའི་ཟབ་ཁྱད་ལ་ཐུག་འདུག

    ཨ་ཁུ་ཤེས་རབ་དང་ལ་དྭགས་ཨ་ནེ་གཉིས་གཙོ་བའི་རྡ་སའི་གྲྭ་བ་དང་ཨ་ནེ་ཡོངས་ལ་
    ཐུན་མོང་དུ་འཚམས་འདྲི་ཞིག་གི་ཚུལ་དུ་ཕུལ་བ་ལགས།

    ལ་དྭགས་ཨ་ནེའི་མི་དགོས་སྐད་ཆ་དང་།།
    ཨ་ཁུ་ཤེས་རབ་མཆོང་འདང་ཡོད་པ་གཉིས།།
    ཕྱི་ནང་ཚོར་བའི་བཟི་ཁ་མི་འདྲ་པས།།
    རང་གི་འདོད་དོན་མ་འགྲུབ་རྙོག་གྲ་བསླངས།།

    རྡ་སའི་གྲོང་བར་འཁྱམ་པའི་ཨ་ནེ་དང་།།
    ལྡི་ལིའི་བཤང་ཁང་འགྲིམ་པའི་གྲྭ་བ་གཉིས།།
    འདུར་རྒྱུགས་བྱེད་སའི་ཁྲོམ་ར་མི་གཅིག་ཀྱང་།།
    དམ་ཚིག་རྩ་བརླག་གཏོང་མཁན་གཅིག་མཚུངས་ཡིན།།

    འཚོ་བའི་རྒྱབ་རྟེན་ཆེད་དུ་གྲྭ་གོས་གྱོན།།
    རྒྱུན་དུ་ངན་སྤྱོད་གོམས་ནས་སྡོད་མ་ཚིགས།།
    ཕྱི་ཡི་མི་ཁ་སྲོག་གི་གཅེད་མིན་ཡང་།།
    རང་སྲོག་གཅོད་ལ་ཐུག་གྲབས་ཆེས་ངོ་མཚར།།

    ལུས་དེ་གཟན་ཤམ་གཙང་མས་བཀླུབས་ནའང་།།
    ཁྱོ་ག་གཤིས་བཟང་འཚོལ་ཕྱིར་རྐུབ་སྤྲོད་པའི།།
    དེང་གི་བོད་པའི་ཨ་ནེའི་འཕེལ་ཁ་སྟེ།།
    ཉིན་ནས་ཉིན་རེར་ཡར་ནས་ཡར་དར་རེད།།

    Reply
  2. གཟེར་མ། says:
    ལོ་ 13 སྔོན།

    གྲྭ་པ་དེའི་གནས་ཚུལ་གང་ཡིན་གསལ་པོར་མ་ཤེས་པར་གྲྭ་པ་ཡང་དེ་འདྲ་ཡིན་པའི་ངོས་འཛིན་གྱིས་ཐོག་ནས་སྨ་འབབ་བྱེད་པ་དེ་དོན་མེད་སྡིག་ཆེན་བསགས་པར་སྙིང་རེ་རྗེ་ཨ་ཁ་ཤ་ཚ།

    Reply
  3. བཀྲ་ཤིས། says:
    ལོ་ 13 སྔོན།

    གྲ་པ་དེས་བྱ་བ་ལམ་ལ་མ་སོང་ཟིག དུས་བབ་ཚང་ལ་བཤད་རྒྱུ་ཟིག་རག་ཡོད་ཁུ། ད་རུང་ཡིན་ན་དུས་བབ་ཚང་ལ་བཤད་ཚོད་ཡོད་ན་བཤད་རྒྱུ་མང་པོ་ཡོད་ནི་རེད། དགེ་བཤེས་པུའུ་ཉར་མཁན་ཡོད་རེད། དེ་འདྲའི་གནས་ཚུལ་ཤེས་ན་བྲིས་ཤོག
    མི་སྐྱ་གྲ་ཆས་གྱོན་མཁན་མང་པོ་ཡོད་རེད་དེ་འདྲའི་གནས་ཚུལ་ཤེས་ན་བྲིས་ཤོག གསོགས་སྒར་སློབ་གྲ་ལ་སོགས་པའི་མི་སྐྱ་གྲ་ཆས་གྱོན་ནས་རང་བཙན་ལག་ཁྱེར་བཟོས་ IC བཟོས། དེ་ནས་ཆོས་ཚོགས་ནང་ལ་སོང་། དེ་ནས་སྦྱོད་ངན་འཁྲབ་མཁན་མང་པོ་བྱུང་འདུག སྦྱོད་ངན་དེ་ལ་བརྟེན་བོད་བརྒྱུད་ནང་ཆོས་ལ་དད་ཡོད་མཁན་ཚང་མ་དད་མེད་བྱེད་ཀི་ཡོད་ནི་ཡོད་ནི་མང་ནི་རེད། ད་དེ་ཚོ་ཚང་མ་བྲིས་ཤོག

    Reply
  4. ཇོ་བོ་རྣམས་གཉིས། says:
    ལོ་ 13 སྔོན།

    གསར་འགྱུར་དེའི་ནང་གི་ལ་དག་ཨ་ཎི་དེས་དུས་རྒྱུན་གྲ་པ་དེར་རྣམ་འགྱུར་འདྲ་མིན་སྟན་མེད་པའི་ངེས་པ་མེད། ངས་བྱས་ན་དང་ཐོག་ཁོ་མོས་གྲ་པ་དེའི་ལག་ནས་རྒྱུ་དངོས་སོགས་གང་ཙམ་ཞིག་ལྐོག་དགོས་བསམ་ནས་འདོད་པའི་རྣམ་འགྱུར་འདྲ་མིན་སྟན་ཡོད་ངེས་རེད་།

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    གནས་ཚུལ་དེ་གསལ་ཁ་མི་འདུག
    སྤྱི་སྟངས་དེང་སང་དབང་དང་རྒྱུ་ཡོད་པའི་བླ་སྤྲུལ་དང་གྲྭ་པ་དེ་ཚོ་ལ་ཆུང་མ་རེ་མེད་མཁན་ཁག་པོ་རེད།ཡོངས་གྲགས་ཡིན་མིན་གྱི་ཁྱད་པར་ཙམ་རེད།
    དོན་ངོ་མ་གསང་བ་བྱ་ཐུབ་མིན་ཙམ་ལས་ཆུང་མ་རེ་མེད་མཁན་དཀོན་པོ་རེད།

    Reply
  6. མེལ་ཚེ་པ། says:
    ལོ་ 13 སྔོན།

    ད་ཡིན་ན་ཨ་མདོ་གྲོང་གསེབ་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་ཡག་པོ་ཞིག་བཏང་སོང་།
    བོད་ནང་གི་ན་གཞོན་ཚོས་ཀྱང་དེའི་ཐད་བསམ་ཚུལ་ལྷུག་པོ་མུ་མཐུད་དེ་བྱུང་བཞིན་མཆིས།
    ཕལ་ཆེར་ད་རེབ་ཀྱི་གསར་འགྱུར་འདི་ཚ་བོ་ཞིག་འདུག་ཀྱང་གནས་སྟངས་གསལ་ཁ་མེད་པ་འདྲ་ཞིག་འདུག་པས་མུ་མཐུད་དེ་དེའི་སྐོར་ལ་ཞིབ་འཇུག་ཡག་པོ་གནང་རོགས།
    ངས་གོ་ཐོས་ལ་རྡ་སའི་ཁྲོམ་གཞུང་དུ་འབྱོན་ཐང་སྒང་ནས་མགོ་སེར་ཚོར་འབྲེལ་བ་འཛུགས་པ་ལ་གྲྭ་པ་ཚོ་མི་སྐྱ་ལས་ཤེས་ཡོན་དང་། ཉམས་མྱོང་། འབྱོན་ཐང་སོགས་གང་ཐད་ནས་རྩེར་ཕུད་སོན་ཡོད་པའི་དངོས་ཡོད་ཀྱི་་ཆོས་ཉིད་འདི་ཕོ་གསར་ཚོའི་མིག་ནང་གི་འཚེར་མ་ཞིག་གྱུར་པས་ད་རེབ་གྲྭ་པ་ཚོ་ནག་སྲུབ་གཏོང་བའི་གོ་སྐབས་ཡག་པོ་ཞིག་ལ་ཕལ་ཆེར་གྱིས་མཐོང་གིན་ཡོད་པ་འདྲ།
    དགོན་པ་མེད་པའི་གྲྭ་པ་ཚོ་ལ་ཡིད་ཆེས་མེད་ཅེས་བསམ་བློ་པ་ཁ་ཤས་ཀྱིས་སྡིག་སྨྲས་འདོན་བཞིན་མཆིས་ཀྱང་།
    དགོན་པ་མེད་པའི་གྲྭ་པ་ཚོས་བྱས་རྗེས་ཆེན་མོ་འཇོག་མཁན་རི་ཁྲོད་པ་དང་།
    གཏོང་ལེན་ཚོགས་པའི་འགན་འཛིན་ལགས་ཀྱང་ངས་གོ་ཐོས་ནོར་མེད་ན་ཨ་མདོ་གྲོང་གསེབ་ནས་དབྱིན་ཡིག་སྦྱོང་བ་བྱས་ཏེ་ད་ལྟའི་གནས་སྟངས་འདི་ལ་ཆགས་པ་འདྲ།
    གཞན་གྲོང་གསེབ་འདི་ན་གྲྭ་ས་ནས་ཕེབས་པའི་དགེ་ཤེས་གང་མང་ཞིག་ཡོད་པའི་གནས་་ཚུལ་ཀྱང་འདུག་པས་དགོན་ནང་མེད་པ་ཙམ་གྱིས་ཡིད་ཆེས་མེད་ཅེས་པ་འདི་ཧ་ཅང་བློ་ཁོག་དོག་པའི་སྐད་ཆ་ཞིག་ཏུ་སྣང་།

    Reply
  7. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 13 སྔོན།

    རིག་འདོན་པའི་སྤུན་ཟླ་རྣམ་པ་ཚོས་གནས་ཚུལ་སྤེལ་སྐབས་ཐུགས་བསམ་ཡག་པོ་བཞེས་ཏེ་སྤྱི་ཚོགས་ཀྱི་ཞབས་འདྲེན་མི་ཡོང་བ་འགན་བཞེས་ཐོག་ནས་གནས་ཚུལ་སྤེལ་ཐུབ་ན་ཚང་མ་ལ་ཕན་རླབས་ཆེ། དེ་མིན་རྩེ་མོ་འདྲ་ནས་གང་བྱུང་མ་བྱུང་བྲིས་ན་ངེས་ཅག་བོད་མིའི་མཚན་བཤད་དང་། ལྷག་པར༧གོང་ས་མཆོག་གི་ཞབས་འདྲེན་ཡག་གྱི་རྒྱུ་རུ་འགྲོ་བའི་ཚང་མས་དགོངས་བཞེས་ཡོང་བ་ཞུ།

    Reply
  8. བསྟན་པ། says:
    ལོ་ 13 སྔོན།

    ང་ཁོང་ཚོའི་ཁྱིམ་མཚེས་ཡིན། ཡིན་ནའང་དོན་རྐྱེན་དེ་བྱུང་སྐབས་ང་རང་ནང་ན་བསྡད་མེད། གྲོང་པ་གཞན་པ་ཚོས་ལབ་སྟངས་བྱས་ན་ཚེས་ ༡༨ ཉིན་ཁོང་གཉིས་ཁ་རྩོད་དེ་ཤོར་སྐབས་གྲྭ་བ་དེས་བཙན་གཡེམ་བྱས་པ་དེ་འདྲ་ཡིན་ས་མ་རེད་དེ། ནམ་རྒྱུན་གྲྭ་བ་དེས་མོ་ལ་སྙད་བསྐོ་བཞིན་ཡོད་ས་རེད། དོན་དག་དེ་བྱུང་བའི་རྗེས་སུ་ཨ་ནེ་དེས་མི་གཞན་པར་གྲྭ་བ་དེའི་སྐོར་མང་པོ་ཞིག་ལབ་ཀྱི་འདུག
    དེང་སྐབས་རྡ་རམ་ས་ལའི་གླེང་གཞི་གཙོ་བོ་འདིའི་སྐོར་རེད། ཁ་ཤས་ཀྱིས་གྲྭ་བ་དེས་ཨ་ནེ་དེར་དབང་ཡོད་བྱེད་པ་རེད་ཟེར་གྱི་འདུག ཡང་ཁ་ཤས་ཀྱིས་དེ་འདྲ་མ་རེད་ཁོང་གཉིས་བར་སྤྱིར་བཏང་གི་ཁ་རྩོད་ཤོར་བ་རེད་ཟེར་གྱི་འདུག ང་རང་གིས་ཚོད་དཔག་བྱས་ན་ནམ་རྒྱུན་ཨ་ནེ་དེ་ཅུང་ཉམས་ཆུང་ཆུང་ཅན་ཞིག་གི་མཐོང་སྣང་བྱུང་སོང་། དགོང་མོ་དེར་གྲྭ་བ་དེས་བཙན་གཡེམ་བྱས་ཡོད་མེད་མི་ཤེས་ཏེ་མོ་ལ་རྣམ་འགྱུར་མི་ལེགས་པ་ཞིག་བསྟན་ཡོད་པ་དངོས་ཡོད་རེད་དྲན་གྱི་འདུག གང་ལྟར། གནས་ཚུལ་འདི་སྤེལ་བ་གལ་ཆེན་པོ་རེད། ངས་བལྟས་ན་ཁོང་གཉིས་བར་གྱི་རྩོད་གཞི་ག་རེ་ཡིན་པ་དེ་ང་ཚོར་འགྲེལ་བ་ཡོད་པ་ཞིག་མ་རེད། གཙོ་བོ་རྒྱ་གར་ཉེན་རྟོག་པར་གཏུགས་ཏེ་འཁྲིད་ཕྱིན་པ་དེ་ཐབས་སྐྱོ་བོ་ཞེ་དྲག་རེད།

    Reply
  9. དུག་མདའ། says:
    ལོ་ 13 སྔོན།

    འདི་ནི་རྒྱལ་ས་རྡ་ས་ནས་ཨ་ནེ་ཞིག་གིས་གྲ་བ་ཞིག་རྒྱ་གར་ལ་རྩིས་སྤྲད་པའི་གནས་ཚུལ་ཞིག་ཡིན་པས་རྡ་སའི་གསར་འགོད་པ་ཚོས་འདི་མི་འབྲི་ན་གང་འབྲི། དེ་མིན་གྲ་བ་ཁོང་གིས་སྡོམ་པ་གཏོང་རྩིས་བྱས་ཡོད་པ་གྲྭ་ལོག་གཞན་ལྟར་ལམ་ལྷོང་ཅུང་ཡག་པོ་ཞིག་བྱུང་མེད་པ་གདོང་སེམས་མཉམ་སྐྱེད་ཡོད། གཞན་དགེ་འདུན་པ་སྤྱི་ལ་ཕོགས་འགྲོ་བ་ཞིག་འདུག་གམ།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    འདི་འདྲའི་ཧང་མདོག་བྱས་དགོས་ཡ་གང་ཡང་ཡོད་མ་རེད།
    ཨ་ནེ་བདག་པོ་གྲྭ་པ་རེད།
    གྲྭ་པ་ཁ་བཙོག
    ཨ་ནེ་མཛུ་གུ་བཙོག ཅེས་པ་གོ་མ་མྱོང་ངེ་། ཨ། ཧ་ཧ།

    Reply
  11. རྒྱང་མིག says:
    ལོ་ 13 སྔོན།

    ཏ་ལའི་ཕོ་ཉ་ཞེས་པ་དེས་སྨྲ་བརྗོད་རང་དབང་ཞེས་པའི་འགྲོ་བ་མིའི་ཐོབ་ཐངཞིག་ཡོད་པ་ཤེས་ཀྱི་མེད་པ་འདྲ། དང་པོ་ཁོ་རང་གི་གྲྭ་བ་ཟེར་བ་སུ་དང་སུ་ཡིན་ཤོད་དང་

    Reply
  12. གངས་ཆབ། says:
    ལོ་ 13 སྔོན།

    དྷ་སའི་འཁོར་ཡུག་ཆུང་ཆུང་དེའི་གསར་འགྱུར་དེར་དྲ་གྲོགས་ཚོས་བསམ་ཚུལ་འདྲ་མིན་བཀོད་གཞག་པ་དེ་དག་ལ་ལྟད་མོ་ཞེ་དྲག་ཡག་པོ་མཐོང་སོང་།
    འོ་ན།གནས་ཚུལ་གྱི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་དང་།ངས་མིག་གིས་མཐོང་བ་དང་གོ་ཐོས་བྱུང་བ་དེ་དག་འགྲེལ་བརྗོད་ཅིག་བྱེད་ན་བསམ།
    ཕྱི་ཚེས་༡༩ཉིན་དེར།༧གོང་ས་མཆོག་གཏོང་ལེན་ཚོགས་པའི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་སྐབས་ཀྱི་སྔ་དྲོ་དེར་རེད།སྐབས་དེའི་གནས་ཚུལ་གྱི་འབྱུང་རྩ་གཙོ་བོ་དེ་ནི།གྲྭ་པ་དེས་སྔོ་ཚལ་གྱི་སྙིགས་རོ་རྣམ་གད་སྙིག་བླུག་སྣོད་དུ་གཡུག་གནང་བ་དེ་ལ་དྭགས་ཀྱི་བཙུན་མ་དེས་མཐོང་ནས།སྔོ་ཚལ་གྱི་སྙིགས་རོ་དེ་དག་རྒྱ་གར་གྱི་བ་ཕྱུགས་ལ་སྟེར་དགོས་རེད་དེ་འདྲ་བྱེད་ནས་གཡུག་མ་གནང་བྱེད་བརྗོད་འདུག
    དེ་ནས་ཁོ་པས་རྒྱ་གར་གྱི་བ་ཕྱུགས་ལ་སྟེར་དང་མ་སྟེར་ང་རང་འདོད་པ་རེད།ཁྱེད་རང་ལ་བྱུས་གཏོགས་ཡོད་མ་རེད་ཅེས་ལན་བཏབ་གནང་འདུག
    དེ་ནས་ཁོ་མོས་རྒྱ་གར་མི་མང་ནི་ང་ཚོར་བཀའ་དྲིན་ཆེན་པོ་རེད་དེ་འདྲ་སོང་ཙམ་བ་ཕྱུགས་ལ་སྟེར་དགོས་རེད་ཅེས་བརྗོད་ནས་ལན་བཏབ་བཏབ་གནང་འདུག་པ་དང་།དེ་ནས་གྲྭ་པས་རྒྱ་གར་གང་འདྲ་ཡོད་མེད་ངས་ཤེས་ཀྱི་ཡོད།བཀའ་དྲིན་ཅན་ནི།་༧གོང་ས་མཆོག་ཡིན།ཁྱེད་རང་ལ་ཇུས་གཏོགས་ཡོད་མ་རེད་ཅེས་ཕན་ཚུན་བརྗོད་རེས་ཐོག་ནས་གྲྭ་པ་དང་བཙུན་མ་རྣམ་གཉིས་རྩོད་གཞི་ཤུགས་ཆེར་རུ་ཕྱིན་ནས་མཐར་བཙུན་མས་ཟེར་ན་རྒྱ་གར་གྱི་བཀའ་དྲིན་ཡིན་ལུགས་དང་༧གོང་ས་མཆོག་གི་མིན་ལུགས་བཤད་པ་དང་།གྲྭ་པས་༧གོང་ས་མཆོག་གི་བཀའ་དྲིན་ལས་རྒྱ་གར་མིན་ལུགས་ལ་སོགས་པར་ཕན་ཚུན་རྩོད་གཞི་ཏུ་གྱུར་ནས།མཐར་བཙུན་མས་ཁྱེད་རང་གིས་རྒྱ་གར་ལ་སྨད་ར་གཏང་གིན་འདུག་པས་ངས་ས་གནས་ཉེས་རྟོག་པར་འཁྲིད་ཡོང་གིན་ཡིན་ཞེས་བརྗོད་ནས་ས་གནས་ཉེས་རྟོག་ལས་ཁུངས་སུ་ཕྱིན་ནས་ཉེས་རྟོག་པ་གཉིད་ཁྲིད་ནས་མར་འབྱོར་ཡོད་པ་དང་།དེ་ནས་ཕན་ཚུན་གཉིས་ཆ་ཉེས་རྟོག་ལས་ཁུངས་སུ་ཁྲིད་ཡོད་པ་རེད་མ་གཏོགས།བཙུན་མ་དེས་ཉེས་རྟོག་པར་ཁ་པར་བཏང་ནས་ཉེས་རྟོག་པ་འབོད་འགུག་བྱས་བཞག་པ་ཞིག་གཏན་ནས་མ་རེད།སྐབས་དེར་ང་རང་ཡང་ཨ་མདོ་གྲོང་གསེབ་འགྲོ་སའི་ལམ་བར་དུ་ཡོད་པས་བཙུན་མ་དེ་གཅིག་པུར་མེ་གྷན་དུ་ཡར་འགྲོ་བ་དང་དེ་ནས་ཉེས་རྟོག་པ་གཉིས་འཁྲིད་ནས་ཨ་མདོ་གྲོང་གསེབ་ཏུ་མར་ཕྱིན་སོང་།དེ་ནས་ཉེས་རྟོག་པས་གྲྭ་བཙུན་གཉིས་ཡར་འཁྲིད་ནས་སླེབས་བྱུང་བས་གནས་ཚུར་ག་རེ་བྱུང་ཡོད་མེད་ཤེས་འདོད་བྱུང་བ་དང་།སྐབས་དེར་ཕན་ཚུན་གཉིས་ཆ་ཡོད་སྐབས་སུ་རྩོད་གཞིའི་འབྱུང་རྕ་དེ་འདྲ་ཤིག་རེད་འདུག་པ་ལས་གཞན་བཙན་གཡེམ་སྐོར་གྱི་གཏམ་གླིང་གང་ཡང་བྱེ་ཀྱི་མི་འདུག
    དེའི་ཕྱི་དྲོ་དེར་ངས་གྲྭ་བཙུན་གཉིས་ཀྱི་སྐོར་ལ་རྗེས་སུ་ག་རེ་བྱུང་ཡོད་མེད་སྐད་ཆ་དྲིས་པ་ཡིན་པས།སྔ་དྲོ་ཆུ་ཚོད་༡༡ཡོལ་ཙམ་ལ་མར་གློད་བཀྲོལ་བཏང་གནང་འདུག་པ་དང་།འགྲེལ་ཡོད་མི་སྣ་ཤིག་གིས་བརྗོད་གསལ་ལ་གྲྭ་པ་དེ་ཁམས་སྡེ་དགེ་ནས་རེད།ལོ་ཤས་གོང་བོད་ནས་འབྱོར་རབ་དང་།ཁོ་རང་གཉིས་ཉེས་རྟོག་ལས་ཁུངས་སུ་འབྱོར་དུས་ལ་དྭགས་ཀྱི་བཙུན་མས་རྒྱ་གར་གྱི་སྐད་ཤེས་ཀྱི་ཡོད་པ་སོང་ཙམ་ཉེས་རྟོག་པར་ག་རེ་འདྲ་ཤིག་ལབ་ཀྱིས་ཡོད་མེད་སྡེ་དགེ་གྲྭ་པས་ཧ་མ་གོ་པས་་རྐྱེན་གྱིས་གྲྭ་པ་དེར་ཉེས་རྟོག་པས་ཉེས་རྡུང་ཡང་བཏང་འདུག་རབ་སྐོར་འགྲེལ་བརྗོད་གནང་བྱུང་།

    Reply
  13. གདོང་གཡུ་ལོང་། says:
    ལོ་ 13 སྔོན།

    ཆོས་རིག་ལས་ཁུངས་དང་དགོན་སྡེ་ཁག་གི་དབུ་ཁྲིད་རྣམ་པར་ཆོས་དང་ཆོས་ལུགས་ཀྱི་གནོད་སྐྱོན་དང་ཕམ་ཉེས་འགེབ་སྲུང་གི་འོས་འགན་ཞིག་ཡོད་བ་བརྗེད་མེད་ན་གྲྭ་ལྡོམ་འདི་དག་ལ་བདག་པོ་ཞིག་རྒྱག་རེམ་རེད། འདི་དག་གིས་སངས་རྒྱས་བསྟན་པའི་སྐུ་སྲོག་ལ་བཙན་འཛུལ་དང་རྒོལ་རྡུང་བྱེད་ཀྱིན་པ་ཁྱེད་ཚོས་ཀྱང་མཁྱེན་གྱི་ལོས་ཡོད།
    འདི་ལྟར་ཤེས་བཞིན་དུ་མཐོང་བཞིན་དུ་མི་སྨྲ་བའི་རྟུལ་ཞུགས་བཟུང་བསྡད་ན་དབུ་ཁྲིད་ཞིག་ཡིན་པའི་ལས་འགན་མ་འགྲུབ་པ་མ་རེད་དམ། ངས་གྲྭ་ལྡོག་འདི་དག་ལ་ཁག་མི་འདུག་བསམ་ཀི་ཡོད། ཁོ་ཚོ་འདི་ལྟར་རང་སྣང་གང་དྲན་དུ་འཁྱམས་བསྡད་ན་དོན་དག་བཟང་ངན་གང་ཡང་བྱུང་སྲིད་པ་ཞིག་རེད། སྒྲིག་འཛུག་ཤིག་དང་བཀའ་གཏོང་མཁན་ཞིག་གི་འོག་ཏུ་བསྡུས་བ་ཡིན་ན་འདི་ལྟ་བ་བའི་དོན་ངན་བྱུང་རྒྱུ་ཁག་པོ་རེད། ད་དུང་མུ་འཐུད་དུ་གོ་མེད་ཚོར་མེད་དུ་འདི་ལྟར་ཞོགས་དང་འདི་ལས་སྡིགས་པའི་དོན་ངན་བྱུང་གི་རེད། དེ་ལྟར་བྱུང་ན་དབུ་ཁྲིད་ཁྱེད་རྣམ་པ་ཡང་སྙིང་མི་ན་ཡང་མིག་ལོས་ཚ། ་་༧་གོང་ས་མཆོག་གི་ཞལ་ངོ་ལ་ཇི་ལྟར་ལྟ་ཀི་ཡིན། དེར་བརྟེན་ཁ་ཚ་དགོས་གཏུགས་ཀྱིས་སྒྲིག་འཛུགས་ཤིག་གཏན་འབལ་གྱིས་མི་མགྱངས་བར་ཐག་ཆོད་བྱེད་རེམ་རེད།

    Reply
  14. འབའ་བློ་ཆོས། says:
    ལོ་ 13 སྔོན།

    གསར་འགྱུར་ཧ་ཅང་ཁ་གསལ་བོ་དང་གནད་དུ་འཁེལ་བ། སྐབས་སུ་བབ་པ་ཞིག་རེད།
    ངས་ཁ་སང་ཕྱི་དྲོར་གསར་འགྱུར་འདི་ཐོག་མ་ཀློག་སྐབས་གསར་འགྱུར་ཧ་ཅང་ཡག་པོ་ཞིག་དང་། སྤྱི་ཚོགས་ཀྱིས་ངེས་པར་དུ་རྒྱ་ཡན་ལ་གཏོང་མི་རུང་བར་ཐེར་འདོན་བྱ་དགོས་པ་ཞིག་རེད་བསམ་སོང་། དེ་ནས་འོག་གི་མཆན་རྣམས་ཀློག་པ་ཡིན། ཧ་ལས་པ་ཞིག་ལ་མཆན་བུ་འདེབས་མཁན་འགའ་དང་ངའི་བསམ་ཚུལ་ཐ་དད་རེད། ཁ་ཤས་ཀྱིས་གསར་འགྱུར་ཁ་གསལ་བོ་མེད་སྐོར་ཡང་བཤད་འདུག ངས་ཡང་བསྐྱར་མགོ་ནས་མཇུག་བར་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན། གསར་འགྱུར་རང་ངོས་ནས་བཤད་ན་གསར་འགྱུར་ཚ་བོ་དང་དབྱིན་ཇི་ནང་བཤད་ན་ Hot News ཟེར་བ་དོན་དང་མཐུན་པ་ཞིག་རེད། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཐད་ནས་བཤད་ན། གནས་ཚུལ་འདི་དག་ལ་ངེས་པར་དུ་དོ་སྣང་བྱ་དགོས་པ་ཞིག་རེད་ལ། གསར་འགོད་པས་ཀྱང་སྤྱི་ཚོགས་དང་གནད་དོན་གཉིས་ཀར་འགན་འཁུར་བའི་ཐོག་ནས་བྲིས་འདུག་བསམ་པ་ཞིག་བྱུང་སོང་། ངས་དྲ་འབུ་དེ་དག་གིས་ག་རེ་བཤད་བསམ་གྱི་ཡོད་པ་དང་། གང་ཞིག་འགོག་འདོད་ཀྱི་ཡོད་པ་མགོ་འཚོས་མ་སོང་།
    ད་ནིང་བསྐྱར་དུ་དུས་བབ་དྲ་བའི་ཁ་ཕྱེས་དུས་ཁ་སང་གི་གསར་འགྱུར་དེ་ལ་མཆན་ཧ་ཅང་མང་པོ་ཞིག་བཀོད་འདུག་ལ། དེ་དག་ཁྲོད་དུ་ཡང་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་ཅུང་མ་རེངས་བའི་སྐད་ཆ་བཤད་མཁན་འདུག་ལ། ད་དུང་གསར་འགྱུར་ལ་ཡིད་ཆེས་མེད་ཚུལ་དང་། གནས་ཚུལ་དེ་བདེན་པ་མིན་ཚུལ། གྲྭ་བཙུན་ཚོར་མཚན་དམོད་བྱེད་ཀྱི་ཡོད་ཚུལ་སོགས་ཆོ་མེད་བཤད་མཁན་མང་པོ་འདུག སོ་སོར་མཚོན་ནའང་སྟོན་པའི་ན་བཟའ་གྱོན་ཏེ་དགེ་འདུན་པའི་སྡོམ་ཁྲིམས་སྲུང་གི་ཡོད་པའི་ཁུལ་ཡིན་ཡང་། གཞན་གྱིས་གྲྭ་བཙུན་རེ་ཟུང་གི་སྐྱོན་ཆ་མིག་ལ་བསྟན་ཡོང་སྐབས་དངོས་ཡོད་ལ་སྙོན་བཏང་སྟེ་ཉེས་པ་འཕར་མ་བསགས་འདོད་ཁྱོན་ནས་མེད། ལྷག་པར་དུ་གྲྭ་བཙུན་འདི་དང་འདི་ལྟ་བུ་མང་པོ་ཞིག་གིས་སངས་རྒྱས་བསྟན་པ་ལ་རྨ་ཕབ་ཀྱི་ཡོད་པ་རེད་ལ། ཡང་སྒོས་བོད་པའི་འདུལ་བ་འཛིན་པའི་སྡེ་ཡོངས་ལ་མིང་ཆལ་བཟོ་བཞིན་ཡོད་པ་རེད། རྒྱུ་མཚན་འདི་དག་ལ་བརྟེན་ཏེ་ངས་གསར་འགོད་པ་བསྔགས་བརྗོད་གྲངས་མེད་ཞུ་རྒྱུ་ཡིན་ལ། མ་འོངས་པར་ཡང་འདི་དང་འདི་ལྟ་བུའི་གནས་ཚུལ་རིགས་གཅིག་གཅིག་གཉིས་གཉིས་ཀྱིས་ཐེར་འདོན་གནང་རོགས་ཟེར་ནས་འབོད་སྐུལ་ཞུ་རྒྱུ་ཡིན།

    Reply
  15. གདོང་གཡུ་ལོང་། says:
    ལོ་ 13 སྔོན།

    དགོན་པ་གང་གིས་ཀྱང་སྒྲིག་ཁུངས་སུ་གནས་འཛུལ་མེད་པའི་གྲྭ་ལྡོམ་འདི་དག་བདག་པོ་ཞིག་རྒྱག་རེམ་རེད།འདི་དག་སྒྲིག་འཛུགས་ཤིག་བཟོས་རེམ་རེད། གྲྭ་བ་དག་གཙང་ཞིག་ཡིན་ཕྱིན་དགོན་པ་ཞིག་གི་སྒྲིག་འོག་ཏུ་བསྡད་དེ་འདུལ་ཁྲིམས་གཙང་སྲུང་དང་སློབ་གཉེར་ལ་ཧུར་བརྩོན་བྱེད་རྒྱུ་དེ་ཆོས་གོས་དམར་རོ་འདི་གྱོན་པའི་ཐོག་མའི་ལས་འགན་རེད། སྟོན་པ་ཐུབ་པའི་དབང་བོའི་རྗེས་འཇུག་གི་རྟགས་ཆ་ལུགས་ཡང་དག་དང་སྤུས་གཙང་ཞིག་འཛིན་འདོད་ན་རང་ཉིད་ཀྱི་སྡོད་སར་དེར་བསྡད་དགོས་ལ་རང་ཉིད་ཀྱི་སྲུང་བྱ་དེ་སྲུངས་དགོས་པ་རེད། དེ་ལས་ལྡོག་ཏེ་ཁྱི་ལྡོམ་དང་ཇག་པ་བཞིན་བསྡད་འདོད་ན་ཁྱེད་ཀྱིས་གྱོན་པའི་གཟན་ཤམ་དམར་རོ་དེ་ཕུད་རོགས།

    Reply
  16. འཇམ་ཚུལ། says:
    ལོ་ 13 སྔོན།

    ཚེ་རྡོར་་་ཁྱོད་ཀྱིས་བཤད་པའི་wལྔའི་ནང་གི་གཅིག་whoཅེས་དེ་རེད་འདོད། གཞན་བྱེད་པོ་མེད་པས་ཅེས་ཕྱིར་ཞེས་པའི་ཚིག་འདི་ཡོད་པའི་གསར་འགྱུར་དེ་ཁུངས་མེད་ཅིག་ལས་ཚད་ལྡན་དུ་འགྱུར་སྲིད་དམ།

    Reply
  17. འཇམ་ཚུལ། says:
    ལོ་ 13 སྔོན།

    ཀླུ་སྨྱོན་་་་། ཉེས་པ་ཞིག་བསག་ན་དེ་འདྲའི་མནར་གཅོད་འོག་ཁྲོམས་རར་འཁྲིད་དགོས་ན། ཁྱོད་དང་པོ་མིན་ནའང་མཐའ་མ་མིན་ཤས་ཆེ་་་ཧཧཧཧཧ

    Reply
  18. འཇམ་ཚུལ། says:
    ལོ་ 13 སྔོན།

    གྲྭ་བ་དེས་བདེ་དོན་ལས་ཁུངས་ནས་བཤད་པའི་སྐད་ཆ་དེ་ལ་ཡིད་ཆེས་དཀའ་བ་མ་ཟད། ངན་འཕྲུལ་ལྐོག་གཡོ་དང་། སྤྱི་ཚོགས་དཀྲུགས་ཤིང་ཞིག་ཏུ་ཁུམས།

    Reply
  19. འཇམ་ཚུལ། says:
    ལོ་ 13 སྔོན།

    ངས་ཀྱང་ཁ་ཞིག་གྲག་ན་འདོད་བྱུང་། གྲྭ་བཙུན་ཡིན་ན་དགོན་པར་སྡོད་དགོས་པའི་ངེས་པ་མེད་ལ། མི་ལེགས་པའི་བྱ་བ་མི་འབྱུང་བའི་ངེས་པ་ཡང་མེད། འོན་ཀྱང་གནས་ཚུལ་འདི་ནི་གང་ཟག་སྒེར་བ་གཉིས་ཀྱི་གནད་དོན་ཡིན་པས་ངེས་པར་དུ་མིང་ནས་བཟོང་སྟེ་གསལ་སྤེལ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བར་སེམས། གཞན་དད་ལྡན་པ་མང་བོ་ཞིག་གིས་གནས་ཚུལ་འདི་འདྲ་བ་ལ་བརྟེན་ནས་དགེ་འདུན་ལ་བརྟེན་པའི་ལས་ངན་པ་བསག་ན་རང་གཞན་སུ་ལ་ཡང་ཕན་པ་མེད། དེས་ན་གནས་ཚུལ་འདི་དང་ཕྱི་འབྱུང་ཡང་གནས་ཚུལ་འདི་འདྲ་བྱུང་ན་མི་དེའི་མིང་དང་ངོ་སྤྲོད་ལག་འཁྱེར་ལ་གཞིག་སྟེ་ཐོབ་ཁུངས་བཅས་གསལ་བོ་བཟོ་ན་དེ་འབྲེལ་གྱི་མི་མང་གིས་ངོས་འཛིན་དང་ཐག་གཅོད་བྱ་བ་སྟབས་བདེ་ཡོད་པ་མ་ཟད། གོ་ལོག་མི་ཐེབས་པའི་ཕན་པ་ཡང་ཆེ། དེས་ན་ཁོང་གཉིས་ཀྱི་མིང་དང་ངོ་སྤྲོད་ལག་འཁྱེར་ལ་གཞིག་སྟེ་ཐོབ་ཁུངས་བཅས་གསལ་བཤད་བྱོས་དང་། སྡོམས་ལྡན་ཡིན་མིན་དགོན་པ་དེའི་འགྲིགས་ཁུངས་སུ་ཡོད་མེད་བཅས་འབྲེལ་ཡོད་སོ་སོ་ནས་གསལ་བཤད་ཡོད་ངེས་རེད། དོན་འདི་དག་གསལ་འགོད་པ་དང་། རང་སྐྱོན་ལ་ངོ་ལེན་མི་ཐུབ་པའི་སྐྱེ་བོ་དག་ལ་སྲིང་བའོ།།

    Reply
  20. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 13 སྔོན།

    གསར་འགོད་པ་གཟེར་བ་ནི་བསམ་ཤེས་སྤེལ་གསུམ་སྒོ་ནས་དྲང་བདེན་གྱི་གནས་ཚུལ་རྣམས་སྤྱི་ཚོགས་སུ་ངོ་སྤྲོད་ཐུབ་པ་དགོས། ཁྱེད་རྣམ་པའི་རང་དབང་ནི་ཚད་མཐོ་བའི་རང་དབང་ཞིག་ཡིན་པས་ངོ་ཅག་གི་འཕྲོག་པར་ག་ལ་ནུས། སྙིགས་དུས་ཀྱི་འཛམ་གླིང་འདིར་གསར་འགོད་པ་ཕལ་ཆེ་བ་སོ་སོའི་ཁེ་ཕན་གཙོ་ཆེར་བཟུང་ནས་སྤྱི་ཚོགས་ནང་མདའ་དཀྲུགས་ཕུག་དཀྲུགས་ཀྱི་གནས་ཚུལ་རྣམས་སྤེལ་བཞིན་པ་རྒྱུན་ལྡན་གྱི་རང་བཞིན་ཞིག་ཆག་ཡོད་ཀྱང་། ངོས་རྩམ་གཟན་གསར་འགོད་པ་རྣམས་དེ་དང་མི་འདྲ་བར་དམིགས་བསལ་གྱི་ལས་འགན་ལྗི་བོ་ཞིག་ཡོད། གང་ལ་ཟེར་ན་སོ་སོའི་ལུང་པ་གཞན་གྱི་བཙན་འཕྲོག་བྱས་ཏེ་རང་རེའི་རྩ་ཆེན་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་མེད་པར་བཟོ་བཞིན་པ་ངེས་པར་དུ་རྒྱུད་མངའ་དགོས་པའི་ངང་ནས་འཛམ་གླིང་སྤྱིའི་འཕོ་འགྱུར་གྱི་གནས་ཚུལ་དང་། སྤྱི་དོན་དང་འབྲེལ་བའི་སྒོ་ནས་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ། ལྷག་པར་འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་རྣམས་ངོ་སྤྲོད་ཐུབ་པ་ཞིག་དགོས། དེ་ལྟར་བྱུང་ཚེ་ཚད་ལྡན་གྱི་བོད་མིའི་གསར་འགོད་པ་ཞིག་ལ་ངོ་འཛིན་ཞུ་རྒྱུ་ཡིན།

    Reply
  21. བརྩོན་རྒྱམ། says:
    ལོ་ 13 སྔོན།

    སྤྱིར་བུད་མེད་གཅིག་ལ་སྐྱེས་པ་ཞིག་གི་བྱེད་སྟངས་ལས་དེ་གྲྭ་པ་ཞིག་ཡིན་ཚོད་མི་འདུག་མ་ཟད་ད་སྐབས་གྲྭ་ཆས་བགྱོན་མཁན་ཡིན་ན་གྲྭ་པ་ཡིན་ཟེར་པ་ཡང་མིག་རྒྱང་ཐུང་བ་མ་ཡིན་ནམ།  ད་སྐབས་བོད་ཀྱི་གྲྭ་ཆས་བགྱོན་ནས་འགྲོ་མཁན་གང་མང་ཞིག་གི་ནག་ཚོང་གི་ཡོད་པ་དང་རྐུན་མ་རྒྱག་གི་ཡོད་པ་ད་དུང་སྨད་ཚོང་ཁང་དུ་འགྲོ་གི་ཡོད་པར་བཤད་པ་སོགས་ཚང་མ་གྲྭ་པ་ཡིན་ནམ་དེ་གསལ་བོ་བཟོ་རྒྱུ་གལ་ཆེན་རེད།  ད་དུང་འབྲུག་ཡུལ་དང་བལ་ཡུལ་དུ་གྲྭ་ཆས་བགྱོན་ནས་གཉེན་བསྒྲིག་བྱེད་མཁན་ཡང་འདུག་དེ་ཚོ་གྲྭ་པ་རེད་དམ་གྲྭ་ཆས་བགྱོན་མཁན་ཚང་མ་གྲྭ་པ་ཟེར་པ་ཁག་པོ་རེད།

    Reply
  22. སྦྲ་རོག་རོག། says:
    ལོ་ 13 སྔོན།

    གྲྭ་བཙུན་གཉིས་ཀྱི་སུ་ལེན་པ་ཡིན་ནའང་གནས་ཚུལ་འདི་གསལ་ཁ་བཏོན་ཡག་པོ་འདུག

    Reply
  23. སྦྲ་རོག་རོག། says:
    ལོ་ 13 སྔོན།

    གྲྭ་བཙུན་འདི་གཉིས་འདུག་ས་དགོན་པ་ནས་མི་བཞུགས་ལ་། ཨ་མདོའི་གྲོང་གསེབ་དུ་ཡོང་ནས་བོད་མི་མང་གི་ཞབས་འདྲེན་བྱེད་ན། ཆད་པ་ནན་མོ་ཆོད།

    Reply
  24. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གནས་ཚུལ་གསལ་རྟོགས་ཡོང་རེ་ཡོད། གང་ལྟར་དགོན་པ་རུ་མི་བཞུགས་པར་གྲོང་དུ་སྡོད་མཁན་གྲྭ་བཙུན་ཚོར་ཡིད་ཆེས་ཆེན་པོ་ཅང་མེད།

    Reply
  25. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 13 སྔོན།

    ཨ་ནེ་གྲྭ་པའི་ཟ་སྐལ་མ་རེད་དམ།
    མིན་ན་ཉེས་པ་ཞིག་ནི་བསགས་འདུག་པས།
    རླིག་པའི་མགོ་ལ་ཐག་པ་ཞིག་བཏགས་ཏེ།
    རྡ་སར་ཁྲོམ་སྐོར་ཁྲིད་ལ་མི་ལེགས་སམ།

    Reply
  26. ཏ་ལའི་ཕོ་ཉ། says:
    ལོ་ 13 སྔོན།

    གསར་འགོད་མཆོག་ལ་ཞུ་རྒྱུ་་་་ གོང་གི་བུ་དེ་གྲྭ་པ་དང་བུ་མོ་དེ་ཨ་ནེ་ཡིན་པ་སྒྲུབ་བྱེད་གང་ཡོད། ཡོད་ན་གསལ་པོ་བཤད་རོགས་་་་ མེད་ན་ཁ་ཁ་བསྡ་རོགས་ཐུགས་རྗེ་གཟིགས།།

    Reply
  27. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    དུས་བབ་དྲྭ་རྒྱས་གད་སྙིགས་བསྡུ་བའི་ལུགས་སྲོལ་ཆགས་ནས་ཡུན་རིང་མིན། དེ་དང་སྤྱི་ཚོགས་འདིའི་ནང་ནས་གྲྭ་བཙུན་ལ་དེ་ཙམ་ཞིག་སྡང་བའི་རྒྱུ་མཚན་གང་ཡིན་ནམ། གནས་ཚུལ་གསལ་པོ་གང་ཡང་མེད་བཞིན་ད་དུང་། གྲྭ་བས་བཙུན་མ་བཙན་གཡེམ་བྱས་ཟེར་བའི་ཧང་སང་མདོག་གིས་ཐོས་ལ་མ་ཐོས་། གསལ་མ་མི་གསལ་བའི་གནས་ཚུལ་ཞིག་གསར་འགྱུར་བརྒྱུད་ལམ་དྲྭ་རྒྱའི་ཐོག་ཏུ་འགོད་པ་ནི། མོའུ་ཙི་ཏུང་གི་བྱིན་རླབས་དྲོན་མོ་སྙིང་ལ་ཞུགས་ནས་ཡལ་མེད་པའི་དན་རྟགས་སུ་མངོན

    Reply
  28. གཡག་རྒོད says:
    ལོ་ 13 སྔོན།

    འདི་ངག་འཆལ་ཡིན་པ་ལས་གསར་འགྱུར་མ་རེད།

    Reply
  29. གྲྭ་རྒོད says:
    ལོ་ 13 སྔོན།

    དྲ་ཚིགས་འདིའི་ནང་དུ་ཡོད་པའི་མི་འདི་དག་མིག་ཞར་བ་འམ་ཡང་ན་ཉན་བྱེད་ཀྱི་དབང་པོ་གུད་པ་མིན་ནམ། དུས་འདི་ལྟ་བུའི་ནང་ལ་ཧང་སེང་འདོག་དེ་འདྲ་བྱེད་དགོས་དོན་ཡོད་དམ། དེང་སེང་གྲྭ་གཟུགས་འཛིན་མཁན་དང་བཙུན་གཟུགས་འཛིན་མཁན་དག་གི་ནང་གནས་ཚུལ་དེ་འདྲ་མི་ཉུང་བ་ཞིག་གོ་བ་མཐོང་བ་ལ་སོགས་པ་མང་བས་སྐྱོན་ཅན་དེ་འདྲ་བླ་མ་དང་གྲྭ་བ་ཨ་ནེ་འཆམ་སྡོད་བྱེད་མཁན་དག་གི་ནང་ཞིབ་འཇུག་བྱེད་དགོས་པ་ཆག་ཡོད།

    Reply
  30. ཚེ་རྡོར། says:
    ལོ་ 13 སྔོན།

    གསར་འགྱུར་ཁ་གསལ་བོ་རེད་ལ། གསར་འགོད་པ་ཞིག་གིས་ཐེར་འདོན་བྱ་འོས་པའི་གནས་ཚུལ་ཡང་རེད། གོང་དུ་( ཤག་སྒང་པ།)ཟེར་བ་ཞིག་གིས་ཕྱི་རྒྱལ་ལ་རྒྱུས་མངའ་ཡོད་མདོག་མདོག་དང་། ཕྱི་སྐད་མཁྱེན་མདོག་མདོག་གི་སྐད་ཆ་ཞིག་བཤད་འདུག་མོད། ཁྱོད་ཀྱིས་ཕྱི་རྒྱལ་གྱི་གསར་འགྱུར་གཞུང་ལུགས་ཟུར་ཙམ་ཡང་མཁྱེན་གྱི་མེད་པ་འདྲ།
    གསར་འགྱུར་ལས་རིགས་ཀྱི་གཞུང་ལུགས་ལྟར་ན། w ལྔ་དང་། H གཅིག་བཅས་ཚང་སོང་བ་ཡིན་ན། གསར་འགྱུར་ཚད་ལྡན་ཆགས་ཡོད་ཟེར། དེའི་ནང་དོན་བོད་སྐད་ལ་བསྒྱུར་ན། གང་ནས། ག་དུས། ཅི་ཞིག ཇི་ལྟར། ཅིའི་ཕྱིར། ཅི་འདྲར་བྱུང་བ་རེད། ཅེས་པའི་དྲི་བ་དག་ལ་ལན་གསལ་དགོས་པ་སྟོན་གྱི་ཡོད། གོང་གི་གསར་འགྱུར་ནང་དྲི་བ་དེ་དག་གི་ལན་ཚང་འདུག
    ལྷག་པར་དུ་བོད་པའི་སྤྱི་ཚོགས་ལ་འཚམས་པར་བྱས་ཏེ། གྲྭ་བཙུན་དེ་གཉིས་ཆོལ་ཁ་གང་ནས་ཡིན་པ་དང་། ཆོས་བརྒྱུད་གང་དུ་གཏོགས་ཚུལ་སོགས་བཀོད་མེད་པ་ནི་གསར་འགོད་པར་སྤྱི་ཚོགས་ལ་ནང་བྱིན་ཆུད་ཡོད་པས་རེད། ཐུགས་རྗེ་ཆེ།

    Reply
  31. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    གྲྭ་བ་ཤེས་རབ་ཟེར་བ་དེ་གང་ནས་ཡིན་མིན་སོགས་ཀྱི་སྐོར་ཕལ་ཆེར་འགོད་མདོག་ཁ་པོ་མ་རེད། ཤེས་མཁན་གཅིག་གིས་མི་ཤེས་མདོག་མདོག་བྱེད་ཀྱི་རེད། གསར་འབྱོར་བ་ཞིག་ཕལ་ཆེར་ཡིན་ངེས་རེད། དེ་མིན་གནས་ཚུལ་མི་ཤེས།

    Reply
  32. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    གནས་ཚུལ་དེ་འདྲ་ཞིག་བྱུང་སྲིད་པ་ཞིག་རེད། འགའ་ཞིག་གིས་དེ་འདྲ་བྱུང་ཡོད་མ་རེད་ཟེར་བ་དང་། འདི་ནི་བཙུན་མའི་ལན་པ་རེད་ཟེར་བ་སོགས་ཉམ་ཆུང་བཙུན་མའི་རྒྱབ་ཏུ་ལངས་རྒྱུའི་ཚབ་ཏུ་ཉེས་ཆན་གྲ་བའི་རྒྱབ་ཏུ་ལངས་པ་ནི་དྲང་པོའི་བྱ་གཞག་ཞིག་གཏནས་ནས་མིན། འདི་ནི་གནས་ཚུལ་དངོས་ལ་མ་བལྟས་པས་གང་ཟག་ལ་བལྟས་ནས་གདང་རྒྱག་པ་ཞིག་རེད་འདུག དེ་སྔོན་བསྟན་འཛིན་སྒང་གཞིས་ཆགས་སུ་བུད་མེད་ཞིག་ལ་གནས་ཚུལ་ཐབས་སྡུག་ཞིག་བྱུང་སྐབས་ཆབ་བྲག་དང་བསྟན་ཤེར་འགོ་ཁྲིད་ནས་སེམས་ཤུགས་ཆེ་མདོག་དང་ལྷག་བསམ་ཆེ་མདོག་གི་རྣམ་པས་མཆན་འདྲ་མིན་སྤེལ་སོང་། མི་དེ་དག་གང་དུ་འཕུར་སོང་བ་རེད།

    Reply
  33. ཁ་བའི་འདབ་མ། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམས་ལ་ཞུ་རྒྱུ་ཞིག་ལ་གྲྭ་བ་ཤེས་རབ་ཟེར་བ་དེ་གང་གི་རེད་དམ། ཁྱོད་ཚའི་ནང་ནས་ཤེས་ནས་ཡོད་ན་ཁོང་གི་ལོ་རྒྱུས་གསལ་བོ་ཞིག་འབྲི་རོགས་ཞུ།

    Reply
  34. ཁ་བའི་འདབ་མ། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམས་ལ་ཞུ་རྒྱུ་ཞིག་ལ་གྲྭ་བ་ཤེས་རབ་ཟེར་བ་དེ་གང་གི་རེད་དམ། ཁྱོད་ཚའི་ནང་ནས་ཤེས་ནས་ཡོད་ན་ཁོང་གི་ལོ་རྒྱུས་གསལ་བོ་ཞིག་འབྲི་རོགས་ཞུ།

    Reply
  35. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    གནད་དོན་དེ་རྣམས་ལ་ཁྱིམ་པ་ཚོའི་བྱུ་ཏོག་ཞེ་དྲགས་མ་བྱས་ན་བཟང་། གང་ལགས་ཤེ་ན། ཨ་ནི་གྲྭ་པའི་ཐོབ་ཐང་ཡིན་པའི་ཕྱིར། ཧ་ཧ།

    Reply
  36. གངས་ཆབ། says:
    ལོ་ 13 སྔོན།

    ཧ་ཧ།གནས་ཚུལ་དེ་གསལ་པོ་ཤིག་གཏན་ནས་ཤེས་མི་འདུག
    རྩོད་རྙོག་བྱུང་རིམ་ནི་བཙན་གཡེམ་བྱ་རྩིས་ཀྱི་གནས་ཚུལ་ཞིག་གཏན་ནས་མ་ཡིན།མ་ཟད་གོང་གི་གནས་ཚུལ་དེ་དག་ནི་རྙོག་གླིང་བྱུང་ཚར་བས་རྗེས་སུ་ལ་དྭགས་ཀྱི་བཙུན་མ་དེས་ཧམ་བརྫུན་ཁོ་ན་ལས་བྱུང་བ་ཞིག་རེད་འདུག
    ཡིན་ནའང་།དང་པོ་ངས་ཧ་གོ་འདོག་དང་།གསལ་བཤད་ཞུ་གིན་མིན།རྒྱུ་མཚན་ནི་དང་པོ་དྲ་གྲོགས་ཚོས་བསམ་ཚུལ་དང་དཔྱད་གླིང་ལ་ལྟས་མོ་ཤིག་ལྟ་འདོད་འདུག

    Reply
  37. སྨར་དྷཱིཿཟེར། says:
    ལོ་ 13 སྔོན།

    སྙད་བཙུགས་བྱེད་མཁན་མི་དེར་གྲྭ་པ་མ་ལབ་རོགས། ཁོང་ལ་གྲྭ་པའི་མཚན་ཉིད་ཚང་མེད། སྤྱི་བཏང་ང་ཚོའི་སྤྱི་ཚོགས་ནང་གོས་ལོག་དམར་པོ་གྱོན་མཁན་ཕོ་ཡིན་ན། གྲྭ་པ་དང་མོ་ཡིན་ན་ཨ་ནི་ཡིན་ཤག་བྱེད་པའི་ཉེ་ལེན་གྱིས། གོང་གསལ་གནས་ཚུལ་འདི་ལྟ་བུ་ཐོན་དུས་ཕྲལ་མ་ཉིད་ནས་གྲྭ་པ་དང་ཨ་ནི་ཞིག་གསུང་རྐྱང་གནང་བཞིན་ཡོད། དོན་ངོ་མའི་ཐོག་ནས་བསམ་ན་གྲྭ་བཙུན་གྱི་མཚན་ཉིད་དང་ཁོང་ཚོར་དགོས་པའི་ཆ་རྐྱེན་དེ་དག་ཡོད་མིན་གྱི་ཐོག་ནས། གཟོད་གྲྭ་པ་དང་བཙུན་མ་ཟེར་ན། རྣམ་དཔྱོད་ལྡན་པའི་བྱེད་སྟངས་ཤིག་ཡིན་མོད། རོང་ཚང་ནི་དེ་ལས་ལྡོག་ཡོད།

    Reply
  38. རྨོངས་གྲོལ says:
    ལོ་ 13 སྔོན།

    དངོས་གནས་བྱས་ན་གནས་ཚུལ་དེ་གསལ་པོ་མི་འདུག གལ་སྲིད་གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་ཀྱང་འགྲིགས་འདུག བཙུན་མ་དེ་ཚོ་དགོན་པ་ནས་མ་སྡད་པར་གྲོང་གསེབ་ལ་སོང་ན་འཇུག་འབྲས་དེ་རེད། མ་གཞི་རྡ་སའི་བཙུན་གཟུགས་ཙམ་འཛིན་མཁན་གྱི་་མི་དེ་ཚོ་གཙང་མ་བཟོ་རན་འདུག

    Reply
  39. ལུང་རྟོགས། says:
    ལོ་ 13 སྔོན།

    གསར་འགོད་པ་ལགས། དང་པོ་གནས་ཚུལ་གསལ་པོ་ཤེས་རྗེས་གཞི་ནས་གསར་འགྱུར་སྤེལ་ན་འཕྱི་མི་དྲག གནས་ཚུལ་འདི་རིགས་ནི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པས་གསལ་པོ་མ་ཆག་གོང་ནས་བཤད་ཐལ་ཤོར་ན་སྤྱི་ཚོགས་ནང་དཀྲོག་གཏམ་འདྲ་མིན་མང་པོ་ཞིག་བཟོ་ངེས་རེད། རྗེས་སུ་འདི་རིགས་ལ་གཟབ་རོགས

    Reply
  40. གཅན་དཔལ་ལྡན། says:
    ལོ་ 13 སྔོན།

    དྲ་གྲོགས་ཤག་སྒང་པ་ལགས། ཁྱེད་ཀྱིས་བཤད་པ་བདེན་པ་རེད། གནས་ཚུལ་འདི་གསལ་པོ་ཞིག་ཆགས་ཐུབ་ཡོད་པ་མ་རེད། ང་རང་གནས་ཚུལ་དེའི་ཆེད་དུ་ཐེངས་གཉིས་ལ་ཨ་མདོ་གོང་གསེབ་ཏུ་ཕྱིན་པ་ཡིན། དོ་བདག་ལ་འབྲེལ་བ་བྱེད་ཐུབ་ཡོད་པ་མ་རེད་ལ། གྲོང་པ་ཁྱིམ་མཚེས་ཚོར་ཡང་གསལ་པོ་ཞིག་བཤད་རྒྱུ་མི་འདུག ངས་ད་དུང་གནས་ཚུལ་དེའི་ཁུངས་སྣེ་གསལ་པོ་ཞིག་འཚོལ་བཞིན་ཡོད། ཁྱོད་ལ་ཁ་སྣོན་རྒྱག་རྒྱུ་ཡོད་ན། དྲ་ཐོག་ཏུ་འཇོག་རོགས། ཁུངས་མེད་པ་དང་། བདེན་ལ་མ་བདེན་གྱི་གནས་ཚུལ་སྤེལ་ན་གསར་འགྱུར་དེར་རིན་ཐང་ཡོད་པ་མ་རེད། གཞན་གྲྭ་བ་ཨ་ནེ་དེ་གཉིས་ཀྱི་ཁ་བྱང་ཡོད་ན་ང་ལ་སྤྲོད་རོགས། ཐུགས་རྗེ་ཆེ། གསར་འགོད་པ་དཔལ་ལྡན་ནས།

    Reply
  41. ཤག་སྒང་པ། says:
    ལོ་ 13 སྔོན།

    ཕྱི་རྒྱལ་གྱི་གསར་འགོད་པ་གྲགས་ཅན་དེ་ཚོའི་གསར་འགྱུར་སྤེལ་སྟངས་དང་སྒྲོག་སྟངས་ལ་ལྟོས་དང་། གནས་ཚུལ་ཁུངས་དང་ལྡན་ཞིང་། དཔང་རྟགས་དང་བཅས་ཀྱི་ཆ་རྐྱེན་ཚང་མ་ཐོབ་ནས་མ་གཏོགས་ཡོངས་ཁྱབ་ཏུ་མི་གྲགས་པ་ཞིག་ཡིན་པ་ང་ལ་གསལ་པོར་བཤད་རྒྱུ་ཡོད།
    དེ་རིག་གི་གནས་ཚུལ་འདི་འདྲ་བ། གནས་ཚུལ་བདེན་ལ་མི་བདེན། གསལ་ལ་མི་གསལ། དེ་རིགས་མ་གྲགས་ན་དགའ་བར་མཐོང་།
    གནས་ཚུལ་ཙམ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་ཀྱང་འདིལྟར་ཡིན་རྒྱུ་མ་རེད།

    Reply
  42. གཙང་ཞོལ་བདེ་གསལ། says:
    ལོ་ 13 སྔོན།

    གནས་ཚུལ་དེ་གསལ་བོ་ཞིག་ཤེས་ཀྱི་མེད་པས། ནོར་འཁྲུལ་སུ་ལ་ཡོད་མེད་ཀྱི་སྐད་ཆ་བཤད་ཀྱི་མིན་ལ། བཤད་འདོད་ཀྱང་མེད། འོན་ཀྱང་ཞུ་འདོད་པ་ཞིག་ལ། གོང་གི་གནས་ཚུལ་དེའི་ཁ་བྱང་ནང་གི་ཡིག་ནོར་དེ་བཅོས་རོགས་ཞུ་རྒྱུ་དེ་ཡིན། (སྙེད་བཙུགས་)མ་ཟེར་བར་(སྙད་བཙུགས་)ཟེར་རོགས། དགོངས་འཇགས་ཞུ།

    Reply
  43. གངས་རྡེའུ། says:
    ལོ་ 13 སྔོན།

    ཧ་ཧ་ཧ་ཧ་ཧ གསར་འགྱུར་དེ་ངོ་མ་བྲོ་བ་ཡོད་ཀི་ཀོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese