སྙན་བཟང་གཡུང་དྲུང་ཚེ་རིང་།
བཙན་བྱོལ་དུ་འཁྲུངས་པའི་ལམ་དབུ་མ་ནི་བོད་རྒྱ་གཉིས་ཕན་གྱི་སྲིད་ཇུས་ཤིག་ཡིན་ཞེས་ང་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་བརྗོད་བཞིན་ཡོད། མི་ལོ་སུམ་བཅུ་ལྷག་ལ་སྲིད་ཇུས་འདི་ཉིད་གླེང་སྟོབས་ཀྱིས་ད་ནི་ང་ཚོའི་འགྲམ་པའི་འཕྲུལ་འཁོར་ཟད་ལ་ཉེ། དོན་དངོས་སུ་འདས་པའི་ལོ་རྒྱུས་ནང་དུ་ང་ཚོས་གླེང་བཞིན་པའི་སྲིད་ཇུས་འདི་ལ་བརྟེན་ནས་བོད་དོན་ལ་གྲུབ་འབྲས་ག་རེ་བྱུང་ཡོད་དམ། བོད་རྒྱ་གཉིས་ཀྱི་བར་ལ་གྲོས་མོལ་གསལ་ལ་མ་གསལ་བ་ཞིག་དང་། མགོ་ཚོས་ལ་མ་ཚོས་པ་ཞིག་བྱུང་ཡོད་པ་དེ་དག་སྲིད་ཇུས་འདིའི་གྲུབ་འབྲས་སུ་རློམ་རྒྱུ་ཡིན་ནམ། གྲུབ་འབྲས་འདིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཕར་ཞོག ཐ་ན་རྒྱའི་བཙོན་ཁང་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གཅིག་ཀྱང་ཀློད་ཐུབ་མེད། མ་འོངས་པ་ནའང་སྲིད་ཇུས་འདི་ལ་བརྟེན་ནས་བོད་ཀྱི་བདེན་མཐའ་སེལ་ཐུབ་རྒྱུ་མིན་པ་འདྲ། ཉེ་ཆར་‘‘དམིགས་བསལ་སྐུ་ཚབ་ཀྱི་བརྡ་ཁྱབ་’’ཅེས་པའི་རྩོམ་ཡིག་ནང་དུ་‘‘ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་དང་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཧ་ཅང་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་བལྟས་ན་གྲོས་མོལ་ཡོང་ཐབས་འབད་རྩོལ་བྱ་རྒྱུ་ཡང་ཕན་ཐོགས་མེད་པ་ལྟ་བུ་རེད་’’ཅེས་གསུངས་ཡོད། ཚིག་དུམ་འདི་ནི་༸རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱིས་གསུངས་ཤིང་། ཡུན་རིང་པོར་བོད་རྒྱ་གྲོས་མོལ་གནང་མཁན་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གསུངས་པ་ཞིག་རེད།
༡༩༧༩ ལོར་ཏིན་ཞའོ་ཕིན་གྱིས་གློ་བུར་དུ་‘‘རང་བཙན་མིན་པའི་སྐད་ཆ་ག་རེ་ཡོད་ན་བཤད་ཆོག་’’ཅེས་རྔ་ཞིག་བརྡུངས་མ་ཐག ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། བོད་གཞིས་ལུས་མི་མང་གི་གནས་སྟངས་ནི་ཆེས་ཛ་དྲག་ཏུ་དགོངས་ནས་འཆམ་ཞིག་འཁྲབ་ཁུལ་གྱིས་སྲིད་ཇུས་འདི་བཏོན་པ་མ་གཏོགས། ཨ་རི་དང་ཡུ་རོབ་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཚོས་ང་ཚོའི་འཐབ་རྩོད་ལ་གནོན་ཤུགས་སྤྲད་པ་ཞིག་དང་། རྒྱ་གར་གཞུང་གིས་ཀྱང་བོད་རང་བཙན་ལ་བསྙད་དེ་མི་དགའ་བའི་རྣམ་འགྱུར་བསྟན་པ་ཞིག་མ་རེད་སྙམ། ཡིན་ནའང་། སྐབས་དེར་༸རྒྱལ་བ་རིན་པོ་ཆེས་གསུངས་པའི་‘‘བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་’’ཅེས་པའི་གསུང་དུམ་འདི་ནི་གནད་འགག་ཅན་ཞིག་ཏུ་མཐོང་ཞིང་། གསུང་དུམ་འདིའི་ནུས་སྟོབས་ཀྱིས་ཡུན་རིང་པོར་བོད་རང་བཙན་གྱི་དྲོད་རླབས་ཡལ་བཅུག་མེད། ཕྱིས་སུ་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་ས་གནས་མི་རིགས་ཁག་གི་རང་སྐྱོང་བཅའ་ཁྲིམས་གླེང་བ་དེས། གོང་གི་གསུང་དུམ་འདི་ལ་དོ་ཕོག་དང་། ནུས་པ་ཇེ་ཞན་དུ་བཏང་ཡོད།
༡༩༨༧ ལོར་༸རྒྱལ་བ་རིན་པོ་ཆེས་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་དང་། ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་དོན་ཚན་ལྔའི་དགོངས་དོན་དང་། ལྷག་པར་ནང་གསེས་དོན་ཚན་ལྔ་པའི་སྐོར་ལ་འགྲེལ་བཤད་ཞིབ་གསལ་གནང་ཡོད། ཡིན་ནའང་། སྐད་གྲགས་ཅན་གྱི་ལམ་དབུ་མའི་འགྲེལ་བཤད་འདི་གཉིས་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་སྲིད་དོན་པ་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་རྡོ་ཁབ་ལེན་གྱིས་ལྕགས་དྲངས་པ་བཞིན་བྱུང་བ་ཞིག་མིན་པ་འདྲ། དོན་དངོས་སུ་ནུབ་ཕྱོགས་ཀྱི་མི་མང་པོ་ཞིག་གིས་བོད་ཀྱི་རྩ་དོན་ཐད་སེམས་ཁུར་གནང་བར་རིགས་གཉིས་འདུག རིགས་གཅིག་གིས་༸རྒྱལ་བ་རིན་པོ་ཆེའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་བརྩི་མཐོང་གིས་བོད་རྒྱབ་ཏུ་ལངས་པ་དང་། རིགས་གཞན་པ་དེས་བོད་ཀྱི་ཛ་དྲག་གི་གནས་བབ་བརྩེ་བའི་ཨ་ལོང་ནང་དུ་བསུས་ཏེ་བོད་པར་གཞོགས་འདེགས་ཀྱི་ལག་པ་སྲིང་བཞིན་ཡོད།
ལམ་དབུ་མའི་རྒྱབ་ཀྱི་རང་སྲིད་རང་སྐྱོང་ལ་འདོད་པའི་རྣམ་འགྱུར་སྟོན་མཁན་ཞིག་ཡོད་པ་ནི། ནུབ་ཕྱོགས་ཀྱི་རྒྱ་ནག་པ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོ་རེད། དམངས་གཙོ་དོན་གཉེར་བ་འདི་ཚོས་ཕྱོགས་གཅིག་ནས་རྒྱ་ནག་པ་དུང་ཕྱུར་གཉིས་ལྷག་གི་འགྲོ་བ་མིའི་ཐོབ་ཐང་རྩ་འཕྲོག་བཏང་བར་ངོ་རྒོལ་བྱེད་པ་དང་ཆབས་ཅིག ཕྱོགས་གཞན་པ་ཞིག་ནས་བོད་མིའི་རང་དབང་གི་ཐོབ་ཐང་སྟེ་བོད་རང་བཙན་གླེང་གི་མེད། རྒྱ་ནག་དམངས་གཙོ་དོན་གཉེར་ཅན་དུ་གྲགས་པའི་ཤེས་ཡོན་པ་ཚོའི་ནང་དུ། ཚའོ་ཁྲང་ཆིང་དང་ཞའོ་ཧུའེ་གཉིས་ཀྱིས་བྲིས་པའི་‘‘བོད་དེ་ནམ་ཞར་ཡང་རྒྱ་ནག་གི་མངའ་ཁོངས་ཆ་ཤས་མིན་’’ཞེས་པའི་རྩོམ་ཡིག་དང་། ལྦེ་ཅིན་ཧྲིན་གྱིས་བརྩམས་པའི་‘‘བཙོན་ཁང་ནས་བོད་ཀྱི་གནད་དོན་སྐོར་ཏིན་ཞའོ་ཕིན་ལ་བཏང་བ་ཡི་གེ་’’ཞེས་པ་ལྟ་བུའི་རྩོམ་ཡིག་རྣོན་པོ་འབྲི་ཐུབ་མཁན་རེ་ཟུང་ཞིག་ལས་བྱུང་མེད། འདི་ལ་བསམས་སྐབས། ནུབ་ཕྱོགས་ཀྱི་རྒྱ་ནག་པ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཕལ་མོ་ཆེས་དགོས་མཁོ་ཞིག་གི་ཆེད་དུ་ལམ་དབུ་མར་རྒྱབ་སྐྱོར་གནང་གི་ཡོད་པ་ལས་བོད་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་མེད།
དེས་ན། ད་བར་དུ་ང་ཚོས་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ལམ་དབུ་མར་བརྟེན་དགོས་བྱུང་བ་
དང་། སྲིད་ཇུས་འདི་ལའང་འཕོ་འགྱུར་གྱི་བསེར་བུ་ཙམ་ཡང་མ་ཤོར་བའི་གནད་འགག་དེ་མཐར་གཏུགས་ན་འཚེ་བ་མེད་པའི་ལྟ་གྲུབ་དང་དད་པ་དག་སྣང་གཉིས་ལ་ཐུག་འདུག ༸རྒྱལ་བ་རིན་པོ་ཆེས་‘‘ངས་བདམས་པའི་ལམ་དབུ་མའི་སྲིད་ཇུས་ལ་འགྱུར་བ་མེད་’’ཅེས་གསུངས་བཞིན་དུ་མང་མོས་འོས་བསྡུའི་སྐོར་ལ་བཀའ་སློབ་བསྩལ་ཡོད་པ་དང་། བཙན་བྱོལ་གྱི་བོད་མི་ཚོས་ཀྱང་རང་གི་རྩ་བའི་བླ་མའི་ཞལ་རས་སྒོམ་བཞིན་ལམ་དབུ་མར་འོས་ཤོག་བླུགས་ཡོད། ང་ཚོས་མཁྱེན་དགོས་པ་ཞིག་ལ། ༸རྒྱལ་བ་རིན་པོ་ཆེ་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་རྣམ་སྤྲུལ་རེད། བོད་ཁ་བ་ཅན་དུ་ཤ་གཟུགས་ཀྱིས་བྱོན་པ་རེད། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་བོད་ལ་བསྲེགས་ཏེ་སྐུ་གཤེགས་ཁར་༸རྒྱལ་བ་རིན་པོ་ཆེས་དཔའ་བོ་དམ་པ་ཁོང་ལ་‘‘དགྲ་བོའི་ཕྱོགས་ལ་ཁོང་ཁྲོ་མ་གནང་’’ཞེས་གསུངས་ཡོད། ཚིག་འདི་འདྲ་འཛམ་གླིང་གི་སྲིད་དོན་པ་སུ་ཞིག་གིས་གསུང་ཐུབ་བམ། ཡིན་ནའང་། ང་ཚོ་ཀླུ་སྒྲུབ་ཡབ་སྲས་གཙོས་པའི་དགྲ་བཅོམ་པ་དེ་དག་གི་རྣམ་སྤྲུལ་མ་རེད།
ལར་ནས་ལམ་དབུ་མའི་ཐབས་ལམ་ལ་བརྟེན་ནས་རང་སྲིད་རང་སྐྱོང་གླེང་བ་ནི་མ་འོངས་བོད་ཀྱི་དཔལ་འབྱོར་གྱི་སྐོར་ནས་ཤོད་ཅིང་། བོད་འདི་ཉམ་ཆུང་ནུས་མེད་ཟུངས་ཟད་དུ་གྱུར་སྟབས་རྒྱ་ནག་གི་དཔལ་འབྱོར་གྱི་རོགས་སྐྱོར་མེད་ཚེ་འཚོ་ཐབས་མེད་པའི་བསམ་བློ་གཏོང་གི་ཡོད། འདི་ལ་སེམས་དཔའ་ཆེན་པོ་གན་ངྷིས་‘‘ཁྱེད་རང་ལ་སྟག་གི་གཤིས་ཀའམ་སྟག་གི་རང་བཞིན་དེ་དགོས་ཀྱང་སྟག་མི་དགོས་པ་རེད’’ཅེས་གསུངས་ཡོད། ཡང་། བོད་མི་མང་པོ་ཞིག་གིས་རྒྱ་ནག་གིས་ང་ཚོར་རང་སྐྱོང་སྤྲད་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞིག་ཡོད་སྙམ་བཞིན་ཡོད། མ་གཞི་ནས་རྒྱ་ནག་གིས་བོད་ལ་རང་སྐྱོང་སྤྲོད་མིན་མི་ཤེས་མོད། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་གི་ནང་ནས་ང་ཚོར་དམིགས་བསལ་གྱི་ཐོབ་ཐང་ཞིག་སྤྲོད་ཐུབ་བམ། ཐོབ་ཐང་འདི་མེད་ཚེ་ང་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩ་ཆེན་པོ་དེ་ཡང་མེད་པ་ལྟ་བུར་མཐོང་། ཕྱོགས་གཞན་ཞིག་ནས་བཤད་ན། བོད་རྒྱ་གཉིས་སྤྱི་ཚོགས་གཅིག་གི་དཀྱིལ་འཁོར་དུ་བསྡད་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་མིན་ང་ལ་མཚོན་ན་དོགས་པ་རེད་ལ། བོད་ཀྱི་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོ་གསོད་མཁན་གྱི་མི་རིགས་ཤིག་དང་མཉམ་དུ་གནས་འདོད་ཀྱི་བློ་ལྡང་བ་ནི་ཡ་མཚན་ཅན་དུ་མཐོང་།
ད་ནི་བོད་ཀྱི་གནས་སྟངས་ལ་བསམ་བློ་བཏང་ན་སྙིང་དམར་པོ་ཐང་ལ་ལྷུང་གྲབས་བྱེད། རྒྱ་གཞུང་གིས་བོད་དུ་ཁྲག་གི་འཁོར་ལོ་བསྐོར་བཞིན་འདུག ལྷག་པར་དུ་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱས་ཏེ་བོད་ཀྱི་མི་རབས་གསར་པ་ཚོའི་བོད་ལྕེ་རྒྱ་ལྕེ་གཙང་མར་འགྱུར་བར་བྱེད་ཅིང་། བོད་ཀྱི་འབྲོག་སྡེ་མང་པོ་ཞིག་གྲོང་ཁྱེར་ཅན་དུ་བསྒྱུར་ཏེ་སྲོལ་རྒྱུན་རྩ་གཏོར་བྱེད་མགོ་ཚུགས་ཡོད། བོད་གཞིས་ལུས་མི་མང་གིས་ཀྱང་རྒྱ་ནག་གིས་དྲངས་པའི་གདུག་རྩུབ་སེམས་ཀྱིས་མ་ཐེག་པར་ཞི་རྒོལ་དང་། ཐ་ན་རང་གི་གཅེས་ཤིང་ཕངས་པའི་ལུས་པོ་འདི་ཡང་མེ་ལ་སྒྲོན་བཞིན་ཡོད། ང་ཚོར་བོད་གཞིས་ལུས་མི་མང་གི་སྡུག་བསྔལ་གང་མྱུར་གྱིས་སྐྱོབ་པའི་སྒྱུ་འཕྲུལ་ལྟ་བུའི་ནུས་པ་མེད་ཀྱང་། གཞིས་ལུས་མི་མང་གི་མངོན་འདོད་སྣང་མེད་རྒྱ་ཡན་དུ་མ་བསྐྱུར་བར་དེ་ལ་བརྩི་མཐོང་གིས་སྲིད་ཇུས་ཤིག་སྤེལ་ན་ཅི་ལ་མི་ཆོག་དྲན་བྱུང་།
ང་ཚོར་དབུ་འཁྲིད་ཅིག་དགོས་པ་རེད། དབུ་འཁྲིད་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློན་ལས་གཞན་ངས་བཙལ་ཀྱང་རྙེད་མ་བྱུང་། ཁོང་གིས་བོད་མི་རིགས་ཀྱི་མངོན་འདོད་ལ་དཔག་པའི་སྲིད་ཇུས་ཤིག་སྤེལ་ཐུབ་ཚེ། དེ་ནི་༸རྒྱལ་བ་རིན་པོ་ཆེར་གུས་མི་གུས་དང་། རྒྱ་ནག་ལ་ཁོང་ཁྲོ་སློང་མི་སློང་གི་སྐད་ཆ་མ་རེད། ང་ཚོས་ཐོབ་ཐང་ཞིག་གླེང་གི་ཡོད་པ་རེད། མི་རིགས་རང་ཐག་རང་གཅོད་ཀྱི་ཁེ་དབང་གི་རྩ་དོན་འདིའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་གཉིས་ནང་། ‘‘མི་རིགས་སོ་སོའི་མི་དམངས་ཚང་མར་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་’’ཅེས་དང་། ‘‘སྤྱི་ཆིངས་འདི་འཇོག་མཁན་གྱི་རྒྱལ་ཁབ་ཚང་མས། རང་ཐག་རང་གཅོད་ཀྱི་དབང་ཆ་འདི་མངོན་དུ་འགྱུར་བར་སྐུལ་སྤེལ་བྱེད་དགོས་’’ཞེས་གསུངས་ཡོད།
ཉིན་ཁ་ཤས་ཀྱི་གོང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློན་གྱིས་‘‘མ་འོངས་པར་རྒྱ་གར་ནང་གི་བོད་པའི་གནས་སྟངས་ལ་འགྱུར་བ་གང་ཡང་འགྲོ་གི་མ་རེད། དེ་གསལ་པོ་བཟོས་ཟིན་པ་ཡིན། དེ་སྔ་དང་ད་བར་ནང་བཞིན་མུ་མཐུད་ནས་གནས་ཀྱི་རེད’’ཅེས་གསུངས་ཡོད། དེ་བདེན་ན་‘‘བཙན་བྱོལ་བོད་གཞུང་’’འདི་ཡང་ཕྱིར་རྩིས་ལེན་གྱིས་བོད་ཀྱི་རང་བཙན་ལེན་ཐབས་ལ་འཆར་ཟིན་གྱི་རི་མོ་ཡག་པོ་ཞིག་འཐེན་དགོས་ཤིང་། མ་འོངས་བོད་ཀྱི་དཔལ་འབྱོར་འཚོལ་སྒྲུབ་དང་། ལས་འགུལ་སྤེལ་ཕྱོགས། རྒྱབ་སྐྱོར་འཚོལ་སྟངས་བཅས་ཀྱི་ཐད་ལ་བགྲོ་གླེང་ཆེན་མོ་རེ་འཚོགས་ཏེ་གྲོས་བསྡུར་ཞིབ་ལྷུག་གནང་དགོས་ཤིང་། ལྷག་པར་དུ་གཞིས་བྱེས་གཉིས་ཀྱི་སེམས་དང་སེམས་ཀྱི་བར་ཐག་སྲིད་ཕྱོགས་ནས་དམ་པོར་བཟོ་དགོས་པ་ནི་དུས་ལ་བབ་ཡོད་པར་སེམས།
ང་ཚོས་དམངས་གཙོ་ཞེས་ག་ཚོད་བཤད་ཀྱང་། བོད་མི་རིགས་ཀྱི་མངོན་འདོད་དང་མཐུན་པའི་སྲིད་ཇུས་ཤིག་སྤེལ་མ་ཐུབ་ཚེ། ང་ཚོའི་དམངས་གཙོ་ཞེས་པ་ནི་དམངས་གཙོ་ཆ་ཚང་བ་ཞིག་མིན། དེ་ལ་ནུས་སྟོབས་ཀྱང་མེད། བོད་ཀྱི་བཙན་པོ་དག་གིས་གཙོས་པའི་དཔའ་རྟུལ་ཁྲི་ཕྲག་གི་ཀྭི་སྒྲས་བཞེངས་པའི་བོད་རྒྱལ་ཁབ་འདི་སླར་ཡང་རང་བཙན་ཅན་དུ་གནས་མི་གནས་ཀྱི་འགན་བབ་འདི་དུས་རབས་ཉེར་གཅིག་པའི་བོད་མི་མང་ལ་ཡོད། དེ་བཞིན་དུ་ང་ཚོས་རྒྱ་ནག་གི་སྲིད་ཇུས་འདི་ཡང་རྟག་བརྟན་ཐེར་ཟུག་ཅིག་མིན་པ་མཁྱེན་དགོས་པར་མ་ཟད། བོད་རང་བཙན་མ་ཐོབ་ན་ང་ཚོ་ནམ་ཡང་རྒྱ་ནག་མི་རིགས་གཙོས་པའི་མི་རིགས་གཞན་གྱི་བྲག་གཡོག་ཡིན་པ་མ་བརྗེད་རོགས་ཞེས་བརྗོད་འདོད་དོ།
ལྷ་མོ་སྐྱབས་ལགས།
ངས་‘‘རང་བཙན་རེག་དང་མི་རེག་ཟེར་བ་དེ་དོན་དག་གཞན་པ་ཞིག་རེད་’’ཅེས་བཤད་པ་དེར་རྒྱབ་ལྗོངས་ཡོད། ཉོན་ཨཱ། ང་ཚོས་བོད་རྒྱལ་ཁབ་ཀྱི་རྩ་དོན་གླེང་གི་ཡོད། ཐོག་མར་བོད་རྒྱལ་ཁབ་ཀྱི་རྩ་དོན་གྱི་སྲིད་ཇུས་དེ་བོད་མི་རིགས་ཀྱི་མངོན་འདོད་དང་མཐུན་པ་ཞིག་གནང་དགོས་པ་རེད། དེ་འདྲའི་སྲིད་ཇུས་ཀྱི་རྨང་རྡོ་ཞིག་བཏིངས་ནས་ཁང་པ་མ་འགྲུབ་ན་དེ་ནི་བོད་མི་རིགས་ནོར་འཁྲུལ་རེད་མ་གཏོགས། ངན་ཁེག་གཞན་ལ་འགེལ་བ་མེད། ཚིག་དུམ་འདིའི་འགྲེལ་བཤད་གཅིག་འདི་ཡིན། དེ་ནས་ང་ཚོའི་གཞུང་གིས་སྲིད་ཇུས་གསར་པ་ཞིག་གནང་ནས་རང་བཙན་གྱི་ལམ་དུ་ཕྱོགས་ཚེ། ང་ཚོའི་ངོས་ནས་ཀྱང་རང་བཙན་རེག་པར་འབད་རྩོལ་ལོས་བྱེད་དགོས། དེ་མིན་གཞིས་ལུས་མི་མང་ལ་གཟིགས་ནས་སྐྱིད་ཉལ་གནང་བསྡད་ན་མ་འགྲིག་པ་རེད།
གོང་གི་ཚིག་དུམ་འདི་ལས་འཕྲོས་ཏེ་ངས་བཤད་འདོད་པ་ནི། མི་ལོ་སུམ་བཅུ་ལྷག་རིང་། ང་ཚོས་ལམ་དབུ་མ་གླེང་ནའང་བོད་དོན་ལ་འགྱུར་བ་ཞིག་མ་བྱུང་བ་རེད། བོད་གཞིས་ལུས་མི་མང་གིས་རང་བཙན་གླེང་བའི་རྣམ་པ་ཤུགས་ཆེན་འདུག མ་གཞི་ནས་རང་བཙན་གྱི་ལྟ་བ་དེ་མེ་ལོང་ནང་གི་གཟུགས་བརྙན་བཞིན་སུས་ཀྱང་བཀོག་ཐུབ་ཀྱི་མིན་པ་འདྲ། འདི་ལ་ཐུགས་སྣང་གིས་བོད་ཀྱི་རྩ་དོན་གྱི་ལངས་ཕྱོགས་ད་ལྟའི་བོད་གཞིས་ལུས་མི་མང་གི་མངོན་འདོད་དང་བསྟུན་པར་འབད་བརྩོན་བྱེད་དགོས་ཀྱི་འདུག་ཅེས་༸རྒྱལ་བ་རིན་པོ་ཆེར་ཞུ་ཐུབ་ཚེ། ༸རྒྱལ་བ་རིན་པོ་ཆེའི་ཐུགས་དགྱེས་ངེས་རེད། དེ་ནས་༸རྒྱལ་བ་རིན་པོ་ཆེར་ལམ་སྟོན་ཞུས། ང་ཚོས་ཀྱང་ནུས་པ་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་ནས་འཐབ་རྩོད་བྱེད་དགོས་པ་རེད་དྲན་བྱུང་། འཐབ་རྩོད་ཟེར་ན་ངེས་པར་དུ་དྲག་པོའི་ལམ་དུ་འགྲོ་དགོས་ཞེས་ཟེར་གྱི་མེད། ‘‘གལ་ཏེ་ཁྱེད་ཀྱིས་མ་སྤྲད་པ་ཡིན་ན། ང་ཚོས་ཁྱེད་རང་གསོད་ཀྱི་ཡིན་’’ཞེས་པ་ནི་‘‘དྲག་པོའི་སྟོབས་ཤུགས་ཡིན་’’ཞེས་སེམས་དཔའ་ཆེན་པོ་གན་ངྷིས་བརྩམས་པའི་༼༼རྒྱ་གར་རང་སྲིད་རང་སྐྱོང་༽༽དུ་གསལ་བ་དྲན། ད་དུང་ཆབ་སྲིད་ཟེར་བ་ནི་འགྱུར་བའི་རང་བཞིན་ཅན་ཞིག་རེད། ངས་ཚིག་རིས་ཇི་མ་ཇི་བཞིན་མི་དྲན་ཡང་། བོད་ཀྱི་དུས་བབ་གསར་ཁང་གིས་འདོན་སྤེལ་གནང་བའི་མཁས་དབང་ཟམ་གདོང་རིན་པོ་ཆེའི་༼༼བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་བབ་དང་ང་ཚོའི་ལས་འགན་༽༽ཞེས་པའི་དེབ་ཏུ། ཆབ་སྲིད་ནི་འགྱུར་བ་གཏོང་དགོས་པའི་དངོས་པོ་ལྟ་བུ་ཞིག་ཡིན་པ་རེད། དཔེར་ན། ཤིང་ཏོག་ཅིག་ཡུན་རིང་པོར་གནས་གཅིག་ཏུ་བཞག་ཚེ། ཤིང་ཏོག་དེ་ལམ་སེང་རུལ་འགྲོ་གི་རེད། དེ་ལམ་སེང་མི་རུལ་ཆེད་ཤོག་ཏོག་དེ་འགུལ་བསྐྱོད་གཏོང་དགོས་པ་རེད་ཅེས་གསུངས་ཡོད།
གལ་སྲིད་ང་ཚོ་བོད་རང་བཙན་ལམ་དུ་ཕྱིན་ཚེ། ང་ཚོར་ལས་ཀ་སྣ་མང་ཡོད་པ་རེད། སྐྱབས་བཅོལ་གྱི་སྲིད་གཞུང་འདི་སྲ་ཐག་ཐག་ཅིག་ལོས་བྱེད། དེ་ནས་རྡ་རམ་ས་ལར་ལས་མེད་འཁྱམ་ཉུལ་གྱི་འཚོ་བ་རོལ་མཁན་གྱི་བོད་པ་སྤྱི་དང་། གཞིས་ཆགས་སྐྱོ་བོ་ཁག་ཏུ་འཚོ་བ་ངན་ངོན་རོལ་མཁན་གྱི་བོད་མི། ལྷག་པར་དུ། གཞོན་སྐྱེས་འདི་ཚོར་སྣ་མང་ཆེད་ལས་ཀྱི་སློབ་སྦྱོང་སྤྲོད་དགོས། དེ་བཞིན་དུ་ང་ཚོ་སྐྱབས་བཅོལ་བ་རྣམས་རྒྱ་གར་དུ་མུ་མཐུད་དུ་གནས་ཐུབ་པར་འབད་བརྩོན་དང་། རྒྱལ་སྤྱིའི་ཕྱོགས་ནས་རོགས་སྐྱོར་འཚོལ་བ་ལྟ་བུ། ལྷག་དོན་བོད་གཞིས་ལུས་མི་མང་ལ་དཔལ་འབྱོར་གྱི་ཕྱོགས་ནས་རོགས་འདེགས་གནང་ཐུབ་ཚེ་རབ་རེད། མ་ཐུབ་ནའང་སེམས་ཤུགས་མ་ཆགས་པ་བྱས་ནས་སྲིད་ཕྱོགས་ནས་ཆིག་སྒྲིལ་བཟོ་དགོས་པ་རེད། འདི་ལ་ཚོགས་འདུ་ཆེན་མོ་རེ་འཚོགས་ནས་བགྲོ་གླེང་བྱས། རིག་པ་བརྡར་ནས་ཐག་གཅོད་དགོས་པ་མ་གཏོགས། གང་འདོད་ཀྱིས་གནང་ཆོག་ཆོག་ཅིག་ག་ལ་ཡིན། སྤྱིར་དོན་དག་འདི་རིགས་ཚང་མས་མཁྱེན་གྱི་ཡོད་མོད། ངས་བསྐྱར་བཤད་ཅིག་བྱས་པ་ལའང་གནོད་པ་ག་རེ་ཡོད།
རྒྱ་ནག་ལའང་རྒྱལ་རབས་ལྔ་བྱུང་འདུག ད་ལྟ་གུང་ཁྲན་ཏང་གིས་དབང་སྒྱུར་བཞིན་ཡོད། ཉིན་ཞིག རྒྱ་ནག་སྲིད་གཞུང་འདི་ཡང་འཇིག་འགྲོ་ངེས་རེད། སྐབས་དེར་ང་ཚོ་ལའང་གོ་སྐབས་ཤིག་ཡོད་པ་རེད། ཡང་། སྐབས་རེར་གསར་བརྗེའི་ལས་འགུལ་སྤེལ་ནས་བོད་དོན་ལ་ནུས་པ་ཞིག་གཏོང་ཐུབ་པའི་གདེང་ཚོད་ཡོད་ཚེ། དེ་བཞིན་དུ་ལས་ཀ་གནང་དགོས་པ་རེད། དཔེར་ན། ཕྱི་སོག་གི་རང་བཙན་དང་། ཤར་ཊེ་མོ། ཁོ་སོ་ལྦོའི་རང་བཙན་སོགས་ཀྱང་ཕྱིའི་འབྱུང་བ་འཁྲུགས་རྗེས་དཀོན་མཆོག་གིས་གནང་བཞག་པ་ག་ལ་ཡིན།
ངས་རྣམ་པ་ཚོའི་སྐད་ཆའི་ནང་དོན་ལ་ཞིབ་བསྡུར་བྱས་པ་ཡིན། ཞོར་དུ་ཁ་སང་གི་བདག་གི་དྲི་བར་ལན་ཞིག་ཨེ་ཡོང་རེ་བ་ཡིན། བདེན་པ་དང་གནས་ལུགས་ཀྱིས་བརྒྱ་ཆའི་གོ་དགུ་ཟིན་པ་རྒན་ལྷ་མོ་སྐྱབས་ལགས་རེད། གཞན་དག་ལ་ཡང་གནས་ལུགས་མེད་པ་མ་རེད། གནས་ལུགས་ཀྱིས་བརྒྱ་ཆའི་དེ་ཙམ་ཟིན་གྱི་མི་འདུག ངའི་དྲི་བ་དེ་ཚོར་རང་བཙན་བཤད་མཁན་ཚོ་སུ་ཡིས་ཀྱང་ལན་ཞིག་རྒྱག་མ་ནུས་ཐལ། ལན་གྱི་ཟུར་ཙམ་འདྲ་བོ་ཞིག་སླེབས་བྱུང་། དེ་ནི་མྱི་ནག་ཚང་དང་སྙན་བཟང་ལགས་གཉིས་རེད། གཅིག་གིས་རང་བཙན་གྱི་ཐབས་ལམ་གཞི་ནས་བཙལ་རྒྱུ་རེད། གཅིག་བྱས་ན་རྙེད་ན་ཐང་ཟེར། གཅིག་གིས་རང་བཙན་རེག་མི་རེག་ཟེར་བ་དེ་དོན་དག་གཞན་ཞིག་རེད་ཟེར། ངོ་མ་དགོད་སྤྱད་ཟེར་ནོ་རེད། ངའི་སྣང་བར་ཉི་མ་མཆོད་པས་ཚིག་གིས་བཤགས་འགྱེད་ཀྱི་རྩེད་མོ་འདྲ་རྩེས་བསྡད་པ་ལོས་ཡིན་སྙམ་པ་ཞིག་ཤར་བྱུང་། རྒན་ལྷ་མོ་སྐྱབས་ལགས་ཀྱིས། འཇའ་མཚོན་སྤར་འཛིན་བྱེད་པ་དེ་ངའི་ལས་ཀ་མིན་ཟེར། ངོ་མ་རེད། རང་བཙན་འཐབ་རྩོད་པ་རྣམ་པ་ལགས། འོ་ན་ཁྱེད་ཅག་གིས་ཅི་ཞིག་རྩོད་ཀྱི་ཡོད་དམ་ལགས།
དབུ་མ་ལམ་གྱི་ཉེས་སྐྱོན་རང་གིས་གང་མཐོང་བ་རྣམས་ཁ་ཁོག་མེད་པ་མུ་མཐུད་ནས་བཤད་འདོད་འདུག་པས་ཞུ་ཆོག་པ་ཞིག་གནང་རོགས།
དབུ་མའི་ལམ་གྱི་སྒྲུབ་བྱ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་བསམ་འཆར་ཡིག་ཆའི་ནང་དུ་་་་༼བོད་ནང་གཏན་གཞིས་ཆགས་པ་དང་། དུས་ཡུན་རིང་ནས་གནས་སྡོད་འཚར་ལོངས་བྱས་པ་རྣམས་ཕྱིར་འབུད་བྱེད་རྒྱུའི་ང་ཚོའི་ཀུན་སློང་མིན། ང་ཚོའི་སེམས་འཚབ་བྱེད་གཞི་རྒྱ་རིགས་གཙོས་པའི་མི་རིགས་གཞན་འབོར་ཆེན་སྤོ་ཤུགས་བྱེད་རྒྱུའི་སྐུལ་སློང་བྱེད་པའི་དབང་གིས་ད་ཡོད་སྤྱི་ཚོགས་ལ་འཕོ་འགྱུར་དང་། བོད་མི་རྣམས་གྲངས་ཉུང་ཆགས་པ། ཧ་ཅང་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་བཟོས་ཀྱི་ཡོད་པ་དེ་དག་ཡིན།༽ཞེས་པ་འདི་ལས་གང་ཡང་མེད།
ཁྱེད་ཀྱིས་་་་གཉིས་པ། དབུ་མའི་ལམ་ལ་སོང་བས་རྒྱ་རིགས་བོད་དུ་ཇེ་མང་ལ་སོང་བ་ཟེར་བ་བདེན་པ་མ་རེད། དབུ་མའི་ལམ་གྱིས་སྔོན་མ་ནས་གནས་པའི་རྒྱ་རིགས་བོད་དུ་སྡོད་ཆོག་པ་ལས་གསར་བ་གནས་སྡོད་ཆོག་ཚུལ་བཤད་མེད། ལྷག་པར་མི་གྲངས་སྤོ་ཤུགས་ཀྱིས་མི་རིགས་རྩ་མེད་བཟོ་རྒྱུར་ཉེན་ཁ་ཆེ་ཚུལ་དང་དེར་ངོ་རྒོལ་ཤུགས་ཆེན་བྱས་ཡོད།ཞེས་གསུངས་འདུག་ཀྱང་ངོ་རྒོལ་ཤུགས་ཅི་འདྲས་བྱས་པ་རེད་དམ། རྒྱ་མིའི་གཞུང་ཚབ། རྒྱལ་སྤྱིའི་ཐོག འོན་ན་་རྡ་ས། འོན་ན་ཡིག་ཐོག་་་་ངོ་རྒོལ་ག་འདྲས་བྱས་པར་རེད་དམ་་་དོགས་འདྲི་ཡིན། འཁྱོག་བཤད་བྱེད་མ་ཡོང་ཨ།
བོད་ནང་གཏན་གཞིས་ཆགས་པ་དང་། དུས་ཡུན་རིང་ནས་གནས་སྡོད་འཚར་ལོངས་བྱས་པ་རྣམས་ཕྱིར་འབུད་བྱེད་རྒྱུའི་ང་ཚོའི་ཀུན་སློང་མིན་ཞེས་བཤད་དུས་སུ་སྡོད་ཆོག་པ་ལ་གོ་དགོས། དབུ་མ་ལམ་གྱི་ལུགས་སུ་བྱས་ན་བོད་ནང་དུ་རྒྱ་མི་བསྡད་པ་མོས་མཐུད་གནང་ཡོད། རྒྱ་རྙིང་པ་སྡོད་ཆོག་ན་གསར་པ་ཆོག་་པ་ཡང་ཤུགས་ཀྱི་ཁས་ལེན་པ་རེད། ཁས་ལེན་པའི་སྐད་ཆ་འདི་འདྲ་བཤད་ན་རྒྱ་མི་ཆུ་ལོག་སྤུངས་སྤུངས་བྱེད་ནས་སླེབས་ལོས་ཡོང་།
ཁྱེད་ཀྱིས་་་་གལ་ཏེ་རང་བཙན་གྱི་ལྟ་བ་བཟུང་བསྡད་ཡོད་ན་ད་ལྟ་བོད་ལ་རྒྱ་རིགས་འདི་ལྟར་ཡོང་མེད་པར་འདོད་ན་དེ་རྦད་དེ་ནོར་འཁྲུལ་རེད། རྒྱུ་མཚན་མང་པོ་མི་དགོས། རྒྱ་དམག་གིས་ཐོག་མར་བོད་ལ་བཙན་འཛུལ་བྱེད་པའི་དམིགས་ཡུལ་རང་བོད་ཀྱི་ས་ཆར་དམིགས་པ་རང་ཡིན་པས་སོ།ཞེས་གསུངས་འདུག་ཀྱང་རྒྱུ་མཚན་ཡང་དག་མ་རེད། རྟགས་གྲུབ་ཀྱང་ཁྱབ་པ་མ་གྲུབ།
རྒྱ་དམག་གིས་ཐོག་མར་བོད་ལ་བཙན་འཛུལ་བྱེད་པའི་དམིགས་ཡུལ་བོད་ཀྱི་ས་ཆར་དམིགས་པ་དང་གཏེར་ཁ་ལ་དམིགས་པ། ཤིང་ནག་དང་སྨན་རྩ་ལ་དམིགས་པ། ཆུ་དང་རླུང་ལ་དམིགས་པ། སྟོབས་ཤུགས་ཆེན་པོ་ཆགས་ཆེད་དུ་དམིགས་པ་ལོས་ཡིན་ཀྱང་བོད་རང་བཙན་པའི་ལུགས་སུ་བྱས་ན་འདི་ལ་མོས་མཐུན་བྱེད་ཐབས་མེད་པར་རེད། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུག་དགོས་པའི་ངོ་རྒོལ་དང་ལས་འགུལ། བོད་ཀྱི་ས་ཆུ་མེ་རླུང་འབྱུང་བཞི་གཙོ་་གཏེར་ཁ་དང་སྨན་རྩ་སོགས་ཀྱི་བདག་དབང་བོད་མི་དམངས་ཁོ་ན་ལ་མ་གཏོགས་རྒྱ་མི་ལ་མེད།
དབུ་མའི་ལམ་གྱི་ལུགས་སུ་ལྟར་ན་བོད་ཀྱི་ས་ཆར་དང་གཏེར་ཁ་བཅས་ཚང་མ་རྒྱ་བོད་གཉིས་ཕན་དང་གཉིས་ཀའི་འདྲ་མཉམ་གྱི་བདག་དབང་སྤྲོད་པ་རེད། གནད་ལུགས་འདི་འདྲ་ཞིག་གི་འོག་ཏུ་རྒྱ་མི་བོད་ལ་མ་ཡོང་ཟེར་ནས་ངོ་རྒོལ་ག་འདྲ་བྱས་པ་ཡིན་ནམ་་་་ཨ།ལྷ་མོ་སྐྱབས་གཅིག་གསུང་དང་། ཁྱེད་ཀྱིས་ཉན་འདོད་ཡོད་པ་དེར་ཏོག་ཙམ་སྒུག་ཨ་་་དང་པོར་འདིར་ཐག་ཆོད་ན་བསམ་གྱི་འདུག
ཆབ་བྲག་ལགས།ལམ་དབུ་མའི་དཔའ་བོ་གསུམ་དང་ཁྱེད་ཀྱི་བར་ཐག་སྟེ་མཁས་པ་དང་བླུན་པོ། ཉི་མ་དང་མེ་འཁྱེར། རྟ་མཆོག་དང་བོང་བུའི་རྒྱང་ཐག་འདུག་པ་སོ་སོའི་བརྩམས་ཆོས་ཀྱི་ངོས་ན་གསལ་ལེར་མངོན་ཡོད། ལྷག་པར་ཁོ་ཚོར་དད་པ་ཡོད་མེད་ནི་དེ་ལས་འབྲེལ་མེད་ཀྱི་སྐད་ཆ་ཡིན་པས། རང་རེའི་ཉམས་ང་འི་དྲ་བའི་ཁོར་ཡུག་ཏུ་རྒན་མོ་ཅོ་འཛིངས་ལྟ་བུའི་སྐད་ཆ་གླེང་ནས་དུས་མི་བསྐྱལ་བར་ཁོར་ཡུག་ཆུང་ཆུང་འདིར་ཁ་དབུགས་གཙང་མ་ཞིག་འདྲེན་པར་ཤུགས་སྐྱོན་རོགས།
རྩོམ་པ་པོ་སྙན་བཟང་ལགས།
“རང་བཙན་རེག་མི་རེག་ཟེར་བ་དེ་དོན་དག་གཞན་པ་ཞིག་རེད།” དེས་ན་ངེད་གཉི་གས་གནད་དོན་གཙོ་བོ་ངོས་འཛིན་སྟངས་རྦད་དེ་ཐ་དད་རེད། དམིགས་ཡུལ་ཞིག་དང་རེ་བ་ཞིག གདེང་ཚོད་ཅིག་མེད་པར་ཨུ་ཚུགས་ཀྱིས་འཇུག་པ་དེ་ངའི་འགྲོ་ལམ་གཏན་ནས་མིན།
ཡིད་བཞིན་ནོར་བུ་ཐུགས་རབ་ཏུ་དགྱེས་ནས་སྐུ་དབང་གསོལ་རས་གནང་བ་རེད་བསམ་གྱིན་ཡོད་དམ། གནད་དོན་འདི་རིགས་མ་རྟོགས་པས་མང་པོ་ཞིག་གིས་ཉེན་མཆོང་བྱེད་པ་རེད།
ཁྱེད་ཀྱི་རྩོམ་ཡིག་གི་ནང་དོན་དེ་ཉིན་གནམ་ཡིག་ནང་ནས་ཁ བརྡ་བྱས་པ་ལྟར་རེད། ད་རེས་འདིར་མཆན་བཏབ་པ་དེ་གཙོ་བོ་མཆན་འགོད་པ་དང་རང་བཙན་གྱི་ལྟ་བ་ཁྱེར་ནས་༸གོང་ས་མཆོག་དང་བོད་གཞུང་ལ་ངོ་རྒོལ་བྱེད་མཁན་དག་ཡིད་ལ་ཤར་འོང་ནས་བྲིས་པ་ཡིན།
ཡིད་བཞིན་ནོར་བུར་དད་པ་མེད་པ་མ་ཟད་ངོ་རྒོལ་བྱེད་མཁན་ཡོད་པ་ཁྱེད་ཀྱིས་རྒྱང་རིང་ནས་མ་མཐོང་ན་ཁག་མེད། དབུ་མའི་ལམ་གྱི་ཐད་ནས་ཐད་ཀར་དུ་༸གོང་ས་མཆོག་ལ་ངོ་རྒོལ་ཕོད་མཁན་གྱི་དཔའ་བོ་རྣམ་པ་གསུམ་ཡོད། འདི་གསུམ་པོར་དད་པ་ཡང་མེད་ཚུལ་གོ་མྱོང། དེ་ངས་མ་བཤད་ཀྱང་ཚང་མས་ལོས་ཤེས། གང་ལྟར་འདི་ལྟར་གདོང་པ་བསྟན་ནས་བཤད་ཐུབ་པ་དེ་ཡག་པོ་མ་རེད་བསམ་གྱིན་མེད། ༸གོང་ས་མཆོག་སྐྱབས་སུ་མཆི་བཀའ་དྲིན་ཅན་ཞེས་གོང་ལ་བཞག་ནས་ཁོང་གིས་བསྟན་གནང་བའི་དབུ་མའི་ལམ་དང་དེའི་རྗེས་འཇུག་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གཙོས་ངེད་ཅག་ལ་ནག་ཉེས་འགེལ་བ། ཐ་ན་ད་བར་ལ་གྲ་མ་འགྲིག་པ་ཅིག་བྱུང་བྱུང་ཚང་མ་དབུ་མའི་ལམ་ལ་བརྟེན་ནས་བྱུང་ཚུལ་དང། དེ་ཡང་རྩ་བ་དེ་བླ་མས་དབང་སྒྱུར་བས་ལན་པ། ༸གོང་ས་མཆོག་གོང་ནས་བཞུགས་ན་དམངས་གཙོ་མིན་ཚུལ་སོགས་ཀྱི་བསམ་ཚུལ་མང་པོ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་མངོན་ཤུགས་ཇེ་ཆེར་འགྲོ་བཞིན་པས་ང་ལ་འཇིགས་སྣང་དང་བཅས་པའི་ཚོར་བ་དེ་དག་རང་དབང་མེད་པར་བྱུང་སོང་ངོ།
དེ་ནས་ངེད་གཉིས་ཀ་ནུབ་ཕྱོགས་སུ་ཡོད་པ་གཅིག་པ་རེད། དེ་བཞིན་དུ་བཤད་པ་དང་འབྲི་བ་ཡང་ངེད་གཉིས་གཅིག་པ་རེད། འདི་ལ་བཟང་ངན་ཞིག་དབྱེ་རྒྱུ་མེད་པར་མཐོང་། མ་གཞི་ནས་ངས་ང་ལ་ལྷག་བསམ་དང་སེམས་ཤུགས་ཆེ་རབས་སོགས་གླེང་མེད། ང་ཚོས་བོད་དོན་གླེང་བ་དང་དེའི་ཐད་ལ་ལས་ཀ་བྱེད་པར་རྡ་རམ་ས་ལ་རང་ནས་སྡོད་དགོས་པ་ཞིག་ཀྱང་འདོད་ཀྱིན་མེད། ༡༩༨༩ལོ་ནས་༢༠༠༩བར་ལོ་ཉི་ཤུར་ཕར་ནས་ལས་ཀ་བྱས་པ་ཡིན། ད་དུང་སྔར་བཞིན་བོད་དགེ་དང་རྩོམ་འབྲིའི་ལས་ཀ་དོར་མེད་པར་མ་ཟད་ཤུགས་ཆེ་རུ་གཏོང་བཞིན་ཡོད། ངས་འདི་ཙམ་ལས་ཅི་ཡང་མི་འཇོན། གལ་ཏེ་ང་ཚོའི་གཞུང་རང་དང་སྐུ་སྒེར་ཡིག་ཚང་ལྟ་བུར་མཁོ་ནས་སྐད་བཏང་ན་ང་འགྲོ་ཐུབ་ངེས་ཡིན། མ་གཞི་འདི་དག་གླེང་མི་དགོས་ན་ཡང་ཁྱེད་རང་ཚོས་གླེང་དགོས་པ་འདྲ་བོ་ཞིག་བཟོས་སོང།
ཐ་མར་ཞུ་འདོད་པ་ཞིག་ནི། རང་བཙན་དང་དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་ནང་ན་ཁྱེད་རང་ལྟ་བུའི་བསམ་པ་རྣམ་དག་ཅན་མང་པོ་མེད། ཡིན་ན་ཡང་ལས་དོན་དེ་བསམ་པ་རྣམ་པར་དག་མིན་ལ་འབྲེལ་བ་ཆེན་པོ་ཡོད་མེད་མི་ཤེས།
རྒན་ལྷ་མོ་སྐྱབས་ལགས་ཀྱིས་བཀའ་ལན་གནང་བར་ཐུགས་རྗེ་ཆེ། རྗེས་ལ་མཇལ་ཡོང་ངོ་།
མདོ་སྨད་སྤྱི་ཟུར་མཆོག་ཁ་སང་དེ་རིང་དྲ་ཐོག་གི་དྲ་འབུ་ལོག་དོན་གྱི་རྒྱུ་མཚན་གང་ཡིན་ནམ།
དོན་ངོ་མར་རྩོམ་ཡིག་ཀློག་ནས་མྱོང་ཚོར་མི་འབྲི་རྒྱུ་མཚན་གང་ཡིན་ནམ།
ལྷ་མོ་སྐྱབས་ལགས།
ཁྱེད་རང་གིས་ཡུ་གུར་དང་སོག་པོ་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་དང་མཉམ་འབྲེལ་གྱིས་བོད་ཀྱི་བདེན་མཐའ་སེལ་ཐུབ་པར་རེ་བ་རྒྱག་གི་ཡོད་པ་རེད། རྒྱ་ནག་གི་སྲིད་གཞུང་གཏོར་འདོད་པའི་བསམ་བློ་འཁོར་གྱི་ཡོད་པ་རེད། འདི་ཁྱེད་རང་གི་བསམ་ཚུལ་རེད། ཁྱེད་རང་གི་བསམ་ཚུལ་ལ་ངས་བརྩི་བཀུར་བྱེད་ཀྱི་ཡོད།
ངས་རང་བཙན་དགོས་ཞེས་སྐད་རྒྱག་གི་ཡོད། རང་བཙན་རེག་མི་རེག་ཟེར་བ་དེ་དོན་དག་གཞན་པ་ཞིག་རེད། ཡིན་ནའང་བོད་གཞིས་ལུས་མི་མང་བོད་རང་བཙན་གྱི་ཆེད་དུ་སྐུ་གཤེགས་ཀྱིན་ཡོད། འདི་ལ་བསམ་ཤེས་གནང་དགོས་པ་རེད། སྔོན་ཆད་ཟམ་གདོང་རིན་པོ་ཆེས་ཀྱང་བོད་རྒྱ་འདུམ་སྒྲིག་གི་གནད་དོན་འདི་ལྟར་ནར་འགྱངས་ཀྱིས་འཇོག་འདོད་མེད་ཅེས་དང་། བཟང་ངན་ཐག་གཅོད་ཡོང་བར་ཐུགས་བསམ་བཞེས་དགོས་ཀྱི་འདུག་ཅེས་གསུངས་ཤིང་། རྒྱལ་བ་རིན་པོ་ཆེས་ཀྱང་བོད་ཀྱི་སྲིད་ཕྱོགས་ཀྱི་ཐུགས་འགན་ཡོད་ཚད་བོད་མི་མང་ལ་གནང་བ་རེད། རྒྱལ་བ་རིན་པོ་ཆེས་ངས་བར་དུ་ལམ་དབུ་མར་བརྟེན་ནས་བོད་ཀྱི་གནད་དོན་གླེང་བ་ཡིན། གྲུབ་འབྲས་བྱུང་མ་སོང་། ད་ཁྱེད་ཚོར་སེམས་ཤུགས་ཡོད་ན་ལས་ཀ་གནང་རོགས་ཞེས་ཐུགས་བསམ་བཞེས་ཀྱིན་ཡོད།
ཁྱེད་རང་གིས་ངའི་རྩོམ་མཇུག་ཏུ་མཆན་བུ་འགའ་བྲིས་སོང་། རྩོམ་གྱི་ངོས་ཐད་ནས་བགྲོ་གླེང་མི་བྱེད་པར་རང་བཙན་རྩོད་མཁན་ཚོར་ལོག་རྟོག་པ་དང་། ཡིད་བཞིན་ནོར་བུའི་གསུང་ལ་སུན་སྣང་སྐྱེ་གི་ཡོད་པ་རེད་ཅེས་བཤད་སོང་། ཚིག་འདི་འདྲ་གང་ནས་ཐོན་པ་རེད། ང་ཚོར་རྒྱལ་བ་རིན་པོ་ཆེ་ལྟ་བུའི་མི་བཀའ་དྲིན་ཅན་གང་དུ་ཡོད། རྒྱལ་བ་རིན་པོ་ཆེར་དད་པ་མེད་པའི་མི་ཞིག་བོད་མི་ཚོའི་ཁྲོད་དུ་ཡོད་དམ།
སོ་སོར་སྤྱི་འཐུས་ཀྱི་ཐོབ་ཡོད་སྐབས་དང་། དགེ་རྒན་གྱི་ལས་ཀ་ཡོད་སྐབས་ཁ་ནུབ་ཕྱོགས་སུ་ཕྱོགས་པ་རེད། སོ་སོར་དེ་འདྲའི་སེམས་ཤུགས་ཡོད་ཚེ་རྡ་རམ་ས་ལའི་དཀྱིལ་འཁོར་དུ་བསྡད་ནས་ལས་ཀ་བྱེད་དགོས་པ་རེད། ནུབ་ཕྱོགས་སུ་ཡོང་ནས་ཁ་སྟོང་ཚིག་སྟོང་བཤད་པ་ལས། གཞུང་གི་ཅོག་ཙེའི་སྒང་ནས་སྙན་ངག་གཅིག་བྲིས་པ་ཡིན་ན་དེ་ལ་ནུས་སྟོབས་ཡོད།
ཁྱེད་རང་གིས་མུ་མཐུད་དུ་ལམ་དབུ་མ་ཤོད། ངས་རང་བཙན་གླེང་གི་ཡིན། བོད་གཞིས་ལུས་མི་མང་གི་རང་བཙན་གྱི་ལྟ་བ་མ་འགྱུར་བར་དུ། ཡང་ན་བོད་རང་བཙན་མ་ཐོབ་བར་དུ། ཕྱོགས་གཞན་ནས་བཤད་ན། ང་མ་ཤི་བར་དུ་ངས་རང་བཙན་གླེང་གི་ཡིན། ངས་རྩོམ་ཡིག་འབྲི་གི་ཡིན། ང་ཚོས་ལྟད་མོ་བལྟ་ཆོག
ད་བུ་ཅོ་རིས་ཀྱང་ཏོག་ཙམ་ཉན་ཤེས་ཀྱིན་འདུག དགའ་བོ་བྱུང། བསམ་ཚུལ་བཤད་རྒྱུ།
གཅིག “འདོད་པ་མེད་པའི་བུ་མོ་མདོག་ངན་ཞིག་གི་མཉམ་དུ་ཆང་ས་རྒྱབ་ན་མི་ཚེ་འཁྱོངས་ཁ་པོ་རེད”ཅེས་པ་དབུ་མའི་ལམ་ལ་དཔེ་བླངས་པ་ཡིན་ན། གལ་ཏེ་ཁྱོད་ལ་མཛེས་མ་ཞིག་རག་གི་ཡོད་ན་ད་དེ་མ་བླངས་ཀྱང་ཆོག་མོད། དེ་ལས་རག་ཡ་མེད་ན་ད་མི་རྐྱང་དུ་འདུག་རྒྱུ་མིན་ན་དེ་བླངས་ན་ལོས་བཟང། གཉིས་ནས་མོ་སྒོ་མེད་ཀྱང་མཛངས་ཡོན་ཡོད་སྲིད་པས་ཕྱི་གཟུགས་ཁོ་ནར་བལྟས་ནས་མི་ཚེ་མི་འཁྱོངས་པར་འདོད་མཁན་དེ་རིགས་ཀྱི་ལྟ་བ་འདི་ཡང་ཡང་དག་ཅིག་གཏན་ནས་མིན་པ་བཞིན། དབུ་མའི་ལམ་ལ་མཐོང་ཆུང་དང་ཉེས་འགེལ་དེ་རིགས་ཀྱང་དཔེ་འདི་དང་གཅིག་རེད།
དེ་ནས་རྒྱལ་ཞེན་གལ་ཆེ་ཡང་དེ་ལས་ཀྱང་མི་རིགས་ཀྱི་ལ་རྒྱ་གལ་ཆེ་བ་རེད། འདི་ཡོད་ན་རྒྱལ་ཁབ་མེད་ཀྱང་མི་རིགས་དེ་ཡུན་རིང་འཚོ་གནས་ཐུབ།
གཉིས་པ། དབུ་མའི་ལམ་ལ་སོང་བས་རྒྱ་རིགས་བོད་དུ་ཇེ་མང་ལ་སོང་བ་ཟེར་བ་བདེན་པ་མ་རེད། དབུ་མའི་ལམ་གྱིས་སྔོན་མ་ནས་གནས་པའི་རྒྱ་རིགས་བོད་དུ་སྡོད་ཆོག་པ་ལས་གསར་བ་གནས་སྡོད་ཆོག་ཚུལ་བཤད་མེད། ལྷག་པར་མི་གྲངས་སྤོ་ཤུགས་ཀྱིས་མི་རིགས་རྩ་མེད་བཟོ་རྒྱུར་ཉེན་ཁ་ཆེ་ཚུལ་དང་དེར་ངོ་རྒོལ་ཤུགས་ཆེན་བྱས་ཡོད། གལ་ཏེ་རང་བཙན་གྱི་ལྟ་བ་བཟུང་བསྡད་ཡོད་ན་ད་ལྟ་བོད་ལ་རྒྱ་རིགས་འདི་ལྟར་ཡོང་མེད་པར་འདོད་ན་དེ་རྦད་དེ་ནོར་འཁྲུལ་རེད། རྒྱུ་མཚན་མང་པོ་མི་དགོས། རྒྱ་དམག་གིས་ཐོག་མར་བོད་ལ་བཙན་འཛུལ་བྱེད་པའི་དམིགས་ཡུལ་རང་བོད་ཀྱི་ས་ཆར་དམིགས་པ་རང་ཡིན་པས་སོ།
རྒྱ་མི་སྒེར་བ་ལྷ་སར་འཚོ་གནས་བྱེད་པ་དེ་དག་སེམས་བདེ་ཐག་ཆོད་ནས་བསྡད་ཡོད་མ་རེད། གནས་སྐབས་ཀྱི་ཁེ་བཟང་ས་བར་བསྡད་ཡོད་རེད། རྒྱ་དང་ཁ་ཆེ་གཉིས་ཀར་བོད་ཐོག་ནས་སྒོར་མོ་ལེན་པའི་ཐབས་ཇུས་མཁས་པོ་ཡོད་པ་རེད། གལ་ཏེ་རྒྱ་མི་སྒེར་བ་རང་ངོས་ནས་བོད་ལ་གནས་ཐབས་མེད་པ་ཞིག་བཟོ་དགོས་ན་དེའི་ཐབས་ཤེས་ཡག་ཤོས་དེ་འཇིགས་སྐུལ་རང་ལས་མེད། འདི་བོད་རང་བཙན་རྩོད་མཁན་དག་གིས་ཀྱང་མི་བྱེད་ཟེར་གྱིན་ཡོད་རེད། དེ་ཡིན་དུས་འཚེ་མེད་ཞི་བའི་ལམ་གཉིས་ཀ་གཅིག་པ་ཡིན་དུས། ཁོ་ཚོས་གནས་སྐབས་རིང་འཇིགས་སྣང་ཆེན་པོ་མི་བྱེད་པར་ཁེ་བཟང་ལེན་རྒྱུ་ལ་ཁྱད་པར་གང་ཡང་མེད་པ་རེད།
བོད་རང་བཙན་ལེན་སྟངས་ཀྱི་བསམ་ཚུལ་དེ་ཤེས་འདོད་ཡོད། འབྲི་རོགས།
ཁ་རྩོད་ཙམ་དང་མིང་ཙམ་གྱི་ཆེད་དུ་མིན་པར། དོན་ལ་གནས་པའི་བགྲོ་གླེང་ལྷུག་པོ་ཞིག་ཡོང་བཞིན་པ་དགའ་ཡོད།
ད་རུང་། མུ་མཐུད་ནས། དགོངས་ཚུལ་གང་མང་མང་ཞིག་སྤུངས་ཐུབ་ན། གནད་འགག་ཅིག་གི་སྒོ་མོ་ཕྱེ་ཐུབ་ཀི་རེད།
ལྷག་པར་དུ། གུ་ཡངས་དང་བརྩི་བཀུར་གྱི་སྒོ་ནས་འགྲོ་ཐུབ་རྒྱུ་ན། སེམས་ཀྱི་མཐུན་སྒྲིལ་ཞིག་རང་ཤུགས་ཀྱིས་ཡོང་གི་རེད།
དེ་ལྟ་དེ་ལྟར་བསྐྱོད་ཀྱིན་བསྐྱོད་ཀྱིན་སོང་བ་ཡིན་ན། མ་འོངས་པ་དང་ད་ལྟའི་ལག་ལེན་གྱི་གྲུབ་འབྲས་ཇེ་གསལ་དུ་འགྲོ་གི་རེད།
འདི་ནི། སྤྱིར་བཏང་གི་རེ་སྐུལ་ཙམ་ཞུས་པ་ཡིན་ལགས།
ལྷ་སར་རྒྱ་ཡིས་གང་བ་འདི།
དབུ་མའི་ལམ་གྱི་གྲུབ་འབྲས་དང་།
ཟམ་གདོང་བླ་མས་བྱས་རྗེས་སུ།
ངོས་འཛིན་མི་བྱེད་དཀའ་མེད་རེད།
མྱི་ནག་ཚང་བཀའ་དྲིན་ཆེ་་་་ཁྱེད་བསླེབས་ནས་ལྷ་མོ་སྐྱབས་སེམས་ལྷོད་ཏུ་བབ་སོང་། ད་ཚང་མས་བགྲོ་གླེང་ཡག་པོ་ཞིག་ཡོང་བཞིན་འདུག་པས་དགའ་སྤྲོ་ཆེ་ཁུ།
ལྷ་མོ་སྐྱབས་ལགས། ཁྱེད་ཀྱིས་བྲིས་པའི་མཆན་བུ་རྣམས་ཀློག་སྐབས་སུ་མིག་སྔོན་དུ་ཤར་ཡོང་བ་ནི་ཁྱེད་ཀྱིས་མིག་ཤེལ་ཞིག་གོན་ནས་སྐྲ་རིང་པོ་དེ་རྒྱབ་ཏུ་ནར། གློག་ཀླད་ཀྱི་ནང་དུ་བྲིས་སྟངས་ཚང་མར་ཤར་ཡོང་གི་འདུག་་་་་ད་དགོས་མེད་མི་བཤད།
ཁྱེད་ཀྱིས་་་་་་་་་་ལམ་ཁ་ཡག་ཤོས་དེ་རང་བཙན་ལོས་ཡིན།ཞེས་དང་་་བདག་གིས་གོ་སྐབས་གང་ཞིག་རེ་བ་རྒྱག་གིན་ཡོད་ཟེར་ན་རྒྱ་ནག་དམངས་གཙོར་འགྱུར་བའི་ཉི་མ་དེའོ། དེའི་བར་ལ་ང་ཚོས་གཞན་མ་ཐུབ་ན་ཆོག ངེས་པར་ཐུབ་དགོས་པ་གཅིག་ཡོད་པ་ནི་རང་གི་རིག་གཞུང་དང་རང་ཉིད་མཉམ་གནས་ཐུབ་རྒྱུ་འདི་རེད། ཞེས་གསུངས་འདུག ཡག་པོ་འདུག
ཁྱེད་ཀྱིས་ལམ་ཁ་ཡག་ཤོས་དེ་རང་བཙན་ཡིན་པར་ཤེས་ཀྱི་ཡོད་ན་གང་གི་ཆེད་དུ་རང་བཙན་ཕྱོགས་སུ་འགྲོ་མེད་དམ། རེད་་་་ཁྱེད་ཀྱིས་བསམ་པ་རང་བཙན་རག་ཁ་བ་དང་རང་སྐྱོང་རག་སླ་བ་ཡོད་བསམ་གྱི་ཡོད་རེད། བསམ་པ་དེ་བདེན་པ་རེད། ཡིན་ནའང་་་དཔེར་ན་་་བུ་མོ་ཞིག་ལ་ཆ་བཞག་ནའང་མདོག་ངན་པ་དེར་རག་སླ་བ་ཡོད། ཅ་ལག་ཞིག་ཡིན་ན་གོང་ཁེ་བ་དེ་རྫོགས་སླ་བ་ཡོད་པ་ཆོས་ཉིད་རེད། འདོད་པ་མེད་པའི་བུ་མོ་མདོག་ངན་ཞིག་གི་མཉམ་དུ་ཆང་ས་རྒྱབ་ན་མི་ཚེ་འཁྱོངས་ཁ་པོ་རེད།
གོང་ཁྲན་ཏང་གི་རྩ་ཁྲིམས་འོག་ཏུ་རང་སྐྱོང་མཉམ་དུ་ཆང་ས་རྒྱབ་ན་ཕུགས་བརྟན་པོ་ག་ནས་ཡོང་། དེ་ལས་རང་སེམས་ཤོར་སའི་རང་བཙན་མཉམ་དུ་ཆང་ས་རྒྱབ་ན་ཕུགས་བརྟན་ལ་མི་ཚེ་སྐྱིད་སྟངས་ཁ་ཁར་རེད། རང་བཙན་རང་སྐྱོང་གང་ཡིན་ནའང་གོང་ཁྲན་ཏང་མ་ཤི་ན་རག་ཐབས་མི་འདུག་སྙམ། དེ་བརྟེན་གོང་ཁྲན་ཏང་ཤི་སྒུག་བྱེད་དགོས་དུས་སུ་ལོ་ག་ཚོད་འགོག་འགྲོ ལོ་མང་སྒུག་དགོས་ཐུག་སྲིད་པ་རེད།
དབུ་མའི་ལམ་སྲིད་བྱུས་ཐོག་ནས་གོང་ཁྲན་ཏང་ལོ་མང་རིང་ཤི་སྒུག་བྱེད་དགོས་བྱུང་ན་ང་ཚོས་སྒུག་མི་ཐུབ་པར་ང་རང་ཚོ་ཤི་བའི་ཉེན་ཁ་ཡོད། གང་ཡིན་ཟེར་ན་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་ན་ང་ཚོ་རྒྱ་མི་རིགས་མཉམ་དུ་སྡོད་ཀྱི་ཡིན། ང་ཚོས་ཏང་གི་རྩ་ཁྲིམས་ངོས་ལེན་བྱེད་གྱི་ཡིན་པའི་འདུ་ཤེས་ཡོད་དགོས་པ་རེད།དེ་འདྲ་ཡིན་དུས་་་བོད་མིའི་སེམས་ཀྱི་རྒྱལ་ཞེན་གྱི་འདུ་ཤེས་ཉམ་འགྲོ་གི་རེད། བོད་རྒྱལ་ཁབ་མི་དགོས་པའི་མིའི་རྒྱུད་ལ་རྒྱལ་ཞེན་གྱི་འདུ་ཤེས་ཡོང་གི་མ་རེད། གོང་ས་མཆོག་མ་བཞུགས་པའི་ཉིན་མོ་ནས་བོད་མི་རིགས་ཀྱི་ཆིག་སྒྲིལ་རྒྱལ་ཞེན་གྱི་འདུ་ཤེས་ཡོད་པའི་ཐོག་ནས་ཡོང་དགོས། རྒྱལ་ཞེན་བོད་ཞེན་བརླག་ན་བོད་བརླག་འགྲོ་གི་རེད་འདོད།་་གཅིག་རེད།
གཉིས་པ། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་གོང་ཁྲན་ཏང་ཤི་སྒུག་བྱེད་ན་བོད་གངས་ཅན་ཡུལ་དུ་རྒྱ་རིགས་ཀྱིས་གང་འགྲོ་གི་རེད། དཔེར་ན། ༡༩༩༠ལོའི་གོང་དུ་ལྷ་སར་རྒྱ་མི་མང་པོ་མེད། དབུ་མའི་ལམ་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་ནས་བཟུང་ལྷ་ས་ལ་རྒྱ་མི་མང་རེ་དང་རྒྱ་མིའི་ཟ་ཁང་དང་མགྲོན་ཁང་མང་རེར་ཕྱིན་པ་རེད། རྒྱ་སྤྱི་སྒེར་གཉིས་ཀྱིས་རྒྱ་ཁང་ཇེ་མང་ནས་ཇེ་མང་བརྒྱབས་པ་རེད། བཙན་བྱོལ་བོད་གཞུང་གིས་བོད་རྒྱ་ཁུངས་ཡིན་པར་ངོས་ལེན་ཡོད་མདོག་སྟོན་ནས་རྒྱ་མི་རྣམས་བློ་ལྷོད་ལྷོད་ངོར་ཁང་པ་གསར་རྒྱག་དང་ཧམ་སེམས་ཇེ་ཆེ་ཕྱིན་པ་རེད། འདི་དབུ་མའི་ལམ་གྱི་གྲུབ་འབྲས་རེད།
གལ་སྲིད་བཙན་བྱོལ་གཞུང་གིས་བོད་རང་བཙན་གྱི་ལམ་ཕྱོགས་བཟུང་ནས་རྒྱལ་སྤྱིའི་ནང་དུ་གོང་ཁྲན་ཏང་ལ་ངོ་རྒོལ་དང་རྒྱ་མི་བོད་ནས་ཕར་རྒྱུག་ཞེས་སྐད་འབོད་བརྒྱབ་བསྡད་ཡོད་ན་རྒྱ་མི་སྒེར་པ་ཚོས་བོད་ཀྱི་ས་ཐོག་ཏུ་ཁང་པ་གསར་རྒྱབ་དང་ཚོང་ལས་མ་རྩ་ཆེན་པོ་བཙུགས་ནས་ས་ཆ་ཟིན་མཁན་ཉུང་ཉུང་ཡིན་གྱི་རེད་འདོད། སྤྱི་སྒེར་སུ་ཡིན་ནའང་ཁང་པ་གསར་དང་ཚོང་ལས་རྒྱ་སྐྱེད་གཏན་སྡོད་བྱེད་དུས་སུ་དང་པོར་ས་ཆ་བརྟན་པོ་ཡོད་མེད་བལྟ་གི་རེད། རྩོད་རྙོག་ཡོད་པའི་ས་ཆའི་ཐོག་ཏུ་མ་རྩ་གཏོང་ནས་ཁང་པ་རྒྱབ་མཁན་དང་མ་རྩ་འཛུགས་མཁན་ཉུང་ཉུང་རེད། རྒྱའི་དོགས་པ་ང་ཚོས་ཤེས་ཚོད་རེད།
མུ་མཐུད་ནས་ཡོད། བོད་རང་བཙན་ལེན་སྟངས་དང་ཕྱེད་རང་བཙན་ཡོད་སྟངས་རྗེས་སུ་ཞུ་གི་ཡིན། བསམ་ཚུལ་སྤུ་ཙམ་མེད་པ་ཁ་སྟོང་ནང་གི་ཚིག་སྟོང་བཤད་མེད་ལགས་་་་་་་་་་
རྒན་ལྷ་མོ་སྐྱབས་ཀྱིས་གསུངས་པ་ཐུགས་དག་གི འདི་ན་མཆན་རེ་རེ་ནས་ཀྱང་བསམ་བློའི་གོ་རྟོགས་མཐོ་རུ་འགྲོ་བའི་རེ་བ་ཡོད་མ་གཏོགས། ངོ་ཤེས་ནང་ཚུན་གྱིས་ཤག་འཐེན་ས་དང་འགྲན་སེམས་ཕྲག་དོག་གི་སྡུག་དམོད་བྱེད་ས་དགོས་ན་ཉི་དྲོད་འཁོར་བའི་ཇ་ཁང་ངམ་ཆང་ཁང་ཞིག་ཡག་གི་རེད། དྲ་ཚིགས་འདི་བཙན་བྱོལ་བོད་མི་སྤྱིའི་གསར་འགྱུར་རྒྱུད་ལམ་ཞིག་རེད་མ་གཏོགས་འཁོར་ཡུག་གཅིག་གི་རྒད་པོ་འགས་བཤད་རེས་རྒྱག་ས་མ་རེད།
བསམ་ཚུལ་ཁོ་ན་གླེང་རེས་བྱེད་པའི་བསམ་ཤེས་མྱི་ནག་ཚང་ལ་བསམ་ཚུལ་རགས་ཙམ་ཞིག་གཤམ་དུ་ཕུལ་ཡོད། དེང་སང་མི་ཉུང་བ་ཞིག་གིས་བསམ་ཚུལ་མི་མཐུན་པ་དག་ཅུང་ཤུགས་ཆེན་པོས་གླེང་ཡོང་དུས་དེའི་ཀུན་སློང་དང་དེའི་སྤྱོད་པ། ཐ་ན་དེའི་ཆ་ལུགས་བཟོ་ལྟ་ཚུན་ཆད་ནས་དགག་ནས་ཡོང་བ་ཞིག་འདུག གང་ལྟར་འོས་འགན་འདི་རང་གིས་དང་བླངས་ཀྱིས་ཕྲག་ལ་ཁུར་ཚར་བས་མུ་མཐུད་དུ་བསམ་ཚུལ་བརྗོད་འདོད་ཡོད། རྒྱུ་མཚན་ནི་མཆན་འགོད་པ་བསམ་ཤེས་ཀྱང་མི་ཉུང་བ་ཞིག་ཡོད་པར་མ་ཟད་ཀློག་མཁན་གང་མང་ཞིག་ཡོད་པས་སོ།
༤། བདེན་པ་རེད། ངས་ཀྱང་འདི་ན་དེང་སང་ཨ་ཁུ་བསྟན་པའི་གཏམ་རྒྱུད་དར་སྤེལ་དང་གསར་རྩོམ་བྱེད་དགོས་ཚུལ་ཤོད་ཀྱིན་ཡོད། ཡིད་བཞིན་ནོར་བུས་ཀྱང་མ་འོངས་བོད་ཀྱི་སོན་རྩ་ཟེར་བའི་ཤེས་རབ་ཀྱི་དཔུང་སྡེ་ཞིག་ལ་ཐུགས་རེ་བཅངས་ཡོད།ང་ཚོར་ད་བར་དུ་མཁྱེན་རབ་བླ་ན་མེད་པའི་དབུ་ཁྲིད་ཁོང་གིས་ལམ་མ་ནོར་བ་ཞིག་ལ་ཁྲིད་ཡོད་པའི་ངེས་ཤེས་སྐྱེས་ཡོད། རྒྱ་གཞུང་གིས་ད་བར་ལ་ཞི་དྲག་གཉིས་ཀྱིས་དབང་བསྒྱུར་དང་སྒྱུར་བཞིན་པ་རེད། འོན་ཀྱང་ད་ནས་བཟུང་དྲག་པོའི་བཙན་ཐབས་མ་གཏོགས་ཞི་བའི་བསླུ་བྲིད་ཀྱིས་བོད་མེད་པར་བཟོ་མི་ཐུབ་པ་གསལ་བོ་ཆགས་པ་རེད། དེས་ན་ང་ཚོ་གཞན་གང་ཞིག་གི་གཡོ་ཐབས་འོག་ལ་ལྷུང་ཉེན་འདུག་གམ།
༥༽ འདི་ཡང་བདེན་གི འདི་དག་གིས་ཅི་ཞིག་མཚོན་གྱིན་ཡོད་དམ། གསར་འབྱོར་དང་གཞིས་ཆགས་ལབ་མི་ཆོག ཆོལ་ཁ་གསུམ་དང་ཆོས་བརྒྱུད་སོ་སོའི་མིང་ནས་གླེང་མི་འོས ཁྱོད་ཚོ་དང་ང་ཚོ་ཞེས་གླེང་མི་འོས་པ་ པ་མང་པོ་ཞིག་གིས་བསྡམས་འདུག་པ་འདིས་ཅི་ཞིག་མཚོན་གྱིན་ཡོད་དམ། ཁ་དང་སྣ་ལ་ཕོག་ཆོག་ཆོག་གི་བསམ་རྒྱ་ཁབ་མིག་ལས་ཀྱང་དོག་པ་ཅིའི་ཕྱིར་ཡིན་ནམ། ངས་ནམ་ཡང་ལྟ་བ་རིས་མེད་ཡིན་ཟེར་བ་ཞིག་ཁས་ལེན་ཐབས་མེད་པས་ལྟ་བ་མ་མཐུན་ཚེ་ཁྱོད་དང་ང་ཞེས་པ་ཞིག་ཁ་ནས་མ་བཤད་ཀྱང་དོན་གྱིས་གསལ་བསྡད་ཡོད།
༦། གལ་ཏེ་ཕར་ཕྱོགས་ཚང་ལ་བོད་རང་བཙན་ནམ་རང་སྐྱོང་གང་རུང་ཞིག་མ་སྤྲད་ཐབས་མེད་ཀྱི་གནས་སྟངས་ཤིག་ཤར་ཚེ་ངས་བལྟས་ན་རང་སྐྱོང་ཁས་ལེན་ངེས་རེད། ད་ལྟ་ཁོ་ཚོ་ཁེ་བཟང་ཆེ་ཞིག་ལ་རྔམ་བསྡད་ཡོད་པས་རེ་བ་འདི་ཡང་ལས་སླ་བོར་ཁས་ཀ་ལ་ལེན། མ་གཞི་ནས་དེང་སང་ཕན་ཚུན་གཉིས་ཕན་ཞིག་མེད་ན་བཟའ་ཟླ་ཟེར་བ་འདི་ཡང་དཀའ་སེ་ཞིག་ཆགས་ཀྱིན་མི་འདུག་གམ། ཨེ་ཕྱོགས་གཅིག་གི་ཁེ་ཕན་ཁོ་ན་བསམ་པ་ཚོ་ཁེར་རྐྱང་དུ་ལུས་ནས་དཀའ་གོ
༨༽ རྒྱ་གཞུང་གིས་ཀྱང་ཡིད་བཞིན་ནོར་བུའི་ཚེ་ཚད་ཁོ་ནར་ངང་སྒུག་གིས་རྒྱལ་ཁ་ཞིག་འཐོབ་རྒྱུ་རེད་བསམ་གྱིན་མེད། གུང་ཁྲན་ཏང་དེ་འདྲའི་ལྐུག་པ་ཞིག་ག་ལ་ཡིན། གལ་ཏེ་ཡིན་ན་བོད་ནང་ལ་ཡག་པོ་བྱས་ནས་མགོ་སྐོར་ནས་མི་འདུག་པར་དགོན་སྡེ་ལ་ལག་པ་འཆང། བོད་ཀྱི་སློབ་གྲྭ་ལ་ལག་པ་འཆང་བ་སོགས་ཀྱི་འུ་ཐུག་གི་ཐབས་ཚུལ་འདི་དག་ག་ལ་སྤྱོད། ངས་གོང་དུ་བཤད་པ་བཞིན་ང་ཚོས་ཀྱང་ཅིག་ལ་སྒུག་ནས་བསྡད་མི་འདུག བོད་ཕྱི་ནང་གཉི་ག་ན་འཕག་གིན་འདུག བདག་གིས་གོ་སྐབས་གང་ཞིག་རེ་བ་རྒྱག་གིན་ཡོད་ཟེར་ན་རྒྱ་ནག་དམངས་གཙོར་འགྱུར་བའི་ཉི་མ་དེའོ། དེའི་བར་ལ་ང་ཚོས་གཞན་མ་ཐུབ་ན་ཆོག ངེས་པར་ཐུབ་དགོས་པ་གཅིག་ཡོད་པ་ནི་རང་གི་རིག་གཞུང་དང་རང་ཉིད་མཉམ་གནས་ཐུབ་རྒྱུ་འདི་རེད།
མྱི་ནག་ཚང་ལ་ཕུལ་བའི་བསམ་ཚུལ།
༡༽ རྒྱ་ནག་གཞུང་གིས་ལམ་ནོར་ལྡོག་ཤེས་བྱ་རྒྱུ་བྱུང་ན་ད་དོན་དག་ཚང་མ་རང་བཞིན་གྱིས་འགྲུབ་པ་རེད། འོན་ཀྱང་ང་ཚོས་མུ་མཐུད་དུ་རྫུན་མཚང་སུན་འབྱིན་གྱིས་ངོ་རྒོལ་བྱས་དང་བྱེད་བཞིན་པ་རེད། ཡང་གཅིག་བཤད་ན་རྒྱ་གཞུང་གིས་ཆེད་དུ་དེ་ལྟར་བྱེད་ཀྱིན་ཡོད་པ་རེད་ལ་ཡང་ཁོ་རང་ཚོར་མཚོན་ན་དེ་ལམ་ནོར་ཅིག་ལ་ངོས་ལེན་བྱེད་ཀྱི་ཡང་མ་རེད། ང་ཚོས་ཕ་རོལ་བའི་སྐྱོན་མཚང་ཉེས་པ་ཐེར་འདོན་དང་ལྷན་དུ་རང་ཉིད་ཀྱི་ནོར་འཁྲུལ་དང་ཞན་ཆ་ཡང་ཁས་ལེན་དགོས་པར་མ་ཟད་སྒྱུར་བཅོས་ཀྱང་བྱེད་དགོས། ༡༩༤༩ ལོ་ནས་བཟུང་ད་བར་ལ་ང་ཚོའི་ཆེ་མ་ཆུང་གསུམ་གཞུང་སྒེར་ཚང་མའི་ངོས་ནས་ནོར་འཁྲུལ་མི་ཉུང་བ་ཞིག་བཟོས་ཡོད་པར་མ་ཟད་འཐུས་ཤོར་ཡང་བཏང་ཡོད།
༢༽ ལམ་ཁ་ཡག་ཤོས་དེ་རང་བཙན་ལོས་ཡིན། དེ་བྲག་རི་ཞིག་གིས་བཅད་ཡོད་པ་རེད། དེ་ནས་ལམ་གསར་བ་དེ་དབུ་མའི་ལམ་རེད་ འདི་ཡང་བྲག་རྡོ་ཞིག་གིས་བཀག་ཡོད་པ་བདེན་པ་རེད། འོན་ཀྱང་བྲག་རི་ལས་བྲག་རྡོ་གཏོར་སླ་བ་ཡོད། གལ་ཏེ་ལམ་གཞན་ཞིག་གསར་གཏོད་ཐུབ་ན་ལོས་བཟང་གི་ལོས་བཟང། ཡིན་ཡང་བྲག་རིས་བཀག་པའི་ལམ་འཕྲང་དེར་ཕྱིར་སྐྱོད་བྱེད་རྒྱུ་ཙམ་ལས་གསར་བ་ཞིག་ད་དུང་རྙེད་ཀྱིན་མེད་པ་རེད། འོན་ཀྱང་འཚོལ་རྒྱུ་མེད་སོང་བ་ཞིག་མ་རེད་འདོད།
༣༽ ངས་ནམ་ཡང་འཆི་བར་སྒུག་བཞིན་པ་ཞིག་མཐོང་གིན་མེད། དེང་སང་བོད་ཕྱི་ནང་ན་འཆི་ཕོད་མང་པོ་ཐོན་གྱིན་པ་འདིས་ང་ཚོའི་ཕྱིའི་ནུས་པ་ཡང་མཚོན་གྱིན་ཡོད། ཁ་སང་དེ་རིང་ཡིན་ན་ཡང་མགོི་བཀའ་ཁྲི་ནས་འོག་ང་རང་ཚོའི་བར་ཚང་མས་འཕག་འཚག་ཅིག་རྒྱག་བཞིན་པ་རེད། ནམ་ཞིག་གཞུང་དམངས་གཉིས་དལ་ཅག་གེར་སོང་བ་ནས་གཞི་ནས་འཆི་བར་སྒུག་པའམ་ཡང་ན་ཤི་བ་རེད་ཅེས་ལབ་ཀྱང་ཆོག ངས་རྟག་པར་རྒྱ་རིགས་ཀྱིས་གཙོས་གྲངས་ཉུང་མི་རིགས་ཁག་གི་དཔུང་ཁག་ཆིག་སྒྲིལ་གྱིས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་ཐབས་ལ་འབད་བརྩོན་གྱིས་གུང་ཁྲན་ཏང་གི་ཚེ་ཐག་ཇེ་ཐུང་གཏོང་རྒྱུའི་འཕག་འཚག་རྒྱག་དགོས་ཚུལ་བཤད་ཀྱིན་ཡོད།
རང་བཙན་རྕོད་མཁན་ཚོས་རང་བཙན་རྕོད་སྟངས་ཀྱི་ཐབས་ལམ་ཕྲ་ཞིབ་དང་། ཐབས་ལམ་དེ་དག་གིས་དོན་འབྲས་ཇི་ལྟར་ལེན་ཚུལ་ཞིབ་རྒྱས་གསལ་འགོད་བྱ་རྒྱུར་འབད་བརྩོན་གནང་རོགས། དེ་མིན་སོ་སོའི་དམིགས་ཡུལ་དེ་རྒྱུ་མ་ཕུ་དེད་བཏང་ན་རབ་རིབ་ཙམ་ལས་ཤོད་རྒྱུ་མེད་པར་དབུ་མའི་ལམ་གྱིས་ད་བར་དུ་གྲུབ་འབྲས་གང་ཐོབ་མིག་མདུན་དུ་བཤམས་ནས་ཡོད་བཞིན་དུ་གཅིག་གཅིག་མུག་མུག་ཟེར་ནས་གོང་འོག་ཚང་མར་བསྐུར་འདེབས་དང་སྐྱོན་འཛུགས་བྱས་པ་ནི་སྤྱི་དོན་ལ་ཕན་རྒྱུའི་ཚབ་ཏུ་གནོད་བསྐྱལ་གྱི་འདུག
ཤར་གྱི་རྐང་ལམ་ཕྲ་མོ་དེད་ཀྱང་རུང་།།
ནུབ་ཀྱི་གཞུང་ལམ་ཆེན་མོ་བསྙེགས་ཀྱང་རུང་།།
རྐང་པ་གཉིས་ལ་མ་བསྟེན་གཞན་མེད་པས།།
ཉི་མ་ལྷ་སར་བསླེབས་ན་དེ་ཡིས་འགྲིག །
མཆན་མང་པོ་ཞིག་སྤེལ་འདུག ཐུགས་རྗེ་ཆེ། ང་ཚོར་བསམ་ཚུལ་སྣ་ཚོགས་ཡོང་གི་ཡོད་པ་རེད། བསམ་ཚུལ་ནི་བསམ་ཚུལ་ཡིན་པ་མཁྱེན་ནས་བགྲོ་གླེང་གནང་ཐུབ་མཁན་འདྲ་ཡོད་ན་དགའ་བསུ་ཡོད། དེ་ནས་ཁྱེད་རང་གི་དད་པ་དེ་ལྟ་བུ་ང་རང་ལའང་ཡོད་ཅེས་ཞུ་འདོད། ‘‘འདི་འདྲའི་ཚིག་ཅིག་ཨང་’’ཞེས་ཡ་མཚན་གནང་དགོས་དོན་མེད། བསོད་ནམས་ཟད་ན་ངའི་བསོད་ནམས་ཟད་ཀྱི་མ་གཏོགས་ཁྱེད་ཀྱི་བསོད་ནམས་ཟད་ཀྱི་མ་རེད། མ་གཞི་ནས་རྩོམ་འདི་ཡང་དམིགས་ཡུལ་དེ་ལྟ་བུ་ཞིག་ནས་བྲིས་པ་ཞིག་མིན། དགོངས་པ་ཡག་པོ་ཞིག་བཞེས་དང་། ཨ།
ཁས་ཉན་མེད་པའི་སྟོང་ཤམ་གཉིས་སྨན་དང་། །ལེན་དུ་མེད་པ་དབང་པོའི་གཞུ་མོ་གཉིས། །སྟོང་པའི་གཟུགས་ལ་ཁ་དོག་འཆར་བ་ལས། །ལག་ལེན་འབབ་རྒྱུ་མེད་པ་འདྲ་འདྲ་རེད། །རིན་ཆེན་གསེར་གྱི་ཕྱེ་མ་གྲུང་པོ་དང་། །ཆུ་ཤུར་བསྐལ་པའི་བྱེ་མ་སྐྱ་བོ་གཉིས། །བོང་བུའི་སྒལ་ལས་གཉིས་ཀ་གཡུག་རྐྱང་ལས། །བཟང་ངན་ཕྱེ་བ་མེད་པ་འདྲ་འདྲ་རེད། །གུང་བྲན་ཏང་གི་གཏམ་བཤད་ཁ་བྲལ་རྣམས། །རང་རྒྱལ་གཏོེར་བཤིགས་བཏང་བའི་བྱེད་ལྟེ་ལས། །གཉིས་སྨན་རང་སྐྱོང་ངོས་དགའ་ཅི་བཤད་ཀྱང། །དོན་དུ་ཁས་ལེན་མེད་པ་འདྲ་འདྲ་རེད།
ལྷ་མོ་སྐྱབས་ནི་ད་བར་དུ་མདོ་སྨད་ཀྱི་སྤྱི་འཐུས་ཤིག་གི་མིང་འཁུར་ནས་བསྡད་པ་རེད། ཕྱོགས་ཞེན་དང་ཕུགས་རྒྱང་ལ་འགུལ་བསྐྱོད་མི་ནུས་པའི་མི་ཞིག་ཡིན་པ་ཁོས་ཉེ་ཆར་སྤེལ་བའི་འཕྲིན་ཡིག་ལྟ་བུའི་རྩོམ་ཡིག་ཚོའི་ནང་ནས་མངོན་ཡོང་གི་འདུག། གཞུང་འཛིན་པའི་གྲས་དང་རྩོམ་པ་པོའི་གྲས་ལ་ངེས་པར་དུ་རྣམ་དཔྱོད་རྒོད་པའི་རིགས་དགོས་ཀྱི་འདུག གུ་ཡངས་དང་ཕྱོགས་སོ་སོའི་བསམ་ཚུལ་ལ་ཉན་ཕོད་པའི་མི་བུ་ཞིག་དགོས་ཀྱི་འདུག ལྷ་མོ་སྐྱབས་ལྟ་བུའི་སྤྱི་འཐུས་མང་དག་ཅིག་གིས་སྤྱི་མང་ཁེ་ཕན་སྒྲུབ་མི་ཐུབ་པ་ཁོའི་བསམ་བློ་འཁུར་སྟངས་ལས་མངོན་པ་དེ་རེད། བོད་མི་རིགས་དང་རྒྱལ་ཁབ་བསམ་མཁན་ཞིག་ཡིན་ན་གཏན་ནས་མི་རིགས་ཆེད་ལྟ་བ་འཛིན་མཁན་སུ་ལའང་ང་དང་ཁྱོད་ཅེས་དགྲ་འཛིན་གྱི་བསམ་ངན་མི་འཆང་བ་དེ་རེད། འུ་ཅག་གི་རྩོམ་པ་པོ་ཟེར་མཁན་དང་ཆབ་སྲིད་པར་རློམ་པ་རེ་ཟུང་གིས་རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་ལ་ཞྭ་མོ་ནག་པོ་གཡོགས་རྐྱང་བྱེད་པ་དང་། མི་དང་སྤྱི་ཚོགས་ཀྱི་བར་ལ་འགལ་རྐྱེན་སློང་ཅི་ཐབས་བྱེད་པ་འདི་ཡིན། འདིས་མི་རིགས་ཀྱི་དོན་དུ་སེམས་འཁུར་ཆེ་བའི་མི་བུ་སྐོར་ཞིག་ལ་སེམས་ཤུགས་ཆད་དུ་འཇུག་པ་དང་། སྤྱི་ཚོགས་སུ་མཁོ་བའི་མི་བུ་རེ་རེ་ཡི་ནུས་པ་གཅོག་གིན་པས་ཡིན། དེ་མུར་སྤུན་ཟླའི་མཐུན་ལམ་རྨེག་མེད་ཀྱིས་ནང་ཁུལ་རྙོག་འཛིང་ལ་མགོར་འཁོར་བས་ང་ཚོའི་རེ་བའང་མི་ཡུལ་དུ་ཤི་མ་གསོན་དུ་གནས་དགོས་པའི་རྒྱུ་མཚན་ཡང་འདི་རེད། སྤྱིར་དེང་སང༧གོང་ས་མཆོག་ལྕེ་སྣེར་འདྲུད་མཁན་ཚོ་དང་དབུ་མའི་ལམ་ལ་ཡིད་ཆེས་སྒྲོག་མཁན་ཚོ་ནི་སྤྱི་མང་ལས་ཁེ་ཕན་འཚོལ་བ་ཤ་སྟག་ཡིན་གསལ་བོར་རྟོགས་ཡོད།
ཡིད་བཞིན་ནོར་བུ་ནོར་བུ་ཡིན་པ་ཡིད་ཆེས་ཡོད། ཡིན་ནའང་བོད་མི་མང་ཚང་མ་ཡོད་བཞིན་ནོར་བུ་ལྟར་བུར་ཆག་ཐུབ་ཀྱི་རེད་དམ། ཁོང་བྱང་ཆུབ་སེམས་པའི་སྤྲུལ་པ་ཡིན་པ་བོད་མི་ཚོས་ཡིད་ཆེས་ཡོད་པ་ནང་བཞིན་རྒྱ་མའི་ཡིད་ཆེས་བྱེད་ཀྱི་འདུག་གམ། བོད་ཀྱིས་འཐབས་རྩོད་དེ་ཡིད་བཞིན་ནོར་བུའི་ཆེད་དུ་རེད་དམ་བོད་མི་ས་ཡ་དྲུག་གི་ཆེད་དུ་རེད། ལར་ནས་དབུ་མའི་ལམ་དེ་བོད་མའི་ཁས་མ་ལེན་པ་རེད་དམ་རྒྱ་འདྲེའི་ཁས་མ་ལེན་པ་རེད། རྒྱ་འདྲེས་ལམ་དབུ་མ་ག་དུས་ཁེས་ལེན་བྱས་ཀྱི་ཡིན་ཟེར་གྱི་འདུག དབུ་མ་པ་ཁྱེད་ཚོས་དབུ་མའི་ལམ་ལ་འབྲེལ་བཤད་གསལ་པོ་ཞིག་བརྒྱབ་དང་། དབུ་མའི་ལམ་དེ་ཚད་གང་འདྲ་ཞིག་ལ་འཛིན་གྱི་ཡོད། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ཁེས་ལེན་བྱས་པ་དེ་དབུ་མ་རེད་དམ། དེ་སྔོན་རྒྱ་འདྲེའི་ངོས་ནས་དྲན་ཐོ་ཟེར་བ་དེ་དབུ་མའི་ལམ་ཡིན་ནམ། ཡིན་ན་ངོས་ལེན་རྩ་བ་ནས་མེད། དྲན་ཐོ་དེ་བོད་མི་ས་ཡ་དྲུག་གི་དགོས་མདུན་མ་རེད་ལ་ས་ཡ་དྲུག་གི་ཐག་གཅོད་ཡང་མ་རེད། རག་ཡ་མེད་པ་འདྲ་འདྲ་རེད། བོད་མི་ཤི་གསོན་གཉིས་ཀྱི་སྔོན་ལ་ཞབས་འདྲེན་མེད་པ། དེ་ལས་རང་བཙན་ལབ་ནས་ཤི་ན་བློ་བདེ་པོ་ངང་ཤི་ཆོག
བོད་རང་བཙན་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་འདྲེ་བོད་ནས་ཕར་རྒྱུག་ཤིག
རྒན་ལྷ་མོ་སྐྱབས་ལགས།
༡། ལམ་ནོར་ལྡོག་ཤེས་བྱེད་དགོས་ངེས་དེ་རྒྱ་ནག་གཞུང་ཡིན་པ་ལས་བོད་པ་ཚོ་མ་རེད། ད་དུང་འདིའི་ཉེས་པ་བོད་མི་ནང་ཁུལ་ལ་བཀལ་བསྡད་ན་འགྲིག་གི་མི་འདུག་སྙམ།
༢། ལམ་ཁ་ཡག་ཤོས་དེ་བདམས་ཀྱང་ལམ་ཁ་དེ་སྒུལ་རྒྱུ་མེད་པའི་རྡོ་ཕ་བོང་དག་གིས་བཅད་ཡོད་ཚེ། ཁྱོད་ལ་ལམ་ཁ་གཞན་ཞིག་གི་གདམ་ཀ་སྤྲད་ཡོད་པ་མ་གཏོགས་ཕ་བོང་གི་ཁོག་ཕུག་ནས་འགྲོ་ས་མེད་པ་དེ་ཆོས་ཉིད་རེད་འདོད།
༣། གདམས་ཀ་དེ་ངང་སྒུག་གིས་འཆི་བའམ་ཡང་ན། འཕག་འཚག་གཞན་ཅི་ཡོད་ཅེས་དྲིས་པ་རེད། སྐུ་ཉིད་ཀྱིས་ལན་སྐྱོན་གནང་རོགས།
༤། ཐབས་དང་ཤེས་རབ་གཉིས་ནི་ང་ཚོའི་རིག་གཞུང་གི་སྲོག་རྩ་ཡིན་སྟབས་ཕལ་ཆེར་སུ་ཡིན་རུང་ལམ་ཁ་འདི་བཙལ་བ་དང་། དེའི་ཡག་ཤོས་ལ་འབད་བརྩོན་བྱ་གི་རེད་དེ། ང་ཚོའི་ཐབས་ཤེས་གཉིས་གཞན་གྱི་ཐབས་ཤེས་ཀྱི་འོག་ལ་ལྷུང་སྟེ་རྒྱལ་ཁ་མི་ཐོབ་ན་དེ་ལ་ག་རེ་གནང་དགོས་པ་རེད།
༥། ནང་ཁུལ་གྱི་དཀྲུགས་ཤིང་ཅེས་པ་དེ་ནམ་རྒྱུན་ཡིན་ན་༼ཁྱོད ཚོ་༽དང་༼ང་ཚོ་༽ཞེས་པའི་བརྡ་ཆད་དང་དེའི་རྒྱབ་ཀྱི་ཀུན་སློང་ནས་མགོ་འཛུགས་གིན་ཡོད་པ་ཀུན་ལ་ངེས་གསལ་ཡིན་སྟབས། རྗེས་ཕྱོགས་བསམ་ཚུལ་འདོན་དུས་འདིའི་རིགས་ལ་གཟབ་རྒྱུ་ནི་སྐུ་ཉིད་ལྟ་བུ་ལ་ཞུ་ག་ལ་དགོས།
༦། དབུ་མའི་གཉིས་ཕན་གྱི་ལམ་ནི་དངོས་གནས་བྱས་ན་རྒྱ་བོད་ཕྱོགས་ཀར་དམིགས་པ་ཞིག་ཡིན་སྟབས། ཕར་ཕྱོགས་ནས་ཀྱང་བསམ་བློ་ཐོངས་ན་ཡག་པོ་རེད་དེ། ཕར་ཕྱོགས་ནས་བསམ་བློ་ཐོངས་རྒྱུའི་གཞི་རྩ་ངས་ནི་རྙེད་གི་མི་འདུག དེ་བས་རང་ཕྱོགས་གཅིག་པུའི་ཁེ་ཕན་འདྲ་གླེང་འདོད་འདུག
༧། འོ་ན་ད་ཅི་བྱ་ལབ་ན། དེ་ཚང་མས དྲི་ལན་འཚོལ་རྒྱུ་ཞིག་ལས་མི་གཅིག་གིས་ཇུས་འགོད་ཆེན་པོ་གསར་པ་འཐེན་བཞག་པ་ཞིག་ཁག་པོ་རེད། མ་མཐར་ཡང་རང་གི་ལོ་རྒྱུས་ཀྱི་རྒྱབ་རྟེན་ལ་ཕྱིར་འདང་རེ་རྒྱག་རྒྱུ་གལ་ཆེན་པོ་རེད་འདོད།
༨། དུས་ཚོད་ཀྱི་གནད་དོན་བཤད་གིན་ཡོད་ན། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚེ་ལ་ཚད་བཙུགས་ནས་སྒུག་བསྡད་ཡོད་པ་རེད། ང་ཚོས་ག་རེཛསྒུག་གིན་ཡོད་པ་རེད། དེ་སྐུ་ཉིད་ཀྱིས་བཀའ་ལན་གསལ་བོ་ཞིག་གནང་རོགས།
ད་དུང་མང་པོ་ཞིག་བགྲོས་རྒྱུ་འདུག་རུང་གནས་སྐབས་དེ་ཙམ་ཡིན། སྐུ་གཟུགས་ལ་ཐུགས་འཇགས་གནང་རོགས། ལས་དོན་མཐའ་དག་འགྲུབ་པའི་སྨོན་འདུན་དང་བཅས།
རང་ཡུལ་ཙོང་ལ་བྲེལ་བའི་མི་ངན་དང་།
རང་བཙན་སེམས་ནས་དོར་བའི་བཀོར་གཟན་གཉིས།
རང་རིགས་རང་མགོ་རྡུང་བའི་ཐོ་བ་གསུམ།
འདི་གསུམ་བོད་མིའི་སྙིང་གི་ཚེར་མ་རེད།
ཁ་ནས་དམ་ཚིག་བཤད་མཁན་ཆབ་བྲག་དང་།
ཁོག་ཏུ་རྒྱ་འདྲེ་འཛུལ་བའི་བསྟན་ཤེས་གཉིས།
རང་རིགས་དམར་བསད་བཏང་མཁན་རྒྱ་དམར་གསུམ།
འདི་གསུམ་བོད་མིའི་ལུས་ཀྱི་དུག་མདའ་རེད།
རང་བཙན་སྙིང་ལ་སྡང་བའི་སྐབས་འཚོལ་དང་།
རང་གཞུང་མཚན་བྱང་བཅད་མཁན་རླུང་བུ་གཉིས།
རང་རིགས་ཁ་བྲལ་གཏོང་བའི་ལམ་ཕྱོགས་གསུམ།
འདི་གསུམ་བོད་མིའི་་སྲོག་གི་ཤན་པ་རེད།
ཡིད་བཞིན་ནོར་བུ་ཡིད་བཞིན་ནོར་བུ་ངོ་མར་ཁས་ལེན་ན། ༸སྐྱབས་མགོན་ཆེན་པོ་འདི་ཕྱིའི་༸སྐྱབས་མགོན་ཆེན་པོར་གསོལ་འདེབས་ན། ༸གོང་ས་མཆོག་བླ་ན་མེད་པའི་གོང་དུ་བཀུར་ངེས་ན། ཞི་བདེའི་དེད་དཔོན་ཆེན་པོ་ཉིད་འཚེ་མེད་ཞི་བདེའི་ལམ་སྟོན་ཉིད་དུ་བསྟེན་ངེས་ན། ལྷག་པར་དུ་ཡང་བོད་ཀྱི་བདེན་མཐའ་གསལ་བྱེད་ཀྱི་བདེན་པ་ཉིན་རྣམ་པར་རྒྱལ་ངེས་ཀྱི་སྲོག་ཤིང་ངོ་མར་ཡིད་ཆེས་ཤིང་བཀའ་བཞིན་སྒྲུབ་ངེས་ན། ང་ཚོ་ཚང་མས་ཁ་ཡོད་ལག་ཡོད་ཀྱིས་ནུས་པ་འདོན་ཅི་ཐུབ་བྱེད་དགོས་པའི་རྩ་དོན་ནི་ཚིགས་སུ་བཅད་པ་གཅིག་ཉིད་དེ།
“མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ། །མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ། །འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ། །བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད། །”ཅེས་པའོ། གལ་ཏེ་སུ་དག་འདི་དག་ལས་རིང་དུ་འགྲོ་བཞིན་ཡོད་ན་དེ་ནི་ནོར་བུ་ནོར་བུར་མི་བརྩི་མཁན་ཞིག་མིན་ན་ལམ་ནོར་ལྡོག་ཤེས་གལ།
གལ་ཏེ་ལམ་ནོར་མེད་པར་བསམས་ཚེ་ལམ་ཡིག་གསར་བ་ཡག་པོ་ཞིག་བྲིས་ན་བཟང། ལམ་ཡིག་མེད་པའི་ལམ་པ་བ་ཚོས་རང་གཞན་གཉི་ག་གཡང་ལ་འཕེན་ཡང་སྲིད།
རང་བཙན་དགོས་ཨེ། ངས་ཁྱེད་ལ་སྟེར། དེ་ཟེར་རྒྱུ་ལས་མ་འདས་སོ། ལམ་ཕྱོགས་རང་བཙན་ལ་བསྒྱུར་བཞག་ན། སུའི་སྙིང་སྟོབས་ཇེ་ཆེར་འགྲོ་གི་རེད། སུའི་མཐུན་ལམ་ཇེ་བཟང་ལ་འགྲོ་གི་རེད། སུའི་ལར་ཞེན་ཇེ་མཐོར་འགྲོ་གི་རེད། སུའི་སྒེར་དོན་ཇེ་ཆུང་ལ་འགྲོ་གི་རེད། སུའི་གོ་རྟོགས་ཇེ་ཆེར་འགྲོ་གི་རེད། སུའི་དཔལ་འབྱོར་ཇེ་བཟང་ལ་འགྲོ་གི་རེད།
ངའི་མཐོང་ཚོད་ལྟར་ན། སྙན་བཟང་ལགས་ཀྱི་སྐད་ཆ་འདི་ཚོ་སྔ་མ་སྔ་མ་དག་གིས་བསྐྱར་བཤད་འོར་བཤད་བྱས་པ་དག་ཡང་བསྐྱར་བཟློས་སྐྱོར་ཞིག་བྱས་བཞག་པ་ཙམ་ལས་མི་འདུག རང་བཙན་རྩོད་ན་དེའི་ཐབས་ལམ་ཤོད། གདེངས་ཚོད་ཅི་ཡོད་ཤོད། རྒྱལ་སྤྱིའི་སྒང་གི་དོ་སྣང་ཤོད། གཞན་དག་གི་སྣང་བར་མཐུན་མིན་ཤོད། དུས་ཡུན་གྱིས་གཅོག་མིན་ཤོད། མཇུག་འབྲས་ཤོད།
གཞན་༸གོང་ས་མཆོག་དང་བོད་གཞུང་གིས་ཅིག་མ་འགྲིག་རབས་དང་འཐུས་ཤོར་བཏང་རབས་བཤད་བསྡད་ནས་དགོས་པ་ཅི་ཡང་མེད། ད་བར་བོད་འདི་ས་སྒང་རིལ་བོའི་སྟེང་ན་ལུས་བསྡད་ཡོད་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། ད་ལྟ་རང་རེའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་རྒྱུན་མཐུད་བཞིན་འགྲོ་བ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། ད་ལྟ་རང་ཅག་རྣམས་གཞན་གྱི་ས་ཐོག་ན་ཟ་ཆོག་ཆོག་དང་འདུག་ཆོག་ཆོག་ཡོད་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། གཞན་གྱི་མགོ་བོ་མི་འཁྱོག་ས་ན་རང་ཅག་གི་མགོ་བོ་གནམ་ལ་གཏེགས་བཞིན་འགྲོ་ཐུབ་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། ཁ་གཏད་ཀྱི་སྟོབས་ཤུགས་ཅི་འདྲ་ཆེ་ཞིང་ཉེན་འཕྲང་ཅི་འདྲ་ཆེ་ན་ཡང་རང་ཅག་གི་མེ་སོན་ད་དུང་མ་ཉམས་པར་ལམ་ལམ་འབར་བཞིན་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། གཞན་གྱི་ས་ཐོག་ནས་རང་གི་སྲིད་གཞུང་བཙུགས་ཤིང་རང་རེའི་སྐྱིད་སྡུག་ཞུ་ཆོག་ཆོག་ཡོད་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། མདོར་བསྡུས་ན་འདི་དག་ཚང་མ་༸གོང་ས་མཆོག་གི་བྱས་རྗེས་རེད། ༸གོང་ས་མཆོག་གིས་རང་གི་རྔུལ་ཁྲག་གིས་བསྒྲུབས་པའི་གྲུབ་འབྲས་རེད། ༸གོང་ས་མཆོག་གིས་ཟས་བརྗེད་གཉིད་བཅགས་ཀྱིས་མཛད་པའི་བོད་དོན་རེད། ༸གོང་ས་མཆོག་གིས་བྱིས་པ་དམར་རྗེས་གཉོར་གཉོར་གནང་བའི་བོད་ཀྱི་ངོ་གདོང་རེད།
སྐྱབས་བཅོལ་བའི་འཐབ་རྩོད་འདི། མི་རིགས་ཤིག་གི་འཐབ་རྩོད་ཀྱི་རྨང་གདན་དུ་འགྱུར་དགོས་པ་ནི། གནད་ཀྱི་དོན་པོ་ཞིག་རེད་མ་གཏོགས། ཡིན་རུང་། དེང་སང་། སྐྱབས་བཅོལ་བའི་ཡིག་འབྲི་བ་རྒན་རབས་མིང་ཅན་ཁག་གིས། ད་རུང་། ཨུ་ཚུགས་དང་མཁྲེགས་འཛིན་གྱི་རྣམ་འགྱུར་སྟོན་སྟངས་འདི། ལོ་ངོ་ལྔ་བཅུ་ལྷག་གི་གྲུབ་འབྲས་མཚར་བོ་ཞིག་མ་རེད་དམ།
ལྷ་མོ་སྐྱབས་ལགས་་་ཁྱེད་ཀྱིས་༧གོང་ས་མཆོག་ལ་དད་དད་ཀྱིས་སྐད་ཆ་འདི་བཤད་ཀྱི་ཡོད་དམ་གོང་ཁྲན་ཏང་ལ་དགའ་དགའ་གྱིས་བཤད་ཡོད། འདི་ཡང་སྐད་ཆ་ཞིག་མ་དྲིས་ན་དོགས་གཞི་ཅན་ཞིག་རེད།
སྤྱིའི་ཆ་ནས་དེ་རིང་གི་ཁྱོད་ཀྱི་སྐད་ཆ་འདི་ནི་ཕྲུ་གུ་ལོ་བརྒྱད་ཅན་གྱི་སྐད་ཆ་འདྲ་པོ་འདུག་་་་ཧཧཧཧཧཧཧཧཧ
free tibet
free tibet
free tibet
བོད་ཀྱི་བདག་པོ་བོད་མི་ཡིན།
རྒྱ་དམར་བོད་ནས་ཕར་རྒྱུག་བྱོས།
བློ་མཐུན་རྣམས་ཀྱང་ཁྲིད་ནས་སོང་།ཞེས་སྐད་འབོད་རྒྱབ་ཡིན་ད།
ལྷ་མོ་སྐྱབས་ཀྱིས༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་བའི་ཕྱོགས་ལ་ཁོས་བྱུས་རྗེས་བཞག་ཡོད་ཚུལ་བཤད་པ་བདེན་དུ་ཆུགས་རུང་། རང་བཙན་འདོད་མཁན་པ་དག་གིས་ངན་སེམས་འཆང་ཡོད་རབས་བརྗོད་པ་འདིར་སྐྱག་དྲི་ཁ་བོ་ཞེ་དྲག་འདུག རང་བཙན་པ་དང་དབུ་མ་བ་གང་ཡིན་རུང་སེམས་ཀྱི་དམིགས་པ་གཅིག་རེད། བོད་མི་རྒན་གཞོན་གང་ཡིན་པའི་བསམ་ཚུལ་ལ་བརྩི་བཀུར་གནང་རྒྱུ་གལ་ཆེན་པོ་རེད། མཐར་གཏུག་ན་བོད་མི་ཞིག་ཡིན་ཕྱིན་བླ་མ་དང་མི་རིགས་བློས་གཏོང་བ་སུ་གང་ཡོད་པ་མ་རེད། རང་ཉིད་ཡིན་ན་མི་རིགས་འདིའི་ད་ལྟའི་གནས་སྟངས་དང་རན་པ་དབུ་མའི་ལམ་བུ་དེ་བདེ་ཚོད་དུ་བསམ་མྱོང་ལ། བདེན་དོན་གྱི་ལོ་རྒྱུས་ངོས་ནས་རང་བཙན་འདི་ཡང་བློས་གཏོང་མི་འོས་པའི་བསམ་བློ་འཁོར་མྱོང་། ཡིན་ནའང་། རང་བཙན་པ་དང་དབུ་མ་བ་གཉིས་ཀྱི་གང་གིས༧གོང་ས་མཆོག་གི་དགོངས་གཞིར་རམ་འདེགས་ཐུབ་པ་ཐག་གིས་གཅོད་དཀའ་མོ་འདུག རྒྱུ་མཚན་གང་ཡིན་ཞེ་ན། རྒྱ་ནག་སྲིད་གཞུང་གིས་དབུ་མའི་ལམ་བུར་མིག་གིས་མི་ལྟ་བའང༧གོང་ས་མཆོག་གི་དགོངས་གཞིར་རྒྱབ་སྐྱོར་བ་ཉུང་སོང་བས་ཡ་ལན་མ་སྤྲད་པ་མིན་པ་དེའང་ཤེས་རན་རེད། དེའི་སྟབས་ཀྱིས་ངས་རྟག་ཏུ་རང་བཙན་ཞེས་འུར་རྒྱག་མཁན་ཚོར་གུས་བཀུར་བཞིན་ཡོད་ལ། ཁོང་ཚོའི་མིག་རྒྱང་དང་བསམ་རྒྱ་ཡང་ཧ་ལས་མྱོང་། ཆབ་སྲིད་འདི་ཚོང་ལས་ཤིག་དང་ཀུན་འདྲ་བས། ངས་ལྷ་ཀླུ་འཇམ་གསུམ་ཁོང་ཚོ་ཚོང་རྒྱག་སྟངས་ལ་བྱང་ཚད་མཐོ་བའི་གྲས་སུ་ངོས་འཛིན་བཞིན་ཡོད། ཡང་ཁ་ཤས་ཤིག་ཏེ༧གོང་ས་མཆོག་ལ་དད་མདོག་སྟོན་མཁན་དང་དབུ་མ་ལ་ནུས་ཤུགས་སྒྲིམ་ཡོད་མདོག་སྟོན་པའི་སྐབས་འཚོལ་ཆབ་སྲིད་པ་དག་མིག་མཐོང་མི་འདོད་ལ། ཁོང་ཚོའི་ཡང་ལྡད་བསྐྱར་ལྡད་ཀྱི་སྐད་ཆ་ཡོད་ཚད་ཡིད་སུན་པའང་ཉུང་ཉུང་མིན། ཁོང་ཚོས་རྟག་པར་སྲིད་གཞུང་དང་མི་མང་བར། ཡང་ན་མི་དང་མིའི་བར་ལོག་རྟོག་གི་སྐད་ཆ་བཤད་པ་དང་། སྒེར་སེམས་ནག་པོས་སྤྱི་ཚོགས་ལ་ངན་སྐུལ་བྱེད་རྒྱུར་གོམས་པས་ཡིན།
ནོར་བཅོས(རྒྱ་ནག་སྲིད་གཞུང་གིས་དབུ་མའི་ལམ་བུར་མིག་གིས་མི་ལྟ་བའང༧གོང་ས་མཆོག་གི་དགོངས་གཞིར་རྒྱབ་སྐྱོར་བ་ཉུང་སོང་བས་ཡ་ལན་མ་སྤྲད་པ”མིན་པ”དེའང་ཤེས་རན་རེད།)
རྒན་ལྷ་མོ་ལགས། ག་ལེར་སོམས་དང་། འདྲོགས་ལངས་ནས་གང་འདོད་འདོད་ཀྱིས་སྡུག་སྐད་རྒྱག་དགོས་དོན་ཅི་ཡོད། གསེར་ཡིན་ན་དེ་ལུགས་བཞིན་རིན་དོན་ཡོད་ཡོད་པ་རེད། འུ་ཅག་གི་བློ་སྙིང་བྲང་གསུམ་གཏད་ནས་ད་བར་དུ་གསེར་ལ་གསེར་གྱི་རིན་ཐང་སྤྲད་དེ། ལན་བརྒྱ་ཆད་མཐུད་ཀྱིས་ཞི་མོལ་བྱས། པེ་ཅིན་གཞུང་གི་ཆ་རྐྱེན་རབ་དང་རིམ་པ་གང་མང་ལ་བསྟུན་ཁུ་ཚུར་གློད་པས་མ་ཟད། དབུ་མའི་ལམ་གྱི་དགོས་དམིགས་ལ་རེ་ཞིང་སྒུག་ནས་༧གོང་ས་མཆོག་གི་སྐུ་ཚེ་སྨད་བར་དུ་རེ་བ་ཡག་ས་ཞིག་ལ་རྒྱབ་པ་མིན་ནམ། བར་འདི་ན་སྡུག་སྐད་འདི་འདྲ་ཞིག་ཤོར་དགོས་དོན་ཅི་ཡོད། གལ་སྲིད་ཅིས་ཀྱང་འགྲིག་མེད་ས་དེ་བཙལ་ནས་སྐྱོན་བརྗོད་ཀྱིས་ཉེས་བ་སེལ་དགོས་བར་འདོད་ན། དེ་ནི་པེ་ཅིན་གཞུང་གི་བྱ་བྱེད་ལས་གསུམ་རེད་མ་གཏོགས། ད་བར་དུ་ཉིན་མཚན་བསྟུན་མུར་བོད་རྒྱའི་དཀའ་རྙོག་མགྱོགས་མྱུར་གྱིས་སེལ་འདོད་ལ་ངང་སྒུག་བྱས་བའི་མང་མང་ནི་མ་རེད། མི་སུ་འདྲ་ཞིག་ཡིན་ནའང་ཐབས་སྡུག་ན་བསམ་ཕྱོགས་ལ་འགྱུར་བ་འགྲོ་མི་ཆོག་བསམ་པའི་ཨམ་ཚུགས་བསྡམ་དགོས་དོན་ཅི་ཡོད། ག་ལེར་བསམ་ན་་་ད་ལྟའི་བོད་མི་མང་གི་བསམ་ཕྱོགས་ནས་ལངས་ཕྱོགས་གང་ལའང་འགྱུར་བ་གཏོང་དགོས་བས་མ་ཟད། འདས་ཟིན་པའི་དུས་ཡུན་ཁྲོད་ཀྱི་འགག་རྐྱེན་འཚོལ་རྒྱུའི་ཚད་ལ་སླེབས་འདུག མི་བདེན་པར་འདོད་ན་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་ནས་བཟུང་། སྲིད་སྐྱོང་བློ་སེང་མཆོག་གི་འཛིན་སྐྱོངས་གང་ཐད་ལ་མིག་གཡེངས་རེ་བྱོས་དང་། བསྡུ་གསོག་རྒྱག་དགོས་བ་དག དུས་ལ་བབ་ན་ཡུན་དང་རིམ་གྱིས་བསྡུ་གསོག་རྒྱབ་ན་གང་འདྲ་འདུག རྦད་དེ་བོད་རྒྱའི་དཀའ་རྙོག་སེལ་བར་དུས་ཚོད་རྒྱུན་རིང་ཞིག་ནས་ཆ་རྐྱེན་ཆེན་པོ་་་རང་བཙན་མ་གཏོགས་སྐད་ཆ་མེད་ལབ་ཀྱིན་མེད་པ་འདྲ། རེད་དམ།
ལྷ་མོ་སྐྱབས་ཀྱིས༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་བའི་ཕྱོགས་ལ་ཁོས་བྱུས་རྗེས་བཞག་ཡོད་ཚུལ་བཤད་པ་བདེན་དུ་ཆུགས་རུང་། རང་བཙན་འདོད་མཁན་པ་དག་གིས་ངན་སེམས་འཆང་ཡོད་རབས་བརྗོད་པ་འདིར་སྐྱག་དྲི་ཁ་བོ་ཞེ་དྲག་འདུག རང་བཙན་པ་དང་དབུ་མ་བ་གང་ཡིན་རུང་སེམས་ཀྱི་དམིགས་པ་གཅིག་རེད། བོད་མི་རྒན་གཞོན་གང་ཡིན་པའི་བསམ་ཚུལ་ལ་བརྩི་བཀུར་གནང་རྒྱུ་གལ་ཆེན་པོ་རེད། མཐར་གཏུག་ན་བོད་མི་ཞིག་ཡིན་ཕྱིན་བླ་མ་དང་མི་རིགས་བློས་གཏོང་བ་སུ་གང་ཡོད་པ་མ་རེད། རང་ཉིད་ཡིན་ན་མི་རིགས་འདིའི་ད་ལྟའི་གནས་སྟངས་དང་རན་པ་དབུ་མའི་ལམ་བུ་དེ་བདེ་ཚོད་དུ་བསམ་མྱོང་ལ། བདེན་དོན་གྱི་ལོ་རྒྱུས་ངོས་ནས་རང་བཙན་འདི་ཡང་བློས་གཏོང་མི་འོས་པའི་བསམ་བློ་འཁོར་མྱོང་། ཡིན་ནའང་། རང་བཙན་པ་དང་དབུ་མ་བ་གཉིས་ཀྱི་གང་གིས༧གོང་ས་མཆོག་གི་དགོངས་གཞིར་རམ་འདེགས་ཐུབ་པ་ཐག་གིས་གཅོད་དཀའ་མོ་འདུག རྒྱུ་མཚན་གང་ཡིན་ཞེ་ན། རྒྱ་ནག་སྲིད་གཞུང་གིས་དབུ་མའི་ལམ་བུར་མིག་གིས་མི་ལྟ་བའང༧གོང་ས་མཆོག་གི་དགོངས་གཞིར་རྒྱབ་སྐྱོར་བ་ཉུང་སོང་བས་ཡ་ལན་མ་སྤྲད་པ་དེའང་ཤེས་རན་རེད། དེའི་སྟབས་ཀྱིས་ངས་རྟག་ཏུ་རང་བཙན་ཞེས་འུར་རྒྱག་མཁན་ཚོར་གུས་བཀུར་བཞིན་ཡོད་ལ། ཁོང་ཚོའི་མིག་རྒྱང་དང་བསམ་རྒྱ་ཡང་ཧ་ལས་མྱོང་། ཆབ་སྲིད་འདི་ཚོང་ལས་ཤིག་དང་ཀུན་འདྲ་བས། ངས་ལྷ་ཀླུ་འཇམ་གསུམ་ཁོང་ཚོ་ཚོང་རྒྱག་སྟངས་ལ་བྱང་ཚད་མཐོ་བའི་གྲས་སུ་ངོས་འཛིན་བཞིན་ཡོད། ཡང་ཁ་ཤས་ཤིག་ཏེ༧གོང་ས་མཆོག་ལ་དད་མདོག་སྟོན་མཁན་དང་དབུ་མ་ལ་ནུས་ཤུགས་སྒྲིམ་ཡོད་མདོག་སྟོན་པའི་སྐབས་འཚོལ་ཆབ་སྲིད་པ་དག་མིག་མཐོང་མི་འདོད་ལ། ཁོང་ཚོའི་ཡང་ལྡད་བསྐྱར་ལྡད་ཀྱི་སྐད་ཆ་ཡོད་ཚད་ཡིད་སུན་པའང་ཉུང་ཉུང་མིན། ཁོང་ཚོས་རྟག་པར་སྲིད་གཞུང་དང་མི་མང་བར། ཡང་ན་མི་དང་མིའི་བར་ལོག་རྟོག་གི་སྐད་ཆ་བཤད་པ་དང་། སྒེར་སེམས་ནག་པོས་སྤྱི་ཚོགས་ལ་ངན་སྐུལ་བྱེད་རྒྱུར་གོམས་པས་ཡིན།
བཙན་བྱོལ་དུ་སྐད་གྲགས་ཅུང་ཡོད་པ་རེ་ཟུང་གིས་ཆེས་མཐོ་ས་ནས་སྐད་ཆ་རེ་བཤད་པ་མ་གཏོགས། དོན་གྱིས་ཚན་རིག་དང་མི་མཐུན་པའི་སྐད་ཆ་ཆལ་ལ་ཆོལ་ལེ་རེ་བཤད་པ་དེར་ཡིད་སྐྱོ། ཡིན་ནའང་། ཤར་ཁུག་གཙོས་པའི་མཆན་བུ་བ་དག་ལ་ཐུགས་རྗེ་ཆེ་ཞུ། སང་གནངས་དུས་ཚོད་ཀྱིས་ལྕོགས་ཚེ་ཁྱེད་ཅག་གི་མཆན་བུ་དག་ལ་བསམ་ཚུལ་རེ་ཞུ་འདོད། ཐུགས་རྗེ་ཆེ།
ཆབ་སྲིད་ཀྱི་ཚོར་སྣང་རྣོ་བ་མང་པོ་ཞིག་གིས། དེ་སྔ་ནས་འཇམ་དབྱངས་ནོར་བུ་དང་ལྷ་བཟང་། ཀླུ་མཁར་བྱམས་གསུམ་གཙོ་བོར་ཆགས་པ་མ་གཏོགས། རང་བཙན་གྱི་ལྟ་བ་མཁྲེགས་འཛིན་པ་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཡིད་བཞིན་ནོར་བུ་དང་བཙན་བྱོལ་གཞུང་ལ་ངོ་རྒོལ་བྱེད་འདོད་འདུག་པ་ཚོར་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས་རང་ཉིད་ཡིན་ན་ཡང་ཁ་ལག་གཉིས་ཀ་འགུལ་ཐུབ་ཚོད་ཀྱིས་འགུལ་བ་ཡིན། ཉེ་སྔོན་གྲོས་ཚོགས་ནང་ལ་༸གོང་ས་མཆོག་གི་གསུང་འཕྲིན་ཇི་བཞིན་མྱུར་དུ་སྒྲུབ་དགོས་པར་ཤུགས་ཀྱང་བརྒྱབ་པ་ཡིན། ཐུབ་ཀྱང་ཐུབ་སོང། དེས་སེམས་ཅུང་བདེ་ཡོད།
གལ་ཏེ་ལོ་རེ་གཉིས་འགྱངས་ན་བཀའ་དྲིན་བསམ་མེད་ལོག་རྟོག་པ་དག་གིས་བརྒྱུད་བསྐུལ་ཏེ་ལེགས་ཉེས་ལ་རྨོངས་པའི་གཞོན་སྐྱེས་དུ་མས་ངོ་རྒོལ་གྱི་རྣམ་འགྱུར་ཅི་རིགས་ཐོན་རྒྱུ་ཡིན་པ་ཚོད་དཔག་ཐུབ་པ་ཞིག་རེད།
ཡིད་བཞིན་ནོར་བུས་དུས་ལ་གཟིགས་ཏེ་བཅའ་ཁྲིམས་ལ་ལེགས་བཅོས་གནང་ཐུབ་པ་འདིས་ཆུ་རགས་འདི་བཀག་ཡོད། ད་གང་ལྟར་ཁོ་པ་ཚོས་འདས་དོན་ལ་འཁང་ར་དང་ལེ་བདའ་བྱེད་པ་ལས་དངོས་སུ་སྐུ་དབང་རྩིས་སྤྲོད་དགོས་པའི་འབོད་སྒྲ་ཞིག་ང་ཚོས་ཐོས་མ་དགོས་པ་བྱུང་བ་རེད།
བོད་གཞིས་ལུས་མི་དམངས་ཀྱིས་ཡིད་བཞིན་ནོར་བུའི་ཞལ་ཞིག་མཇལ་རྒྱུ་དང་གསུང་ཞིག་ཐོས་རྒྱུའི་རེ་སྨོན་ཡང་སྐོམ་པའི་ཆུ་ལྟར་ཡིན་ན་ཡང། འདིར་ཡོད་པ་ཚོ་མི་ཉུང་བ་ཞིག་ལ་ཡིད་བཞིན་ནོར་བུའི་གསུང་ལ་སུན་སྣང་སྐྱེ་གིན་ཡོད་པ་རེད། མ་གསུང་ན་བསམ་གྱིན་ཡོད་པ་རེད། ད་དུང་མ་མཐོང་ན་བསམ་མཁན་ཡང་ཡོད་སྲིད་པ་ཞིག་རེད། ད་ང་ཚོ་ཚད་གང་ལ་ཐོན་འདུག
“ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ངོ་མ་ཆོད།” ཅེས་པ་འདི་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ད་ལྟའི་གནས་སྟངས་འདིར་ལུང་བསྟན་པ་ཞིག་མིན་ནམ། ངས་དེ་རིང་གློ་བུར་དུ་འདི་ལྟར་བསམས་བྱུང། ངོ་མ་ཡིད་སྐྱོ་བ་ཞིག་རེད་ཨང།
ང་ཚོས་ནད་ལ་གཏན་ནས་མ་ཕན་པར་ད་དུང་སྨན་ཟ་སྡོད་ན། མཐའ་མར་སྲོག་ཉེན་ལ་བསྐྱལ་བ་བཞིན། རྒྱ་མིའི་ཚིག་གཅིག་ཀྱང་ཉན་དུ་མི་གཏུབ་ན་ཡང་། ད་དུང་རང་སྐྱོང་དང་དབུ་མ་ཞེས་ཚིག་སྐམ་སྙན་པོ་ཞིག་ལ་ཤི་འཇུ་སྦར་འཐམ་བྱེད་ཀྱང་མ་བྱེད་ཀྱང་རི་མགོའི་ཁ་བ་ལུང་ལ་མི་འབབ་པར་མ་ཚད། མཐའ་མ་བོད་ཕུང་བརླག་པའི་ཉེན་ཁ་ཤིན་ཏུ་ཡ་ང་བ་ཞིག་ལ་བསྐྱལ་ཟིན་པ་ཡིན་པས། སྐབས་དང་དུས་ལ་བལྟ་ནས། ཕ་རོལ་པོའི་རྔ་སྐད་ལ་ལྟོས་པའི་ང་ཚོས་གར་འཆམས་དེ་འདྲ་པོ་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ལས་འགན་ཉག་ཅིག་ཡིན། གཞིས་ནས་སྤུན་ཟླ་ཚོ་སྡུག་ཉེས་མ་ཁྱོག་ནས་རང་སྲོག་ལ་རང་གི་མེ་སྦར་ནས་གསོན་པ་ལས་ཤི་བ་གདམ་པའི་སྲིད་ཇུས་གནག་པོའི་སྒྲོམ་གཞི་འདི་འདྲ་ཞིག་ལ་ཤེས་བཞིན་དུ་འཇུག་དགོས་པར་རློམ་པའི་ཐབས་ལམ་དང་བསྐྱར་མཐུད་ལ་ཐབས་ཤེས་སྙེགས་པ་འདི་དག་ནི། ངོ་མ་བསམ་བློ་ཞིག་བཏང་ན་ངེད་ཚོ་ནི་བླུན་པོའི་ནང་གི་བླུན་པོ་འཛམ་གླིང་འདི་གི་སྒང་ལ་སུ་ཡང་མེད་པ་ཞིག་ཅིས་མ་ཡིན། ཕག་པ་ལ་ལྟོ་སྟེར་ནས་བྱམས་པོ་བྱེད་པ་དེ་ཕག་པ་སྐྱིད་པོ་ཞིག་གི་ཕྱིར་དུ་ཡིན་ནམ། སྟེར་མཁན་ཁོ་རང་ཤ་དེ་ཟ་བསམ་པའི་ཕྱིར་དུ་རེད། ངས་དྲི་བ་འདི་བོད་མི་མགོ་ནག་ཡོད་ཚད་ཀྱི་མདུན་དུ་བཀོད་ཉན་བྲོ། དེང་གི་ང་ཚོའི་མདུན་ལམ་ནི་མུན་ནག་རེད་ལ། གཉིས་སྨན་དབུ་མ་ཞེས་པ་ནི་དེ་བས་མུན་པ་རེད། དམར་པོའི་རིང་ལུགས་ཀྱིས་བྱེད་སྟང་ནི་འདས་མ་ད་གསུམ་ལ་བཟང་སྤྱོད་མི་འདུག་ལ། སྟོང་བསམ་གིས་བྲོད་པའི་གཉིས་སྨན་ཞེས་པ་ལ་དེ་བས་ག་ན་འདུག དད་མེད་ཆུ་དཀྱིལ་རྡོ་རིལ་ལྟ་བུ་ལ། །ཐུགས་རྗེ་རློན་གྱིས་ནམ་ཡང་འཇུག་དུས་མེད་གསུང་པ་བཞིན། ཕ་རོལ་པོས་གཉིས་སྨན་དབུ་མའི་ཇུས་འདི་རྒྱལ་ཁབ་བརླག་པའི་ཇུས་ངན་ལ་བསྒྱུར་གང་ཐུབ་བྱེད་ནས་སྡོད་ཡོད་དུས། གཉིས་མོས་དང་ཞི་འགྲིག་ཞེས་པ་ནི། ནམ་མཁའི་མཐའ་ལས་རིང་པའི་སྟོང་བསམ་བླ་ན་མེད་པ་དེ་མ་ཡིན་ནམ། མདུང་རྩེ་ཁ་སྤྲོད་ཀྱིས་གྲོས་མོལ་ནི་དུས་ནམ་ཡང་བྱེད་དགོས་སྣང་མི་ཤར། རྒྱུ་མཚན་ནི་སྔོན་མོ་ཆུ་ལ་མེ་འབར་ན། བསད་པའི་ཐབས་ག་ན་འཚོལ་དགོས་ཀྱི་འདུག དེ་བས་དེང་གི་དུས་སུ་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོག་གཞོན་དོན་འགྲུབ་ལྷ་དར་ལྷ་བཟང་ཚེ་རིང་སོགས་ཀྱིས་དམིགས་སུ་ཕུག་པའི་དགོས་འདུན་དང་བསམ་འཆར་གཏོན་པ་དེ་ཚོ་དང་། སྙན་བཟང་གི་བསམ་ཚུལ་འདི་ཚོ་༧གོང་ས་མཆོག་ལ་མི་དད་ནས་དང། བོད་མི་ནང་ཁུལ་དུ་དཀྲུགས་ཤིང་གི་རྒྱུ་ཆ་སྤུ་ཙམ་འདྲེས་མེད་པ་མ་ཚད་ལྷག་བསམ་རྣམ་དག་གི་བསམ་འཆར་རྣོན་པོ་ཞིག་འདོན་འདུག་པར་འདོད།
སེམས་ཤུགས་འདུག ཐུགས་རྗེ་ཆེ། ཁ་ནང་ལ་བག་ལེབ་སྐམ་པོ་རེག་གི་མེད་པ་ལ་སེམས་ནང་ལ་མོག་མོག་ཚ་བོ་དྲན་བསྡད་པ་འདི་ཡང་སེམས་ཤུགས་ཤིག་རེད། ངས་ནི་རང་བཙན་བཤད་པས་རྒྱ་ནག་སྐྲག་འགྲོ་བ་དང་དབུ་མ་གནང་བས་རྒྱ་ནག་དགའ་འགྲོ་བའི་ཁྱད་པར་ཞིག་མཐོང་གི་མི་འདུག དགོས་ངེས་པ་ཁོ་ཚོ་ལ་སྣང་མེད་དུ་འཇོག་པར་ཁ་གཡར་ས་ཞིག་དགོས་པ་ཡིན་པས། རང་བཙན་གྱི་སྐད་ཆ་བཤད་ན་ཁོ་ཚོ་ལ་དེ་ལས་དགའ་ཞིག་གང་ན་ཡོད། འདང་ཕོག་ན་སྤྲོད་སྲིད་པ་དེ་རང་སྐྱོང་ཡིན་པར་རློམ་ནས་ང་ཚོས་དབུ་མ་གླེང་བཞིན་པ་རེད་མོད། འུ་ཐུག་ཐབས་ཟད་ན་མ་གཏོགས་རྒྱ་ནག་གིས་འདིའི་སྐོར་ལ་བསམ་བློ་གཏོང་མི་སྲིད་ལ། དེ་འདྲའི་དུས་སྐབས་ཤིག་ཀྱང་ད་དུང་ལོ་བརྒྱ་ཕྲག་ཅིག་ལ་སླེབས་མི་སྲིད། རྒྱུ་མཚན་གང་ཞེ་ན་སྙིང་པོ་བསྡུས་ནས་བཤད་ན་ཚིག་གཅིག་སྟེ་རྡུལ་ཕྲན་མཚོན་ཆ་ཡོད་པས་སོ།། རྒྱ་ནག་གི་དེང་སང་ཆེས་སྐྲག་ས་ནི་བོད་མིས་བོད་པའི་སྐད་ཡིག་གི་ཆེད་དུ་འཐབ་རྩོད་བྱེད་པ་དེ་རེད་ལ། ཉིན་ཞིག་བོད་མི་ཚོས་བོད་ནང་དུ་རྒྱ་ཡིག་རྒྱ་སྐད་བཀག་འགོག་བྱས་ཏེ་དེའི་ཆེད་དུ་རང་ལུས་མེར་སྲེག་བྱེད་པ་སོགས་བྱུང་ཚེ། ཏ་ལས་བརྒྱ་ཡིས་ཀྱང་སྤྲོད་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་ངེས་པ་སྨོས་ཅི་དགོས་མོད། ཐེངས་འདིར་ཁོ་ཚོར་རླུང་རྟ་རྒྱུག་ནས་བོད་ནང་གི་བོད་མི་ཚོའི་མངོན་འདོད་ནི་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུ་ཙམ་པོ་དེ་རེད
སྙན་བཟང་གཡུང་དྲུང་ཚེ་རིང་གི་དགོང་ཚུལ་དེ་བདེན་པ་བདེ་ཀྱང་རེད་རྒྱབ་སྐྱོར་ཡོད་ལ། ཅོ་རི་ཉི་མ་ཁོང་ནི་ནམ་རྒྱུན་ནས་དགོངས་པ། ལ་རྒྱ་དང་དྲང་པོ་ལྷག་བསམ་ཅན་ཞིག་རེད་འདུག གུས་པས་ཁྱེད་གཉིས་ལ་བཀྲིས་བདེ་ལེགས་ཞུ།
བོད་རིགས་ཡོངས་སུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་འདི་ནི་བོད་རྒྱ་ཆེན་མི་དམངས་ཀྱིས་འདོད་པ་མེད་པའི་སྒྲུབ་བྱ་ཞིག་དང་དམངས་མོས་མེད་པའི་སྲིད་བྱུས་ཤིག་རེད།
དབུ་མ་ལམ་ནི་དེ་འདྲ་མ་རེད། གཉིས་ཕན་རེད། རྒྱ་རྒྱ་ཡུལ་དུ་སྐྱིད་བོད་བོད་ཡུལ་དུ་སྐྱིད་པས་་་་རྒྱ་སྐྱིད་བོད་བདེ་ཡི་ལམ་ཕྱོགས་ཤིག་དང་བོད་མི་རིགས་ཀྱི་རྩ་དོན་མཐའ་མའི་ཐག་གཅོད་བོད་རྒྱ་ཆེན་མི་དམངས་ཀྱི་གནང་དགོས་པར་༧གོང་ས་མཆོག་གི་ཐུགས་ནས་འཁྲུངས་པའི་དམངས་གཙོ་རེད།
༧གོང་ས་མཆོག་གིས་ལོ་མང་རིང་དུ་བོད་མི་རྣམས་སུ་རང་གི་ཕྲག་པའི་སྟེང་དུ་འགན་ཁུར་ཞིག་ཡོད་བསམ་པ་དགོས་ཞེས་ཐེངས་བརྒྱ་ལྷག་གསུངས་མྱངས་ཡོད་རེད།
འགན་ཁུར་དགོས་གསུངས་པ་དེས་དམངས་གཙོ་བསྟན་གྱི་ཡོད་རེད། འགན་མ་ཁུར་ན་དམངས་གཙོ་ཡོང་ཐབས་མེད་པ་དང་དམངས་མོས་ཀྱི་སྲིད་ཇུས་ཤིག་གཏན་འབེབས་བྱ་ཐབས་མེད་པ་རེད།
བོད་མི་ཚང་མས་འགན་ཁུར་ཐུབ་པ་བྱུང་ན་༧གོང་ས་མཆོག་གིས་རིང་ནས་སྙིང་ལ་མནར་བའི་འདོད་དོན་ངོ་མ་བོད་རང་བཙན་གཙང་མ་ཞིག་ཐོབ་ཀྱི་རེད་འདོད།
སྲིད་འཛིན་བློ་བཟང་སེང་གེས་རེ་འདོད་ལྟར་བོད་ཀྱི་རྒྱལ་ཁང་ཕོ་བྲང་པོ་ཏ་ལའི་ནང་དུ་༧གོས་ས་མཆོག་ཁྲི་ལ་འཁོད་ཐུབ་ཀྱི་རེད་འདོད།
གཉིས་ཕན་དང་ཞི་བདེ། སྙིང་རྗེ་དང་བྱམས་པ་སོགས་ཀྱི་ལྟ་གྲུབ་རྣམས་བོད་མི་རིགས་ཀྱི་རིག་གནས་དང་འདྲེས་ནས་ཡོད་པས་དོར་ཐུབ་ཀྱི་མ་རེད་ལ་དོར་དགོས་དོན་ཡང་མེད།
ང་ཚོ་ལ་མི་མཁོ་བ་ནི་་་བོད་རིགས་ཡོངས་སུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་འདི་ཡིན། འདི་ནི་གོང་ཁྲན་ཏང་གི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་མ་གཏོགས་ཡོང་ཐབས་མེད་པ་རེད།
བོད་མི་རིགས་སུ་མནར་གཅོད་བཏང་བསྡད་པའི་གཞི་ངོ་མ་ཏང་གིས་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་རེད།
བོད་མི་རིགས་ཀྱིས་མནར་གཅོད་རག་སར་གོང་ཁྲན་ཏང་གི་རྩ་ཁྲིམས་ཀྱི་འོག་ཏུ་རེད།
བོད་མི་རིགས་ཀྱི་གཏེར་ཁ་འཕྲོག་སར་གོང་ཁྲན་ཏང་གི་རྩ་ཁྲིམས་ཀྱི་འོག་ཏུ་རེད།
བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་བ་ཡང་ཏང་གི་རྩ་ཁྲིམས་འོག་ཏུ་རེད།
བོད་མི་ཉེས་མེད་དམར་བསད་བཏང་སར་ཡང་ཏང་གི་རྩ་ཁྲིམས་ཀྱི་འོག་ཏུ་རེད།
རྩ་ཁྲིམས་སྡུག་སྐྱ་འདི་འདྲ་ཞིག་གི་སྒྲོལ་གཞིའི་འོག་ཏུ་སྡོད་འདོད་ཡོད་ན་སྨྱོ་པ་ཡིན་གྱི་རེད་མ་གཏོགས་བོད་མི་ཉམ་ཆུང་ཚོ་སྡོད་འདོད་མེད་ནས་རང་ཤི་བརྒྱབས་ཀྱི་ཡོད།
བོད་རྒྱལ་ལོ། རང་བཙན་རྒྱལ་ལོ།།།
ཤར་ཁུག་ལ།
ག་རེ་བཤད་ཀྱང་འགྲེལ་ཡང་རུང་། དོན་དག་རྡོག་རྡོག་དེ། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས། ཁེ་ཕན་འཚོལ་གྱིན་པ་སུས་ཀྱང་རིག་ཡོད་པ་རེད།
དེས་ན། སྲིད་བྱུས་འདི། སྲིད་བྱུས་ཤིག་གི་ངོ་བོར་མ་བཟུང་བར། སྒེར་དོན་བསྒྲུབ་སྤྱད་ཀྱི་ལག་ཆར་བསྒྱུར་བ་ཡིན་ན། དེ་ནི། མིའི་རྣམ་དཔྱོད་ལ་དཔྱེ་ཞིབ་མ་ཡོད་པ་དང་གཅིག་པ་མ་རེད་དམ།
མ་འོངས་པར་སུ་ཞིག་ཡིན་རུང་། མི་རིགས་འཐབ་རྩོད་ཀྱི་སྣེ་མོར་འཇུས་དུས། སུས་ཀྱང་ཐག་གཅོད་མེད་པར་རང་རང་གི་རིག་པ་བསྒྲིམས་ནས། ཐབས་བྱུས་དམིགས་བསལ་བ་རེ་འདོན་དབང་ཡོད་པ་ནི། དུས་རབས་འདི་དང་། མང་གཙོ་འདིའི་ཡོན་ཏན་ཉག་ཅིག་རེད།
ཡིན་ཡང་། ཁྱེད་དང་ཁྱེད་ལ་འབྲེལ་བའི་ཚོགས་པ་ཁག་གིས། ད་རུང་། ཁ་འདི་ལ་གཡར་ནས་ཁེ་ཕན་བདའ་རྒྱུ་ཡིན་པ་དེ་གསལ་བོ་རེད་དེ། འདི་ནི། ལོ་རྒྱུས་དང་འགན་འཁུར་གྱི་ངོས་ནས། སྙིང་བོ་མེད་པའི་གྲུབ་འབྲས་རྩོད་ཕྱོགས་ཤིག་ཏུ་གྱུར་བ་ལས་གཞན་ཡོད་པ་མ་རེད་དོ།།
ཁྱེད་ཀྱི་རྩོམ་ཡིག་ཧྲིལ་བོ་འདི་དང་གཤམ་གྱི་མཆན་གང་ལ་བལྟས་ནའང་། རྩ་སྙིང་དབུ་མའི་ལམ་གྱི་བཀོད་པར་མ་མཛེས་པའི་བཤད་རྒྱ་ཞིག་རེད་བཞག ཆོག་གི། བདེན་པ་ཡིན་སྲིད། ཡིན་ནའང་བཙན་བྱོལ་དཀྱིལ་འཁོར་གྲུ་བཞི་འདིར། རང་བཙན་འཐབ་རྩོད་བྱེད་མཁན་ཞིག་དང་། དབུ་ལམ་སྙེགས་མཁན་གཉིས་སུ་གྱེལ་སྟངས་ཀྱི་ཆ་ནས་སེམས་ན་དེ་དགོས་ངེས་ཞིག་རེད་སྙམ།
ཡིན་ཡང་མྱུལ་ལྟ་ལེགས་པོ་ཞིག་བྱས། ལམ་དབུ་མའི་གཞུང་ལམ་རིང་མོ་འདིར་དུས་བབས་འགྱུར་ལྡོག་གི་རྩིས་ཕྲ་ཞིག་བཀོད་ཡོད་ལ། སྙིང་རྗེ་དྲོད་སྐྱིད་ཀྱི་བསིལ་རེག་ཞིག་ཀྱང་ལྡན་ཡོད་ངེས་རེད། འདས་པའི་འཐབ་རྩོད་འཕེལ་རིམ་ལེབ་མོ་རུ་ཕྱིར་བལྟས་ཞིག་བྱས། ཁྱེད་ཀྱིས་བསམ་པར་ལྟར།༼རྔ་ཞིག་བརྡུངས་མ་ཐག་འཁྱམ་ཞིག་འཁྲབ་ཁུལ་བྱས་༽པར་ཡིིན་སྲིད་ཀྱང་། དགོས་དོན་དེ་ཉིད་རེད། འོན་ནའང་ལམ་གྱི་ནུས་པས་དེ་ཉིད་ཇི་ལྟར་སེལ་ཡོད་དམ་ཞེས་ན། ༡༽རྒྱ་བོད་གྲོས་མོ་བྱེད་སའི་གར་སྟེགས་འདི་དང་། ༢༽སྐམ་ས་ཆེན་པོའི་མི་བུ་གང་མང་བླ་འགུགས་ཐུབ་པ་དེ་དང་། ༣༽འཕྲལ་མར་རྒྱ་གཞུང་ནས་སྤེལ་བའི་རྫུན་རྐུབ་གཏོར་ཤིང་། ད་དུང་རྫུན་གཏམ་གསར་བ་ཞིག་གིས་མགོར་ཇུས་དགོས་པ་འདི་དང། ༤༽གཞེས་བྱེས་ཕ་བུ་བར་གྱི་འབྲེལ་ཐག་སོགས་གྲངས་ཆུང་ནས་གྲངས་ཆེན་ཏུ་འཕར་ཡོད།
༼མ་རེད་སྙམ༽དེ་དངོས་ཡོད་རེད། ཕྱི་གླིང་གི་རྒྱལ་ཁབ་དེ་དག་གིས་ཁ་བསྒྱུར་བྱས་པར་གང་ཡང་མ་རེད། ཚད་ལྡན་དམངས་གཙོའི་འགྲོས་དང་མཐུན་པའི་སྒོ་ནས་ཐག་གཅོད་སོང་བ་ཞིག་རེད། གནད་དོན་དེར་ངེས་པ་ར་མཁྱེན་དགོས་པར་ཞིག་ནི།
༼ལྟ་གྲུབ་དང་དད་པ་དག་སྣང་༽ཙམ་གྱིས་མི་རིགསའདིའི་མདུན་ལམ་འདེམས་པ་ནི་དངོས་གནས་སྐྱོ་གར་གྱི་བསམ་ཚུལ་ཞིག་ཏུ་ལྷུང་། གྲོས་མགོ་ནས་བཏོན་ནའང་ཐག་དམངས་ཀྱིས་བཅད་པར་ལྟ་གྲུབ་དག་སྣང་གིས་ཕྱོགས་སུ་འཐེན་པར་བདེན་ཁ་མ་སྤོད་རོགས། ༸རྒྱལ་བ་རིན་པོ་ཆེས་‘‘ངས་བདམས་པའི་ལམ་དབུ་མའི་སྲིད་ཇུས་ལ་འགྱུར་བ་མེད་’’ཞེས་པ་དེ་དང་། ཡང་ཁོང་གིས’ བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་’ཅེས་པའི་བསྡོམས་ཚིག་ལྕི་མོ་འདིའི་སྟེང་ལ་བསམ་གཞིགས་སྣོན་པོ་རེ་བྱས་ནས། སྒྱུ་འཕྲུལ་གྱི་ནུས་པ་ཞིག་མེད་ནའང་མྱུར་སྐྱོབ་ཀྱིས་སྲིད་བྱུས་ཇི་ལྟར་སྤེལ་དགོས་སམ། སྤེལ་སྟངས་ཞིག་གསུངས་རོགས་གནོངས་དང་། །
སྙན་བཟང་ལགས་་་་རྒྱབ་སྐྱོར་%100ཡོད། རང་དབང་རྒྱལ་ལགས་ཀྱིས་ཀྱང་ཡག་པོ་གསུངས་འདུག་པས་དགའ་པོ་བྱུང།
སྙན་བཟང་གཡུང་དྲུང་ཚེ་རིང་ལགས་ཀྱི་བསམ་ཚུལ་འདི་ཀྱོག་འདུག།
སྲིད་ཇུས་གང་ཡིན་ཡང་ལྗི་ཡང་གཞལ། ནུས་པ་ཆེ་ཆུང་གཞན་ནས་བཤད་རྒྱུ་གལ་ཆེན་མཐོང་།
དྲ་གྲོགས་ཟུངས་ཁྲག་ལགས།
ཁྱེད་ཀྱིས་ངའི་བསམ་ཚུལ་ལ། དོ་སྣང་བྱས་པར་དགའ་ཡོད། སྤྱིར་ན། མི་རེ་ལ་བསམ་ཚུལ་མི་འདྲ་བ་དང་། དེའི་བསྐྱེད་པའི་ངོས་འཛིན་ཡང་མི་འདྲ་བ་རེ་ཡོད་པ་ཆོས་ཉིད་ཅིག་རེད། དེ་འདྲ་ཡིན་དུས། འགལ་བ་འབྲེལ་བར་བསྒྱུར་རྒྱུ་ཡོད་པ་དེ་ངས་སྔར་ནས་ཤེས་ཡོད།
ད་ཡིན་ན། ༸གོང་ས་མཆོག་གི་སྐུ་དབང་ལ་ཁ་གཡར་ས་མེད་པར། བོད་མི་རིགས་རིང་ལུགས་པའི་བསམ་བློ་དང་ལངས་ཕྱོགས། ངོས་འཛིན་དང་ཐབས་བྱུས་ཤིག་བཟུང་ནས། འཐབ་རྩོད་བྱེད་དགོས་པ་ལས། ཕྱིར་ནུར་དང་ཁག་དཀྲི་ས་མེད་པ་དེ་ཤེས་དགོས་པ་དེ་གནད་ཀྱི་དང་པོ་རེད།
མ་འོངས་པ་ཡིན་རུང་། དབུ་མའི་ལམ་དང་རང་བཙན་གྱི་སྲིད་བྱུས་དེ་འགྲན་བསྡུར་མི་བྱེད་པར་གཙོ་བོ་ལག་ལེན་དུ་བསྟན་རྒྱུ་ཡོད་པའི་སྲིད་བྱུས་ཤིག་འཛིན་དགོས་པའི་བསམ་ཚུལ་འདོན་གྱིན་པ་ནི། ངས་བཤད་འདོད་པའི་དོན་དག་སྙིང་བོ་དེ་རེད། མ་གཏོགས་དབུ་མའི་ལམ་འདི། ༸གོང་ས་མཆོག་གི་གཏན་ལ་ཕབ་པ་ཡིན་ཚུལ་ལ་སོགས་པའི་བྲེལ་སླད་འཁྲབ་འཇོག་དགོས་པ་འཆད་ཀྱིན་ཡོད་མོད། ངེས་པར་དུ། རང་བཙན་གྱི་སྒྲུབ་ཕྱོགས་འཛིན་དགོས་པ་འཆད་མེད་དེའང་ཤེས་དགོས་སོ།།
དེས་ན། ད་ནི། དུས་སུ་བབས་ཤིང་ལག་ལེན་ལ་མཛའ་བའི་སྲིད་བྱུས་ཤིག་འདེམས་རན་ཡིན་པའི་ཅོང་བརྡ་ཙམ་བསྒྲགས་པ་ཡིན་ནོ།།
ལམ་དབུ་ལས་གཞན་པའི་ལམ་ཞིག་འཚོལ་དགོས་ཞེས་རྨོངས་སྐད་ཆེན་པོ་ཞིག་སྒྲོག་གིན་འདུག་པ་ཚོས་ལམ་དབུ་ལས་ལམ་གཞན་རྩོད་ན་རྩོད་ལུགས་རྩོད་སྟངས་ཀྱི་ལས་རིམ་ཞིབ་ཚགས་ཞིག་མི་ལོ་ལྔ་བཅུ་རིང་ལ་མིག་གིས་མཐོང་ཡུལ་དུ་གྱུར་མ་སོང་།
ཕལ་ཆེར་ལམ་དབུ་མ་ལས་ལམ་གཞན་ཞིག་རྩོད་དགོས་ཞེས་ཁ་སྟོང་ནང་གི་ཚིག་སྟོང་སྒྲོག་མཁན་འདི་ཚོས་མཁས་ཉམས་ཕྱིར་ད་བར་མི་སྟོན་པར་ལམ་གཞན་པའི་ཐར་ལམ་གྱི་ལས་རིམ་ཕལ་ཆེར་ཁོག་ཏུ་སྦས་ནས་བསྡད་ཡོད་པ་འདྲ།
ཁོག་ཏུ་སྦས་ནས་བསྡད་ཡོད་ན་བོད་མི་མང་གསལ་སྟོན་བྱ་རྒྱུའི་དུས་ལ་སླེབས་འདུག
དེ་མིན་རང་ཉིད་ཀྱིས་གང་རྩོད་ཀྱང་རང་ཉིད་ཀྱིས་ཐོབ་ཐང་ཡིན་ཡང་ལམ་ལུགས་གཞན་ལ་གང་འདོད་ཀྱིས་སྐྱོན་བརྗོད་མ་གནང་ན་ལེགས་སྙམ།
སྐུ་ཞབས་སྙན་བཟང་ལགས་ཀྱིས་རང་བློ་གཞན་གྱི་སྨུག་པས་མ་བཏུམས་པར་བསམ་ཚུལ་དམར་རྗེན་དུ་གསུངས་འདུག་པ་དངོས་གནས་རིན་ཐང་འདུག རྩོམ་ཡིག་འདིའི་བསྟན་དོན་ཡོངས་ལ་བསམ་ཚུལ་བཤད་དགོས་དོན་མེད་ཀྱང་། ངས་མཐོང་བའི་འབབ་ས་ལྟ་བུ་སྟེ་ཁོང་གིས་༼ བོད་མི་རིགས་ཀྱི་མངོན་འདོད་ལ་དཔག་པའི་སྲིད་ཇུས་ཤིག་སྤེལ་ཐུབ་ཚེ། དེ་ནི་༧རྒྱལ་བ་རིན་པོ་ཆེར་གུས་མི་གུས་དང་། རྒྱ་ནག་ལ་ཁོང་ཁྲོ་སློང་མི་སློང་གི་སྐད་ཆ་མ་རེད།༽་ཅེས་པ་འདི་རེད། འདི་ནི་ནམ་ཞར་རྒྱུན་དུ་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་པར་ཁེས་ཆེ་བ་ཚང་མས་རང་བློ་འཇོག་སའི་གཟུར་གནས་ཀྱི་རྒྱ་མ་ལྟ་བུ་ཞིག་རེད།
བོད་གཞིས་བྱེས་མི་མང་གི་མདོན་འདོད་ནི་དུས་ནམ་ཡང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་གདན་ཡིན་པ་དུས་གསུམ་དུ་རྟན་བརྟན་ཐེར་ཟུག་ཡིན་པ་ལྟར། ང་ཚོས་མངོན་འདོད་གང་ཞིག་ལ་མོས་མཐུན་པ་བྱས་པ་རྒྱུ་མཚན་ཚད་ལྡན་ཡིན་མིན་དང་། ཡང་རྒྱ་མཚན་འཚོལ་དཔྱོད་ཀྱི་ཤེས་རབ་ཀྱིས་མ་འདང་བ། དེ་བཞིན་མངོན་འདོད་གཞན་ཞིག་ཡོད་ཚུལ་གྱི་རྣམ་རྟོག་གིས་དོན་དངོས་དཔྱོད་པའི་བློ་མིག་གང་དེ་ཉིད་ཀྱང་གཡོ་བ་དང་འཁྱོག་པོར་འགྱུར་འགྲོ་བ་ནི་མིའི་རང་གཤིས་སུ་གྲུབ་པའི་ཁྱད་ཆོས་ཤིག་ཀྱང་ཡིན་པ་འདྲ་བས། ད་བར་གཟུར་གནས་ཁུངས་ལུང་ཤེས་རབ་བཅས་ལྡན་པའི་བསམ་ཚུལ་འབྲི་བཞེངས་ཐུབ་མཁན་དཀོན་པའང་དེས་རྐྱེན་མིན་ནམ་བསམས།
ལར་ནས་རང་རེ་བ་རྣམས་ཀྱིས་མངོན་འདོད་འཚོལ་ཡུལ་གཙོ་བོ་ཡིན་པའི་མི་མང་གི་དོན་དག་བཤད་སྐབས་ཀྱང་། མི་མང་གིས་གང་གདམས་པ་དག་ལའང་མཐོང་ཆུང་དང་ཤེས་ཚད་ཀྱིས་མ་འདང་བར་བསྒྲགས་མི་ཉན་པ་འདྲ་བས། མིའི་རིགས་ཀྱི་རྣམ་དཔྱོད་འཕེལ་རིམ་དང་ཡུལ་དུས་གནས་བབ་སོ་སོར་འཚོ་གནས་འཆའ་ཕྱོགས་གདམ་ག་བྱས་པའི་ཤར་ནུབ་ཀྱི་མི་རིགས་གཞན་པའི་ཤུལ་ལམ་ལའང་ཅུང་ཙམ་ལྟོས་པ་ཡིན་ན། མི་མང་གི་བློ་བབ་དང་མཐུན་པའི་འཛིན་སྐྱོང་གི་རིག་ལམ་༧གོང་ས་མཆོག་དང་མའོ་ཙེ་ཏུང་གི་མཇུག་འབྲས་ལས་གསལ་བཤད་བྱས་འདུག་པས། ང་ཚོས་ཡང་ནས་བསྐྱར་དུ་བསམ་བློ་གཏོང་དགོས་པ་འདྲ་ལ། ལངས་ཕྱོགས་དང་ལྟ་གྲུབ་ཀྱི་བར་ཁྱད་བཤད་དུས་ཀྱང་འདི་ལྟར་ཚིག་འཇམ། གུ་ཡངས་ཁུངས་སྐྱེལ་དང་ལྡན་ནས་བགྲོ་གླེང་གནང་ན་ཆིག་སྒྲིལ་ཟེར་བའང་གོང་ཆུང་དུ་འགྱུར་བར་སེམས་ལ། ཆབ་སྲིད་འཐབ་རྩོད་ཀྱི་ལོ་རྒྱུས་དང་ཉམས་མྱོང་མེད་པའི་རང་རེའི་གངས་ཅན་པ་རྣམས་ལའང་ལམ་ཁ་ཞིག་ཡོད་ངེས།
རྒྱ་དམར་གྱིས་བོད་རང་བཙན་གྱི་ལམ་དུ་བསྐྱལ་ཀྱང་རང་བཙན་གྱི་ལམ་དུ་མ་འགྲོ་ན་མི་ལེགས་སམ།
ཁ་བརྡར། ༢༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣ གི་ཆུ་ཚོད་ ༨ སྐར་མ་ ༣༠
ཁྲན་ཝན་ཅཱན་ལགས་ཀྱིས།
བོད་ཁ་བ་གངས་ཅན་པའི་ལྗོངས་འདི་ནི། མི་རབས་ནས་མི་རབས་བར་ལྷ་དང་བླ་མར་དད་ཅིང་བྱམས་སེམས་ལྡན་པའི་མི་རིགས་ཤིག་ཡིན་ནའང་། ད་ནི་རྒྱ་དམར་པོའི་དབང་བསྒྱུར་ལ་བཟོད་བསྲན་བྲལ་བའི་ཚད་དུ་སླེབས་སོང་ཟེར་བ་འདི་རེད། ་་་་་་་་
གྲྭ་བཙུན་རེ་རེ་བཞིན་ཡོད་པའི་རྒྱུ་མཚན་གྱིས། མེ་དཔུང་གི་ཁྲོད་ནས་རང་དབང་ལ་རེ་བའི་ཡ་ང་བའི་འབོད་སྒྲ་སྒྲོག་ཅིང་།གསོན་སྡུག་ལས་འཆི་བཟང་གི་དཔེ་ལྟར། འདི་ནི་རང་དབང་བརླག་པ་ལས་ཤི་བར་བདམས་པའི་མི་རིགས་ཤིག་རེད། རྒྱུ་དངོས་འབྱོར་བ་ལ་རྔམ་པའི་འཛམ་གླིང་འདིའི་ཐོག མི་རིགས་འདི་འཛམ་གླིང་ས་ཡི་ཡང་རྕེར་གནས་ཡོད་པ་མ་ཟད། ཁོང་ཚོའི་བསམ་བློ་ཡང་མིའི་རིགས་ཀྱི་ཚད་མཐོ་ཤོས་རེད། ་་་་་་་
བོད་མིའི་ངོས་ནས་བཤད་ན། རྒྱ་དམར་གྱིས་བོད་ལྗོངས་སུ་འཛུགས་བསྐྲུན་གྱིས་སྲོལ་རྒྱུན་འཚོ་ཐབས་ལ་གཏོར་བཤིག་གཏོང་བ་མ་ཟད། རྩ་ཆེ་བའི་རང་བྱུང་ཁམས་ཀྱི་ཁོར་ཡུག་ལ་གཏོར་བརླག་དང་། རྒྱ་དམར་གྱིས་བཅོས་བསྒྱུར་ནི་ཁོང་ཚོའི་རིག་གཞུང་རྩ་མེད། སེམས་ཁམས་རྡོག་རོལ་དུ་བཏང་བ་ཞིག་རེད། རྒྱ་དམར་གྱིས་ཅི་བྱས་ཅི་ལས་ཐམས་ཅད་བོད་མི་རིགས་རྩ་མེད་གཙང་དག་བྱེད་པ་ཞིག་རེད། ་་་་་
ཁོང་ཚོོའི་དགོས་འདུན་གཅིག་པུ་ནི། ཁོང་ཚོའི་འཚོ་ཐབས་ལྟར་འཚོ་བ་སྐྱེལ་རྒྱུ་དེ་རེད། ཡིན་ན་ཡང་། རྒྱ་དམར་དབང་བསྒྱུར་པས་མཐའ་གཅིག་ཏུ་འདི་ལྟའི་མཛའ་བརྩེའི་དགོས་འདུན་ལ་སྣང་མེད་ངང་། ཁ་ཡ་དྭང་ལེན་མི་བྱེད་པ་དང་ནུས་ཤུགས་གང་ཡོད་ཀྱི་སྐྱོན་འཛུགས་དམའ་འབེབས་དང་ངན་ཁག་འདྲི་བ་མ་ཟད། ཆེས་གདུག་རྩུབ་ཅན་གྱི་བྱེད་ཐབས་སྤྱད་དེ་དྲག་གནོན་བྱས། མཇུག་འབྲས་ནི་བོད་མི་དམངས་ཀྱི་སེམས་ཁམས་ཉིན་རེ་རེར་བཞིན་ཁ་འབྲལ་དུ་ཕྱོགས་ཏེ། རང་བཙན་གྱི་ལམ་དུ་སྐྱེལ་བ་རེད། ་་་་་་
ད་ཡིན་ན། ༸ཡིད་བཞིན་ནོར་བུའི་སྐུ་དབང་མི་དམངས་ཕུལ་བ་ཡིན་དུས། ད་ཡིན་ན། མི་དམངས་ཀྱི་འདོད་འདུན་དང་བསྟུན་པའི་སྲིད་བྱུས་ཤིག་འཚོལ་དགོས་པ་དེ་རེད། རང་དབང་རྒྱལ་ལགས་ཀྱིས་བསམ་ཚུལ་ལྟར་ན་ང་ཚོའི་སྲིད་བྱུས་དེ་མི་དམངས་ཀྱི་འདོད་འདུན་དང་བསྟུན་པའི་སྲིད་བྱུས་ཤིག་མ་ཡིན་པར་གོང་ས་མཆོག་གི་སྐུ་དབང་བཙན་པོའི་བཟུང་བསྡད་པས་སྲིད་བྱུས་ཤིག་ཡིན་པ་སྒྲུབ་གྱིན་འདུག བོད་རང་བཙན་མི་འདོད་མཁན་གྱི་བོད་མི་ཤིག་ཕལ་ཆེར་མེད་ཚོད་རེད། འོན་ཀྱང་བོད་རང་བཙན་རང་ལག་ཏུ་འབྱོར་དུས་བོད་མི་བརྒྱ་ཆ་དགུ་བཅུ་ཐམ་པའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་ལ་སོགས་པ་རྩ་མེད་འགྲོ་རྒྱུར་མཐོང་བ་མངོན་གྱུར་རེད་འདུག
ཉམས་ཞིབ་གནང་ཟིན་པའི་སྐད་ཆ་རེད། བོད་ཞེན་གྱི་སྐད་ཆ་རེད། རྒྱབ་བསྐྱོར་ཡོད་ལ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤེས་ཡོན་པ་ཟེར་བ་ནི་འདི་འདྲ་ཞིག་ཡིན་རྒྱུ་རེད།
དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི། བཙན་བྱོལ་ནང་གི་ཆབ་སྲིད་པ་ཁག་ཅིག་གིས། ཁེ་ཕན་བསྒྲུབ་བྱེད་ཀྱི་ལག་ཆར་གྱུར་བ་ལས། དོན་དངོས་ཐོག་བོད་རྒྱའི་དཀའ་རྙོག་སེལ་སྤྱད་ཀྱི་ཐབས་བྱུས་སུ་འཛིན་གི་མེད་པ་འདི་རེད། འདི་ལ་རྒྱུ་མཚན་ཡོད་དེ། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ཡིད་རྟོན་ཡོད་མདོག་གིས། ཆབ་སྲིད་པ་ཐེབས་ཆག་འགའ་ཞིག་གིས། རང་རང་གི་རྐུབ་སྟེགས་དང་སྐད་གྲགས་ཀྱི་ཆེད་དུ། འདུར་རྒྱུག་བྱེད་ཀྱིན་པ་ཡོངས་གྲངས་འདི་རེད། དེ་ལས་ཀྱང་། གཟབ་དགོས་པ་ཞིག་ལ། རེ་འགས། ༸རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་པའི་རྣམ་འགྱུར་སྟོན་ཆེད་དུ། སྲིད་བྱུས་འདི་ལ་ཨུ་ཚུགས་ཀྱིས་འཁྱུད་ཀྱིན་པ་འདི་རེད།
ད་ནི། སྐབས་འཚོལ་བ་རྣམས་ལ། སྲིད་བྱུས་འདི་སྒེར་དོན་བསྒྲུབ་བྱེད་དུ་བསྒྱུར་རྒྱུའི་གོ་སྐབས་མེད་པ་དེ་བཙན་བྱོལ་བའི་མི་དམངས་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་ཀྱི་དོན་པོ་ཞིག་རེད། གང་གིས་ཟེར་ན། ད་ཡིན་ན། ༸ཡིད་བཞིན་ནོར་བུའི་སྐུ་དབང་མི་དམངས་ཕུལ་བ་ཡིན་དུས། ད་ཡིན་ན། མི་དམངས་ཀྱི་འདོད་འདུན་དང་བསྟུན་པའི་སྲིད་བྱུས་ཤིག་འཚོལ་དགོས་པ་དེ་རེད།
གསལ་བཤད་བྱེད་དགོས་པ་ཞིག་ལ། ལོ་ངོ་སུམ་བཅུ་ལྷག་གི་རིང་། བཙན་བྱོལ་བའི་ཆབ་སྲིད་པ་ཐེབས་ཆག་ཁག་གིས། རང་བཙན་དང་དབུ་མའི་ལམ་ཞེས་རང་རང་གིས་ཕྱོགས་སུ་སོང་ནས། མི་དམངས་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྤུངས་མ་ཐུབ་པའི་གནས་སྟངས་ཐབས་རྡུགས་འདི་བྱུང་བ་རེད། བྱས་ན། ད་ནས་བཟུང་། ཁ་ཕྱོགས་གཅིག་ཏུ་འགྲོ་ཐུབ་པའི་སྲིད་བྱུས་ཤིག་འཛིན་དགོས་པ་ནི། ཛ་དྲག་དུས་བབ་ཀྱིས་བསླངས་པ་ཞིག་མ་རེད་དམ།