༄༅། །དད་ལྡན་ཆོས་ཞུ་བ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུ།
                                     
     སྔ་ལོར་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་ནས།   ལྕང་སྐྱ་ངག་དབང་ཆོས་ལྡན་དང་སྐྱིད་ཤོད་ཞབས་དྲུང་གཉིས་ཀྱི་སྒྲུབ་དཀྱིལ་གྱི་ སྟེང་ནས།  རྒྱ་གར་གྱི་གྲུབ་ཆེན་ཨ་བྷྱ་ཀཱ་རས་མཛད་པའི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་བཀའ་དབང་གྲངས་ ༤༥ བཞུགས་པ་ལས། བླ་མེད་ཀྱི་དབང་ཆེན་བརྒྱད་གནང་གྲུབ་པའི་ལྷག་མ།  ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡ པོའི་ཚེས་ ༣༡ ནས་ཕྱི་ཟླ་ ༢ པའི་ཚེས་ ༡༦ བར།   ཉིན་གྲངས་ ༡༧ རིང་།   སེར་བྱེས་མཁས་སྙན་གྲྭ་ཚང་གི་གཙུག་ལག་ཁང་དུ་གནང་རྒྱུ་གཏན་ཁེལ་སོང་བས་དེ་ ལུགས་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་དགོངས་མངའ་ཡོད་པར་མཁྱེན་མཁྱེན་མཁྱེན།
                                                                  ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས།
ཕྱི་ལོ་༢༠༡༡ ཕྱི་ཟླ་ ༡༢ ཚེས་ ༣ ཉིན་ཕུལ།
འབྲེལ་བ་གནང་ཡུལ་ཞལ་པར།
9986938771-7899977758-9902704776
                                
			





