སྙན་བཟང་གཡུང་དྲུང་ཚེ་རིང་།
བཙན་བྱོལ་དུ་འཁྲུངས་པའི་ལམ་དབུ་མ་ནི་བོད་རྒྱ་གཉིས་ཕན་གྱི་སྲིད་ཇུས་ཤིག་ཡིན་ཞེས་ང་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་བརྗོད་བཞིན་ཡོད། མི་ལོ་སུམ་བཅུ་ལྷག་ལ་སྲིད་ཇུས་འདི་ཉིད་གླེང་སྟོབས་ཀྱིས་ད་ནི་ང་ཚོའི་འགྲམ་པའི་འཕྲུལ་འཁོར་ཟད་ལ་ཉེ། དོན་དངོས་སུ་འདས་པའི་ལོ་རྒྱུས་ནང་དུ་ང་ཚོས་གླེང་བཞིན་པའི་སྲིད་ཇུས་འདི་ལ་བརྟེན་ནས་བོད་དོན་ལ་གྲུབ་འབྲས་ག་རེ་བྱུང་ཡོད་དམ། བོད་རྒྱ་གཉིས་ཀྱི་བར་ལ་གྲོས་མོལ་གསལ་ལ་མ་གསལ་བ་ཞིག་དང་། མགོ་ཚོས་ལ་མ་ཚོས་པ་ཞིག་བྱུང་ཡོད་པ་དེ་དག་སྲིད་ཇུས་འདིའི་གྲུབ་འབྲས་སུ་རློམ་རྒྱུ་ཡིན་ནམ། གྲུབ་འབྲས་འདིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཕར་ཞོག ཐ་ན་རྒྱའི་བཙོན་ཁང་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གཅིག་ཀྱང་ཀློད་ཐུབ་མེད། མ་འོངས་པ་ནའང་སྲིད་ཇུས་འདི་ལ་བརྟེན་ནས་བོད་ཀྱི་བདེན་མཐའ་སེལ་ཐུབ་རྒྱུ་མིན་པ་འདྲ། ཉེ་ཆར་‘‘དམིགས་བསལ་སྐུ་ཚབ་ཀྱི་བརྡ་ཁྱབ་’’ཅེས་པའི་རྩོམ་ཡིག་ནང་དུ་‘‘ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་དང་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཧ་ཅང་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་བལྟས་ན་གྲོས་མོལ་ཡོང་ཐབས་འབད་རྩོལ་བྱ་རྒྱུ་ཡང་ཕན་ཐོགས་མེད་པ་ལྟ་བུ་རེད་’’ཅེས་གསུངས་ཡོད། ཚིག་དུམ་འདི་ནི་༸རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱིས་གསུངས་ཤིང་། ཡུན་རིང་པོར་བོད་རྒྱ་གྲོས་མོལ་གནང་མཁན་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གསུངས་པ་ཞིག་རེད།
༡༩༧༩ ལོར་ཏིན་ཞའོ་ཕིན་གྱིས་གློ་བུར་དུ་‘‘རང་བཙན་མིན་པའི་སྐད་ཆ་ག་རེ་ཡོད་ན་བཤད་ཆོག་’’ཅེས་རྔ་ཞིག་བརྡུངས་མ་ཐག ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། བོད་གཞིས་ལུས་མི་མང་གི་གནས་སྟངས་ནི་ཆེས་ཛ་དྲག་ཏུ་དགོངས་ནས་འཆམ་ཞིག་འཁྲབ་ཁུལ་གྱིས་སྲིད་ཇུས་འདི་བཏོན་པ་མ་གཏོགས། ཨ་རི་དང་ཡུ་རོབ་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཚོས་ང་ཚོའི་འཐབ་རྩོད་ལ་གནོན་ཤུགས་སྤྲད་པ་ཞིག་དང་། རྒྱ་གར་གཞུང་གིས་ཀྱང་བོད་རང་བཙན་ལ་བསྙད་དེ་མི་དགའ་བའི་རྣམ་འགྱུར་བསྟན་པ་ཞིག་མ་རེད་སྙམ། ཡིན་ནའང་། སྐབས་དེར་༸རྒྱལ་བ་རིན་པོ་ཆེས་གསུངས་པའི་‘‘བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་’’ཅེས་པའི་གསུང་དུམ་འདི་ནི་གནད་འགག་ཅན་ཞིག་ཏུ་མཐོང་ཞིང་། གསུང་དུམ་འདིའི་ནུས་སྟོབས་ཀྱིས་ཡུན་རིང་པོར་བོད་རང་བཙན་གྱི་དྲོད་རླབས་ཡལ་བཅུག་མེད། ཕྱིས་སུ་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་ས་གནས་མི་རིགས་ཁག་གི་རང་སྐྱོང་བཅའ་ཁྲིམས་གླེང་བ་དེས། གོང་གི་གསུང་དུམ་འདི་ལ་དོ་ཕོག་དང་། ནུས་པ་ཇེ་ཞན་དུ་བཏང་ཡོད།
༡༩༨༧ ལོར་༸རྒྱལ་བ་རིན་པོ་ཆེས་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་དང་། ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་དོན་ཚན་ལྔའི་དགོངས་དོན་དང་། ལྷག་པར་ནང་གསེས་དོན་ཚན་ལྔ་པའི་སྐོར་ལ་འགྲེལ་བཤད་ཞིབ་གསལ་གནང་ཡོད། ཡིན་ནའང་། སྐད་གྲགས་ཅན་གྱི་ལམ་དབུ་མའི་འགྲེལ་བཤད་འདི་གཉིས་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་སྲིད་དོན་པ་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་རྡོ་ཁབ་ལེན་གྱིས་ལྕགས་དྲངས་པ་བཞིན་བྱུང་བ་ཞིག་མིན་པ་འདྲ། དོན་དངོས་སུ་ནུབ་ཕྱོགས་ཀྱི་མི་མང་པོ་ཞིག་གིས་བོད་ཀྱི་རྩ་དོན་ཐད་སེམས་ཁུར་གནང་བར་རིགས་གཉིས་འདུག རིགས་གཅིག་གིས་༸རྒྱལ་བ་རིན་པོ་ཆེའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་བརྩི་མཐོང་གིས་བོད་རྒྱབ་ཏུ་ལངས་པ་དང་། རིགས་གཞན་པ་དེས་བོད་ཀྱི་ཛ་དྲག་གི་གནས་བབ་བརྩེ་བའི་ཨ་ལོང་ནང་དུ་བསུས་ཏེ་བོད་པར་གཞོགས་འདེགས་ཀྱི་ལག་པ་སྲིང་བཞིན་ཡོད།
ལམ་དབུ་མའི་རྒྱབ་ཀྱི་རང་སྲིད་རང་སྐྱོང་ལ་འདོད་པའི་རྣམ་འགྱུར་སྟོན་མཁན་ཞིག་ཡོད་པ་ནི། ནུབ་ཕྱོགས་ཀྱི་རྒྱ་ནག་པ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོ་རེད། དམངས་གཙོ་དོན་གཉེར་བ་འདི་ཚོས་ཕྱོགས་གཅིག་ནས་རྒྱ་ནག་པ་དུང་ཕྱུར་གཉིས་ལྷག་གི་འགྲོ་བ་མིའི་ཐོབ་ཐང་རྩ་འཕྲོག་བཏང་བར་ངོ་རྒོལ་བྱེད་པ་དང་ཆབས་ཅིག ཕྱོགས་གཞན་པ་ཞིག་ནས་བོད་མིའི་རང་དབང་གི་ཐོབ་ཐང་སྟེ་བོད་རང་བཙན་གླེང་གི་མེད། རྒྱ་ནག་དམངས་གཙོ་དོན་གཉེར་ཅན་དུ་གྲགས་པའི་ཤེས་ཡོན་པ་ཚོའི་ནང་དུ། ཚའོ་ཁྲང་ཆིང་དང་ཞའོ་ཧུའེ་གཉིས་ཀྱིས་བྲིས་པའི་‘‘བོད་དེ་ནམ་ཞར་ཡང་རྒྱ་ནག་གི་མངའ་ཁོངས་ཆ་ཤས་མིན་’’ཞེས་པའི་རྩོམ་ཡིག་དང་། ལྦེ་ཅིན་ཧྲིན་གྱིས་བརྩམས་པའི་‘‘བཙོན་ཁང་ནས་བོད་ཀྱི་གནད་དོན་སྐོར་ཏིན་ཞའོ་ཕིན་ལ་བཏང་བ་ཡི་གེ་’’ཞེས་པ་ལྟ་བུའི་རྩོམ་ཡིག་རྣོན་པོ་འབྲི་ཐུབ་མཁན་རེ་ཟུང་ཞིག་ལས་བྱུང་མེད། འདི་ལ་བསམས་སྐབས། ནུབ་ཕྱོགས་ཀྱི་རྒྱ་ནག་པ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཕལ་མོ་ཆེས་དགོས་མཁོ་ཞིག་གི་ཆེད་དུ་ལམ་དབུ་མར་རྒྱབ་སྐྱོར་གནང་གི་ཡོད་པ་ལས་བོད་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་མེད།
དེས་ན། ད་བར་དུ་ང་ཚོས་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ལམ་དབུ་མར་བརྟེན་དགོས་བྱུང་བ་
དང་། སྲིད་ཇུས་འདི་ལའང་འཕོ་འགྱུར་གྱི་བསེར་བུ་ཙམ་ཡང་མ་ཤོར་བའི་གནད་འགག་དེ་མཐར་གཏུགས་ན་འཚེ་བ་མེད་པའི་ལྟ་གྲུབ་དང་དད་པ་དག་སྣང་གཉིས་ལ་ཐུག་འདུག ༸རྒྱལ་བ་རིན་པོ་ཆེས་‘‘ངས་བདམས་པའི་ལམ་དབུ་མའི་སྲིད་ཇུས་ལ་འགྱུར་བ་མེད་’’ཅེས་གསུངས་བཞིན་དུ་མང་མོས་འོས་བསྡུའི་སྐོར་ལ་བཀའ་སློབ་བསྩལ་ཡོད་པ་དང་། བཙན་བྱོལ་གྱི་བོད་མི་ཚོས་ཀྱང་རང་གི་རྩ་བའི་བླ་མའི་ཞལ་རས་སྒོམ་བཞིན་ལམ་དབུ་མར་འོས་ཤོག་བླུགས་ཡོད། ང་ཚོས་མཁྱེན་དགོས་པ་ཞིག་ལ། ༸རྒྱལ་བ་རིན་པོ་ཆེ་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་རྣམ་སྤྲུལ་རེད། བོད་ཁ་བ་ཅན་དུ་ཤ་གཟུགས་ཀྱིས་བྱོན་པ་རེད། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་བོད་ལ་བསྲེགས་ཏེ་སྐུ་གཤེགས་ཁར་༸རྒྱལ་བ་རིན་པོ་ཆེས་དཔའ་བོ་དམ་པ་ཁོང་ལ་‘‘དགྲ་བོའི་ཕྱོགས་ལ་ཁོང་ཁྲོ་མ་གནང་’’ཞེས་གསུངས་ཡོད། ཚིག་འདི་འདྲ་འཛམ་གླིང་གི་སྲིད་དོན་པ་སུ་ཞིག་གིས་གསུང་ཐུབ་བམ། ཡིན་ནའང་། ང་ཚོ་ཀླུ་སྒྲུབ་ཡབ་སྲས་གཙོས་པའི་དགྲ་བཅོམ་པ་དེ་དག་གི་རྣམ་སྤྲུལ་མ་རེད།
ལར་ནས་ལམ་དབུ་མའི་ཐབས་ལམ་ལ་བརྟེན་ནས་རང་སྲིད་རང་སྐྱོང་གླེང་བ་ནི་མ་འོངས་བོད་ཀྱི་དཔལ་འབྱོར་གྱི་སྐོར་ནས་ཤོད་ཅིང་། བོད་འདི་ཉམ་ཆུང་ནུས་མེད་ཟུངས་ཟད་དུ་གྱུར་སྟབས་རྒྱ་ནག་གི་དཔལ་འབྱོར་གྱི་རོགས་སྐྱོར་མེད་ཚེ་འཚོ་ཐབས་མེད་པའི་བསམ་བློ་གཏོང་གི་ཡོད། འདི་ལ་སེམས་དཔའ་ཆེན་པོ་གན་ངྷིས་‘‘ཁྱེད་རང་ལ་སྟག་གི་གཤིས་ཀའམ་སྟག་གི་རང་བཞིན་དེ་དགོས་ཀྱང་སྟག་མི་དགོས་པ་རེད’’ཅེས་གསུངས་ཡོད། ཡང་། བོད་མི་མང་པོ་ཞིག་གིས་རྒྱ་ནག་གིས་ང་ཚོར་རང་སྐྱོང་སྤྲད་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞིག་ཡོད་སྙམ་བཞིན་ཡོད། མ་གཞི་ནས་རྒྱ་ནག་གིས་བོད་ལ་རང་སྐྱོང་སྤྲོད་མིན་མི་ཤེས་མོད། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་གི་ནང་ནས་ང་ཚོར་དམིགས་བསལ་གྱི་ཐོབ་ཐང་ཞིག་སྤྲོད་ཐུབ་བམ། ཐོབ་ཐང་འདི་མེད་ཚེ་ང་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩ་ཆེན་པོ་དེ་ཡང་མེད་པ་ལྟ་བུར་མཐོང་། ཕྱོགས་གཞན་ཞིག་ནས་བཤད་ན། བོད་རྒྱ་གཉིས་སྤྱི་ཚོགས་གཅིག་གི་དཀྱིལ་འཁོར་དུ་བསྡད་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་མིན་ང་ལ་མཚོན་ན་དོགས་པ་རེད་ལ། བོད་ཀྱི་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོ་གསོད་མཁན་གྱི་མི་རིགས་ཤིག་དང་མཉམ་དུ་གནས་འདོད་ཀྱི་བློ་ལྡང་བ་ནི་ཡ་མཚན་ཅན་དུ་མཐོང་།
ད་ནི་བོད་ཀྱི་གནས་སྟངས་ལ་བསམ་བློ་བཏང་ན་སྙིང་དམར་པོ་ཐང་ལ་ལྷུང་གྲབས་བྱེད། རྒྱ་གཞུང་གིས་བོད་དུ་ཁྲག་གི་འཁོར་ལོ་བསྐོར་བཞིན་འདུག ལྷག་པར་དུ་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱས་ཏེ་བོད་ཀྱི་མི་རབས་གསར་པ་ཚོའི་བོད་ལྕེ་རྒྱ་ལྕེ་གཙང་མར་འགྱུར་བར་བྱེད་ཅིང་། བོད་ཀྱི་འབྲོག་སྡེ་མང་པོ་ཞིག་གྲོང་ཁྱེར་ཅན་དུ་བསྒྱུར་ཏེ་སྲོལ་རྒྱུན་རྩ་གཏོར་བྱེད་མགོ་ཚུགས་ཡོད། བོད་གཞིས་ལུས་མི་མང་གིས་ཀྱང་རྒྱ་ནག་གིས་དྲངས་པའི་གདུག་རྩུབ་སེམས་ཀྱིས་མ་ཐེག་པར་ཞི་རྒོལ་དང་། ཐ་ན་རང་གི་གཅེས་ཤིང་ཕངས་པའི་ལུས་པོ་འདི་ཡང་མེ་ལ་སྒྲོན་བཞིན་ཡོད། ང་ཚོར་བོད་གཞིས་ལུས་མི་མང་གི་སྡུག་བསྔལ་གང་མྱུར་གྱིས་སྐྱོབ་པའི་སྒྱུ་འཕྲུལ་ལྟ་བུའི་ནུས་པ་མེད་ཀྱང་། གཞིས་ལུས་མི་མང་གི་མངོན་འདོད་སྣང་མེད་རྒྱ་ཡན་དུ་མ་བསྐྱུར་བར་དེ་ལ་བརྩི་མཐོང་གིས་སྲིད་ཇུས་ཤིག་སྤེལ་ན་ཅི་ལ་མི་ཆོག་དྲན་བྱུང་།
ང་ཚོར་དབུ་འཁྲིད་ཅིག་དགོས་པ་རེད། དབུ་འཁྲིད་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློན་ལས་གཞན་ངས་བཙལ་ཀྱང་རྙེད་མ་བྱུང་། ཁོང་གིས་བོད་མི་རིགས་ཀྱི་མངོན་འདོད་ལ་དཔག་པའི་སྲིད་ཇུས་ཤིག་སྤེལ་ཐུབ་ཚེ། དེ་ནི་༸རྒྱལ་བ་རིན་པོ་ཆེར་གུས་མི་གུས་དང་། རྒྱ་ནག་ལ་ཁོང་ཁྲོ་སློང་མི་སློང་གི་སྐད་ཆ་མ་རེད། ང་ཚོས་ཐོབ་ཐང་ཞིག་གླེང་གི་ཡོད་པ་རེད། མི་རིགས་རང་ཐག་རང་གཅོད་ཀྱི་ཁེ་དབང་གི་རྩ་དོན་འདིའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་གཉིས་ནང་། ‘‘མི་རིགས་སོ་སོའི་མི་དམངས་ཚང་མར་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་’’ཅེས་དང་། ‘‘སྤྱི་ཆིངས་འདི་འཇོག་མཁན་གྱི་རྒྱལ་ཁབ་ཚང་མས། རང་ཐག་རང་གཅོད་ཀྱི་དབང་ཆ་འདི་མངོན་དུ་འགྱུར་བར་སྐུལ་སྤེལ་བྱེད་དགོས་’’ཞེས་གསུངས་ཡོད།
ཉིན་ཁ་ཤས་ཀྱི་གོང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློན་གྱིས་‘‘མ་འོངས་པར་རྒྱ་གར་ནང་གི་བོད་པའི་གནས་སྟངས་ལ་འགྱུར་བ་གང་ཡང་འགྲོ་གི་མ་རེད། དེ་གསལ་པོ་བཟོས་ཟིན་པ་ཡིན། དེ་སྔ་དང་ད་བར་ནང་བཞིན་མུ་མཐུད་ནས་གནས་ཀྱི་རེད’’ཅེས་གསུངས་ཡོད། དེ་བདེན་ན་‘‘བཙན་བྱོལ་བོད་གཞུང་’’འདི་ཡང་ཕྱིར་རྩིས་ལེན་གྱིས་བོད་ཀྱི་རང་བཙན་ལེན་ཐབས་ལ་འཆར་ཟིན་གྱི་རི་མོ་ཡག་པོ་ཞིག་འཐེན་དགོས་ཤིང་། མ་འོངས་བོད་ཀྱི་དཔལ་འབྱོར་འཚོལ་སྒྲུབ་དང་། ལས་འགུལ་སྤེལ་ཕྱོགས། རྒྱབ་སྐྱོར་འཚོལ་སྟངས་བཅས་ཀྱི་ཐད་ལ་བགྲོ་གླེང་ཆེན་མོ་རེ་འཚོགས་ཏེ་གྲོས་བསྡུར་ཞིབ་ལྷུག་གནང་དགོས་ཤིང་། ལྷག་པར་དུ་གཞིས་བྱེས་གཉིས་ཀྱི་སེམས་དང་སེམས་ཀྱི་བར་ཐག་སྲིད་ཕྱོགས་ནས་དམ་པོར་བཟོ་དགོས་པ་ནི་དུས་ལ་བབ་ཡོད་པར་སེམས།
ང་ཚོས་དམངས་གཙོ་ཞེས་ག་ཚོད་བཤད་ཀྱང་། བོད་མི་རིགས་ཀྱི་མངོན་འདོད་དང་མཐུན་པའི་སྲིད་ཇུས་ཤིག་སྤེལ་མ་ཐུབ་ཚེ། ང་ཚོའི་དམངས་གཙོ་ཞེས་པ་ནི་དམངས་གཙོ་ཆ་ཚང་བ་ཞིག་མིན། དེ་ལ་ནུས་སྟོབས་ཀྱང་མེད། བོད་ཀྱི་བཙན་པོ་དག་གིས་གཙོས་པའི་དཔའ་རྟུལ་ཁྲི་ཕྲག་གི་ཀྭི་སྒྲས་བཞེངས་པའི་བོད་རྒྱལ་ཁབ་འདི་སླར་ཡང་རང་བཙན་ཅན་དུ་གནས་མི་གནས་ཀྱི་འགན་བབ་འདི་དུས་རབས་ཉེར་གཅིག་པའི་བོད་མི་མང་ལ་ཡོད། དེ་བཞིན་དུ་ང་ཚོས་རྒྱ་ནག་གི་སྲིད་ཇུས་འདི་ཡང་རྟག་བརྟན་ཐེར་ཟུག་ཅིག་མིན་པ་མཁྱེན་དགོས་པར་མ་ཟད། བོད་རང་བཙན་མ་ཐོབ་ན་ང་ཚོ་ནམ་ཡང་རྒྱ་ནག་མི་རིགས་གཙོས་པའི་མི་རིགས་གཞན་གྱི་བྲག་གཡོག་ཡིན་པ་མ་བརྗེད་རོགས་ཞེས་བརྗོད་འདོད་དོ།
དབུ་མའི་ལམ་གྱི་ལས་འགུལ་ཁང་གཙོ་གྱུར་པའི་རིགས་ཡོགས་སུ།
དྲི་བ་དང་པོར།
བཙན་བྱོལ་བའི་ལམ་དབུ་མ་པ་ཚོས་ཕར་གུང་ཁྲན་ཏང་ལ་བསམ་འཆར་སྟོན་པ་འདི་དང་གུང་ཁྲན་ཏང་གིས་སྟོན་པའི་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཀྱི་བར་དུ་བོད་ཀྱི་སྐད་ཡིག་གི་ཐོག་ཏུ་གཏན་འབེབས་བྱས་པར་ཁྱད་པར་ག་རེ་འདུག་གམ།
འདི་ལ་ལན་ཞིག་ཡོད་པ་མཁྱེན།།
ལྷ་མོ་སྐྱབས་ཀྱི་ཧམ་བཤད་ལ་ཉན་ནས་དགོད་བྲོ་བ་ཞིག་བྱས་སོང་། སྐུ་སྒེར་ཡིག་ཚང་དང་བཀའ་བློན་ཁྲི་བས་གདན་ཞུ་གནང་ཚེ་ལས་ཀ་བྱ་རྒྱུ་ཡིན་ཟེར་སྲོལ་ནི་གླེན་པའི་རང་རྟགས་ལས་མ་འདས། ཁྱེད་ལ་སྐུ་སྒེར་ཡིག་ཚང་དང་བཀའ་བློན་ཁྲི་བར་ཕན་ཐོགས་པའི་ཡོན་ཏན་ཅི་ཞིག་ཡོད་དམ། ཁྱེད་ཀྱིས་བཤད་སྟངས་ལས་ཁྱེད་ལ་རང་རློམ་གྱི་ངར་རྒྱལ་འབའ་ཞིག་ལས་ཅི་གང་མེད་པ་རྟོགས་ཐུབ། སྐུ་སྒེར་ཡིག་ཚང་དང་བཀའ་ཤག་སྲིད་གཞུང་ཁྱེད་ཁོ་ནར་མིག་ཅེར་སྡོད་དགོས་དུས་བཙན་བྱོལ་བོད་གཞུང་ཡང་ཚར་ཚར་བ་རེད། དེང་སང་བཙན་བྱོལ་བོད་མིའི་སྐད་ཡིག་སྣ་ཚོགས་ཤེས་པའི་གཞོན་རབས་པ་སྔར་ལས་མང་དུ་ཐོན་བཞིན་ཡོད་པས། བོད་ཡིག་ཁོ་ན་ཤེས་ཙམ་ཞིག་གིས་ཁུངས་འཁྱོལ་གྱི་མེད་པས་ཤེས་ན་བཟང་བར་མཐོང་། སྰ་ར་སློབ་གྲྭར་བཏོན་པའི་ཆ་རྐྱེན་དེའང་ཅི་འདྲའི་ཡ་མཚར་ཞིག་རེད། ཁྱེད་ལ་ཆེས་སློབ་གྲྭ་ཞིག་ལ་སློབ་ཁྲིད་ཆོག་པའི་ལེག་ཁྱེར་འཛིན་མ་ཞིག་མཁོ་སྤྲོད་བྱ་དགོས་པ་དང་། བསླབ་ཁྲིད་ལས་ཁྱེད་རང་རྩོམ་ཡིག་སྤེལ་བར་དུས་ཚོད་སྤྲོད་དགོས་པ་ནི་སུས་ཀྱང་ཡིད་དུ་མ་ཤར་བ་ཞིག་རེད། དེའི་སྟབས་ཀྱིས་ཁྱེད་ཧམ་བཤད་དེས་ཁྱེད་རང་གི་ཅི་གང་མི་ཤེས་པ་ཚོར་སོང་ལ། ཁྱེད་ཀྱི་སློབ་མ་ཚོའི་མགོ་ལའང་ཆུ་བླུག་ཚར་བས་སྐད་ཆ་བཤད་ནའང་བསམ་བློ་གཏོང་དགོས་པར་འདོད།
བོད་རིགས་ཡོངས་སུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་ཡིག་ཆ་ལས་་་་འདི་འདྲ་འདུག་་་་བཙན་བྱོལ་བའི་ལམ་དབུ་མ་པ་ཚོས་བོད་སྐད་ཡིག་སྐོར།
༡་ སྐད་ཡིག
སྐད་ཡིག་ནི་བོད་མིའི་ངོ་བོ་མཚོན་པའི་ཁྱད་ཆོས་གལ་ཆེ་ཤོས་རེད།བོད་སྐད་ནི་བོད་མིའི་བརྡ་སྤྲོད་ཀྱི་སྐད་གཙོ་བོ་དེ་ཡིན་པ་མ་ཟད།ང་ཚོའི་རྩོམ་རིག་དང༌།ནང་དོན་རིག་པའི་གསུང་རབ།བྱུང་རབས་ལོ་རྒྱུས།དེ་བཞིན་ཚན་རིག་གི་ལས་རིགས་བཅས་ཆ་ཚང་སྐད་ཡིག་དེའི་ཐོག་བྲིས་ཡོད།བོད་ཀྱི་སྐད་ཡིག་ནི་ལེགས་སྦྱར་གྱི་སྐད་དང་དོ་མཉམ་པའི་བརྡ་སྤྲོད་རིག་པའི་གནས་ཚད་ཧ་ཅང་མཐོ་བ་མ་ཟད།ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་སྐབས་ཚིག་དོན་གཉིས་ཀ་ཇི་བཞིན་མ་ནོར་བར་བསྒྱུར་ཐུབ་པའི་སྐད་ཡིག་གཅིག་པུ་དེ་ཡིན།དེའི་དབང་གིས་འཛམ་གླིང་ནང་སྒྲ་བསྒྱུར་མང་ཤོས་དང་ལེགས་ཤོས་དེ་ཡིན་པ་མ་ཟད།མཁས་པ་ཁག་ཅིག་གིས་རྩོམ་རིག་ཕྱུག་ཤོས་དང་མང་ཤོས་ཀྱང་ཡིན་པར་བཞེད་ཀྱི་ཡོད།རྩ་ཁྲིམས་དོན་ཚན་བཞི་པའི་ནང་མི་རིགས་ཚང་མར་”རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་”རྒྱུའི་རང་དབང་འགན་སྲུང་བྱས་ཡོད།
བོད་མིས་རང་གི་སྐད་ཡིག་བེད་སྤྱོད་དང།ཡར་རྒྱས་གཏོང་བར་བོད་ཡིག་དེ་བོད་མིའི་སྐད་དང་ཡི་གེ་གཙོ་བོ་དེ་ཡིན་པས་བརྩི་སྲུང་བྱེད་དགོས།དེ་བཞིན་བོད་རིགས་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་གཙོ་བོ་བོད་ཡིག་བྱེད་དགོས།
ལྟ་གྲུབ་འདི་རྩ་ཁྲིམས་དོན་ཚན་བརྒྱ་དང་ཉི་ཤུ་རྩ་གཅིག་པའི་ནང་གུ་ཡངས་པོའི་སྒོ་ནས་ངོས་འཛིན་བྱས་ཡོད་པ་ནི་ཎཎམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གཅིག་གམ་ཁ་ཤས་སྤྱོད་རྒྱུ།”ཞེས་དང༌།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཅུ་པའི་ནང་”ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང༌།འགན་སྲུང་བྱ་རྒྱུ།”ཞེས་གསལ་ཡོད།
བོད་རིགས་ས་ཁུལ་ཁག་གི་སྐད་ཡིག་གཙོ་བོ་བོད་ཡིག་བྱེད་རྒྱུ་དང་འདྲ་བར་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་སུམ་ཅུ་སོ་དྲུག་པའི་ནང་རང་སྐྱོང་ས་གནས་ཀྱི་སྲིད་གཞུང་ལ་སློབ་གསོའི་ཐད་”སློབ་ཁྲིད་བྱེད་པའི་སྐད་རིགས།སློབ་གྲྭ་བ་སྡུད་ཐབས་སོགས་གཏན་འབེབས་”ཐག་གཅོད་བྱེད་རྒྱུའི་དབང་ཆ་ཡོད་པར་གསལ་ཡོད།དེའི་གོ་དོན་ནི་སློབ་ཁྲིད་རྒྱུད་ལམ་གྱི་སྐད་ཡིག་བོད་ཡིག་བྱེད་རྒྱུའི་ལྟ་བ་ངོས་འཛིན་བྱེད་ཀྱི་ཡོད།
ལྷ་མོ་སྐྱབས་ལགས་་སྒེར་དོན་ཁ་རྩོད་རྒྱབ་མ་ཡོང་ཨ་་་་དགེ་ཆོས་མཆོག་གིས་བཀའ་གསུངས་ཀྱི་སྐོར་དུ་རྗེས་མ་བཤད་དུས་ཚོད་བྱུང་ན་བཤད་ཆོག་་མཁྱེན་སོང་་་ཁྱེད་ཀྱིས་ཁྱབ་ལོག་ཞིག་བསྒྲུབ་འདུག་་་་དེ་སྐོར་དེ་ཙམ་ཡིན།
དྲི་བ་གཞན་དག་ལ་ཁྱེད་ཀྱིས་ལན་ཐེངས་གཉིས་གནང་བྱུང་་་་ཐུགས་རྗེ་ཆེ། གནད་ལུགས་མི་འདུག
ད་ང་རང་ཚོས་བོད་མི་རིགས་བླ་སྲོག་སྐད་ཡིག་སྐོར་དུ་གླེང་་་་རྒྱ་བོད་གཉིས་ཀྱི་ཕྱོགས་ནས་བཅའ་ཁྲིམས་དང་རྩ་ཁྲིམས་ནང་དུ་གང་བཀོད་ཡོད་མེད་དང་ལག་ལེན་ག་འདྲ་བསྟར་ཡོད་མེད་ཞིབ་སྡུར་ཞིག་བྱེད་ན་་་་མ་རེད་པས།
ལམ་དབུ་མ་བ་ཚོས་ཡག་པོ་གསན་རོགས་བྱོས་ཨ།
1984ལོའི་ཟླ5ཚེས31ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང༌། 2001ལོའི་ཟླ་2ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་ཐོག་བཞག་པའི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་ལྟར་བཟོ་བཅོས་བརྒྱབ་ཡོད།
དོན་ཚང་དང་པོ། མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན།
དོན་ཚན་བཅུ་པ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།
དོན་ཚན་ཉེར་གཅིག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་ནང་གསལ་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ་དང༌།ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་ཁ་ཤས་ཀྱི་ཐོག་ནས་ལས་འགན་སྒྲུབ་སྐབས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྐད་ཡིག་གཙོ་བོར་བཟུང་ཆོག
དོན་ཚན་ཉེར་གསུམ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་དམིགས་བསལ་གྱི་བྱེད་ཐབས་ལ་བརྟེན་ནས་ཆེད་ལས་པ་སྣ་ཚོགས་རང་སྐྱོང་ས་གནས་ཀྱི་འཛུགས་སྐྲུན་ལས་དོན་ཁག་ཏུ་ཞུགས་ཐུབ་པར་ལྟ་རྟོག་དང་བསྔགས་བསྐུལ་བྱས་ཆོག
དོན་ཚན་སོ་དྲུག་པ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་གཞིར་བཟུང་བ་དང་བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་ས་གནས་དེ་གའི་སློབ་གསོའི་འཆར་གཞི་དང༌། རིམ་པ་དང་རིགས་མི་འདྲ་བའི་སློབ་གྲྭ་ཁག་གི་འཛུགས་ལུགས་དང་སློབ་ཡུན།སློབ་གྲྭ་གཉེར་སྟངས། སློབ་ཁྲིད་ཀྱི་ནང་དོན། སློབ་ཁྲིད་བྱེད་པའི་སྐད་རིགས། སློབ་གྲྭ་བ་སྡུད་ཐབས་བཅས་ཐག་གཅོད་རྒྱུ།
དོན་ཚན་སོ་བདུན་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་རང་ཐག་རང་གཅོད་ཀྱི་སྒོ་ནས་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་བཏང་སྟེ་ཡིག་རྨོངས་བསལ་རྒྱུ་དང༌། སློབ་གྲྭ་སྣ་ཚོགས་འཛུགས་རྒྱུ།ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུ། རྣམ་པ་སྣ་མང་ལ་བརྟེན་ནས་མཐོ་གྲས་འབྲིང་རིམ་དཀྱུས་མའི་སློབ་གསོ་དང་འབྲིང་རིམ་ལས་རིགས་ཀྱི་ལག་རྩལ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ། ཆ་རྐྱེན་དང་དགོས་མཁོ་དང་བསྟུན་ནས་མཐོ་རིམ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་བཅས་དང༌།གྲངས་ཉུང་མི་རིགས་ཁག་གི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ།་་་་ཞེས་སོགས་ཡིན་མདོག་ཁག་པོ་བཟོས་ཡོད་པ་རེད།
གྲོགས་སྙན་བཟང་ལགས། ད་གཞི་ནས་ཁྱེད་རང་ང་ལ་མ་དགའ་བའི་གནད་དོན་གཙོ་བོ་ཧ་གོ་སོང། ངས་ས་རཱ་མཐོ་སློབ་ལ་ཁས་བླངས་པ་ཕྱིར་བསྡུ་བྱས་མེད་ལགས། ད་དུང་དེ་བཞིན་ཡིན། ང་ལ་མཐུན་རྐྱེན་དེ་དག་ད་དུང་སྒྲུབ་ཐུབ་ཀྱིན་མི་འདུག་པས་ང་ཕྱིར་ལ་སོང་མེད་ལགས། དེ་གཅིག་ཡིན།
གཉིས་ནས།་ཉེ་ཆར་བཀའ་ཁྲིས་ཞིབ་འཇུག་ཁང་ཞིག་སགར་འཛུགས་གནང་འཆར་དེའི་ཐད་ལ་དགའ་བསུ་ཞུས་ཡོད་ལ་རང་ངོས་ནས་ཀྱང་གོ་སྐབས་གནང་ན་ཕྱག་རོགས་ཞུ་འདོད་ཡོད་པ་བཤད་ཡོད། དེ་ལ་མ་འོས་པ་ཅང་ཡོད་པ་ངས་ཤེས་ཀྱིན་མི་འདུག
གསུམ་ནས། ད་ལྟའི་ངའི་བྱ་བ་འདིར་ཁྱེད་ཀྱིས་མགོ་སེར་ཁ་ཤས་ལ་ཀ་ཁ་སློབ་ནས་ཞེས་མཐོང་ཆུང་འདྲ་བོ་བྱས་སོང་མོད། ཡིད་བཞིན་ནོར་བུས་འདི་རིགས་གལ་ཆེར་གཟིགས་ཀྱིན་འདུག ང་ཕོ་བྲང་ལ་བཀའ་འགུགས་གནང་དུས་ཀྱང་འདིའི་སྐོར་བཀའ་འདྲི་གནང་སོང། ང་ལ་མུ་མཐུད་འབད་བརྩོན་གནང་དགོས་ལུགས་བཀའ་གནང་སོང། དེང་སང་བོད་ཀྱིས་བོད་དོན་གླེང་བ་ལས་ཕྱི་གླིང་བའི་ནང་ནས་བོད་དོན་ཞིབ་འུག་པ་ཡག་ཤོས་རེ་ཐོན་ན་དེའི་ནུས་པ་དེ་ཕྱིར་ཁོ་རང་ཚོའི་སྤྱི་ཚོགས་ནང་ལ་འཁོར་ན་ང་ཚོ་ལས་ལྡབ་ཁ་ཤས་ཀྱིས་ལེགས་པ་ངས་ཚོར་གྱིན་འདུག འདིར་ཡང་ཞིབ་འཇུག་འགའ་རེ་ཐོན་ཐུབ་པའི་རེ་བ་ཡོད། དེ་དག་གསལ་བཤད་ཙམ་ཡིན། ངས་རང་ལ་རྩོམ་པ་པོ་དང་ལོ་ཙཱ་བའི་གདེང་འཇོག་བྱེད་ཀྱིན་ཡོད་ལ། དེ་དོན་ཁ་པར་ནང་ལ་ཡང་བཤད་པ་ལྟར་ཡིན། རྗེས་སུ་ཡི་རང་ཡོད། ང་ཚོས་ང་ཚོའི་བར་ལ་གཤིབ་སྡུར་བྱས་ནས་ཁྱད་པར་འདྲ་བོ་བཏོད་ན་ཡག་པོ་མ་རེད། ཚང་མ་འདྲ་མཉམ་དང་རང་དབང། འཆམ་མཐུན་ངང་ནས་ཡར་རྒྱས་ཕྱོགས་སུ་སྐྱོད་རྒྱུར་འབད་བརྩོན་བྱེད།
དབུ་མའི་ལམ་གྱི་དགེ་མཚན་སྐོར་མཁས་དབང་ཟམ་གདོང་རིན་པོ་ཆེས་གཙོས་ང་ཚོའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་སོགས་ཀྱིས་ད་སྔ་གང་མང་བྲིས་ཡོད་བཤད་ཡོད། ད་ངས་བསྐྱར་ཟློས་བྱེད་དགོས་པ་ཅང་མཐོང་མ་བྱུང། ཁྱེད་ཀྱིས་དེ་དག་གཟིགས་མེད་ཚེ་ངས་ལུང་འདྲེན་བྱེད་ཆོག་ཆོག་ཡོད། མདོར་བསྡུས་ནས་བཤད་ན་ད་བར་གྱི་ཡིད་བཞིན་ནོར་བུའི་མཛད་འཕྲིན་སྤྱི་དང་སྒོས་སུ་བོད་དོན་མཛད་འཕྲིན་གྱི་ཡར་ངོའི་ཟླ་བ་འདི་དབུ་མའི་ལམ་གྱི་དགེ་མཚན་གཙོ་བོ་རེད། རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་ཕྱོགས་སུ་འགྲོ་བཞིན་ཡོད་པས་འབྲས་བུ་ཕུན་སུམ་ཚོགས་པ་ཞིག་ཀྱང་སྨིན་པའི་གདེང་ཚོད་དང་རེ་བ་ཡོད།
ད་ངོ་མས་བགྲོ་གླེང་ཞིག་གི་ཚུགས་ཀ་སླེབས་འདུག ཡག་ཐག་ཆོད་རེད། ཡི་རང་ཞུ། ད་དུང་ཞན་ཆ་ཅུང་ཞིག་ཡོད་པ་ནི་མི་སྒེར་གྱི་དོན་དག་ཀྱང་ཞ་ཞོར་ལ་དྲུད་ཡོང་གི་འདུག དེ་ཡག་པོ་མི་འདུག འདི་ལ་མཁྱེན་ལྡན་རྣམ་པ་ཚོས་བསྒྱུར་བཅོས་ཤིག་གནང་རོགས། གཞན་ཁོམ་སྐབས་ནམ་ཡོད་ལ་ལྟ་བཞིན་ཡོད་ཞུ་རྒྱུ་ཡིན།
མ་གཞི་ནས་སྙན་བཟང་དང་ཅོ་རི་འདི་ཚོ་ཅན་པོར་མང་པོ་བཤད་ནས་ཅང་མི་འདུག
སྔོན་ཆད་སངས་རྒྱས་འཇིག་རྟེན་ལ་བྱོན་པའི་སྐབས་སུ་ཡང་བདུད་སྡིག་ཏོ་སོགས་དགེ་བའི་ལས་ལ་བར་ཆད་བྱེད་མཁན་བྱུང་ཡོད་པ་ལྟར།
༧གོང་ས་མཆོག་གི་འོད་ཀྱི་དགོངས་གཞིར་ཡང་སྙན་བཟང་དང་ཅོ་རི་ལྟ་བུ་བདུད་སྡིག་ཏོ་ཅན་རྣམས་ཀྱིས་དངོས་ཤུགས་རྒྱུད་གསུམ་ནས་བར་ཆད་བཏང་དང་གཏོང་བཞིན་པར་མི་མིགས་ཉམ་ཆུང་འདིའི ཐད་ནས་བློ་འགྱོད་ཡོད།
ཅོ་ཉི་ལགས།
སྐུ་ཉིད་ཀྱི་དྲི་བ་ཆོ་མེད་དེ་ཚོར་སྤྱི་ཟུར་ཆབ་བྲག་མཆོག་ནས་ལན་གསལ་བོ་གོ་བདེ་བོ་དེ་འདྲ་གནང་འདུག་པས་ངས་ཅང་མི་བཤད།
ལྷ་མོ་སྐྱབས་ལགས།
བོད་དང་ཧོང་ཀོང་གཉིས་མ་བསྡུར། ཧོང་ཀོང་དང་རྒྱ་ནག་གཉིས་ཁ་དང་ཁ་སྤུ་རེད། འདི་གཉིས་འབྲུག་ལ་བཅིབས་འདོད་མཁན་རེད། བོད་མི་ཚོ་ནི་གཡག་ལ་ཞོན་མཁན་དང་འབྲུ་མོ་བཞོ་མཁན་ཡིན། རྒྱ་གཞུང་གིས་ཧོང་ཀོང་ལ་རང་སྐྱོང་སྤྲད་པ་དེས་རྒྱ་ནག་ལ་གནོད་པ་ཅི་ཡང་མེད། ཧོང་ཀོང་གི་མི་ཚོའི་ཁྲོད་དུ་གྱེན་ལངས་བྱ་རྩིས་དང་རང་བཙན་འདོད་མཁན་དཀོན་པོ་རེད། མ་གཞི་ནས་ཧོང་ཀོང་འདི་སྒེར་བཙན་གྱི་རྒྱལ་ཁབ་ཅིག་མ་རེད། རྒྱ་གཞུང་གིས་མ་མཐའ་ཡང་ཧོང་ཀོང་འདི་༢༠༤༥ལོའི་བར་དུ་རང་སྤྲོད་སྤྲད་ཡོད། རྗེས་སུ་སུས་ཤེས།
བོད་ནི་དེ་འདྲ་མིན། སྒེར་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དེ་རྒྱ་ནག་གིས་ཁྱུར་མིད་བཏང་ཡོད། བོད་མི་དམངས་ཀྱིས་རང་བཙན་འདོད་ཀྱི་ཡོད། རྒྱ་ནག་སྐྲག་གི་ཡོད། གནད་འགག་འདི་ལ་ཐུག་བསྡད་ཡོད། ཁྱོད་ཀྱིས་རྒྱ་ནག་གི་རྩ་ཁྲིམས་མ་ཁྲིམས་མ་བཤད། རྒྱ་གཞུང་གིས་བོད་ལ་རང་སྐྱོང་གི་གནས་བབ་སྤྲད་ཡོད་ཅེས་ཧམ་པ་ཤོད་ཀྱི་ཡོད།
དེ་ལས་ལམ་དབུ་མའི་གྲུབ་འབྲས་ཤོད། ཡུ་གུར་དང་སོག་རིགས་གཉིས་དང་མཉམ་དུ་ལས་འགུལ་སྤེལ་སྟངས་ཤོད། དེ་ལ་གདེང་ཚོད་ཡོད་སྟངས་ཤོད།
དོ་དགོང་། མུ་མཐུད་དུ་ཁྱོད་ཀྱི་མཆན་གོང་མ་ཚོར་བསམ་ཚུལ་འབུལ་ངེས།
བཀུར་འོས་ཤར་ཕྱོགས་ཁུག་རྟ་ལགས།
མང་པོ་བཤད་རྒྱུ་མེད། ༸རྒྱལ་བ་རིན་པོ་ཆེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་དོན་སོགས་དྲ་ཐག་འདི་ན་འདུག
http://www.nobelprize.org/nobel_prizes/peace/laureates/1989/presentation-speech.html#
མགྱོགས་པོར་མཇལ་ཡོང་།
ཨ་ཕྱི་ལགས་དེ་འདྲ་མ་རེད་ཤག་་་་་་༧གོང་ས་མཆོག་གིས་རྡོ་ལ་མཛུབ་མོ་འཛུགས་ནས་གསེར་རེད་ཞེས་དང་ལྷ་ལ་མཛུབ་མོ་འཛུགས་ནས་འདྲེ་ཞེས་གསུང་གི་རེད་ཞུས་མེད། མཛུབ་མོ་ག་གཏད་ཤར་རེད་ཞེས་པའི་དོན་དག་རེད། ད་མ་གོ་ན་རྨོངས་པ་རྨོངས་རྒན་ངོ་མ་དེ་ཁྱོད་ཡིན་པར་འདྲ།
ཁྱོད་ཀྱིས་་་༢། འོས་བསྡུའི་སྐབས་ཀྱི་ཧུང་སོར་གཞིས་ཆགས་ཀྱི་མི་དམངས་ཀྱི་ཐག་གཅོད་ལ་ང་རང་ནས་སྐྱོན་ཅང་མཐོང་མ་སོང་། མི་ཞིག་ཡིན་པའི་ཆ་ནས་དང་རང་གི་རྒྱལ་ཁབ་ཛ་དྲག་གི་གནས་སྐབས་སུ་ཡོད་པའི་དུས་སུ་རང་གིས་ཅང་མི་ཤེས་ན་ད་ནི་སྐྱེས་བུ་རླབས་ཆེན་དེ་ཚོའི་ལམ་དང་རྗེས་སུ་དེད་ན་ཡག་ཞིང་འཚམས་ཤོས་མཐོང་བ་ལས།ཞེས་པའི་ཚིག་འདི་ལ་བལྟ་དུས་སུ་བསམ་བློའི་་ཁ་ཕྱོགས་འདི་འདྲ་ཡོད་པའི་བོད་མི་སྤྱི་ལ་གནད་ལུགས་ཤིག་བཤད་འདོད་ཤུགས་ཀྱིས་སྐྱེས་བྱུང་།
ཁྱོད་དང་ཁྱོད་ལྟ་བུ་མི་ཉུང་བ་ཞིག་གིས་རླབས་ཆེན་གྱི་སྐྱེས་བུ་༧གོང་ས་མཆོག་གིས་གང་གསུངས་དེར་ལག་ལེན་བསྟར་ན་ཡག་གི་རེད་བསམ་གྱི་ཡོད་རེད། ཡིན་ནའང་༧གོང་ས་མཆོག་གིས་གང་གསུངས་པ་དེར་སྒྲུབ་པ་ལ་རང་ཉིད་ལ་༧གོང་ས་མཆོག་ལྟ་བུའི་བློ་རྒྱ་དགོས་པ་རེད། དེ་མིན་ན་ལག་ལེན་ཐོག་ཏུ་ཁུངས་ཁྱོག་གི་མེད་པ་རེད།
དཔེར་ཞིག་བཀོད་ནས་གཅིག་བཤད་ན་་་ཡུང་གླིང་ཟླ་བ་ཚེ་རིང་ལམ་དབུ་མའི་ལས་འགུལ་ཁང་གི་ཅིག་ཅིག་མོག་མོག་དང་མཐའ་གཅིག་ཏུ་དབུ་མའི་ལམ་དུ་ཤར་སྐྱོད་བྱེད་ཀྱི་ཡིན་ཟེར་མཁན་ཞིག་ཡིན་པར་འདྲ། དེ་འདྲ་ཡིན་དུས་༧གོང་ས་མཆོག་གི་ཐུགས་ཀྱི་དཀྱིལ་འཁོར་ནང་དུ་ཡོད་པའི་གཞན་གཅེས་ཀྱི་འདུ་ཤེས་དང་རྒྱ་སྐྱིད་བོད་བདེ་ཡི་ལམ་ཕྱོགས་ལག་བསྟར་ཐུབ་ཀྱི་ཕར་ཞོག་་་སྤྱི་འཐུས་ནང་ཁུལ་དུ་་དཔང་པ་གནམ་ལ་ཕྱར་ནས་ངར་ཤུགས་ཆེན་པོས་གསུངས་དོན། ལོ་བརྒྱད་རེད་དགུ་རེད་ཅིག་ལ་བསྙས་བཅོས་བྱས་སོང་བས་ཤི་ཤི་བར་དུ་མགོ་སྒུག་ཐུབ་ཐབས་མི་འདུག་གསུངས་པ་རེད།
མི་འདི་དང་ཁྱོད་ལྟ་བུ་རྣམས་་་ལོ་ལྔ་ཅུ་དྲུག་ཅུ་བསྙས་བཅོས་བྱས་བསྡད་མཁན་གྱི་གུང་ཁྲན་ཏང་གི་འོག་ཏུ་ཇི་ལྟར་སྡོད་ཐུབ་བམ་་་ཞེས་དྲི་བ་ཞིག་རང་བཞིན་གྱི་སླེབས་ཡོང་གི་རེད།
༧གོང་ས་མཆོག་གིས་ཐེག་ཆེན་གྱི་སེམས་ཀྱི་སྐོར་དུ་བསླབ་བྱ་གནང་གི་རེད། ཡག་པོ་རེད། ཡིན་ནའང་དངོས་ཡོད་བོད་མིའི་སྤྱི་ཚོགས་ནང་དུ་ལག་ལེན་ཡོང་གི་མེད་པ་རེད། ཕན་སེམས་ཆེན་མདོག་བྱས་ཀྱང་ལོ་གཅིག་གཉིས་ཀྱི་རྗེས་སུ་རང་མདོག་སྟོན་ཡོང་གི་རེད། རྗེ་བཙུན་མི་ལ་རས་པ་ལྟ་བུར་ས་ཡ་ནང་དུ་གཅིག་ཀྱང་དཀོན་པོ་ཡིན་པ་རེད།
རང་གི་འགྲོ་ལམ་དེ་རང་ཉིད་ཀྱི་བློ་རྒྱ་ལས་དཔག་པའི་ལམ་ཞིག་དགོས་པ་རེད། བོད་མི་རིགས་ཀྱི་མདུན་ལམ་དེ་བོད་མི་རིགས་ཀྱི་སེམས་ཁམས་དང་མཐུན་པའི་ལམ་ཞིག་དགོས་པ་རེད། དེ་མིན་ན་འགྲོ་ཐུབ་ཀྱི་མེད་པར་འདྲ། ད་ལྟའི་བར་དུ་ལྟོས་དང་།
རྙིང་ཞེན་གྱི་དྲི་མ་ཅན་གྱི་བསམ་བློ་བ་ཚོ་ལ་ཆེད་དུ་ཞུ་བ་ཡིན།
ཨབ་ཕྱི་ལགས།
ངའི་རྩོམ་ལ་གནས་ལུགས་མེད་པ་བདེན་སྲིད། ཡིན་ནའང་རྩོམ་འདི་ངའི་བསམ་ཚུལ་ཞིག་རེད། ཁྱོད་ལ་གཤག་བཅོས་ཀྱི་སྤོབས་པ་ཡོད་ན་ཐེར་འདོན་དོང་སྤྲུག་བྱེད་ཀྱི་ཡིན་ཟེར་ནའང་དགའ་བསུ་ཡོད། ངས་ཀྱང་རང་གི་ཤེས་ཚོད་ཀྱིས་མུ་མཐུད་དུ་བསམ་ཚུལ་འདོན་རྒྱུ་ཡིན།
ཁྱོད་ཀྱིས་སྙན་བཟང་གིས་རང་ཉིད་གྲགས་འདོད་ཙམ་གྱི་ཆེད་དུ་སྐད་ཆ་རྫིག་པོ་ཤོད་ཀྱི་འདུག་ཟེར་གྱི་ཡོད་པ་རེད། ངས་སྐད་ཆ་རྫིག་པོ་ཤོད་ཀྱི་མེད། ཡིན་ནའང་རྩོམ་ངོས་ནས་རང་གཤིས་མངོན་རྒྱུ་འདི་ཡང་ཆོག་པ་ལྟ་བུ་ཞིག་རེད། རྩོམ་གཞུང་དུའང་རྩོམ་གྱི་གཤིས་ཉམས་དང་། རྩོམ་པ་པོའི་གཤིས་ཉམས་ཞེས་དབྱེ་བ་འབྱེད་རྒྱུ་ཞིག་ཡོད་པ་འདྲ། ཕྱོགས་གཞན་ནས་བཤད་ན། སྙན་གྲགས་ཟེར་བ་འདི་སུའང་དགོས་འདོད་ཡོད་པའི་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་རེད། ང་ལ་མཚོན་ན་རྒྱལ་ཁབ་མེད། རང་བཙན་མེད་སྟབས། ཕྱིའི་རྒྱལ་ཁབ་ཅིག་ཏུ་ཡོང་ནས་ཁ་སྒོར་སྒོར་དང་། གྲོད་པ་རིལ་རིལ་འདིའི་ཆེད་དུ་ཟ་ཁང་ཞིག་ཏུ་ཕོར་བ་བཀྲུ་བཞིན་མི་ཡུལ་གྱི་འཚོ་བ་ངན་ངོན་དང་། ལོ་ཟླ་བན་བུན་ཞིག་རུམ་ནས་མི་ཚེ་ཟད་ཀྱིན་ཡོད། ད་ནི་སྙན་གྲགས་ཀྱི་ཞགས་པ་ལ་འཇུས་ནས་མཐོ་རིས་ཐེམ་སྐས་འཛེགས་འདོད་ཀྱི་བློ་བདག་ལ་མེད་ཅེས་བརྗོད་འདོད།
ལྷ་མོ་སྐྱབས་ནི་ངའི་སྤྱི་འཐུས་ཟུར་པ་ཞིག་དང་། ས་རཱ་མཐོ་སློབ་ཀྱི་དགེ་རྒན་ཟུར་པ་ཞིག བོད་ཀྱི་རྩོམ་པ་པོ་ཞིག་ཀྱང་ཡིན་སྟབས། བརྩི་བཀུར་ཡོད། རིན་ཐང་ཞིག་ཡོད། ཉེ་ཆར་ངས་སྤྱི་ཚོགས་མེ་ལོང་གི་སྟེང་དུ་སྐུ་ཞབས་ཚེ་རིང་དོན་གྲུབ་ཀྱིས་ལྷ་མོ་སྐྱབས་ལ་བཅའ་འདྲི་བྱས་པ་ཞིག་མཐོང་། སྐབས་དེར་ལྷ་མོ་སྐྱབས་ཀྱིས་ག་རེ་བཤད་འདུག་ཟེར་ན། ‘‘༸གོང་ས་༸སྐྱབས་མགོན་ཆེན་པོས་ལམ་སྟོན་ལས་སྐུལ་འདྲ་གནང་ཚེ་དེ་དེ་བཞིན་ཞུ་རྒྱུ་’’ཞེས་དང་། ‘‘ས་རཱ་མཐོ་སློབ་ཁང་གིས་ཆེས་མཐོའི་རིག་གནས་རམ་འབྱམས་པ་ཞིག་གསར་འཛུགས་བྱ་རྩིས་ཡོད་པས་ང་ཕྱིར་ཡོང་རོགས་ཞུས་ཡོད། ངས་ཁོང་ཚོར་གལ་ཏེ་ང་ལ་སློབ་ཁྲིད་ཆོག་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཞིག་ཐབས་ཤེས་ཐུབ་པ་དང་ངའི་རྩོམ་འབྲིའི་བྱ་བར་མཐུན་རྐྱེན་སྦྱར་ཐུབ་ན་ང་ཕྱིར་ཡོང་ཆོག་ཅེས་ཁས་ལེན་ཞུས་ཡོད་’’ཅེས་བཤད་འདུག བདུན་ཕྲག་གཉིས་ཙམ་གྱི་གོང་དུ། གནམ་ཡིག་བརྒྱུད་ཁོང་གིས་ང་ལ་བཤད་དོན། ‘‘ངས་བློ་བཟང་སེང་གེར་གཞུང་གིས་ང་ལ་ལས་ཀ་སྤྲད་པ་ཡིན་ན་རྒྱ་གར་དུ་ཡོང་གི་ཡིན་’’ཞེས་དང་། ད་དུང་། རྩོམ་འདིའི་འོག་ཏུ་གསལ་བའི་མཆན་ཞིག་གི་ནང་དུ་ཁོང་གིས་‘‘གཞུང་རང་དང་སྐུ་སྒེར་གྱི་ཡིག་ཚང་ལྟ་བུར་མཁོ་ནས་སྐད་བཏང་ན་ང་འགྲོ་ངེས་ཡིན་’’ཞེས་བྲིས་འདུག ཁ་བསངས་ནས་བཤད་ན། གོང་གི་སྐད་ཆ་འདི་དག་ལ་ང་དགའ་མ་སོང་། ངས་སྐད་ཆ་འདི་དག་ལྷག་བསམ་རྣམ་དག་ཡིན་པ་ཞིག་ཏུ་ཚོར་མ་བྱུང་། ང་ནི་ཚངས་པའོ། ཚངས་པ་ནི་ཆེན་པོའོ་ཞེས་པ་ལྟ་བུར་མངོན། ༸རྒྱལ་བ་རིན་པོ་ཆེས་ལམ་སྟོན་གནང་ཐུབ་ན་ཞེས་པའི་ཚིག་འདི་དང་། བློ་བཟང་སེང་གེར་ལས་ཀ་སྤྲོད་ཞེས་རེ་བ་བརྒྱབ་པ་དེ་ཚོ་ཡག་པོ་མི་འདུག་ཟེར་གྱི་ཡོད། སོ་སོར་ལྷག་བསམ་རྣམ་དག་ཡོད་ན་རེ་བ་འདི་ལྟར་རྒྱག་དགོས་དོན་མི་འདུག་སྙམ། འདི་ལ་རྐྱེན་བྱས་ཏེ་ངའི་སེམས་ཀྱི་བརྩེ་མཐོང་གི་བློ་དེ་འཇགས་པར་གྱུར། གཞན། ལྷ་མོ་སྐྱབས་དང་ངེད་གཉིས་ཀྱི་བར་ན་འགལ་བ་ཅི་ཡང་མེད། ལྷག་པར་དུ་ཁོང་གིས་ལམ་དབུ་མ་གླེང་གི་ཡོད། ངས་རང་བཙན་དགོས་ཞེས་འུར་རྒྱག་གི་ཡོད་པ་ལ་བསྙད་དེ་ཁོང་ལ་མ་དགའ་བ་དེ་འདྲ་རྩ་ནས་མིན་ཞུ་གི་ཡོད།
ངས་‘༸རྒྱལ་བ་རིན་པོ་ཆེས་‘‘ངས་བདམས་པའི་ལམ་དབུ་མའི་སྲིད་ཇུས་ལ་འགྱུར་བ་མེད་’’ཅེས་གསུངས་བཞིན་དུ་མང་མོས་འོས་བསྡུའི་སྐོར་ལ་བཀའ་སློབ་བསྩལ་ཡོད་’ཅེས་བྲིས་ཡོད། ཁྱོད་ཀྱིས་ཚིག་དུམ་འདིའི་དོན་དག་འདི་གཉིས་ལ་འཇུས་ནས་རྩོད་པ་ཞིག་བྱེད་འདོད་ན། ཐོག་མར་༸རྒྱལ་བ་རིན་པོ་ཆེས་གསུང་བཤད་འདི་ལྟ་བུ་གནང་ཡོད་མེད་ལ་ལྟོས། ངས་ལུང་འདྲེན་ཆོག་ཆོག་ཡིན། གཞན་ང་ལ་ཚིག་དུམ་འདིའི་མདུད་པ་གྲོལ་རྒྱུ་མེད། པོ་ཏོ་བས་འདི་འདྲ་ཞིག་གསུངས་པ་འདྲ། ‘‘ངས་ཁྱེད་ཚོར་ད་ལྟ་རི་རྩེ་ག་གི་ན་གསེར་གྱི་ཁྲོམ་པ་ཞིག་རྡོལ་ཡོད། ཁྱེད་རྣམས་ལེན་དུ་སོང་ཞེས་བཤད་ཀྱང་། ཁྱེད་ཚོས་ངའི་བཤད་པ་དེ་ཀུ་རེའམ་ངག་འཁྱལ་དུ་གོ་ནས་འགྲོ་རྒྱུ་མ་རེད། གལ་ཏེ་ང་རང་གསེར་དེ་ལེན་དུ་ཕྱིན་ན། ཁྱེད་ཚོ་ཡང་ངའི་རྗེས་སུ་འབྲངས་ནས་གསེར་ལེན་དུ་ཡོང་ངེས་རེད་’’ དཔེར་ན། ང་ཚོ་འདི་ལྟ་བུ་རེད་ཅེས་ཤོད་ཀྱི་ཡོད།
ཨ་ཕྱི་ལགས་་་ཁྱོད་སྐད་ཆ་ཉན་ཤེས་མཁན་ཞིག་མིན་པར་འདྲ། དེ་འདྲ་ཡིན་ན་སྐད་ཆ་འདྲ་ཅང་མེད།
ལོ་ཙཱ་བ་སྙན་བཟང་ལགས། ངས་ཕྱིའི་སྐད་ཡིག་མི་ཆོད་པ་ཤེས་བཞིན་དུ་དེ་དག་ལུངས་དྲངས་ནས་ཀྱང་མི་ཕན། མ་གཞི་ནས་དེ་དག་གི་སྐོར་དེ་སྔོན་ནས་བོད་ཡིག་ནང་ལ་ཆ་ཚང་ཞིག་བསྒྱུར་ཟིན་ཡོད་པས་ནང་དོན་ཧ་གོ་ཡོད་ལགས།
ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གསར་གྱི་གཟེངས་རྟགས་གཉིས་འབུལ་དགོས་དོན་ཐད་ལ་དོན་ཚན་འགའ་ཞིག་བགྲངས་ཡོད་པ་ལས་བོད་རྒྱ་ཞི་མོལ་གྱི་དགོངས་དོན་གཅིག་པུར་དམིགས་ནས་གཟེངས་རྟགས་ཕུལ་ཚུལ་ཞིག་བྲིས་མེད་པས། ཁྱེད་ཀྱིས་ཡིད་བཞིན་ནོར་བུའི་རླབས་ཆེན་གྱི་མཛད་པ་རྒྱ་ཆེ་བ་དེ་ཆུང་དུ་བཟོ་དོན་ཅི། ཀླུ་མཁར་བྱམས་ལགས་ཀྱིས་གཟེངས་རྟགས་དེ་དག་ནི་ཆོ་མེད་ཡིན་ཚུལ་དང་བོད་ལ་མི་ཕན་ཚུལ་བཤད་པ་དག་གི་རྗེས་སུ་འགྲོ་ཉེན་འདུག་ག
ཅོ་རི་ལགས། དགེ་ཆོས་ཀྱི་གསུང་དེའི་གོ་དོན་ནི། མི་ཕལ་མོ་ཆེ་ཁ་མང་གི་འདོད་པ་དེའི་གཞན་དབང་དུ་ཕྱིན་འགྲོ་བའི་ཆོས་ཉིད་ཙམ་བསྟན་པ་ལས་དེ་ཡང་དག་ཡིན་ལུགས་གསུངས་མེད། དཔེར་ན་རྡོར་གཅོད་ཞུ་དག་བཞིན།
དགེ་ཆོས་ཀྱིས། རང་ཉིད་བླུན་པོའི་ལམ་དུ་མི་འགྲོ་བ། འདི་ནི་མཁས་པའི་དམ་ཚིག་དང་པོ་ཡིན། ཞེས་གསུངས་པ་དེས་ཁོང་ཉིད་ཁ་མང་བླུན་པོའི་རྗེས་སུ་ནམ་ཡང་མི་འགྲོ་བའི་དམ་བཅའ་བཞག་པ་ཞིག་ཀྱང་ཡིན་པ་ཤེས་པར་གྱིས།
ཅོ་རི་ཉམ་ཆུང་ལགས། དྲི་བ་དེར་བསམ་ཚུལ་བརྗོད་ན་འདོད།
༡༽ རྩ ཁྲིམས་དེ་ཉིད་ལོ་མང་སྡོད་མི་ཐུབ་པའི་ཚོད་དཔག་ཐུབ་ན་ལྷག་པར་དུ་ཡང་སེམས་ཁྲལ་བྱེད་དགོས་མེད། རྩ་ཁྲིམས་ལ་སྒྱུར་བཅོས་དང་འབྲེལ་ང་ཚོའི་ཕུགས་འདུན་ལ་ཡང་དེ་མཚུངས་ཀྱི་འཆར་འགོད་བྱས་ཆོག
༢༽ ཞང་ཀང་ཡང་རྒྱ་ནག་གི་རྩ་ཁྲིམས་འོག་ལ་བསྡད་ཡོད། དེ་བཞིན་ང་ཚོར་ལ་ཡང་དམིགས་བསལ་གྱི་ཁེ་དབང་སྤྱོད་ཆོག་པའི་ཐོབ་ཐང་དེ་རྩ་ཁྲིམས་འོག་ནས་བཟོ་རྒྱུ་ཞིག་རེད།
༣༽ ང་ཚོས་བཙན་ཁྲིད་བྱེད་ཀྱིན་པ་མ་རེད། བཙན་ཁྲིད་རྒྱ་གཞུང་གིས་སྔར་ནས་བྱས་ཟིན་པ་རེད། ང་ཚོས་དེའི་འོག་ནས་གུ་ཡངས་ཆེ་ཙམ་འཐོབ་པར་བརྩོན་གྱིན་པ་རེད། ང་ཚོ་བཙན་བྱོལ་བོད་མི་ཚོ་རྒྱ་ནག་གི་འོག་ལ་ལོག་གི་མིན་ཟེར་ས་ཡོད་རེད། མ་སོང་ན་ཡང་ཆོག་གི་རེད། འོན་ཀྱང་གཞིས་ལུས་མི་དམངས་ལ་དེའི་རང་དབང་མེད་པ་རེད། ཁོང་ཚོ་གལ་ཆེ་ཤོས་རེད།
ད་གསལ་བོ་ཆགས་ཡོད་པའི་རེ་བ་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་པོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་ཀྱི་ཡིན་གསུངས་བསྡད་མཁན་ཚོས་ལན་ཞིག་ཡོད་པ་མཁྱེན་མཁྱེན།
དྲི་བ།
༡་་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འདི་ལོ་མང་སྡོད་མི་ཐུབ་པ་ཡང་མིག་ལྡན་ཚང་མས་ཤེས་ཤེས་པ་རེད། དམར་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཕུང་རྒྱང་རིང་པོའི་བོད་མི་རིགས་ཀྱི་མདུན་ལམ་ཞིག་ག་འདྲ་ཡོད་དམ།
༢་་་དམངས་གཙོ་བློས་གཏོང་མ་ཐུབ་པར་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཇི་ལྟར་སྡོད་ཀྱི་ཡིན་ནམ།
༣་་་བོད་རྒྱ་ཆེན་མི་དམངས་ཀྱིས་འདོད་པ་མེད་བཞིན་དུ་རྒྱ་ཁྲིམས་འོག་ཏུ་བཙན་འཁྲིད་བྱེད་ཐུབ་བམ། བཙན་ཁྲིད་དང་དབང་ཡོད་གཏོང་ན་མཇུག་འབྲས་གང་ཡོང་ངམ།
ལན་གཅིག་གསུང་རོགས།།། ཉམ་ཆུང་ཅོ་རིས་ཉན་ནས་བསྡད་ཡོད།
ཅོ་ཉི་མ་ལགས།
༡། ཁྱོད་ཀྱིས་མངོན་སུམ་ལ་བསྙོན་མ་འཛུགས་རོགས། ༧གོང་ས་མཆོག་གིས་ནམ་ཡང་རྡོ་ལ་མཛུབ་མོ་བཙུགས་ནས་གསེར་རེད་གསུང་གི་མ་རེད་ལ། གལ་སྲིད་གསུང་བའི་དབང་དུ་བྱས་ཀྱང་དེ་ལ་ཡིད་ཆེས་མཁན་དེ་ནི་དངོས་གནས་མི་ཡ་མཚན་དེ་འདྲ་ཡིན་རྒྱུ་རེད། དཔེར་ན། སྙན་བཟང་དང་ལྷ་བཟང་དང་ཁྱོད་ཅོ་ཉི་ལྟ་བུ་ཚོ་ཡིན་ཤག
༢། འོས་བསྡུའི་སྐབས་ཀྱི་ཧུང་སོར་གཞིས་ཆགས་ཀྱི་མི་དམངས་ཀྱི་ཐག་གཅོད་ལ་ང་རང་ནས་སྐྱོན་ཅང་མཐོང་མ་སོང་། མི་ཞིག་ཡིན་པའི་ཆ་ནས་དང་རང་གི་རྒྱལ་ཁབ་ཛ་དྲག་གི་གནས་སྐབས་སུ་ཡོད་པའི་དུས་སུ་རང་གིས་ཅང་མི་ཤེས་ན་ད་ནི་སྐྱེས་བུ་རླབས་ཆེན་དེ་ཚོའི་ལམ་དང་རྗེས་སུ་དེད་ན་ཡག་ཞིང་འཚམས་ཤོས་མཐོང་བ་ལས། སྙན་བཟང་དང་ལྷ་བཟང་ཁྱོད་ཅོ་ཉི་ལྟར་རང་ལ་བློ་གདེང་དང་འཆར་གཞི་སོགས་ཅི་ཡང་མེད་བཞིན་དུ་མགོ་བོ་ནག་ཁུང་ལ་བཏང་བསྡད་ན་དེ་ནི་དངོས་གནས་མི་རིགས་ཀྱི་སྐྱོ་གནས་རེད།
༣། ཁྱོད་ཀྱིས་ཧོ་ལན་གྱི་བུ་མོ་ཞིག་གི་སྐད་ཆ་འདིར་བྲིས་འདུག ཕྱི་གླིང་གི་མགོ་སེར་འདི་ཚོའི་ཁ་ལ་ཉན་ན། བོད་ལ་རེ་བ་དཀའ་ནི་རེད། འདི་ལ་དགེ་ཆོས་ལགས་ནས་བསྡོམས་ཚིག་སྔོན་ཆད་ནས་བཞག་ཡོད་པ་རེད། དེ་ལས་ལྷག་ཅིག་ངེད་ལ་ཡང་ཅང་གསུང་རྒྱུ་མེད་དོ།།
༤། རྒྱུད་ལམ་ཁག་ཏུ་རིན་པོ་ཆེའི་སྐོར་ལ་ཅིག་བཤད་འདུག་མཁན་དེ་ཚོ་ནམ་དུས་རྒྱུན་ལྡན་ནས་དངོས་གནས་ཐབས་སྐྱོ་བོ་འདྲ་ཞིག་ཏུ་མཐོང་བསྡད་ཡོད། མི་དེ་ཚོས་དོན་མེད་ལ་གཞན་ལ་བསྙད་བརྐོ་བ་ལས་རང་གི་ལག་པར་བཞག་ན་ཐ་ན་བོད་ནང་གི་བོད་མི་ཡོངས་ཀྱི་དཀའ་སྡུག་ཧྲིལ་གྱིས་མཚོན་པའི་སྙན་ཞུ་དགའ་ཞིག་ཀྱང་འཁྱོང་ཚོད་དཀའ་མོ་རེད་དོ།། དེ་ཚོ་ལ་ཉན་ན། དེ་ཚོ་བདེན་པར་འཛིན་འདོད་ན། དེ་ནི་ཁྱོད་ཅོ་ཉི་ཁྱོད་ཀྱི་རྨོངས་བ་རེད་དོ།།
དཀྱིལ་འཁོར་ཞེས་བཅོས་རོགས་ཞུ་་་་་དགོངས་དག
ཨབ་ཕྱི་ལགས།
ངས་གཅིག་བཤད། ༦གོང་ས་མཆོག་གིས་ལྷ་ཞིག་ལ་མཛུབ་མོ་འཛུགས་ནས་འདྲེ་རེད་གསུངས་ན་རྨོངས་དད་འོག་གི་བོད་མི་ཚང་མས་འདྲེ་ཡ་ལབ་ཀྱི་རེད། རྡོ་ཞིག་ལ་མཛུབ་མོ་འཛུགས་ནས་གསེར་རེད་གསུངས་ན་་་གསེར་རེད་ཡ་ལབ་ཀྱི་རེད།
༢༠༠༢ལོར་ཡུང་རོལ་གཞོན་ནུ་གོ་བསྒྲིགས་འོག་ཆབ་སྲིད་བགྲོ་གླེང་ཞིག་ཚོགས་སོང་། སྐབས་དེ་དུས་རང་བཙན་དང་དབུ་མ། རང་ཐག་རང་གཅོད་དང་བདེན་པའི་ཨུ་ཚུགས་སོགས་བཙན་བྱོལ་ནང་དུ་འོས་བསྡུ་བྱས་ཕྱོགས་སྐོར་མང་པོ་གླེང་སོང་།
ལམ་ཕྱོགས་དེ་དག་གདམ་ཁ་བྱས་པའི་འོས་བསྡུའི་སྐབས་སུ་རྡ་ལ་ཧུང་སི་གཞི་ཆགས་ཀྱི་བོད་མི་ཚོས་ང་ཚོས་ཤེས་ཀྱི་མེད་པས་༧གོང་ས་མཆོག་གིས་གང་གནང་བ་དེ་ལ་ངོས་ལེན་ཡོད་ཞེས་སྙན་ཞུ་ཕུལ་བ་རེད་ཞེས་ལབ་སོང་།
དེ་དུས་ཧོ་ལན་་ནས་ཡིན་པའི་ཕྱི་རྒྱལ་བ་བུད་མེད་ཞིག་གིས་བཙན་བྱོལ་བོད་མིའི་ཤེས་ཚོད་ཀྱི་མ་འདང་བའི་དམངས་གཙོ་ལག་ལེན་བསྟར་ཐུབ་ཀྱི་མེད་པ་མཚོན་གྱི་འདུག་ཞེས་བཤད་སོང་།
དམངས་ཀྱི་སེམས་ཁུངས་ཀྱི་འདོད་པ་དངོས་གནས་ཤེས་འདོད་ཡོད་ན་དང་པོར་ནས་བསྒྱུད་བསྐུལ་བྱེད་མི་ཉན། ༧གོང་ས་མཆོག་གིས་གཟི་བརྗིད་ཀྱི་ནུས་པས་བོད་མི་མང་པོ་ཁ་ཕྱོགས་ག་པ་སྒྱུར་སྒྱུར་རེད་འདོད།
ཟམ་གདོང་བླ་མས་རྒྱལ་ཡོངས་དམངས་ཚོགས་འཚོགས་ཆེན་སྐབས་སུ་དངོས་ཤུགས་གཉིས་ནས་དབུ་མ་ལམ་ལ་རྒྱབ་སྐྱོར་ཐོབ་ཐབས་བྱས་པ་རེད་ཞེས་རྒྱུད་ལམ་ཁག་ནས་གྲགས་ཡོང་གི་འདུག
གནད་ལུགས་འདི་དག་གིས་དམངས་ཀྱི་འདོད་པ་ཆ་ཚང་བ་ཞིག་བཙན་བྱོལ་དམངས་གཙོའི་སྤྱི་འཁོར་ནང་དུ་སླེབས་ཐུབ་ཀྱི་མེད་པ་རེད། དབུ་མའི་ལམ་གྱི་མཐར་མའི་དམིགས་ཡུལ་ངོ་མ་དམངས་མོས་ཡོད་པ་དེར་ལག་བསྟར་བྱེད་དགོས་པ་རེད་འདོད།
ཁྱེད་ཀྱིས་འདོད་པ་བྱས་ན་དམངས་ཀྱི་བསམ་ཚུལ་བསྡུ་ལེན་གང་འདྲ་བྱས་ན་ཆ་ཚང་བ་ཞིག་ཡོང་ཐུབ་བམ། དམངས་ཀྱི་བསམ་ཚུལ་ནི་རྒྱལ་ཁབ་ཀྱི་ལམ་ཕྱོགས་རེད། གལ་ཆེན་པོ་རེད།
དགེ་ཆོས་གིས།
མི་དམངས་གང་ལ་དགའ་དེར་བདེན་པ་དང་།
ཁ་མང་གང་ལ་མཐུན་དེར་གྲུབ་མཐའ་སྣང་།ཞེས་གསུངས་ལུགས་སུ་བལྟས་ན་འཇིག་རྟེན་འདིའི་ཁ་ལོ་སྒྱུར་མཁན་ངོ་མ་དམངས་ཀྱི་འདོད་པ་འདི་ཡིན་པར་འདྲ་འདུག་པས་དམངས་ཀྱི་བསམ་ཚུལ་གལ་ཆེན་པོ་ཡིན་པར་འདོད་དོ།
http://www.shambalapost.com/blog/viewpost/8273
དྲ་གྲོགས་ཚོ། སྙན་བཟང་གིས་རང་ཉིད་གྲགས་འདོད་ཙམ་གྱི་དོད་དུ་སྐད་ཆ་རྫིག་མདོག་ཅན་ཞིག་བྲིས་བཞག་པ་ལས་དོན་གྱི་གནས་ལུགས་ཡོད་མེད་ནི་རྩོམ་ཡིག་རང་སྟེང་ན་གསལ་བོ་རེད། འདི་གཅིག་དང་།
གཉིས་ནས། སྙན་བཟང་གི་ངན་གཤིས་ནི་རང་གི་སྐྱོན་ལ་ངོས་ལེན་མི་བྱེད་པར་དོན་མེད་དུ་ས་བཤད་རྡོ་བཤད་ཀྱིས་འུར་རྒྱག་པ་འདི་ཙམ་རེད།
གལ་སྲིད་འདི་ལྟར་མིན་ན། སྙན་བཟང་ལགས་ནས་ངེད་ཀྱི་དྲི་བ་དེ་གཉིས་ལ་ལན་ཞིག་སྤྲོད་དང་དེ་ནས་ད་དུང་མུ་མཐུད་ནས་རྩོམ་ཡིག་གི་ནང་དོན་ནོར་འཁྲུལ་ཅན་དེ་ཚོར་ཡུན་གྱིས་བགྲོ་གླེང་བྱས་ཆོག་ལ་བྱེད་ངེས་ཀྱང་ཡིན།
དེ་ལས་གཞན་སྙན་བཟང་གིས་རང་རེའི་ཕུལ་བྱུང་རྩོམ་པ་པོ་རྒན་ཆབ་བྲག་ལགས་སུ་ཡང་དོན་མེད་ཀྱི་བསམ་གཟས་ནས་སྐད་ཆ་ངན་པ་དེ་འདྲ་བཤད་བཞིན་འདུག་པ་ཡང་ཁོང་གི་ཁོག་ན་མ་དག་པ་ཞིག་གི་ནད་ཡོད་པས་ཡིན་པ་འདྲ།
གང་ལྟར་སྙན་བཟང་གིས་མིག་ཞར་མེད་ན་ངེད་ཀྱི་དྲི་བ་གཉིས་ཀར་ལན་ཞིག་སྤྲོད་དང་དེ་ནས་མུ་མཐུད་ནས་དང་པོ་དེ་ནས་རྩོམ་ཡིག་རང་གི་སྟེང་དུ་ཡོད་པའི་ནད་དྲགས་རྣམས་གཤག་བཅོས་དང་དེ་ནས་ཟུར་མཆན་ལྟ་བུ་དེ་ཚོར་བགྲོ་གླེང་བྱས་ཆོག
གཞན་ཨབ་ཕྱི་ལགས་ཀྱིས་ཟུར་འདོན་བྱས་པའི་དོན་གནད་དེ་གཉིས་ཐད་ཡོ་བསྲང་བྱས་ན་ང་ཚོའི་བགྲོ་གླེང་ལ་བྲོ་བ་ཞིག་མི་འདུག་གམ།
བཀུར་འོས་སྐུ་ཞབས་སྙན་བཟང་ལགས།
ངས་བཤད་སྟངས་མ་ཤེས་པའི་དཀའ་ངལ་ཡིན་ན་གང་ལྟར། སྐུ་ཉིད་ཀྱང་ལངས་ཕྱོགས་འཐབ་རྩོད་ཀྱི་ལས་གཉེར་ཉི་ཚེ་བ་ཡིན་པར་ངས་བཤད་པ་འདྲ་ཞིག་ངོས་འཛིན་གནང་འདུག དེ་དེ་ལྟར་མ་རེད། ལངས་ཕྱོགས་འཐབ་རྩོད་ཀྱི་ལས་གཉེར་ཉི་ཚེ་བ་ཞེས་པ་འདི་ཕྲན་གྱི་ཆུ་བུར་མིག་ལ་སྣང་བའི་གནས་ཚུལ་མང་པོ་ཞིག་ལ་རྐྱེན་བྱས་ཏེ་ཐོན་པའི་ཐ་སྙད་ཅིག་ཡིན། དེའི་དགག་གཞི་གཙོ་བོ་མིའི་བྱས་པ་དྲིན་དུ་མི་ཚོར་བ་དང་། མིའི་བྱས་པར་བསམ་ཚུལ་བརྗོད་དུས་རྦད་དེ་ནག་འགེལ་སྐུར་འདེབས་ལྟ་བུའི་བྱེད་སྟངས་རིགས་ཤིག་ཐོན་བཞིན་པ་དག་ལ་གོ་བ་ལས། ཉིད་ལ་ཁྱོན་ནས་གོ་ས་མི་འགྲོ་ལ། ལྷག་པར་ལངས་ཕྱོགས་དང་ལམ་ཁ་གླེང་བའི་རང་བཙན་རྩོམ་ཡིག་འདི་ལྟ་བུ་ཞིག་མི་དེ་དང་དེའི་རིགས་ཀྱིས་ད་བར་མ་འཁྱོང་ཐལ། དེ་གསལ་བཤད་ཙམ་ཡིན། གཉིས་ནས་ཁྱེད་ཚོ་བྱས་རྗེས་ཆེ་མདོག་ཅེས་ཚིག་གིས་ཟུར་ཟ་བྱེད་སྟངས་ནི་རྩོམ་གྱི་འགྲོ་སྟངས་ཤིག་ཀྱང་ཡིན་སྲིད་པ་དང་། རུས་ཞེན་འགྲོ་སྲོལ་གྱི་ངོས་ནས་བཤད་ན་སྐད་ཆ་དེ་བསླབ་བྱར་ལེན་མི་ཐུབ་པའི་དཀའ་ངལ་གང་ཡང་བྱུང་མ་སོང་། དེ་དེ་ཙམ་ཡིན།
གཞན། ནོ་ཝེ་ཞི་བདེའི་གཟེངས་རྟགས་སྐོར་དེ། ༧གོང་ས་མཆོག་གིས་ལམ་དབུ་མའི་སྲིད་བྱུས་འདོན་གནང་མཛད་པས་ནོ་ཝེ་ཞི་བདེ་ལྷན་ཚོགས་ལ་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་རྒྱུར་སྤྱིར་བཏང་གནོན་ཤུགས་ཉུང་དུ་ཕྱིན་ཡོད་སྲིད་བཅས་དཔྱད་པ་བཏང་ན། དེ་རིགས་པའི་འགྲོ་སྟངས་དང་རང་དབང་རེད་འདུག་པས་ཅི་ཡང་བཤད་རྒྱུ་མེད། འོན་ཀྱང་ཉིད་ལྟར་ཚིག་ཐག་ཆོད་པོ་གནང་སྟངས་དེ་ངས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག
དེ་ག་ནང་བཞིན། གཟེངས་རྟགས་ལྷན་ཚོགས་ཀྱིས་གཟེངས་རྟགས་འབུལ་འཆར་གཏན་འཁེལ་བའི་ཁྱབ་བསྒྲགས་ནང་། གཟེངས་རྟགས་ལྷན་ཚོགས་ཀྱིས་ཏཱ་ལའི་བླ་མ་མཆོག་གིས་བོ་བཅིངས་འགྲོལ་གཏོང་བའི་འཐབ་རྩོད་ཐད་རྒྱུན་དུ་འཚེ་བ་ཅན་གྱི་ཐབས་ལམ་མི་བརྟེན་རྒྱུར་དགག་ཆ་གནང་བ་དེ་ལྷན་ཚོགས་ཀྱིས་ནན་བཤད་བྱེད་རྒྱུ་ཡིན་ཞེས་དང་། ཡང་། ད་བར་ཁོང་གིས་བོད་མི་རིགས་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་རྗེས་ཤུལ་གཅེས་སྲུང་གི་དོན་དུ་ཕན་ཚུན་ཡིད་ཆེས་དང་བཟོད་སྒོམ་གཞི་རྩར་བཟུང་བའི་ཐོག་ནས་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་གནང་ཡོད་སོགས་འཁོད་འདུག
དེ་ཡིན་དུས། བཅིངས་འགྲོལ་གཏོང་བའི་ཟེར་དུས་རྒྱ་ནག་གིས་ཞི་བའི་བཅིངས་འགྲོལ་ཟེར་བ་དེ་ལ་གོ་དགོས་ཀྱི་རེད་འདོད། དེའི་སྐབས་རྒྱ་ནག་གི་བྱེད་ཕྱོགས་དྲག་རྩུབ་མེད་པའི་འདོད་མོས་ཤུགས་ཆེར་གནང་བར་གཟེངས་རྟགས་ལྷན་ཚོགས་ཀྱིས་ཡུལ་ལུང་ཞིག་གི་དཀའ་ངལ་སེལ་ཐབས་ཞི་བདེར་དྲངས་པར་ངོས་འཛིན་གནང་བ་དེ་བཞག་ནས། ཕལ་ཆེར་བཙན་བྱོལ་དུ་ཕེབས་ནས་ལམ་དབུ་མ་སོགས་ལ་ཕེབས་པ་དེ་གཟེངས་རྟགས་གནང་རྐྱེན་ཞིག་རེད་ཅེས་ཉིད་ཀྱིས་གསུངས་ན་ངས་དེ་ཁས་ལེན་ཞུ་ཐུབ་ཀྱི་མི་འདུག་ལགས།
ལྷ་མོ་སྐྱབས་ལགས།
མདང་དགོང་། ངས་ཁྱོད་ཀྱི་སོ་སྙི་མོ་དེས་ཕྱིའི་སྐད་དུ་ཡོད་པའི་གཟེངས་རྟགས་སྐོར་གྱི་རྩ་དོན་གཙོ་བོ་དེ་ག་ཆོད་ཀྱི་མ་རེད་སྙམ་ནས་འབྲེལ་ཐག་འདིར་དྲངས་མེད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་རྒྱལ་བ་རིན་པོ་ཆེར་ཞི་བདེའི་གཟེངས་རྟགས་གནང་དགོས་པའི་རྒྱུ་མཚན་དབྱིན་སྐད་དུ་འདི་ན་འདུག http://www.nobelprize.org/nobel_prizes/peace/laureates/1989/lama-bio.html
ཧྥ་སྐད་དུ་འདི་ན་འདུག http://fr.wikipedia.org/wiki/Liste_des_distinctions_d%C3%A9cern%C3%A9es_au_14e_dala%C3%AF-lamaཨ་རིའི་གྲོས་ཚོགས་ཀྱིས་ཞི་བདེའི་རྟགས་མ་གནང་དགོས་པའི་རྒྱུ་མཚན་དབྱིན་སྐད་དུ་འདི་ན་འདུག http://www.america.gov/st/washfile-english/2007/October/20071017161425esnamfuak0.6734888.htmlཟུར་ཙམ་ཞིག་ཧྥ་སྐད་དུ་འདི་ན་འདུག http://www.objectif-tibet.chez-alice.fr/actualites.htmlཁྱོད་ཀྱིས་རྩ་དོན་དེ་ཚོ་མར་བོད་ཡིག་ཏུ་འབྲི་ཐུབ་བམ། ཁྱོད་ཀྱིས་སོ་ཡིས་ཆོད་ན་མར་ྐློགས་དང་།
བོད་རང་བཙན་ཆགས་སོང་ན་ད་ཡོད་མི་རིགས་དེ་དག་གཏན་སྡོད་གནང་ཐབས་ཡོད་དམ། ཡོད་ན་གཅིག་མཚུངས་རེད། རང་སྐྱོང་ལྗོངས་ཞེས་པ་དེ་ཡང་མི་རིགས་གང་ཞིག་མང་བ་གཞིར་བཅས་ཀྱི་ཐོབ་ཐང་ཞིག་རེད། བོད་རིགས་རང་སྐྱོང་ནང་ལ་མི་རིགས་གཞན་གནས་མི་ཆོག་དོན་ཅི། དེ་དག་ལ་ཡང་མི་རིགས་རང་སྐྱོང་རྫོང་དང་རང་སྐྱོང་ཞིང་གི་ཐོབ་ཐང་ཡོད་ཡོད་པ་རེད། ད་ལྟའི་བོད་རང་སྐྱོང་ལྗོངས་ནང་ན་ཡང་མི་རིགས་གཞན་ཡོད་ཡོད་པ་རེད། དེ་ལ་འགལ་བ་ཡོང་དོན་མེད། བསམ་ཚུལ་འདི་རིགས་ལ་མ་རྟོགས་ལོག་རྟོག་ཟེར་བ་རེད།
གཟེངས་རྟགས་ཀྱི་ཡིག་ཆ་གཙོ་བོ་གང་ཡིན་ཤེས་དགོས། དེ་གསུང་བཤད་མ་རེད། གཟེངས་རྟགས་གནང་མཁན་ཚོགས་ཆུང་ནས་གཟེངས་རྟགས་ཅིའི་ཕྱིར་གནང་བའི་རྒྱུ་མཚན་དོན་ཚན་འགའ་བགྲངས་ཡོད་པ་དེ་རྩ་ཚིག་རེད། དབུ་མའི་ལམ་གཅིག་པུར་གནང་བ་ཞིག་མ་རེད་ལ། དབུ་མའི་ལམ་དོན་ཚན་གཅིག་ལ་བགྲངས་མེད་པ་ཞིག་ཀྱང་མ་རེད་ཅེས་ངས་གསལ་བཤད་འདི་ཡིན། ཧ་གོ་ན།
ལྷ་མོ་སྐྱབས་ལགས།
ཞི་བདེའི་གཟེངས་རྟགས་འབུལ་མཁན་ཚོའི་གཏམ་བཤད་ལ་ཉན་མྱོང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་བོད་ཀྱི་གྲོགས་པོ་ལྕམ་སྐུ་ནལ་སི་ཕུ་ལོ་སེའི་གཏམ་བཤད་ལའང་ཞིབ་ཏུ་ཉན་པ་ཡིན། ༸རྒྱལ་བ་རིན་པོ་ཆེས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་འབྲེལ་ནས་གཏམ་བཤད་གསུམ་གནང་འདུག
ནོར་ལྦེ་ནས་བཀའ་སློབ་གཉིས་དང་། གཞན་པ་དེ་རྡ་ས་ནས་གནང་འདུག བཀའ་སློབ་འདི་དག་༡༩༩༧ལོར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་དཔར་བསྐྲུན་ཞུས་པའི་ཆབ་སྲིད་ལམ་སྟོན་དུ་གསལ། ད་འདི་འདྲ་རེ་བཤད་བསྡད་ན་ཕན་ཐོགས་ཡོད་མེད་མི་ཤེས། གནས་སྐབས་རིང་བདེ་མོ་བྱོས།
ཨབ་ཕྱི་ལགས།
གོང་གི་ཚིག་དུམ་འདི་ངས་བྲིས་པ་ཡིན་སྟབས། ངས་མ་ཤེས་པ་ཞིག་ག་ལ་ཡོད། ཁྱེད་རང་བདེན། ཚིག་དུམ་འདི་འབྲི་སྐབས་ངའི་ལག་པ་འདར་བྱུང་། ཡིན་ནའང་སྡིག་པ་མིག་བཙུམ་གྱིས་བྲིས་པ་ཡིན། དྲང་མོར་བཤད་ན། ༸རྒྱལ་བ་རིན་པོ་ཆེས་‘‘ངས་བདམས་པའི་ལམ་དབུ་མ་ལ་འགྱུར་བ་མེད་’’ཅེས་གསུངས་ཡོད་པ་མ་རེད་དམ། གསུང་ཡང་ཆོག་པ་ཞིག་རེད། དཔེར་ན། ལོ་ངོ་ཁ་ཤས་ཀྱི་གོང་དུ། ཧྥ་རན་སིའི་མི་དམངས་ཀྱིས་ཡུ་རོབ་ཀྱི་རྩ་ཁྲིམས་ཤིག་ལ་མོས་མཐུན་ཡོད་མེད་ཀྱི་སྐོར་ལ་གླེང་རྙོག་ཅིག་བྱུང་། འོས་ཤོག་བླུགས་བཅུག་ཡོད། སྐབས་དེར་སྲིད་འཛིན་ཟུར་པས་མོས་མཐུན་ཡོད་པའི་སྐོར་ལ་གསུང་བཤད་ནན་པོ་གནང་བ་ལྟ་བུ་རེད།
སྙན་བཟང་ལགས་ཀྱིས་དང་པོ་འདི་ཤེས་ན་རེད།
སྙན་བཟང་གིས་ ༸རྒྱལ་བ་རིན་པོ་ཆེས་‘‘ངས་བདམས་པའི་ལམ་དབུ་མའི་སྲིད་ཇུས་ལ་འགྱུར་བ་མེད་’’ཅེས་གསུངས་བཞིན་དུ་མང་མོས་འོས་བསྡུའི་སྐོར་ལ་བཀའ་སློབ་བསྩལ་ཡོད་པ་དང་།
ཞེས་༸རྒྱལ་བ་རིན་པོ་ཆེའི་ཕྱག་ལས་གནང་སྟངས་ནི་ཞེ་ས་མ་ཞུས་ན། དབུ་བདེ་བོ་ཅན་གྱི་ལས་བྱར་དྲན་ཡོད་པ་འདྲ་བའི་གོ་བ་སྐྲག་སྣང་ཅན་ཞིག་ཀྱང་ཐོན་འདུག་ཀྱང་། བསམ་བློ་རྣམ་རྟོག་མཐའ་མེད་ཀྱི་དབང་དུ་མ་བཏང་བར་ཤེས་བ་གནད་དུ་ཐིངས་པའི་བསམ་གཞིག་བྱོས་དང་། ༸རྒྱལ་བ་རིན་པོ་ཆེ་ཁོང་གིས་བདམས་པའི་ལམ་དབུ་མར་ཕེབས་བཞིན་པར། མང་འོས་འོས་བསྡུའི་སྐོར་ལ་བཀའ་སློབ་བསྩལ་མི་ཆོག་པ་ཅི་ཞིག་ཡོད་དམ། བར་འདི་ན་ནང་འགལ་ཞིག་ཡོད་པའི་དྭོགས་པ་འདྲ་བདག་ལ་བྱུང་མ་སོང་ལ། གལ་སྲིད་ཁྱོད་ལ་དྭོགས་པ་དེ་འདྲ་ཡོད་ཚེ་གསལ་བོ་བཤད་དགོས་པ་ལས་ཡིན་ལ་མ་ཡིན་ཞིག་བཤད་པ་འདི་ཙམ་གྱིས་གང་ཡང་མི་ཕན་པ་ཐག་ཆོད་རེད། གང་ལྟར། ཁྱོད་ཀྱི་ཚིག་གྲུབ་འདིའི་འབབ་ས་ངོ་མ་ནི་སྤྱང་པོ་ཡིན་མདོག་གི་ཁྱོད་ཀྱི་དྭོགས་པ་དེ་འདྲ་གཏན་མིན་པར་དེ་ནི་གནད་འགག་གི་སྐབས་སུ་༸རྒྱལ་བ་རིན་པོ་ཆེའི་གཟིགས་རྒྱང་རིང་བའི་ཁྱད་རྟགས་བླ་ན་མཐོ་བ་དང་དུས་རབས་དང་མཐུན་པའི་མི་བུའི་བགྲོད་སྟངས་ཁྱད་པར་ཅན་རེད་སྙམ་མོ།།
སྙན་བཟང་ལགས་ཀྱིས་དང་པོ་འདི་ཤེས་ན་རེད།
སྙན་བཟང་གིས་ ༡༩༧༩ ལོར་ཏིན་ཞའོ་ཕིན་གྱིས་གློ་བུར་དུ་‘‘རང་བཙན་མིན་པའི་སྐད་ཆ་ག་རེ་ཡོད་ན་བཤད་ཆོག་’’ཅེས་རྔ་ཞིག་བརྡུངས་མ་ཐག ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། བོད་གཞིས་ལུས་མི་མང་གི་གནས་སྟངས་ནི་ཆེས་ཛ་དྲག་ཏུ་དགོངས་ནས་འཆམ་ཞིག་འཁྲབ་ཁུལ་གྱིས་སྲིད་ཇུས་འདི་བཏོན་པ་མ་གཏོགས། ཞེས་དབུ་མའི་ལམ་གྱི་སྲིད་ཇུས་འདི་ཕལ་ཆེར་༡༩༧༩ལོར་རྒྱ་ནག་གི་རྔ་ཞིག་བརྡུངས་མ་ཐག་ལ་ང་ཚོས་འཆམ་ཞིག་འཁྲབ་ཁུལ་གྱིས་གློ་བུར་དུ་གསར་བ་གསར་བ་ཞིག་གིས་གཏན་ལ་ཕབ་བཞག་པ་ལྟ་བུ་ཞིག་ཏུ་བསམ་ནས་བྲིས་འདུག་ཀྱང་། བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་ནི་༸རྒྱལ་བ་རིན་པོ་ཆེ་བོད་ན་བཞུགས་དུས་ནས་ཁོང་གི་དགོངས་གཞིར་འཁྲུངས་ཡོད་པ་༸རྒྱལ་བའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་དང་དེ་བཞིན་ཁོང་གི་བཀའ་སློབ་གསེར་གདམས་མང་པོའི་ནང་དུ་མཇལ་རྒྱུ་ཡོད་པས་དེ་ཙམ་གྱིས་ཁ་ཚོན་གཡག་ཞར་གྱིས་རྩྭ་ཟ་བ་བཞིན་ཧམ་པའི་གྲི་གཅོད་བྱས་ན་གནས་ལུགས་དང་མི་མཐུན་པར་མ་ཟད། རང་ཉིད་ཀྱི་ཐོས་པའི་རྒྱ་ཁྱོན་ལ་ཅོ་འདྲི་བཞིན་པའི་སྣང་བ་བཅོས་མིན་ཞིག་བདག་ལ་བྱིན་སོང་། གཞན་ཡང་། སྐུ་ཉིད་ཀྱི་ཚིག་དུམ་འདིའི་ཤུགས་ན་བོད་རྒྱ་མཉམ་གནས་སམ་དབུ་མའི་ལམ་འདི་ལ་དེ་ཙམ་གྱི་གདེང་ལོན་པའི་གཏམ་ཚིགས་ཤིག་མེད་མདོག་རང་བཞིན་གྱིས་ཐོན་འདུག་ཡང་། དེ་ནི་ཁྱོད་རང་སྒེར་གྱི་བསམ་བློའི་འཆར་སྣང་ཉི་ཚེ་བ་རེ་ཡིན་ན་མ་གཏོགས་དབུ་མའི་ལམ་འདི་འཆམ་ཙམ་འཁྲབ་ཁུལ་ཙམ་གྱིས་བྱུང་བ་ཞིག་ཞར་ཡང་མིན་པར། དབུ་མའི་ལམ་༸རྒྱལ་བ་རིན་པོ་ཆེ་གཙོ་བྱས་པའི་རང་རེའི་སྐྱེས་ཆེན་གནམ་འོག་དབང་དུ་བསྡུ་ཐུབ་མཁན་མང་པོ་ཞིག་གི་བློ་ནུས་ལས་ཐོན་པ་ཞིག་ཡིན་པ་དབུ་མའི་ལམ་གྱི་བྱུང་རིམ་སྔ་ཕྱིར་ཞིབ་འཇུག་དཔྱད་བསྡུར་བགྱིས་ན་གསལ་བོར་ངེས་ཤེས་འདྲོངས་ངེས་ཀྱང་། ཁྱོད་ལ་བར་འདི་ནས་སྐལ་ཆད་དུ་གྱུར་བ་ནི་ཨ་ཧོ་བློ་རེ་འཕང་ངོ་།།
ཆབ་བྲག་ལྷ་མོ་སྐྱབས་ཁྱེད་ལ་ཞུ་རྒྱུ། {དབུ་མའི་ལམ་}བོད་རིགས་ཡོངས་སུ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཟེར་བ་དེ། ང་ཚོ་བོད་ཕྱོགས་ནས་བྱས་ན། རྒྱ་ནག་གུང་ཁྲན་གཞུང་གིས་མི་རིགས་ཁག་ ༥༦ དབྱེ་ནས་ཡོད་པར་ང་ཚོས་ངོས་ལེན་བྱེད་པའི་འོག་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་མི་ཐུབ་པ་ནི། གཙོ་བོ་ཁྱེད་རང་ཨ་མདོ་འམ། མདོ་སྨད་ཀྱི་ནང་དུ་ཡུ་གུར་མི་རིགས་ བོད་རིགས་དང་། སོག་རིགས། མན་ཇུའི་རིགས། ཡུ་གུར་རིགས། ཧུའུ་རིགས། ཟ་ལ་རིགས་མང་པོ་ཡོད་པས། ཁོང་ཚོ་ཚང་མ་བོད་རིགས་མ་ཡིན། བོད་ཀྱི་མངའ་འབངས་རེད། ཁོང་ཚོས་ཀྱང་དེང་སང་༸གོང་ས་མཆོག་གི་མཛད་འཕྲིན་དང་། བོད་མིའི་བསམ་ཕྱོགས་གཅིག་གྱུར་གྱིས་རྒྱ་ནག་གུང་ཁྲན་གྱི་འོག་ནས་གྲོལ་ཐུབ་པའི་རེ་བ་གཅིག་གྱུར་བྱས་ནས་གནས་ཡོད་པ་ཁྱེད་རང་གི་ཤེས་ཀྱི་ཡོད་དམ། རྒྱུ་མཚན་དེ་ལྟར་ལ་བརྟེན་ང་ཚོས་བོད་རིགས་དབྱེ་འབྱེད་ཀྱི་རྣམ་པ་རང་བཞིན་བྱེད་པ་མ་ཡིན་ནམ། ལྷག་པར་སོག་པོ་མདག་བཅུ་ཟེར་བའི་ས་ཆར་དེང་སང་ཧོ་ནག་རྫོང་ཞེས། ཁྱེད་རང་ཆབ་བྲག་དང་། ཡུལ་རྐན། མདའ་ཚན། བཅས་རྒྱ་ཆེ་རྫོང་རང་དབང་ཅན་ཟེར་བ། རེབ་ཀོང་ས་ཁུལ་ཐུན་རིང་ཁོངས་སུ་སྦྱར་ཏེ་ཡོད་པའི་མི་རྣམས་སོགས་རིགས་ཡིན་ཀྱང་བོད་འབངས་དངོས་ཡིན་སྟབས་ང་ཚོས་སོགས་རིགས་རྣམས་ཟུར་བཞག་གིས་བོད་རིགས་དབྱེ་འབྱེད་གང་འདྲ་ཞིག་བྱེད་ཀྱི་ཡིན་ནམ། དབྱེ་འབྱེད་ཐུབ་རེའང་གཏན་ནས་མེད། ཁོང་ཚོ་ནམ་ཡང་བློ་ཕམ་གྱི་གནས་ཚུལ་སུ་ཆགས་རྒྱུ་ཡིན་པ་མཁྱེན་དགོས། རྒྱ་རིགས་བཅས་ཕྱོགས་གཅིག་ཏུ་གནས་ཡོད་པའི་མི་འབོར་ཤུགས་ཆེ་ཤོས་ཡིན་པའི་ཁོངས་ནས་བོད་རིགས་སུམ་ཆ་གཅིག་ལས་མེད་པ་དང་། བོད་རིགས་དབྱེ་འབྱེད་གང་འདྲ་ཞིག་བྱེད་ཀྱི་ཡིན་ནམ།
རྒྱ་ཕྱོགས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༠ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཚོགས་འདུ་ཚོགས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་པུའུ་ཀྲང་གཞོན་པ་ཀྲུའུ་ཝན་ཆུས་དང་། སྲི་ཐར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་པདྨ་འཕྲིན་ལས་སོགས་ནས། ཏཱ་ལའི་བླ་མས་ཡུལ་དེར་འཚོ་སྡོད་དང་། ལས་ཀ་བྱེད་མཁན་གྲངས་ལས་འདས་པའི་མི་རིགས་ཁག་གི་མང་ཚོགས་ཕྱིར་འབུད་བྱེད་རྩིས་ཡོད་པ་དེ་ཐོག་ནས་བརྡ་འདི་འདྲ་ཞིག་གཏོང་གི་ཡོད་པ་སྟེ། གལ་སྲིད་ཉིན་ཞིག་ཁོ་པས་བོད་དུ་སྲིད་དབང་དངོས་འབྲེལ་འཛིན་ཐུབ་ཚེ། ཁོ་པས་ཐེ་ཚོམ་སྤུ་ཙམ་མེད་པ་དང་། སྙིང་རྗེ་སྤུ་ཙམ་མེད་པར་མི་རིགས་ལ་སྣང་ཆུང་དང་། མི་རིགས་ལོགས་སུ་དབྱེ་བ། མི་རིགས་གཙང་བཟོ་བཅས་བྱེད་རྒྱུ་ཉག་ཅིག་ཡིན་པ་དེ་རེད་ཅེས་གསལ་བཀོད་བྱས་ཡོད་པ་འདི་ལྟར་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ནང་རི་བོང་རྡོ་བརྫུས་བྱས་ཕན་མེད་པ་དང་འབྲེལ་འགན་འཁུར་གནང་བས་ཕན་ཐོགས་མེད་པར་བརྟེན་ངོས་ནས་འགན་འཁུར་གནང་གི་མིན་པའི་སྐོར་གསུང་པ་དང་། བོད་སྤྱི་པའི་གནད་དོན་དེ་དག་བོད་མི་མང་ནས་འགན་འཀུར་དགོས་པ་དང་། མཐའ་མའི་ཐག་གཅོད་དེ་བོད་མི་མང་ནས་བྱེད་དགོས་ཞེས་གསུང་ཡོད། བོད་མི་ནང་ཁུལ་དུ་མི་རིགས་དབྱེ་འབྱེད་གནང་ཐབས་རྩ་བ་ནས་མེད་པ་དང་། ཆོལ་གསུམ་བོད་མི་ཡོངས་རྫོགས་གུང་ཁྲན་རིང་ལུགས་སུ་མངོན་འདོད་གཏན་ནས་མེད་ངེས་ཡིན་པ། མི་རིགས་ས་གནས་རང་སྐྱོང་ནི་གུང་ཁྲན་གྱི་ཆེད་དུ་ཡིན་པ་ཆབ་བྲག་ཁྱེད་རང་མཁྱེན་གྱི་མེད་དམ།། བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་རིག་རྩལ་ལས་སྒྲུབ་པའི་བོད་རིགས་ཡོངས་རྫོགས་རྒྱ་ནག་གུང་ཁྲན་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་འཛིན་སྐྱོང་གཅིག་གི་འོག་ས་གནས་རང་སྐྱོང་ལག་བསྟར་དགོས་པའི་རེ་འདུན་ཟེར་བ་དེ་རེད། དབུ་མའི་ལམ་ལ་རེ་བ་ཆེན་པོ་འདུག་གམ། ཁ་སྟོངས་པ་རང་བཙན་ཡིན་ན། ཁ་སྟོངས་པས་དབུ་མ་རེད། ཧཧཧཧཧ
ཡིད་བཞིན་ནོར་བུ་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་དུས། དོན་ཚན་གཅིག་ལ་བོད་རྒྱ་ཞི་མོལ་གྱི་དོན་འདི་ཡང་དོན་ཚན་གཅིག་ལ་བཀོད་ཡོད་པ་རེད། དེར་མ་ཟད་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་དུས་ཀྱང་དོན་ཚན་འདི་བགྲངས་ཡོད་པ་རེད།
རྣམ་པ་ཚོས་འདི་རིགས་ལ་ཚོད་དཔག་དང་བསམ་ཚུལ་བཤད་ནས་སྡོད་པ་ལས་སྐབས་དེའི་འབྲེལ་ཡོད་ཡིག་ཆ་ལ་གཟིགས་ན་བཟང།
གཉིས་ནས། བཀའ་ཁྲི་གསར་པས་ཐོག་མར་རང་སྣང་མཐོན་པོས་མཐོ་བཤད་འདྲ་བོ་རེ་གནང་ཡོད་ཡང་རྗེས་སུ་གནས་སྟངས་ངོ་མ་ཤེས་ནས་མར་བབས་པ་རེད། གསར་གཏོད་ཆེན་པོ་ཞིག་ཅང་བྱེད་རྒྱུ་མེད་པའམ་བྱེད་མི་ནུས་ཚུལ་ཡང་གཟིགས་པ་ལོས་ཡིན། དབུ་མའི་ལམ་ལ་ཐུགས་བརྩོན་གནང་གིན་འདུག མི་གནང་ཀ་མེད་འདྲ་བོ་ཡང་རེད། གཙོ་བོ་ཀརྨ་ཆོས་འཕེལ་ལགས་ལྟར་བཞུགས་ཁྲིའི་ཐོག་ནས་དབུ་མའི་ལམ་དང་མར་བབས་རྗེས་རང་བཙན་ཡིན་ཟེར་བ་འདྲ་བོའི་ངོ་གཉིས་མ་མ་འཁྲབ་ན་དེས་འདོད་པ་ཁེངས་བསྡད་ཡོད།
ཤར་ཕྱོགས་ཁུག་རྟ་ལགས།
བསམ་ཚུལ་བྲིས་པར་ཐུགས་རྗེ་ཆེ།
ངས་‘‘༸རྒྱལ་བ་རིན་པོ་ཆེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ཡང་མཐར་གཏུགས་ན་བོད་ཀྱི་རང་སྐྱོང་གི་སྲིད་ཇུས་ཀྱི་ཤུགས་རྐྱེན་ཐེབས་པ་ལྟ་བུ་’’ཞེས་བྲིས་ཡོད། ཁྱོད་ཀྱིས་སྐད་ཆ་འདི་མི་བདེན་པ་དང་དབྱེ་ཞིབ་བྱས་པ་ནོར་བ་རེད་ཅེས་བཤད་འདུག ཡིན་ནའང་རྒྱུ་མཚན་བཤད་མེད་པ་རེད། ཁྱད་པར་མེད། ཁྱོད་ཀྱིས་བཤད་པ་བདེན་པ་ཡིན་སྲིད། ངས་དབྱེ་ཞིབ་བྱེད་སྟངས་མ་ཤེས་པར་རྨོངས་བསྡད་ཡོད་ནའང་ཐང་། ཡིན་ནའང་ངས་བལྟས་ན་༸རྒྱལ་བ་རིན་པོ་ཆེར་ཞི་བདེའི་གཟེངས་རྟགས་ཕུལ་དགོས་དོན་ནི། ༸རྒྱལ་བ་རིན་པོ་ཆེས་སྟོན་པ་ཐུབ་པའི་དབང་པོའི་ཆོས་ཀྱི་སྙིང་པོར་གྱུར་པའི་གཞན་ཕན་དང་། སྙིང་རྗེ་སོགས་ཀྱིས་གཙོས་པའི་བྱམས་བརྩེའི་ལྟ་གྲུབ་དེ་ཉམས་སུ་བླངས། དེ་ལས་བྱུང་བའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་དེའི་རོལ་རྩེད་ཀྱི་ཞགས་པ་དཀར་པོས་སྡུག་བསྔལ་གྱི་འོབས་སུ་ལྷུང་བའི་ཤར་ནུབ་ཀྱི་སྐྱེ་འགྲོ་མང་པོ་ཞིག་ཡར་ལ་འདྲེན་བཞིན་ཡོད། དེ་ནས་༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་གནད་དོན་ནི་བོད་ཀྱི་བཙན་པོས་གཙོས་པའི་དམག་དཔུང་ཁྲི་ཕྲག་རླུང་གི་རྟ་མཆོག་ལ་བཅིབས་པ་དང་མཉམ་དུ། རལ་གྲི་རྣོན་པོ་ཉི་ཟླའི་འོད་ཁྱིམ་དུ་བསྐོར་ནས་རྒྱ་ནག་ཁྲང་ཨན་བླངས་པ་ལྟ་བུ་མ་ཡིན་པར། འཐབ་རྩོད་ཀྱི་ངོ་བོ་དེ་ཡང་འཚེ་བ་དང་། ཞེ་སྡང་གི་རྣམ་པ་ཞིག་ཏུ་མི་འགྱུར་ཆེད་ལམ་དབུ་མ་གསུངས་ཤིང་། ལམ་དབུ་མའི་རྩ་དོན་འགྲེལ་བཤད་དུ་གྱུར་པའི་ཨ་རིའི་གྲོས་ཚོགས་སུ་བསྩལ་བའི་ཞི་བའི་དོན་ཚན་ལྔ་དང་། ཡུ་རོབ་གྲོས་ཚོགས་སུ་གྲོས་འཆར་ཁག་མང་པོ་ཞིག་མཛད་དགོས་བྱུང་ཡོད། འདི་དག་གིས་ནུས་སྟོབས་ཀྱིས་༸རྒྱལ་བ་རིན་པོ་ཆེར་ཞི་བདེའི་གཟེངས་རྟགས་ཕུལ་བ་མ་གཏོགས། ༸རྒྱལ་བ་རིན་པོ་ཆེ་ནི་ནང་པའི་དགེ་སློང་ཞིག་དང་། སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འབྲངས་པ་ཞིག་ཡིན་པ་ཙམ་གྱིས་གཟེངས་རྟགས་འདི་ཕུལ་མེད་པར་སྙམ།
༸རྒྱལ་བ་རིན་པོ་ཆེར་ཞི་བདེའི་གཟེངས་རྟགས་ཕུལ་བ་ལ་བརྟེན་ནས། བོད་རྒྱའི་དཀའ་རྙོག་གསལ་མེད་ཀྱང་། ཞི་བདེའི་གཟེངས་རྟགས་འདིའི་ནུས་སྟོབས་ཀྱིས་ཤར་ནུབ་ཡུལ་གྲུ་ཁག་གི་སྐྱེ་བོ་མང་པོ་ཞིག་གི་སེམས་བོད་དུ་ཕྱོགས་ཤིང་། བོད་དུ་ལངས་ཡོད། ཁྱོད་ཀྱིས་དོ་སྣང་བྱུང་ཡོད་མེད་མི་ཤེས་ཀྱང་། ཐ་ན་ བོད་ཐོག་རྩོམ་ཡིག་འབྲི་མཁན་གྱི་ནུབ་ཕྱོགས་པ་ཚོས་ཀྱང་འཆར་ཡན་དང་རྟོགས་བཏགས་ཀྱི་སྣང་བ་རྩ་ཡལ་དུ་བཏང་ནས། བོད་ཀྱི་དངོས་ཡོད་གནས་སྟངས་དང་བོད་ཀྱི་ཆབ་སྲིད་ཕྱོགས་སུ་སྙུག་ཁ་བསྐོར་མགོ་ཚུགས་ཡོད་པའི་སྐོར་དགེ་རྒན་ཆེན་མོ་རབ་སྨོན་པྲ་སྟིས་རྩོམ་ཞིག་བྲིས་ཡོད་པ་དེ་ངས་བྐླགས་མྱོང་།
སྐབས་རེར་ཞི་བདེའི་གཟེངས་རྟགས་འདི་ཡང་ཆབ་སྲིད་ཀྱི་ངོ་བོར་འགྱུར་འགྲོ་གི་ཡོད། ཁྱེད་རང་གིས་ལྟོས་དང་། ཨི་ཛི་རལ་གྱི་སྲིད་བློན་ཟུར་པ་ཞཱི་མན་པེར་ལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ལ། རྒྱ་ནག་གི་དམངས་གཙོ་འཐབ་རྩོད་པ་ལུག་ཞའོ་པའོ་ལའང་ཞི་བདེའི་གཟེངས་རྟགས་ཐོབ་ཡོད། འདི་དག་གི་རྒྱབ་ལྗོངས་ལ་བལྟ་དགོས་པ་རེད། མ་གཞི་ནས་གཟེངས་རྟགས་འདི་ནི་ཞི་བདེར་དགའ་བའི་སྐྱེས་བུ་རླབས་ཆེན་དག་ལ་གནང་གི་ཡོད་པ་ངས་བཤད་རུང་ཁྱེད་ཀྱིས་ཤེས་སྲིད།
ང་ཚོ་རང་བཙན་རྩོད་མཁན་དང་ལས་ཀ་ཉི་ཚེ་བ་བྱེད་མཁན་དག་གིས་ཀྱང་སྤྱིའི་དོན་དུ་ཅིག་ཤོད་ཀྱི་ཡོད། ཁྱེད་ལྟ་བུའི་སྤྱི་དོན་ཐད་བྱས་རྗེས་ཡོད་མཁན་ཚོས་ཀྱང་བསམ་ཚུལ་འདི་རིགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློན་གསར་པའི་སྙན་ལམ་དུ་འབུལ་དགོས་པ་རེད། ཉེ་ཆར་སྲིད་བློན་གསར་པས་གསར་བཏོད་ཀྱི་སྐོར་ལ་གང་མང་གསུངས་ཡོད། ཟམ་གདོང་རིན་པོ་ཆེའི་མདུན་དུ་ཕེབས་སྐབས། ངས་དྲང་མོར་བཤད་ན་གསར་བཏོད་བྱེད་འདོད་པ་འདི་དག་ཟམ་གདོང་རིན་པོ་ཆེས་གནང་ཚར་འདུག་གསུངས་པ་རེད། ཁོང་གིས་དངོས་གནས་གསར་བཏོད་ཅིག་གནང་འདོད་ཚེ། བསམ་ཚུལ་འདི་རིགས་ཐུགས་ཀྱི་དཀྱིལ་འཁོར་དུ་བསུས་ནས་གསར་བཏོད་གནང་དགོས་པ་མ་གཏོགས། གཞན་གསར་བཏོད་ཅིག་གནང་རྒྱུ་ཨེ་ཡོད།
སྤུན་ཟླ་ཅོ་རི་ལགས། ཁྱེད་ཀྱི་ལྷག་བསམ་དང་སེམས་ཤུགས་ལ་རྨ་མེད་པ་ཚོར་གི་འདུག
རང་བཙན་རྩོད་ལེན་བྱེད་ཐབས་ཀྱི་འཆར་འགོད་ས་ཁྲ་འབྲི་རྒྱུར་དཀའ་ངལ་ཆེ་བ་ངས་ཤེས་ཡོད། རབ་བྱུང་ན་རང་བཙན་འཐབ་རྩོད་པའི་སྣེ་མོ་དག་དང་ལྷན་དུ་གྲོས་མོལ་ཡག་པོ་ཞིག་གནང་ནས། གཞི་ནས་ས་ཁྲ་བྲིས་ན་ཡིན་མདོག་ཁ་བོ་རེ་ཡོང་ན་ཐང།
གལ་ཏེ་དེའི་སྐོར་གྱི་རྩོམ་ཡིག་རེ་འབྲི་མགོ་འཁྱོངས་སོང་ན་རྗེས་མ་བསམ་འཆར་ལེ་ཚན་ནང་ལ་བཀོད་ན་འོས། འབྲི་ཐུབ་པའི་རེ་བ་ཡོད། དེ་ལྟར་བརྩད་ན་དོན་གྱི་རྩོད་པ་ཞིག་ཆགས་རྒྱུ་རེད་ལ་ཕན་ཚུན་ལ་རྩོད་པའི་གཞི་འཛིན་ས་དང་རྩོད་གཞིའི་ཐོག་ནས་རྒྱལ་ཕམ་གྱི་ཐག་ཆོད་རེ་ཡང་ཡོང་སྲིད།
ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཆབ་བྲག་ལགས། དྲ་ཐོག་གི་བགྲོ་གླེང་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངས་རང་གི་ཕྱོགས་ནས་ཚུལ་གསུམ་རྟོག་གེ་རིག་པ་ལ་གཞི་བཅོལ་ནས་གནད་ལུགས་བཤད་ཁུལ་བྱས་པ་ཡིན། ད་དུང་སྐུ་ཉིད་ཀྱི་གསན་འདོད་པའི་སྐད་ཆ་དེ་ཞུ་དགོས་ཀྱང་ལས་སླ་པོ་ཞིག་གིས་མཆན་བུ་འདེབས་ན་གོ་བརྡ་ཡག་པོ་ཞིག་འཕྲད་ཀྱི་ཁག་པོ་འདུག་པས་ཞིབ་ཚ་ཙམ་ཨེ་ཡོང་བལྟ་གི་ཡིན།
སྐུ་ཉིད་ཀྱིས་གསན་འདོད་ཡོད་གསུངས་པར་དགའ་པོ་བྱུང་། ངས་བོད་ལ་ཕྱེད་རང་བཙན་ཡོད་སྟངས་དང་བོད་རང་བཙན་གྱི་སྒྲུབ་ཕྱོགས་ཞིབ་ཚ་ཙམ་འབྲི་ནས་སྤྱན་འབུལ་ཞུ་བྱ་ཆོག ངས་བསམ་པ་ང་རང་ཚོ་ལ་རང་བཙན་ལས་ལམ་ཕྱོགས་ཡག་བ་ཞིག་དང་མི་དམངས་ཀྱི་སེམས་ཁམས་དང་མཐུན་པ་ཁག་པོ་རེད་འདོད།
ཁྱེད་ཀྱིས་བོད་རིགས་ཡོངས་སུ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་སློབ་སྦྱོང་བྱོས་གསུང་པར་ལགས་གསོལ་ཞུ་རྒྱུ་ཡིན།
ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་སྙན་ལགས་དང་ད་ལན་གྱི་བགྲོ་གླེང་བ་ཚང་མ་ལ་ཐུགས་རྗེ་ཞུ་རྒྱུ་ཡིན། ལྷག་པ་ཏུ་ནད་པ་ལགས་ཀྱིས་གསུངས་པ་ལྟར་ང་ཚོས་བོད་ཀྱི་རྩ་དོན་དེ་ཐབས་ཇུས་གང་འདྲ་ཞིག་གིས་འོག་ནས་གླེང་སློང་བྱེད་དགོས་སམ། ད་དུང་འགྲོ་ལམ་གང་འདྲ་ཞིག་བཙལ་དགོས་སམ། མནོ་བསམ་ཡག་པོ་གཏོང་དགོས་པའི་དུས་ཚོད་ཅིག་རེད་སྙམ་མོ།།
བཞུགས་གདན་འཇག་་་་་རྗེས་སུ་མཇལ་ཡོང་།
སྤྱིར་བཏང་རང་བཙན་དང་རང་སྐྱོང་གང་ལ་འདོད་མོས་བྱས་ཀྱང་། དེ་མི་མང་གི་མངོན་འདོད་གཞི་ལ་བཞག་ན་མ་གཏོགས་བཙན་བསྒྱུར་དང་མགོ་བསྐོར་གཏོང་ས་མི་འགྲོ་བ་ནི་གསལ་བོ་རེད། དེང་སང་རུས་པ་སེར་ཐིག་ལྷུངས་པའི་བུ་རྒོད་པོ་ཁ་ཤས་ཀྱིས། དད་མོས་ཞིག་དང་ཡང་ན་མཐོང་དང་གཟི་བརྗིད་བག་ཆགས་དང་བཅས་པའི་མི་མང་གི་ཁ་ཅིག་ལ་བསྒྱུར་སོང་བར་བཤད་ཀྱི་ཡོད་པ་རེད། ངས་སྔོན་མ་ནས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་ཚེའི་མཛད་འཕྲིན་གྱི་དབང་དུ་བྱས་ན་འདི་འདྲ་གནང་མེད་ཅེས་ལན་འདེབས་ཀྱིན་ཡོད། ད་དུང་༧རྒྱལ་མཆོག་བཅུ་བཞི་པ་འདི་ཕྱི་མ་ཟད་ནང་གི་གནོན་ཤུགས་བར་ཆད་གང་འཕྲད་སེམས་ལྡན་ཞིག་ཡིན་ན་སེམས་ལ་ངེས་དགོས་སྟབས། དབུ་མའི་ལམ་ལ་བོད་རྒྱ་ཆེའི་མི་མང་སྡེབས་ཞུགས་མཛད་པར་གོང་གི་རེ་དོགས་འདི་འདྲ་ཡོད་ན་དེ་རྦད་དེ་ནོར་སོང་བ་རེད། ལྷག་པར་ང་དང་ང་ལྟ་བུའི་མི་བུ་ཚོས་སྐད་ཆ་དེ་དག་གི་རྗེས་འབྲངས་བྱས་ན་མགོ་རུལ་རྣ་བའི་མ་ཚོར་ཟེར་བ་དངོས་གནས་རེད།
དེ་མིན་ལངས་ཕྱོགས་འཐབ་རྩོད་ཀྱི་ལས་ཀ་ཉི་ཚེ་བ་བྱེད་མཁན་དག་གིས། ཅིག་བསྐྱལ་ཚར་ཚུལ་དང་། ཅིག་ཁེ་ཕན་བླངས་རབ་བྱེད་པ་འདི་ཕར་ཕྱོགས་ཀྱི་དབུ་འཕང་བཅོམ་པའི་ལད་ཟློས་རང་བཞིན་གྱི་བཤད་སྟངས་ཤིག་ཡིན་སྲིད་མོད། དཔེར་ན་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ལོ་བཅུའི་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་དག་ལ་ཞིབ་ལྟ་ཞིག་བྱས་པ་ཡིན་ན། ལས་བྱབ་ཆུང་དང་ཚིག་ཆོ་མེད་ཀྱི་གཡང་དུ་ལྷུངས་པའི་ཆབ་སྲིད་པར་ཁེས་འཆེ་བ་དག་གི་བྱ་སྤྱོད་ནི་དངོས་གནང་རང་བརྗིད་ལྡན་ཞིག་མིན་པ་གསལ་བོ་རེད་འདུག་པས། ལངས་ཕྱོགས་བར་གྱི་དགག་གཞག་རྣོ་ངར་འདེབས་སྐབས་ཀྱང་དོན་དང་ལྡན་པའི་སྐད་ཆ་རེ་བཤད་ཐུབ་པ་ཡིན་ན་དངོས་གནས་ཕན་ཐོག་གི་རེད། དེ་མིན། ལྷ་བཟང་ཚེ་རིང་དང་ཧུར་བརྩོན་ཅན་ཀརྨ་རྒྱ་མཚོ་སོགས་ཀྱི་སྐད་ཆ་འདི་ཚོས་ཅང་ཁུངས་མི་འཁྱོལ་བ་གསལ་བོ་ཞེ་དྲག་རེད།
རྣམ་པ་ཚོས་བགྲོ་གླེང་གནང་ཁོམ་གི་མེད་པ་འདྲ། ཡིན་ཡང་། སྐུ་ཞབས་སྙན་བཟང་གི་བསམ་ཚུལ་ཁྲོད་༼ ༧རྒྱལ་བ་རིན་པོ་ཆེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ཡང་མཐར་གཏུགས་ན་བོད་ཀྱི་རང་སྐྱོང་གི་སྲིད་ཇུས་ཀྱིས་ཤུགས་རྐྱེན་ཐེབས་པ་ལྟ་བུ ༽ཟེར་བ་ཞིག་འདུག ང་ལ་ཞིབ་ཏུ་ཀློག་ཁོམ་མ་བྱུང་སྟེ། གོང་གི་སྐད་ཆ་འདི་དང་དབྱེ་ཞིབ་འདི་བདེན་པ་མ་རེད་ཅེས་ཞུ་རྒྱུ་ཡིན།
སྙན་བཟང་ལགས།
ངས་ཅིག་བཤད་ཁུལ་བྱས་པ་དེ་དག་ཁྱོད་ཀྱི་རྩོམ་གྱི་ནང་དོན་དང་འབྲེལ་བ་མི་འདུག་ན་ངས་ཅང་བཤད་མ་ཤེས་པ་རེད། མ་གཞི་ནས་ངས་ཁྱོད་རང་གཅིག་པའི་ལྟ་བར་དམིགས་ནས་ཅང་གླེང་གིན་མེད། ངས་བཤད་དོན་གཙོ་བོ། ༸ཁྱེད་ཅག་གིས་༸གོང་ས་མཆོག་དབུ་འཁོར་བསྡད་ཡོད་པ་འདྲ་བོ་དང་དབུ་མའི་ལམ་གྱིས་ཁེ་ལས་གནོད་སྐྱེལ་སོང་བ་འདྲ་བོའི་བསམ་ཚུལ་དེ་རིགས་ལ་སྤྱི་ཡོངས་ནས་དགག་པ་རྒྱག་གིན་ཡོད། རྩ་བ་ནས་དགག་ན་ཡན་ལག་ཞོར་གྱིས་བཀག་པ་མ་རེད་དམ།
དབུ་མའི་ལམ་གྱི་གྲུབ་འབྲས་སམ་དགེ་མཚན་མང་ནི་རེད། ཁྱེད་ཀྱིས་བགྲང་བའི་ཡོངས་གྲགས་དེ་ཚོ་ངས་ཁྱེད་ལ་བསྐྱར་ཟློས་བྱེད་མི་དགོས་པ་ཤེས་ཡོད། མ་གཞི་ནས་ཤེས་བཞིན་དུ་དྲི་བ་འདྲི་བ་དེ་དག་ལ་ངས་ལན་འདེབས་འདོད་མེད་ལགས།
སྙན་བཟང་ལགས། ཁྱེད་ཀྱི་རྩོམ་ཡིག་ཉིན་ཤས་གོང་ནས་བཀླགས་པ་ཡིན། འོན་ཀྱང་དུས་ཀྱི་རྐྱེན་པས་རེ་ཞིག་ཆན་འདེབས་ཐུབ་མ་སོང་། རྩ་བའི་ཆ་ནས་བོད་རིགས་སུ་འདྲ་ཞིག་ཡིན་ཀྱང་རང་བཙན་འདོད་པ་ལས་རྒྱའི་ཆ ཤས་སུ་སྡོད་འདོད་མེད་པ་ནི་གསལ་པོ་རེད། འོན་ཀྱང་དུས་དང་གནས་བབ་གང་གི་ཆ་ནས་ཀྱང་རང་བཙན་ཐོབ་རྒྱུ་ཡིན་པ་ཁག་པོ་ཡིན་པ་དེ་མཁྱེན་དགོས་པ་སེམས། དེ་ཡང་ང་ཚོས་ང་ཚོས་ཆབ་སྲིད་རིག་པའི་ཐོག་ནས་རྒྱ་གཞུང་བལྟ་སྐབས་རྩ་བའི་སྒྲོམ་གཞི་དེ་བརྟན་ལྷིང་ཞེས་པའི་ཚིག་འབྲུ་དེའི་འོག་ནས་བལྟ་དགོས་པར་འདོད། རྒྱ་ནག་གིས་བརྟན་ལྷིང་ལ་དམིགས་ཏེ་བོད་ནང་གི་བོད་མི་ཚོའི་སེམས་པ་དངུལ་ལོར་གྱི་བསླུ་ཐབས་བྱེད་ཀྱི་ཡོད་ལ་བརྟན་ལྷིང་སྙད་དེ་བོད་ནང་དྲག་གནོན་བྱས་དང་བྱེད་བཞིན་པ་རེད། རྒྱ་དམར་གཞུང་གིས་བརྟན་ལྷིང་ཟེར་བ་དེ་ཡོང་ཐབས་ཆེད་གཞི་རྩའི་འགྲོ་བ་མིའི་དགོས་མཁོ་དང་ཐོབ་ཐང་ལ་མི་བལྟ་བར་དེ་བས་མི་མང་གིས་གཞུང་ལ་ངོ་རྒོལ་མ་བྱས་ཚེ་དེ་བརྟན་ལྷིང་ལ་བརྩི་གི་ཡོད་པ་རེད།
ལྷ་མོ་སྐྱབས་ལགས།
ཁྱོད་ཀྱིས་ངའི་རྩོམ་གྱི་ནང་དོན་ལ་བསམ་ཚུལ་མི་འབྲི་བར་མཆན་གྱི་ཚིག་དུམ་རེ་ལ་འཇུས་ནས་མཆན་བུ་འགའ་བྲིས་སོང་། ང་ལ་ཁྱད་པར་མེད། ཡང་། ཁྱོད་ཀྱིས་ང་ལ་ལམ་དབུ་མའི་གྲུབ་འབྲས་མང་པོ་གྲངས་འདྲེན་བྱེད་ངེས་རེད་བསམས་སོང་སྟེ། དེ་མ་བྱུང་བ་རེད། དཔེར་ན། ང་ཚོས་༡༩༧༩ལོར་དབུ་མའི་སྲིད་ཇུས་གླེང་བར་བརྟེན་ནས་བོད་གཞིས་བྱེས་གཉིས་ཀྱི་དབར་ལ་གཉེན་འཕྲད་ཀྱི་གོ་སྐབས་བྱུང་བ་ལྟ་བུ། ༸རྒྱལ་བ་རིན་པོ་ཆེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ཡང་མཐར་གཏུགས་ན་བོད་ཀྱི་རང་སྐྱོང་གི་སྲིད་ཇུས་ཀྱིས་ཤུགས་རྐྱེན་ཐེབས་པ་ལྟ་བུ། ཐ་ན་ཨ་རིའི་གྲོས་ཚོགས་ཀྱིས་ཀྱང་༸རྒྱལ་བ་རིན་པོ་ཆེར་ཞི་བདེའི་རྟགས་མ་ཕུལ་གནང་བ་དེ་ནི་ལམ་དབུ་མར་བརྟེན་ནས་བྱུང་བ་ལྟ་བུ་སོགས་རེད། ཁྱོད་ཀྱིས་འདི་དག་གླེང་ཡོད་ཚེ། ངས་ཀྱང་ལས་སླ་པོར་ལན་ག་ལ་རྒྱག་ཐུབ། ཡིན་ནའང་ངའི་ྐླད་པ་ཆུང་ཆུང་འདིའི་ནང་དུ་ལན་མེད་པ་དེ་འདྲའང་མིན། འདིར་བསམས་སྐབས། རྣམ་དཔྱོད་ཅན་མགོན་པོ་ཕྱག་གཉིས་པའམ་མདའ་ཚན་པའི་མདའ་མོ་རྣོན་པོ་དེ་འདྲ་མི་འདུག་དྲན་བྱུང་།
མཐའ་མའི་ཚིག་གཅིག་ཡོད་པ་ནི། ངས་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་བོད་གཞིས་ལུས་མི་མང་གི་མངོན་འདོད་དང་བསྟུན་དགོས་པ་དང་། དེ་ཡང་༸རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་ཀྱི་རིང་དུ་འགྱུར་བ་ཞིག་བྱུང་ཚེ་རྗེས་ཕྱོགས་ང་ཚོར་འགྱོད་པ་མེད་པ་དང་། རྙོག་དྲ་མི་འབྱུང་བ། ཆིག་སྒྲིལ་ཡོང་ཐབས་སོགས་ཀྱི་སྐོར་ལ་ཕན་ཐོགས་མང་པོ་ཡོད་བསམ་གྱིན་ཡོད། ད་དུང་དེའི་སྐོར་ལ་གླེང་རྒྱུ་འགའ་ཡོད་ཀྱང་། རྗེས་སུ་ངས་ཕྱོགས་གཞན་པ་ཞིག་ནས་གླེང་ཆོག ཐུགས་རྗེ་ཆེ།
ནད་པ་ལགས། ཊུ་ཝུ་ཆོན་གྱི་སྐད་ཆ་དེས་ཁྱོད་ཀྱི་ན་ཚ་ཇེ་ཐུར་བཏང་སོང་བ་མིན་ནམ། དྲག་ནི་རེད། སྐད་ཆ་དེ་རྙིང་པ་ཞིག་ཟློས་ནས་བསྡད་ཡོད་པ་ཙམ་རེད། དེས་ང་ཚོར་ན་ཚ་གསར་བ་བཟོ་མི་ཐུབ། སྐད་ཆ་འདི་རིགས་མཚམས་འཇོག་པའི་དུས་ལ་སླེབས་དུས་ད་ཕལ་ཆེར་ཕར་ཕྱོགས་ཀྱི་ཚེ་ཚད་ཐོན་བཞིན་པ་དང་ང་ཚོའི་ན་ཚ་དྲག་རན་ལ་སླེབས་པ་རེད། མ་ཤི་བར་དུ་འཕག་འཚག་རྒྱག་གི་རེད་ལ། འཆི་ཁར་ཡང་འཕག་འཚག་རྒྱག་གི་རེད།
ཁོ་པ་ཚོས་བོད་ལ་བྱེད་སྟངས་ཀྱི་ཆ་ལ་ལྟོས་དང་ལོ་རེ་བཞིན་རྣམ་འགྱུར་ཇེ་རྩུབ་ཀྱིས་འུ་ཐུག་གི་ཐབས་ཚུལ་མང་པོ་ཞིག་སྟོན་བཞིན་པ་འདིས་དོན་ངོ་མར་སུའི་སྙིང་གི་ན་ཚ་ཇེ་ཆེར་འགྲོ་བཞིན་པ་གསལ་བོ་རེད། སྙིང་ནད་འདི་ཇེ་ཐུ་ཇེ་་སྡུག་ལ་སོང་ནས། གུང་ཁྲན་ཏང་གི་འདས་མཆོད་བྱ་རྒྱུར་ཐག་མི་རིང། མི་རིགས་ཤིག་གི་ཚེ་ཚད་ཆ་ནས་ཧ་ཅང་ཐུང་ངེས་ཡིན།
ང་ཚོས་མུ་མཐུད་དུ་ཞི་རྒོལ་གྱི་རྣམ་འགྱུར་དུ་མ་སྤེལ་དགོས། ང་ཚོས་ང་ཚོ་རང་ལས་བརྒལ་བའི་མཉམ་འབྲེལ་གྱི་ལས་གཞི་རྒྱ་ཆེར་སྤེལ་དགོས།
ད་ལྟ་ང་ཚོས་འཛམ་གླིང་ཉིན་རེ་བཞྀན་མཐོང་གིན་འདུག་ག རང་ཕྱོགས་དང་དྒར་ཕྱོགས་ཀྱི་གནས་བབ་དང་འདི་གཉིས་ཀྱི་གང་ཞིག་གི་མཐུན་རྐྱེན་དང་འགལ་རྐྱེན་ཇེ་ཆེར་འགྲོ་བཞིན་པ་ཤེས་གསལ་རེད། དེ་བས་ང་ཚོས་ཁོ་ཚོས་ཅི་བཤད་ལ་གཏན་ནས་ཉན་མི་འོས། ལྷག་པར་ཡིད་ཆེས་མི་འོས། གཙོ་བོ་ཅི་བྱེད་དང་ཇི་ལྟར་འགྱུར་བཞིན་པའི་ཚུལ་རྟོགས་དགོས།
མཇུག་འབྲས་ཕུན་སུམ་ཚོགས་པ་ཞིག་འོང་བ་ལ་རྒྱུ་རྐྱེན་ཡང་ཕུན་སུམ་ཚོགས་པ་ཞིག་ཚང་དགོས་ལོས་དགོས། དེ་བས་ང་ཚོས་གདེང་ཚོད་ཡོད་པའི་སྒོ་ནས་རེ་བ་བྱེད་ཆོག་པ་དང་ལས་འགུལ་སྤེལ་དགོས་པ་ཞིག་རེད།
སྙན་བཟང་ལགས། ལན་མདོར་བསྡུས་ཤིག་འབུལ།
༡༽”ཐོག་མར་བོད་རྒྱལ་ཁབ་ཀྱི་རྩ་དོན་གྱི་སྲིད་ཇུས་དེ་བོད་མི་རིགས་ཀྱི་མངོན་འདོད་དང་མཐུན་པ་ཞིག་གནང་དགོས་པ་རེད།” “དེ་མིན་གཞིས་ལུས་མི་མང་ལ་གཟིགས་ནས་སྐྱིད་ཉལ་གནང་བསྡད་ན་མ་འགྲིག་པ་རེད”ཟེར་བའི་སྐད་ཆ་འདི་དག་གིས་ད་བར་དུ་༸གོང་ས་མཆོག་དང་ཁོང་གི་གཞུང་གིས་བོད་མི་རིགས་མངོན་འདོད་དང་འགལ་བའི་སྲིད་ཇུས་ཤིག་བཟུང་བར་མ་ཟད་སྐྱིད་ཉལ་བརྒྱབ་ནས་བསྡད་པ་རེད་ཟེར་བ་མིན་ནམ། བཙན་བྱོལ་བོད་གཞུང་དམངས་ལ་འདི་ལས་སྐུར་འདེབས་ཤིག་བྱེད་སྲོལ་ཡོད་དམ།ངོ་མ་སེམས་པ་སྐྱོ་གི
༢༽ ཡང“གལ་སྲིད་ང་ཚོ་བོད་རང་བཙན་ལམ་དུ་ཕྱིན་ཚེ། ང་ཚོར་ལས་ཀ་སྣ་མང་ཡོད་པ་རེད།། སྐྱབས་བཅོལ་གྱི་སྲིད་གཞུང་འདི་སྲ་ཐག་ཐག་ཅིག་ལོས་བྱེད། དེ་ནས་རྡ་རམ་ས་ལར་ལས་མེད་འཁྱམ་ཉུལ་གྱི་འཚོ་བ་རོལ་མཁན་གྱི་བོད་པ་སྤྱི་དང་། གཞིས་ཆགས་སྐྱོ་བོ་ཁག་ཏུ་འཚོ་བ་ངན་ངོན་རོལ་མཁན་གྱི་བོད་མི། ལྷག་པར་དུ། གཞོན་སྐྱེས་འདི་ཚོར་སྣ་མང་ཆེད་ལས་ཀྱི་སློབ་སྦྱོང་སྤྲོད་དགོས། དེ་བཞིན་དུ་ང་ཚོ་སྐྱབས་བཅོལ་བ་རྣམས་རྒྱ་གར་དུ་མུ་མཐུད་དུ་གནས་ཐུབ་པར་འབད་བརྩོན་དང་། རྒྱལ་སྤྱིའི་ཕྱོགས་ནས་རོགས་སྐྱོར་འཚོལ་བ་ལྟ་བུ། ལྷག་དོན་བོད་གཞིས་ལུས་མི་མང་ལ་དཔལ་འབྱོར་གྱི་ཕྱོགས་ནས་རོགས་འདེགས་གནང་ཐུབ་ཚེ་རབ་རེད། མ་ཐུབ་ནའང་སེམས་ཤུགས་མ་ཆགས་པ་བྱས་ནས་སྲིད་ཕྱོགས་ནས་ཆིག་སྒྲིལ་བཟོ་དགོས་པ་རེད།”ཅེས་པ་འདི་ཙམ་ལས་རང་བཙན་སྲིད་བྱུས་བཟུང་ཡང་དམིགས་བསལ་ལས་རྒྱུ་མེད་ན་འདི་དག་ནི་ང་ཚོས་ད་བར་དུ་བྱས་དང་བྱེད་ཀྱིན་པ་ཞིག་རེད། དེ་རང་བཙན་གྱི་སྲིད་ཇུས་མ་བཟུང་ན་བྱེད་མི་དགོས་པ་ཞིག་དང་ཡང་ན་བྱེད་མི་ཐུབ་པ་ཞིག་ག་ལ་ཡིན། གཞན་གསར་བ་ཅང་བྱེད་རྒྱུ་མི་འདུག་ག
༣༽ཡང་”བོད་ཀྱི་རྩ་དོན་གྱི་ལངས་ཕྱོགས་ད་ལྟའི་བོད་གཞིས་ལུས་མི་མང་གི་མངོན་འདོད་དང་བསྟུན་པར་འབད་བརྩོན་བྱེད་དགོས་ཀྱི་འདུག་ཅེས་༸རྒྱལ་བ་རིན་པོ་ཆེར་ཞུ་ཐུབ་ཚེ། ༸རྒྱལ་བ་རིན་པོ་ཆེའི་ཐུགས་དགྱེས་ངེས་རེད། དེ་ནས་༸རྒྱལ་བ་རིན་པོ་ཆེར་ལམ་སྟོན་ཞུས། ང་ཚོས་ཀྱང་ནུས་པ་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་ནས་འཐབ་རྩོད་བྱེད་དགོས་པ་རེད་དྲན་བྱུང་།”ཞེས་ཟེར། ང་ཚོས་འདི་ལྟར་ཧམ་བཤད་ཞུ་མི་ནུས། ཁྱེད་ཀྱིས་ངོ་མ་འདི་ལྟར་ཞུས་ན་༸གོང་ས་མཆོག་གི་ཐུགས་མཉེས་ནས་ལམ་སྟོན་གསར་བ་ཞིག་གནང་ངེས་རེད་སྙམ་པའི་འཁྲུལ་སྣང་ཞིག་ཡོད་ན། ཁྱེད་རང་ཚོས་དངོས་སུ་གཟིམ་ཆུང་མཇལ་ཁ་ཞུ་བའམ་ཡང་ན་གཞོན་ནུ་ཚོགས་པ་དང་ལྷན་དུ་སྙན་ཞུ་ཞིག་ཕུལ་ན་དེ་ནས་ལན་གསལ་བོ་ཞིག་རག་གི་རེད།
ཁྱེད་རང་ཚོས་བསམ་བློ་འདི་འདྲ་བཏང་ནས་བསྡད་ཡོད་པས་ངས་མགོ་རྨོངས་དང་ལམ་ནོར་རེད་ཅེས་ཞུས་བསྡད་ཡོད།
ཁ་ནས་བཤད་ན་བདེ་པོ་དང་ལག་ལེན་སྟར་ན་ཁག་པོ་ཡོད།
རྒན་ལྷ་མོས་གང་ལམ་སྟོན་གནང་པ་དེ་ཕྱོགས་སུ་བསྐྱོད་ན་བཟང་བ་ཡོད།
རང་བཙན་ཚང་མ་དགོས་ཡོད། ཡིན་ནས་དབུ་མའི་སྲིད་བྱུས་དེ་གཉིས་སྨན་ཡིན་པར་མགྱོགས་པོ་རག་པ་དེ་ལས་བཟང་བ་སྲིད་བྱུས་མེད་ལ་མ་འོངས་པ་ཡོང་འགྱུར་དཀའ།
བུ་བོ་རི་ལགས། ད་ངས་བལྟས་ན་རྣམ་པ་ཚོས་དབུ་མའི་ལམ་གྱི་སྐོར་གྱི་ཡིག་ཆ་ཅ་ཚང་ཞིག་སློབ་སྦྱོང་ཡག་པོ་ཞིག་བྱོས་དང་དེ་ནས་ལན་གསལ་བོ་དང་ཟབ་མོ་མང་ཞིག་རྙེད་ངེས་ཡིན། ད་དེས་དགའ་ས་རེད།
དེ་རིང་རྒྱ་ནག་གི་གསར་འགྱུར་འགའ་བལྟས་རྗེས་ངས་དམིགས་བསལ་གྱི་ཚིག་ཁ་ཤས་ཤིག་ཐོས་པ་གཤམ་གསལ།
རྒྱ་ནག་ཐབས་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་ཊུ་ཝུ་ཆུན་གྱིས་ཚོགས་འདུ་ཞིག་བསྐོབ་ཚོགས་བྱས་ཏེ་ཁོ་པས་བརྗོད་དོན་་་་་་ང་ཚོའི་ཀྲུང་དབྱངས་ཏང་གིས་དབུ་འཁྲིད་ངོས་ནས་ནམ་ཡང་ཏྰ་ལའི་རུ་ཚོགས་དང་མཉམ་དུ་གྲོས་མོལ་བྱེད་མི་སྲིད་པ་ཞིག་རེད།
ང་ཚོ་དང་ཏྰ་ལའི་རུ་ཚོགས་ཀྱི་འཐབ་རྩོད་ནི་ཡུན་རིང་གི་འཐབ་རྩོད་དང་། རྙོག་འཛིན་གྱི་རང་བཞིན། རྣོ་ངར་ཆེའི་འཐབ་རྩོད་ཅིག་ཡིན་སྟབས། ང་ཚོས་ཐ་གཅིག་ཏུ་འཐབ་རྩོད་བྱས་ཏེ་ཁ་བྲལ་གྱི་བྱ་སྤྱོད་རྣམས་ཕམ་པར་རྒྱོབ་དགོས་་་་། ཞེས་ནན་བཤད་བྱས་སོང་།
ད་ང་ཚོས་བོད་ཀྱི་རྩ་དོན་དེ་ཐབས་ཇུས་གང་འདྲ་ཞིག་གིས་འོག་ནས་གླེང་སློང་བྱེད་དགོས་སམ། ད་དུང་འགྲོ་ལམ་གང་འདྲ་ཞིག་བཙལ་དགོས་སམ། མནོ་བསམ་ཡག་པོ་གཏོང་དགོས་པའི་དུས་ཚོད་ཅིག་རེད་སྙམ།
ང་ཚོས་འདི་གར་ཁ་ཝུ་བ་དང་ཀླད་པ་དར་བ་བྱས་ཏེ་མང་བོ་ཞིག་གླེང་བཞིན་ཡོད་མོད། ལས་ཀྱི་སྣེ་མོ་བ་དང་གཞན་དག་ཚོས་ང་ཚོར་བལྟས་ཏེ་གད་མོ་ལྷུག་ལྷུག་དགོད་བཞིན་ཡོད་ངེས། དེ་བས་ན་ཐང་ཆད་པའི་སྣང་བ་ཞིག་ཀྱང་འོང་བས། ད་ནས་ང་ཚོས་མཚམས་འཇོག་བྱེད་ན་ཇི་འདྲ་འདུག གཞན་གོང་འོག་སྐད་ཆ་མང་བོ་ཞིག་ལ་བསྐྱར་ལྟ་ཞིག་བྱས་ཚེ། རེ་གཉིས་ཤིག་མ་གཏོགས་རྩོད་པའི་ཆེད་དུ་རྩོད་པ་བྱེད་བཞིན་འདུག་པས། གྲུབ་འབྲས་ཅི་ཡང་ཐོབ་མི་སྲིད་པ་ཞིག་རེད།
ཞོར་དུ་སྙན་བཟང་ལགས་ལ་ཞུ་རྒྱུར། དུས་ཡུན་གྱི་ལྕོགས་མིན་ཞེས་པ་ནི། རེ་བ་ཡོད་པའི་དབུ་མའི་ལམ་གྱི་ལམ་ཐག་ཉེ་ས་ནས་མི་འགྲོ་བར་རེ་བ་མེད་པའི་རང་བཙན་གྱི་ལམ་ཐག་རིང་ས་ནས་འགྲོ་རྒྱུ་ཟེར་ན། དམིགས་འབེན་དུ་སླེབས་རྒྱུར་ང་ཚོའི་སྲོག་དབུགས་དང་ཚེ་སྲོག་གིས་འདང་མིན་ཤོད་ཅེས་པའི་དོན་ཡིན།
གཞན་ལྷ་མོ་སྐྱབས་ལགས་ཀྱིས་གསུངས་བ་བཞིན་བདག་གིས་ཀྱང་སྔར་ཞིག་ལ་ཐབས་ལམ་གང་དྲན་འགའ་རེ་བཤད་ཡོད། དྲ་གནས་འདི་གཉིས་ནང་གཟིགས་རོགས།
https://tibettimes.net/wordpress/news.php?cat=5&&id=5042
གཞན་ད་དུང་འབོད་སྐུལ་ཞིག་ཀྱང་ཡོད་པས། དྲན་གནས་གཤམ་གྱི་འདི་ཡིན།
https://tibettimes.net/wordpress/blogs.php?id=265&post_id=18441
བློ་བཟང་ལགས། “རྒྱལ་བ་རིན་པོ་ཆེར་དད་པ་མེད་པའི་མི་ཞིག་བོད་མི་ཚོའི་ཁྲོད་དུ་ཡོད་དམ”ཞེས་དྲིས་པས་ན་ངས་ཡོད་ཅེས་ལན་བཏབ་པ་ཙམ་ཡིན། དེ་མི་འོས་སམ།
བསྟན་འཛིན་ཤེས་རབ་ལགས།
ཁྱེད་ཀྱི་དྲི་བ་དེ་དག་ངས་མཐོང་བྱུང་། ཡིན་ནའང་དུས་ཚོད་ཀྱིས་མ་ལྕོགས་པ་རེད། ངས་མདོར་བསྡུས་ཤིག་ཞུ། རང་བཙན་གྱི་ཐབས་ལམ་ཅི་ཡིན་ཞེས་པ་ནི་དྲི་བ་རྒྱ་ཆེན་པོ་རེད། འདི་མི་གཅིག་གིས་ནུས་པ་ཞིག་ཀྱང་མ་རེད། ཡིན་ནའང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེར་གཏོགས་མ་གཏོགས་མཁན་ཚང་མས་འདི་ལ་བགྲོ་གླེང་ཆེན་མོ་ཞིག་གནང་དགོས་པ་རེད་དྲན། དེ་ནས་གཞི་ནས་དོན་དག་ངོ་མ་དེ་ལྷང་ལ་འབུད་ངེས་རེད། ལམ་དབུ་མར་བརྟེན་ནས་བོད་དོན་ལ་གདེང་ཚོད་ཅིག་མེད་དུས་བོད་རང་བཙན་ལ་གདེང་ཚོད་ཅིག་གང་ནས་ཡོད་ཀྱང་། དོན་དངོས་སུ་བོད་དོན་འདི་རྒྱ་ནག་གི་དཔོན་རིགས་ཁ་ཤས་ཤིག་ལ་ཐུག་བསྡད་ཡོད་པ་དང་། རྒྱ་ནག་དཔོན་རིགས་ཁ་ཤས་ཀྱི་ྐླད་པར་བསེར་བུ་ཕྲ་མོ་ཞིག་ཤོར་དགོས་པ་དེ་རེད། རྒྱལ་སྤྱིའི་སྒང་ནས་འདི་ལ་གནོན་ཤུགས་སྤྲོད་ཀྱི་མ་རེད་སེམས། རྒྱལ་ཁབ་སྟོབས་ཆེན་ཚོས་ཀྱང་དཔལ་འབྱོར་གྱི་གནས་བབ་ཅིག་ལ་དམིགས་ཏེ་རྒྱ་ནག་དང་བསྟུན་ཤེས་གནང་གི་ཡོད་མ་གཏོགས། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་མཁྱེན་གི་ཡོད་ངེས་རེད། གཞན་དག་གི་སྣང་བ་མཐུན་མིན་གྱི་སྐོར་ནས་ངས་བཤད་མི་ཤེས། དུས་ཡུན་གྱིས་ལྕོགས་ཞེས་ན་ག་རེ་གསུང་གི་ཡོད་དམ། མཇུག་འབྲས་འདི་ཡང་ང་ཚོས་གླེང་ནུས་བྲལ། དགོངས་ཚུལ་སྤེལ་བར་ཐུགས་རྗེ་ཆེ།
ད་ཁྱེད་རང་གིས་‘‘ཡིད་བཞིན་ནོར་བུ་ཐུགས་རབ་ཏུ་དགྱེས་ནས་སྐུ་དབང་གསོལ་རས་གནང་བ་ཞིག་རེད་བསམ་གྱིན་ཡོད་དམ་’’ཞེས་པ་དེའི་སྐོར་ལ་བཤད། ༸རྒྱལ་བ་རིན་པོ་ཆེས་སྲིད་དོན་གྱི་ཐུགས་འགན་མི་དམངས་ལ་གནང་འདོད་ཀྱི་ཐུགས་དགོངས་སྔ་མོ་ནས་བཞེས་ཡོད་པ་མ་གཏོགས། གློ་བུར་དུ་རང་བཙན་འཐབ་རྩོད་པ་ཚོས་རྒྱལ་བ་དོན་གྱི་བདག་པོར་གནོན་ཤུགས་སྤྲད་བཞག་པ་ཞིག་མ་རེད། རྒྱལ་བ་རིན་པོ་ཆེས་ཀྱང་‘‘ང་དགའ་བཞིན་སྤྲོ་བཞིན་དུ་བོད་ཀྱི་ཆབ་སྲིད་ཀྱི་འགན་ཆ་ཚང་བོད་མི་མང་ལ་གནང་བ་ཡིན་’’ཞེས་གསུངས་ཡོད་པ་མ་རེད་དམ། ཁྱེད་རང་གིས་ཤེས་དགོས་པ་ནི། ༸རྒྱལ་བ་རིན་པོ་ཆེས་གང་ལ་ཐུགས་ཕམ་གནང་གི་ཡོད་པ་རེད་ཟེར་ན། ངས་བདམས་པའི་ལམ་དབུ་མར་བརྟེན་ནས་བོད་དོན་ལ་འགྱུར་བ་ཞིག་རྩ་ནས་བྱུང་མ་སོང་ཞེས་དང་། བོད་གཞིས་ལུས་མི་མང་གི་སྙིང་ལ་རྒྱ་སྟག་དམར་པོའི་སྡེར་ཕྲེང་འབབ་བཞིན་ཡོད་ཅེས་དང་། དེ་བཞིན་དུ་ང་ཚོ་བོད་ཁ་བ་ཅན་དུ་མགྱོགས་པར་ཕེབས་ཐུབ་ཀྱི་མི་འདུག་དགོངས་བཞིན་ཐུགས་ཕམ་གནང་གི་ཡོད་པ་རེད་བསམ་གྱིན་འདུག
འཇམ་དབྱངས་ནོར་བུ་དང་། ལྷ་བཟང་ཚེ་རིང་། ྐླུ་མཁར་བྱམས་སོགས་ཀྱི་དགོངས་ཚུལ་ངས་ཤེས་བྱུང་། གཏམ་བཤད་དག་ཀྱང་ངས་གོ་བྱུང་། ངས་ཁོང་ཚོའི་དགོངས་ཚུལ་ལ་བསམ་ཤེས་བྱེད་ཐུབ་ཀྱི་འདུག ཡང་། ཉོན་ཨཱ། ང་ལ་མཚོན་ན་ལམ་དབུ་མའི་སྲིད་ཇུས་འདི་ནི་ཆད་མཐའ་དང་རྟག་མཐར་ལྷུང་བའི་གྲུབ་མཐའ་ཞིག་རེད་སྙམ་གྱིན་མེད། ངས་སྲིད་ཇུས་འདི་ལ་གྲུབ་འབྲས་བྱུང་མ་སོང་ཞེས་གླེང་གི་ཡོད། ༸རྒྱལ་བ་རིན་པོ་ཆེས་ཧ་ཅང་གུ་ཡངས་ཀྱི་ཐུགས་དགོངས་རྒྱ་ཆེན་པོ་བཞེས་ནའང་། རྒྱ་ནག་གིས་ཐའེ་ལྦན་རང་བཙན་ཡིན་པ་ཁས་ལེན་དགོས་ཞེས་ཤོད་བཞིན་དུ། བོད་མི་མང་ལ་སྡུག་པོ་གཏོང་གི་ཡོད། ཐ་ན་༸རྒྱལ་བ་རིན་པོ་ཆེར་མཚན་སྨད་ག་འདྲ་ཞིག་བྱས་པ་རེད། དེ་ནས་བོད་ནང་དུ་བསམ་བློ་ཞིག་བཏང་བ་ཡིན། རང་བཙན་གྱི་སྣང་བ་བོད་ཀྱི་རི་གསུམ་རྩེ་དང་། ལུང་གསུམ་མདོ་ལ་ཁྱབ་འདུག རྐྱེན་དེ་ལ་བྱས་ཏེ་རྩོམ་འདི་བྲིས་ཤིང་། ང་ལ་སྙུག་རྩལ་མེད་སྟབས་ཀྱིས་ཚིག་རྩུབ་པོ་རེ་ཟུང་ལག་བར་ནས་ཤོར་ཡོད་སྲིད། དེ་ལ་མཐོལ་ལོ་བཤགས་ཞེས་ྐློག་པ་པོ་ཚོར་ཞུ་རྒྱུ་ཡིན།
ཉིན་འགའི་གོང་དུ། ཁྱེད་རང་གིས་ངེད་ཀྱི་རྩོམ་གྱི་ནང་དོན་ལ་གནམ་ཡིག་ནང་ནས་ཁ་བརྡ་བྱས་པ་ཡིན་བཤད་སོང་། ཁྱེད་ཀྱིས་ངའི་རྩོམ་གྱི་ནང་དོན་ལ་ཁ་བརྡ་བྱས་པ་དྲན་མ་སོང་། ཡང་བསྐྱར་གསལ་བཤད་ བྱེད་རོགས། ཡིན་ནའང་གནམ་ཡིག་ནང་ནས་ངས་གསལ་པོར་ཐོས་པ་ནི། ཁྱེད་རང་གིས་བློ་བཟང་སེང་གེར་ང་ལ་གཞུང་གི་ལས་ཀ་སྤྲད་ཚེ་རྒྱ་གར་དུ་ཡོང་གི་ཡིན་ཞེས་བཤད་པ་དེ་རེད། དེ་རིང་ཡང་། ཁྱེད་ཀྱིས་‘‘གལ་ཏེ་ང་ཚོའི་གཞུང་རང་དང་སྐུ་སྒེར་ཡིག་ཚང་ལྟ་བུར་མཁོ་ནས་སྐད་བཏང་ན་ང་འགྲོ་ཐུབ་ངེས་ཡིན་’’ཞེས་བཤད་སོང་། སྐབས་དེར་ང་ཧ་ལས་སོང་། ཧ་ལས་དགོས་དོན་ནི་ཁྱེད་ལ་ངེས་པར་དུ་བློ་བཟང་སེང་གེས་ལས་ཀ་ཞིག་སྤྲོད་དགོས་པ་དེ་རེད། སྔོན་ཆད་ཁྱོད་ལ་ཐོབ་དང་གོ་ས་ཡོད་པ་རེད། སྤྱི་འཐུས་ཡིན་ཐོག་ཏུ་ནུབ་ཕྱོགས་སུ་ཡོང་བ་རེད། སྤྱི་འཐུས་ཀྱི་ལས་ཀ་དེ་ཁྱོད་ལ་མ་དགོས་པ་རེད། དེ་བཞིན་དུ། ཁྱེད་རང་ས་རཱ་སློབ་གྲྭའི་དགེ་རྒན་ཞིག་རེད། བོད་ཕྲུག་ཚོར་བོད་ཀྱི་རིག་གནས་ཀྱི་སྦྱིན་པ་གཏོང་གཏོང་བ་ལས་ནུབ་ཕྱོགས་ཀྱི་མགོ་སེར་ཚོར་དབྱངས་ཡིག་དང་གསལ་བཤད་སློབ་པར་བྲེལ་བ་རེད། ད་དུང་། ཁྱེད་རང་གིས་རྒྱ་ནག་གི་འཁྱོག་བཤད་ཀྱི་དེབ་དང་ཡིག་ཆ་ཁག་ལ་ལན་འདེབས་བྱེད་འདོད་ཚེ། ཁྱེད་རང་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་མ་རེད་དམ། ཁྱེད་ཅག་གི་ལས་འཆར་ནང་དུའང་ལས་གཞི་འདི་ཡོད་སྟབས། ངེས་པར་དུ་ཁྱེད་རང་གཞུང་རང་དང་སྐུ་སྒེར་གང་རུང་ཞིག་ཏུ་འགྲོ་དགོས་དོན་ག་རེ་ཡིན་ནམ་སྙམ་པ་དེ་ཡིན། འདི་ལ་ང་ཡ་མཚར་སོང་། ཡ་མཚར་ནས་བཤད་པ་ཡིན། གཞན་ཁྱེད་རང་ང་དང་བསྡུར་ས་ག་ལ་འགྲོ། ཚིག་གཅིག་གི་ལམ་ནས་བཤད་ན། ང་ནི་གཞི་རིམ་གྱི་མི་ཞིག་རེད།
མཇུག་ཏུ་དོན་དག་གཅིག་རང་བཤད་འདོད་པ་ནི། ངས་ལམ་དབུ་མར་བརྟེན་ནས་བོད་དོན་ལ་གྲུབ་འབྲས་མེད་སྟངས་ནི་རྒྱུ་མཚན་དང་བཅས་ཏེ་བཤད་ཡོད། ཁྱེད་རང་གིས་གྲུབ་འབྲས་ཡོད་ཕྱོགས་ནས་བཤད་དགོས་པར་མ་ཟད། ང་ཚོས་ཡུ་གུར་དང་སོག་པོ་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་དང་མཉམ་འབྲེལ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་པར་གདེང་ཚོད་ཡོད་སྟངས་ཀྱི་སྐོར་ལ་བཤད་རོགས། དེར་ངས་རེ་བ་རྒྱག་གི་ཡོད།