མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ལྔ་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མདོ་སྨད་ཀན་ལྷོ་ཅོ་ནེ་བཀྲ་ཤིས་ཆོས་འཁོར་གླིང་གི་གྲྭ་བ་གཉིས་དང་མི་སྐྱ་གསུམ་བཅས་ལ་རྣམ་པ་མི་འདྲ་བའི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བཀག་ཉར་བྱས་འདུག

བཞུགས་སྒར་དབུས་སྣེ་ལེན་ཁང་དུ་ཡོད་པའི་གྲྭ་སྐལ་བཟང་ཆོས་གྲགས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས། ༢༠༠༠༨ ལོར་མདོ་སྨད་ཅོ་ནེ་རྫོང་དུ་ཞི་བའི་སྐད་འབོད་སྐབས་ཀྱི་རྒྱ་དར་བསྒྲེངས་མཁན་ཡིན་པའི་ཉེས་མིང་འོག ཅོ་ནེ་རྫོང་མདོ་ཁོག་ཞང་དུ་ཡོད་པའི་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་དགོན་པའི་མཚན་ཉིད་གྲྭ་ཚང་གི་རང་ལོ་ ༤༠ ཡིན་པའི་གྲྭ་བསྟན་འཛིན་རྒྱ་མཚོ་ལགས་སུ་ལོ་ ༡༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ལན་གྲུའུ་གྲོང་ཁྱེར་གྱི་ཏ་ཧྲ་པེ་ཞེས་པའི་བཙོན་ཁང་དུ་བཙོན་འཇུག་དང་། རྒྱུད་པ་གྲྭ་ཚང་གི་རང་ལོ་ ༢༨ ཡིན་པའི་གྲྭ་བསྟན་འཛིན་རྒྱ་མཚོ་ལགས་སུ་ལོ་ ༡༣  གྱི་ཁྲིམས་ཐག་བཅད་དེ་ཀན་སུའུ་ཏེན་ཞི་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་མ་ཟད། སྐབས་དེའི་ངོ་རྒོལ་སྐབས་མི་མང་གི་སྣེ་འཁྲིད་མཁན་ཡིན་པའི་ཉེས་མིང་འོག མདོ་ཁོག་ཞང་མར་ཙ་སྡེ་བའི་རང་ལོ་ ༣༨ ཡིན་པའི་རིན་ཆེན་ཚེ་རིང་དང་རང་ལོ་ ༢༥ ཡིན་པའི་བསྟན་འཛིན་བཀྲ་ཤིས། ཉིན་པ་ཞང་ཉིན་པ་སྡེ་བའི་རང་ལོ་ ༣༠ ཡིན་པའི་བློ་བཟང་རྡོ་རྗེ་བཅས་གསུམ་ལ་ལོ་ ༨ རེ་ཁྲིམས་ཐག་བཅད་དེ། བློ་བཟང་རྡོ་རྗེ་ཀན་སུའུ་པེ་ཡི་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་དང་། གཞན་གཉིས་ཏ་ཧྲ་བཙོན་ཁང་དང་ཏེན་ཞི་གྲོང་ཁྱེར་གྱི་བཙོན་ཁང་བཅས་སུ་བཙོན་འཇུག་བྱས་ཏེ། ཁོང་ཚོའི་ནང་མི་གཉེན་འབྲེལ་ཚོར་ཟླ་རེར་ཐེངས་རེར་ཐུག་འཕྲད་དང་རྒྱ་སྒོར་ ༡༠༠ ཡན་སྤྲད་མི་ཆོག་པའི་སྒྲིག་གཞི་བཟོས་ཡོད་འདུག

གྲྭ་སྐལ་བཟང་ཆོས་གྲགས་ལགས་ཀྱིས་བརྗོད་པ་ལྟར་ན། ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༨ ཉིན་ཅོ་ནེ་བཀྲ་ཤིས་ཆོས་འཁོར་གླིང་གཙོས་སེར་སྐྱ་གཉིས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་རྗེས། གྲྭ་བསྟན་འཛིན་རྒྱ་མཚོ་ཆེ་ཆུང་གཉིས་གཙོས་པའི་གྲྭ་བ་བཞི་བྲོས་བྱོལ་དུ་ཆས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་གཉིས་ཀྱི་ནང་མི་འཛིན་བཟུང་གིས་ཁོང་གཉིས་རྩིས་སྤྲོད་མ་བྱས་ཚེ་ནང་མི་ཚང་མར་ཉེས་པ་གཏོང་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་སྟབས། ཁོང་གཉིས་ཀྱིས་ནང་མིའི་བདེ་འཇགས་བསམ་སྟེ་ཉེས་པ་ཁས་ལེན་བྱེད་དགོས་བྱུང་ཡོད་འདུག་ལ། གཞན་གྲྭ་བ་ ༣༠༠ ལྷག་འཛིན་བཟུང་གིས་དུས་ཡུན་འདྲ་མིན་རིང་འདྲི་བརྩད་དང་བཀག་ཉར་བྱས་ཡོད་པ་མ་ཟད།  གྲྭ་བ་ ༢༥༤ ལ་རྒྱ་སྒོར་ ༥༠༠༠ རེའི་ཆད་པ་དང་ས་གནས་མང་ཚོགས་ཁྲོད་དུའང་འཛིན་བཟུང་འདྲི་གཅོད་དང་རྣམ་པ་འདྲ་མིན་གྱི་ཆད་པ་བཅད་ཡོད་འདུག    

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 5

  1. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    གངས་ཅན་བསྟན་སྲིད་སླད་དུ།
    ཤ་རུས་སོ་སོར་འཐོར་ནའང་།
    ཞུམ་མེད་བཙན་པོའི་བརྒྱུད་ལ།
    བདག་གིས་སྙིང་ནས་བསྟོད་དོ།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    གངས་ཅན་བསྟན་སྲིད་སླད་དུ།
    ཤ་རུས་སོ་སོར་འཐོར་ནའང་།
    ཞུམ་མེད་བཙན་པོའི་བརྒྱུད་ལ།
    བདག་གིས་སྙིང་ནས་བསྟོད་དོ།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    གངས་ཅན་བསྟན་སྲིད་སླད་དུ།
    ཤ་རུས་སོ་སོར་འཐོར་ནའང་།
    ཞུམ་མེད་བཙན་པོའི་བརྒྱུད་ལ།
    བདག་གིས་སྙིང་ནས་བསྟོད

    Reply
  4. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    གངས་ཅན་དཔའ་བོ་དཔའ་མོ་རྣམས་ཀྱི་དཔའ་རྟགས་ལ་རྗེས་དྲན་ཞུ་དང་རྒྱ་གཞུང་ལ་ངོ་རྒོལ་བྱ་རྒྱུའི་ལས་རིམ་རེ་རེ་གཞུང་འབྲེལ་དང་ཚོགས་པ་ཁག་ནས་རྒྱུན་མཐུད་བྱ་གལ་ཆེན་པོ་ཆགས་ཡོད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྒོར་མོས་ཆད་པ་དེ་དག་ཇག་དམག་ཚོས་ཆང་འཐུང་སྤྱད་ལོས་ཡིན། མི་རིགས་དང་འབྲེལ་ནས་ཆབ་སྲིད་དང་འབྲེལ་ནས་ཉེས་ཆད་བཅད་དང་གཅོད་བཞིན་པ་ཚང་མར་གདུང་སེམས་མཉམ་སྐྱེད་ཡོད། ཚང་མ་མི་རིགས་ཀྱི་བུ་རྒོད་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese