མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རིན་མེད་སྨན་བཅོས་ཀྱི་ཞབས་ཞུ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་དུས་དབང་དང་སྟབས་བསྟུན་ཏེ་བོད་གཞིས་བྱེས་གཉིས་ཀྱི་ནད་པ་ཚོར་རིན་མེད་ཐོག་སྨན་བཅོས་དང་སྨན་སྦྱིན་རྒྱུ་རེད།  

ཐེངས་འདིའི་དུས་དབང་ཐེངས་ ༣༢ པའི་སྟེང་བོད་གཞིས་བྱེས་གཉིས་དང་འཛམ་གླིང་ཡུལ་གྲུ་ཁག་གི་ཆོས་ཞུ་བ་ཁྲི་ཕྲག་མང་པོ་འདུ་འཛོམས་བྱུང་བཞིན་པའི་སྐབས་དང་བསྟུན་ཏེ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་དེ་རིང་ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༡ ཚེས་ ༡༠ བར་ཆེད་ལས་སྨན་པ་ ༦ དང་ནད་གཡོག་ ༡༥ ཙམ་གོ་སྒྲིག་གིས་བོད་གཞིས་བྱེས་གཉིས་ཀྱི་ནད་པ་ཚོར་རིན་མེད་ཐོག་སྨན་བཅོས་དང་སྨན་སྦྱིན་གྱི་ལས་འགུལ་ཞིག་མགོ་འཛུགས་དང་། གཏམ་བརྗོད་ཀྱི་ལམ་ནས་གཉན་ནད་རེག་དུག་སྔོན་འགོག་གི་གོ་རྟོགས་སྤེལ་ཆེད་ཡིག་ཆ་བཀྲམས་པ་དང་གློག་བརྙན་གཟིགས་འབུལ། དུས་དབང་སྐབས་ཀྱི་ཛ་དྲག་གི་ནད་པའི་རིགས་ལ་དམིགས་བསལ་འགྲོ་གྲོན་བཏང་སྟེ་རྒྱ་གར་སྨན་ཁང་དུ་བསྐྱལ་བ་སོགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་འདུག

སྨན་སྦྱིན་ལས་འགུལ་འདི་བོད་ནས་ཕེབས་པའི་ཆོས་ཞུ་བ་དང་། རྒྱ་གར་བལ་ཡུལ། ཧི་མ་ལ་ཡའི་རུ་རྒྱུད་བཅས་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ཀྱི་ཁྲོད་དུ་དཔལ་འབྱོར་ཀྱི་དཀའ་ངལ་འོག་སྨན་བཅོས་བྱེད་མ་ཐུབ་པའི་རིགས་དང་། གནས་སྐབས་རིང་ས་ཆུ་མ་འཕྲོད་པའི་དཀའ་ངལ་སེལ་ཐབས་བཅས་ཡིན་འདུག

གསར་འགོད་པ་ནད་བརྟག་ཁང་དུ་འབྱོར་སྐབས་སྨན་པ་ཚོས་ནད་པ་མང་པོར་སྨན་བཅོས་བྱེད་ཀྱི་འདུག་ལ། དེའི་ཁྲོད་བོད་དང་ཧི་མ་ལ་ཡའི་རི་རྒྱུད་བཅས་ནས་ཕེབས་པའི་ནད་པ་མང་པོ་འཚང་ཁ་ཤིག་ཤིག་བྱེད་ཀྱི་འདུག  སྐབས་དེར་གསར་འགོད་པས་སྨན་པ་བསོད་ནམས་དོན་འགྲུབ་ལགས་སུ་ནད་པ་དེ་དག་གི་ནད་གཞི་གཙོ་བོ་གང་ཡིན་དང་ཉིན་འདི་འགར་ནད་གཞི་མང་ཤོས་གང་ཡིན་སྐོར་དྲིས་པར་ཁོང་གིས། “ དེ་རིང་ང་ཚོའི་ནད་པ་ ༢༠༠ ལྷག་ལ་བརྟག་དཔྱད་བྱས་པ་ཡིན། ང་རང་གི་བརྟག་དཔྱད་བྱས་པའི་ཁྲོད་ཀྱི་བོད་ནས་ཡོང་མཁན་མང་ཆེ་བར་མཁྲིས་པའི་ན་ཚ་འདུག  དེ་མིན་ད་ལྟའི་ཆར་ན་ཚ་གཙོ་བོ། ཆམ་པ་དང་གྲོད་ཁོག་བཤལ་བའི་རིགས་རེད། ན་ཚ་འདི་དག་གཙོ་བོ་ཆུ་དང་ཁ་དབུགས་བཙོག་པ། ཟ་མ་གྲང་མོའི་རིགས་སོགས་ལས་བྱུང་གི་ཡོད་སྟབས། མི་མང་འདུ་འཛོམས་སྐབས་འདིར་འཐུང་ཆུ་གཙང་མ་འཐུང་རྒྱུ་དང་ཁྲོམ་ལམ་སོགས་སུ་འགྲོ་སྐབས་ཁ་རས་དཀྲི་རྒྱུ་ཧ་ཅང་གལ་ཆེན་པོ་རེད”  ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

མཆན། 1

  1. རྐང་གསུམ། says:
    ལོ་ 11 སྔོན།

    ལས་འགུལ་འདིའི་རིགས་ལ་ངོ་མ་དོན་སྙིང་ལྡན་གི བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་མི་ཡོངས་ཀྱི་ཞལ་དྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist