མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཤིན་ཅང་ལ་མུ་མཐུད་དྲག་གནོན་བྱོས།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་ཤིན་ཅང་གི་བདེ་འཇགས་ལས་དོན་སྐོར་གྱི་ཚོགས་འདུ་ཞིག་ཚོགས་ཏེ། ཤིན་ཅང་དམར་ཤོག་དྲུང་ཆེ་ཀྲང་ཁྲོན་ཞཱན་གྱིས་ཤིན་ཅང་ནང་དྲག་རྡུང་ལས་འགུལ་སྔར་བས་ཤུགས་ཆེ་རུ་གཏོང་པ་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲང་ཁྲོན་ཞཱན་གྱི་མགོ་འཛིན་འོག་ཤིན་ཅང་བདེ་འཇགས་ལས་དོན་སྐོར་ཀྱི་ཚོགས་འདུ་ཞིག་བསྐངས་ཏེ།  ཚོགས་ཐོག་ཏུ་ཀྲང་ཁྲོན་ཞཱན་གྱིས་ད་ལྟ་ཤིན་ཅང་སྤྱིའི་ཆ་ནས་བདེ་འཇགས་བཟོ་ཐུབ་ཡོད་ནའང་། བདེ་འཇགས་ཀྱི་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་། ལྷག་པར་དུ་གཞི་རིམ་ས་ཁུལ་ཁག་ནང་བདེ་འཇགས་གནས་སྟངས་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་བརྗོད་འདུག  

ཕྱི་ཚེས་ ༢༦ ཉིན་ཤིན་ཅང་རྒྱ་གཞུང་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། ཀྲང་ཁྲོན་ཞཱན་གྱིས་ཚོགས་ཐོག་ཏུ་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གུང་བྲན་གཞུང་གི་སྐབས་ ༡༨ པའི་རྒྱལ་ཡོངས་དམར་ཤོག་ཚོགས་ཆེན་དང་། དེ་བཞིན་ཤིན་ཅང་ནང་རྒྱ་ནག་གི་སྐབས་གཉིས་པའི་ཨེ་ཤ་ཡ་དང་ཡུ་རོབ་དངོས་མང་འགྲེམས་ཚོང་གཉིས་འཚོགས་དགོས་སྟབས། འབྲེལ་ཡོད་སྡེ་ཁག་དག་གིས་སྤྱི་ཚོགས་བདེ་འཇགས་ཞིབ་བཤེར་ལས་དོན་ནི་ནམ་ཞག་རྒྱུན་གཏན་གྱི་བྱ་བར་བརྩིས་ཏེ་སྒྲུབ་དགོས་པ་དང་། རིམ་པ་སོ་སོའི་ལས་བྱེད་རྣམས་ཀྱིས་ཤིན་ཅང་ཁ་བྲལ་རིང་ལུགས་པར་འཐབ་རྩོད་ཐད་ལངས་ཕྱོགས་བརྟན་པོ་དང་། ཆོས་ལུགས་ཐལ་འཛིན་སྟོབས་ཤུགས་ཀྱི་བྱ་འགུལ་དག་ལ་དྲག་རྡུང་སྔར་བས་ཤུགས་ཆེ་རུ་བཏང་སྟེ། ཕྱི་ལོ་ ༢༠༡༢ ལོར་ཤིན་ཅང་སྤྱི་ཚོགས་ཕྱོགས་ཡོངས་ནས་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་སྐོར་ནན་བརྗོད་བྱས་འདུག 

འདས་པའི་ལོ་གཉིས་ཀྱི་རིང་ཤིན་ཅང་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་བྱུང་སྟེ་གནས་སྟངས་ཛ་དྲག་འོག་གནས་ཡོད་པ་དང་། ད་ལོ་ཕྱི་ཟླ་ ༧ ནང་ཤིན་ཅང་དུ་བསྟུད་མར་རྒྱ་གཞུང་ལ་ངོ་རྒོལ་གྱི་གཏོར་རྒོལ་དོན་རྐྱེན་བྱུང་སྟེ་མི་མང་པོ་རྐྱེན་འདས་སུ་གྱུར་ཡོད་ལ། ཕྱི་ལོ་ ༢༠༠༩ ལོར་བྱུང་བའི་མི་མང་ཡར་ལངས་ངོ་རྒོལ་སྐབས་མི་ ༢༠༠ ལྷག་རྐྱེན་དུ་ཤོར་ཡོད་པ་རེད།

འཛམ་གླིང་ཡུ་གུར་མི་མང་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པ་ཏིས་ལ་ཞཱ་ཐིས་ལགས་ཀྱིས། ཤིན་ཅང་ནང་བྱུང་བའི་གཏོར་རྒོལ་དོན་རྐྱེན་དེ་དག་ནི་རྒྱ་གཞུང་གིས་འདས་པའི་ལོ་མང་རིང་དྲག་གནོན་སྲིད་ཇུས་སྤེལ་བའི་མཇུག་འབྲས་ཡིན་པ་བརྗོད་ཡོད།

ཀྲང་ཁྲོན་ཞཱན་ནི་རྒྱ་ནག་ཧི་ནན་ཡུས་ཀྲིག་ས་ཁུལ་གྱི་རྒྱ་མི་ཞིག་ཡིན་པ་དང་ད་ལྟ་ལོ་  ༥༨ རེད། ཁོས་སྔོན་ཆད་དམག་ཁུལ་གྱི་ལས་དོན་གཉེར་མྱོང་ཡོད་འདུག  ༢༠༡༠ ཕྱི་ཟླ་ ༤ ནང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ལ་བསྐོས་ཡོད་པ་དང་། སྐབས་དེར་རྒྱ་ནག་དབུས་གཞུང་རྩ་འཛུགས་སྡེ་ཁག་གི་རྒྱུན་ལས་མགོ་གཙོ་ལིས་ཡོན་ཁྲའོ་ཡིས་རྒྱ་ནག་དབུས་གཞུང་གི་ཐག་གཅོད་དྲིལ་བསྒྲགས་དང་། སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་གྱིས་གཏམ་བཤད་བྱས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཚོགས། ༢༠༢༣།༩།༢༨ བོད་ཀྱི་དུས་བབ་ཀྱི་པར། 
Mobile App

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་དངོས་སུ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢ སྔོན་ལ།
ཚོགས་དུས་དྲུག་པ་འཕར་འགྱངས་གནང་སོང་། བོད་ཀྱི་དུས་བབ་ཀྱི་པར། ༢༨།༠།༢༠༢༣
Mobile App

གྲོས་ཚོགས་ཚོགས་དུས་ ༦ པ་འཕར་འགྱངས་གནང་བའི་གསལ་བསྒྲགས་སྤེལ་སོང་།

ཆུ་ཚོད་ ༢ སྔོན་ལ།
"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

༢༠༢༣/༠༩/༢༧
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

༢༠༢༣/༠༩/༢༧
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཚོགས་ཐོག་ཏུ་ཀྲང་ཁྲོན་ཞཱན་གྱིས་ད་ལྟ་ཤིན་ཅང་སྤྱིའི་ཆ་ནས་བདེ་འཇགས་བཟོ་ཐུབ་ཡོད་ནའང་། བདེ་འཇགས་ཀྱི་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་། ལྷག་པར་དུ་གཞི་རིམ་ས་ཁུལ་ཁག་ནང་བདེ་འཇགས་གནས་སྟངས་སྔར་བཞིན་ཛ་དྲག་དང་རྙིང་འཛིང་ཆེ་བ་བརྗོད་འདུག ཟེར་བ་བཞིན།
    ཡུ་གུར་ཤིན་ཅང་ཙམ་མ་ཟད་བོད་དང་། སོག་ཡུལ་ལ་ཡང་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་མེད་པ་བཟོ་མཁན་གཏེ་བོ་ནི། རྒྱ་གཞུང་གི་ལས་བྱེད་རྒྱ་ཧན་མི་རིགས་ཀྱི་མི་འབོར་སྤོ་ཤུགས་ཆེ་དྲགས་ནས་བྱྱུང་བ་རེད་དོ། །ད་དུང་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist