མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་འབར་མའི་ནང་གདན་ཞུ་གནང་འཆར།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་སི་ཏ་གུ་ནང་པའི་དགོན་ཆེན་གྱི་མཁན་པོ་ཨ་ཞཱིན་ལགས་ཀྱིས། ལོ་རྗེས་མར་༸གོང་ས་མཆོག་འབར་མའི་ནང་གདན་ཞུ་གནང་འཆར་འདུག

ཟླ་འདིའི་ཚེས་ ༡༥ ཉིན་འབར་མའི་སི་ཏ་གུ་ནང་པའི་དགོན་ཆེན་གྱི་མཁན་པོ་ཨ་ཞཱིན་(Ashin Nyanissara)ལགས་ཀྱིས་༸གོང་ས་མཆོག་འབར་མའི་རྒྱལ་ས་རྙིང་པ་ཡང་གུན་ནང་རྟེན་གཞི་བྱས་པའི་རྩ་ཆེའི་ས་ཝི་ཌ་མཆོད་རྟེན་ལ་གནས་གཟིགས་སུ་གདན་འདྲེན་ཞུ་ཆེད། འབར་མའི་གཞུང་ནས་༸གོང་ས་མཆོག་འབར་མའི་ནང་གདན་ཞུའི་ཐད་མཐོང་མཆན་འབུལ་ལམ་གནང་རྒྱུའི་རེ་འདུན་ཞུས་ཡོད་འདུག

ཕྱི་ཚེས་ ༡༦ ཨ་རིའི་སྲང་ལམ་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་སི་ཏ་གུ་ནང་པའི་དགོན་ཆེན་གྱི་མཁན་པོ་ཨ་ཞཱིན་ལགས་ཀྱིས།  རྒྱུན་རིང་དྲག་པོའི་དམག་དཔུང་གི་འགོ་ཁྲིད་ཀྱིས་དབང་འཛིན་བྱས་པའི་འབར་མའི་རྒྱལ་ཁབ་འདིའི་ནང་མི་མང་བརྒྱ་ཆ་ ༨༠ ནང་པ་ཡིན་ཞིང་། འབར་མའི་སྲིད་འཛིན་ཉེ་ལམ་རྒྱ་གར་ནང་གཟིགས་སྐོར་སྐབས་སུའང་གཙོ་བོ་རྒྱ་གར་ནང་པའི་གནས་ཆེན་ཁག་ལ་ཆོས་མཇལ་དུ་བཅར་ཡོད་པ་དང་། དེ་བཞིན་ཁོ་རང་ཉེ་ཆར་རྒྱ་གར་ནང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ལ་ཚོགས་བཅར་སྐབས་བོད་ཀྱི་༸གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་བ་མ་ཟད། སྐབས་དེར་༸གོང་ས་མཆོག་འབར་མའི་ནང་གདན་ཞུ་འབུལ་རྒྱུའི་བཀའ་མོལ་ཡང་ཞུ་རྒྱུ་བྱུང་བ་དང་། སྤྱིར་ཁོ་རང་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་འཛམ་གླིང་ནང་པའི་བླ་ཆེན་གང་འདྲ་ཞིག་འབར་མའི་ནང་གདན་འདྲེན་ཞུའི་ཐོབ་ཐང་ཡོད་པར་བརྟེན།  ཁོའི་རེ་བར་ལོ་རྗེས་མའི་ནང་༸གོང་ས་མཆོག་འབར་མའི་རྒྱལ་ས་རྙིང་པ་ཡང་གུན་ནང་རྟེན་གཞི་བྱས་པའི་རྩ་ཆེའི་ས་ཝི་ཌ་མཆོད་རྟེན་ལ་གནས་གཟིགས་གདན་འདྲེན་ཞུ་ཐུབ་པའི་རེ་བ་གནང་བཞིན་ཡོད་པ་དང་། ཁོས་ད་ལྟ་ནས་མགོ་བརྩམས་ཏེ་གོམ་པ་རེ་རེ་རིམ་བགྲོད་ཀྱིས་འཆར་གཞི་དེ་ལེགས་འགྲུབ་ཡོང་ཐབས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 12

  1. ནད་པ says:
    ལོ་ 15 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར།།
    སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི།།
    འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན།།
    བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག།

    Reply
  2. ཁང་མུན་གྲོལ། says:
    ལོ་ 15 སྔོན།

    གསར་འགྱུར་འདི་གལ་ཆེན་རེད། དེ་བས་གལ་ཆེ་བ་ནི། ༸གོང་ས་མཆོག་འབར་མའི་ནང་ཆིབས་བསྒྱུར་གྲུབ་པ་དང་། བོད་བརྒྱུད་ནང་བསྟན་ལ་བཟུང་བའི་འབར་མའི་ཕྱོགས་ཀྱི་ལྟ་ཚུལ་མང་པོ་ཞིག་རང་བཞིན་གྱིས་གསེད་གྲོལ་ཡོང་གི་རེད་ལ། དེས་ནང་བསྟན་ཆོས་ལུགས་པ་ཚོ་ནང་སྔར་ལས་ཀྱང་མཐུན་པའི་བགྲོད་ལམ་ཞིག་གསར་དུ་སྒོ་ཕྱེ་རྒྱུ་ཡིན་པ་གདོན་མི་ཟ་བ་

    Reply
  3. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    རྒྱ་ནག་པོ་སྙིང་རླུང་སྟོད་ལ་འཚངས་ནས་དབུགས་ཆད་པར་བྱ།

    Reply
  4. ཤར་མདའ། says:
    ལོ་ 15 སྔོན།

    ཡང་རྒྱ་ནག་དམར་གཞུང་གི་སྙིང་ལ་ནད་གཞི་གསར་བ་ཞིག་འབྱུང་ངེས་རེད།  ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཅི་ལྟར་རྒྱས་ན་རྒྱ་གཞུང་ལ་ནད་རྟགས་གསར་བ་རེང་འབྱུང་གི་ཡོད་པ་འདི་ནི་དྲང་བདེན་མེད་པས་དཔང་རྟགས་ཞིག་ཡིན་པར་བརྗོད་མ་དགོས་པ་ཡིན།  

    Reply
  5. མྱི་ནག་ཚང་། says:
    ལོ་ 15 སྔོན།

    ཁ་ཉིན་ལྕམ་ཨང་སིན་སུ་སྐྱིད་ལགས་དང་རྒྱ་གཞུང་གི་གཞུང་ཚབ་པ་གཉིས་མཇལ་འཕྲད་གནང་བ་ཡང་དོན་དག་འདི་ལ་འབྲེལ་བ་ཡོད་སྲིད་པ་རེད ། རྒྱ་གཞུང་གིས་གཞུང་ཚབ་པ་དང་ལྕམ་ཨང་སིན་སུ་སྐྱིད་གཉིས་ཀྱི་མཇལ་འཕྲད་དེ ནི་ལྕམ་ཨང་སིན་སུ་སྐྱིད་ཀྱི་རེ་སྐུལ་བཞིན་དུ་མཇལ་འཕྲད་བྱས་པ་ཡིན་ལུགས་བསྒྲགས་སོང་། གང་ལྟར་ལྕམ་ཨང་སིན་སུ་སྐྱིད་ནི་༧གོང་ས་མཆོག་ལ་མཇལ་འདོད་ཡོད་ཀྱི་རེད་འདོད། འབར་མ་མི་དམངས་ཀྱིས་ཁོང་གི་ཆིབས་བསྒྱུར་ལ་རེ་སྒུག་གནང་གི་ཡོད་པ་རེད་འདོད།

    Reply
  6. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    གལ་སྲིད་དེ་ལྟར་བྱུང་ན་འབར་མའི་ནང་པའི་མི་རིགས་ཀྱི་རེ་བ་འགྲུབ་པ་རེད། སྨོན་འདུན་ཡོད།

    Reply
  7. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    འབར་མའི་བླ་ཆེན་འདིས་༸གོང་ས་མཆོག་གདན་ཞུ་བྱས་པ་འདི་དུས་སྐབས་རན་པོ་ཞིག་ལ་ཁེལ་ཡོད་པ་རེད། འབར་མ་ཁྱོན་ཡོངས་ནས་འགྱུར་བཞིན་པའི་གནས་སྐབས་ཤིག་དང་། ལྷག་པར་དུའབར་མའི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་ཤུགས་ཆེན་འགྲོ་བཞིན་པའི་གནས་གནས་སྐབས་ཤིག་ཡིན་སྟབས། གོ་སྐབས་འདི་དམ་འཛིན་གྱིས་འབར་མའི་ནང་བའི་བླ་ཆེན་རྣམས་ཀྱིས་ཤུགས་བརྒྱབ་ན་རེ་བ་དེ་འགྲུབ་རེ་ཡོད་པ་རེད།

    Reply
  8. ཤིང་ལོ། says:
    ལོ་ 15 སྔོན།

    དངོས་གནས་འབར་མ་ལ་འགྱུར་བ་ཐེབས་ཀྱིན་འདུག་ལ།
    རྒྱ་ནག་ལས་འབར་མ་རིག་པ་མྱུར་བོ་ཡོད་ས་རེད།
    ༸གོང་ས་མཆོག་ཕེབས་ཐུབ་རྒྱུ་མ་ཟད་འབར་མར་
    འགྱུར་བ་ཧ་ཅང་ཆེན་པོ་ཐེབས་པར་ཤོག

    Reply
  9. ཟུངས་ཁྲག says:
    ལོ་ 15 སྔོན།

    གོང་ས་མཆོག་འབར་མའི་ནང་གདན་ཞུ་གནང་བར་བོད་གཞུང་མང་གཉིས་ནས་རམ་འདེགས་གནང་དགོས་བ་རེད་བསམ་གི་གོང་ས་མཆོག་ཕེབས་ཐུབ་ན་གཟི་བརྗིད་རེད། འོན་ཀྱང་བོད་ཀྱི་གཞོན་ནུའི་དཔལ་འབྱོར་འདུ་འགོད་ཀྱི་ཞབས་ཞུ་སྒྲུབ་སྟངས་ལ་བལྟས་ན་ཡིད་སྐྱོ་བ་ཞིག་རེད་བོད་ནས་གསར་དུ་འབྱོར་བ་ཚོས་ལག་ནས་དངུལ་བསྡུ་གྱིན་འདུག་ཚང་མའི་རྡ་སའི་རླངས་འཁོར་འབབ་ཚིགས་ལ་ཕེབས་དང་བལྟ་མོ་འདུག

    Reply
  10. ཟུངས་ཁྲག says:
    ལོ་ 15 སྔོན།

    གོང་ས་མཆོག་འབར་མའི་ནང་གདན་ཞུ་གནང་བར་བོད་གཞུང་མང་གཉིས་ནས་རམ་འདེགས་གནང་དགོས་བ་རེད་བསམ་གི་གོང་ས་མཆོག་ཕེབས་ཐུབ་ན་གཟི་བརྗིད་རེད། འོན་ཀྱང་བོད་ཀྱི་གཞིན་ནུའི་དཔལ་འབྱོར་འདུ་འགོད་ཀྱི་ཞབས་ཞུ་སྒྲུབ་སྟངས་ལ་བལྟས་ན་ཡིད་སྐྱོ་བ་ཞིག་རེད་བོད་ནས་གསར་དུ་འབྱོར་བ་ཚོས་ལག་ནས་དངུལ་བསྡུ་གྱིན་འདུག་ཚང་མའི་རྡ་སའི་རླངས་འཁོར་འབབ་ཚིགས་ལ་ཕེབས་དང་བལྟ་མོ་འདུག

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་དང་སྐད་རིག་པ་ཁྱིམ་ཚང་གཅིག་མཚུངས་ཀྱི་རྒྱལ་ཁབ་འབར་མ། བོད་དང་བོད་མི་རིགས་དང་ཉེ་རུ་འགྲོ་བ་ལ་དགའ་བ་ཚད་མེད་ཅིག་བྱུང་ལགས། འབར་མའི་མི་རིགས་དང་བོད་རིགས་གཉིས་ཀྱི་མཛའ་མཐུན་ཡར་རྒྱས་ཡུན་་བརྟན་ཤོག །

    Reply
  12. མྱི་ནག་ཚང་། says:
    ལོ་ 15 སྔོན།

    འདི་ལ་ད་གཟོད་གསར་འགྱུར་ཟེར་གི་རེད། དེའི་རྒྱུ་མཚན་ནི་མ་བཤད་ཀྱང་ཚང་མས་ཤེས་གི་རེད། ངོ་མས་གསར་འགྱུར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese