མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱའི་རོལ་མོའི་འདུ་འཛོམས།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

དོ་ནུབ་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གྲྭར་བོད་རྒྱའི་རོལ་མོའི་འདུ་འཛོམས་ཤིག་ཚོགས་ཏེ། བོད་ཀྱི་གཞས་པ་བཀྲས་ཆུང་ལགས་དང་རྒྱའི་རོལ་མོ་བ་གྲགས་ཆེན་ཝང་ལགས་གཉིས་མཉམ་ཞུགས་བྱས་ཡོད།

ཨ་རིའི་ནང་གི་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ དང་སྐར་མ་ ༣༠ ཐོག་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་བོད་རྒྱ་མཉམ་འཛོམས་ཀྱི་རོལ་མོའི་འདུ་འཛོམས་ཤིག་ཚོགས་ཡོད་པ་དང་།  ལྟད་མོ་བ་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་སྤྱི་དང་། ཁྱད་པར་དུ་བོད་ཕྱི་ནང་གཉིས་སུ་བསྟན་སྲིད་མི་རིགས་སླད་རང་ལུས་མེ་ལ་སྒྲོན་མཁན་འདས་གསོན་དག་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཞུས་སོང་།

ཨ་རིར་བརྟན་གཞི་བྱས་པའི་(Shelley and Donald Rubin)ཞེས་པའི་ཐེབས་རྩ་ཚོགས་པས་སྦྱིན་བདག་བྱས་ཤིང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཆོས་ལུགས་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་ཏཱ་ར་ཌོཡེལ་(Dr. Tara Doyle)དང་། སེ་རཱ་མཱེཁི་ལེན་ཊོཀ་(Dr. Sarah Mclintock)གཉིས་ཀྱི་གོ་སྒྲིག་འོག  ཁཱར་ལོསི་འགྲེམ་སྟོན་ཁང་དུ་བཙན་བྱོལ་དུ་འཚར་ལོངས་བྱུང་ཞིང་ཨ་རིར་གནས་བཞུགས་བོད་ཀྱི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ཀྱི་རོལ་མོའི་འདུ་འཛོམས་ཤིག་སྐོང་ཚོགས་གནང་ཡོད་པ་དང་།  ཁོང་དང་མཉམ་དུ་རྒྱ་རིགས་རོལ་མོ་བ་གྲགས་ཅན་ཝང་(Guang Wang)ལགས་མཉམ་ཞུགས་བྱས་ཡོད་པ་རེད།

 

རོལ་མོའི་འདུ་འཛོམས་ཐོག་སྐུ་ཞབས་བཀྲས་ཆུང་གིས་རང་ལུས་མེ་ལ་བསྒྲོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་བཅུ་གསུམ་པོར་རྗེས་དྲན་གྱི་མཆོད་མེ་སྒྲོན་པ་དང་། རྩོམ་པ་པོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཚིག་བརྩམས་པའི་གཞས་ཤིག་ཀྱང་ལྟད་མོ་བ་དག་ལ་སྙན་སྒྲོན་ཞུས་རྗེས། སློབ་དཔོན་ཏཱ་ར་ལགས་ཀྱིས་འཛམ་གླིང་ཁྱོན་དུ་གནས་པའི་བོད་རིགས་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་ཆེད་རང་རང་གི་ངོ་དེབ་ཀྱི་པར་རིས་ཚབ་ཏུ་མཆོད་མེའི་པར་རེ་འཇོག་གི་ཡོད་པ་ལྟར་ལས་འགུལ་དེར་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས་སོང་ལ། ཐེངས་འདིར་བོད་ཀྱི་གཞས་པ་བཀྲས་ཆུང་དང་རྒྱ་རིགས་རོལ་མོ་བ་སྐུ་ཞབས་ཝང་གཉིས་མཉམ་རུབ་ཐོག་རོལ་མོའི་འདུ་འཛོམས་འདི་འདྲ་ཞིག་ཚོགས་གནང་ཐུབ་པ་འདིས། མི་རིགས་འདི་གཉིས་བར་མཐུན་ལམ་དང་མ་འོངས་པར་མདུན་སྐྱོད་ཐོག་སྐུལ་འདེད་ཅིག་ཡིན་ཚུལ་བཅས་བརྗོད་བྱུང་།  

 བཀྲས་ཆུང་ལགས་ད་ཆ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རོལ་མོ་སློབ་ཀྱིན་ཡོད་པ་དང་། རྒྱ་རིགས་རོལ་མོ་བ་གྲགས་ཅན་ཝང་ལགས་ཀྱང་སློབ་གཉེར་ཁང་འདིར་རོལ་མོ་ཁྲིད་ནས་ད་བར་ལོ་ངོ་དྲུག་ཙམ་ཕྱིན་ཡོད་འདུག གསར་འགོད་པས་རོལ་མོ་བ་གྲགས་ཅན་སྐུ་ཞབས་ཝང་ལ་ཐེངས་འདིར་བོད་མི་དང་མཉམ་དུ་རོལ་མོ་འདུ་འཛོམས་འདིར་ཞུགས་པའི་མྱོང་ཚོར་དྲིས་དུས། ཁོང་གིས་ “ང་རང་རྒྱ་ནག་ཏུ་སྐྱེས་ཤིང་། དམར་པོའི་སློབ་གསོའི་ལམ་ལུགས་འོག་ཏུ་འཚར་ལོངས་བྱུང་པ་ཞིག་ཡིན་རུང་། རྩ་བའི་ཆ་ནས་ང་རང་སྒྱུ་རྩལ་པ་ཞིག་ཡིན། ཆབ་སྲིད་ཀྱི་ཐད་ནས་ང་ལ་འཆར་སྒོ་ཅི་ཡང་མེད། ང་རང་ཨ་རིར་འབྱོར་ནས་ད་བར་དུ་ལོ་ངོ་བཅུ་དྲུག་ལྷག་འགོར་འདུག་པས།  ངས་བོད་མིའི་སྐྱིད་སྡུག་ཤེས་ཀྱི་ཡོད་སྟབས། དེ་རིང་འདིར་མཉམ་ཞུགས་བྱས་པ་ཡིན། གང་ཡིན་ཟེར་ན། རོལ་དབྱངས་ཟེར་བ་འདི་ང་ལ་མཚོན་ན་རྒྱལ་སྤྱིའི་རང་བཞིན་གྱི་སྐད་ཡིག་ཅིག་རེད། མི་དང་མིའི་སེམས་པ་མཐུད་བྱེད་ཅིག་རེད། ” ཟེར།

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནི་ལོ་ངོ་ ༡༧༥ གོང་དུ་ཡི་ཤུའི་ཆོས་ལུགས་པའི་སྡེ་ཞིག་གིས་བཙུགས་ཤིང་ད་ལྟ་ལོ་ན་༡༧༥ ཟིན་ཡོད་པ་དང་།  སྤྱི་ལོ་ ༢༠༠༧ ལོར་ཇི་ལྟར་གསོལ་བ་བཏབ་པ་ལྟར་༧གོང་ས་མཆོག་གིས་སློབ་གཉེར་ཁང་འདིའི་ཁྱད་འཕགས་གཙུག་ལག་སློབ་དཔོན་ཆེན་མོའི་མཚན་གནས་བཞེས་ཡོད་པ་རེད།

ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    སེམས་བསམ་པས་བྲིས་པའི་གཞས་ཚིག་དེ་ཉིད་གླུ་བ་བཀྲས་ཆུང་ལགས་ཀྱིས་མཛད་སྒོ་འདི་འདྲ་ཞིག་གི་ཐོག་ནས་རྒྱ་ཆེའི་གསན་མཁན་མང་པོའི་སྙན་དུ་ཕུལ་གནང་བར་ཧ་ཅང་དགའ་བོ་བྱུང། རྟེན་འབྲེལ་བཟང་པོ་ཞིག་ཏུ་ཡང་ཚོར་སྣང་བྱུང། འདི་ལྟའི་ལས་འགུལ་རིགས་ལ་ནུས་པ་ཧ་ཅང་ཆེ་བས་མུ་མཐུད་གོ་སྐབས་དེ་དག་གང་མང་ལེན་ཐབས་ཡོང་བར་སྨོན་ཡོད།

    Reply
  2. རྐ་སྲས། says:
    ལོ་ 15 སྔོན།

    འདི་ལྟར་བོད་རྒྱ་མི་དམངས་ཀྱི་བར་ལ་འགལ་བ་གང་ཡང་མེད་པའི་གོ་རྟོགས་སྤེལ་དགོས་པ་དང་།  མི་རིགས་གཉིས་ཀྱི་མི་དམངས་རྣམས་མཛའ་མཐུན་གོང་མཐོར་གཏོང་ཐུབ་པ།  བོད་མི་རྣམས་རྒྱ་ནག་གཞུང་འཛིན་པའི་ལྟ་བར་མི་མོས་པ་ལས་རྒྱ་མི་རིགས་ལ་མི་དགའ་བ་ཅི་མེད་པ།  གཞུང་འཛིན་པས་མི་རིགས་གཉིས་ཀྱི་མི་འགྲིག་པའི་ཆ་ཞིག་བེད་སྤྱོད་གཏོང་མི་ཐུབ་པ་བཅས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།  རྒྱ་ནང་ནས་འབྱོར་བའི་རྒྱ་མི་ཉུང་བ་ཞིག་གི་སེམས་སུ་བོད་མི་རྣམས་རྒྱ་མི་ལ་མི་དགའ་ཞིང་ཕར་ཆེར་བོད་མི་ཚོས་ད་ཐེངས་ངའི་ཐོག་ལག་པ་རྐྱང་མི་ཡོང་ངམ་བསམ་མཁན་ཡང་ཡོད་པ་རེད།  དེ་ནི་ཕན་ཚུན་ལ་རྒྱུས་ལོན་དང་མི་རིགས་གཉིས་པོ་ཕན་ཚུན་མཛའ་འབྲེལ་གྱིས་ཕུང་བའི་རྟགས་ཤིག་རྐྱང་རེད།  

    Reply
  3. ཤིང་ལོ། says:
    ལོ་ 15 སྔོན།

    ཐབས་ལམ་འདྲ་མིན་ཀྱི་ཐོག་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་ཕེབས་སྐྱེལ་ཞུ་དགོས་ཤིང་། མ་འོངས་རྒྱལ་ཁབ་གསར་འཛུགས་ལ་ཤུགས་སྣོན་རམ་འདེགས་ཞུ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese