མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོར་གདན་དུ་༸གོང་ས་མཆོག་གི་མཛད་རྣམ་པར་རིས་འགྲེམས་སྟོན།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་
ཞོགས་པར་གནས་མཆོག་རྡོ་རྗེ་གདན་དུ་ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཁང་སྒོ་འབྱེད་གནང་སོང་།  

དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་། གནས་མཆོག་རྡོ་རྗེ་གདན་གྱི་མཆོད་མཆོད་ཆེན་མོའི་ཉེ་འགྲམ་དུ་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ཀྱི་དུས་དབང་ཐེངས་ ༣༢ པའི་སྟེང་ཆེད་དུ་གོ་སྒྲིག་གནང་བའི་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་གནང་ཡོད་ཅིང་། འགྲེམས་སྟོན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་དེ་སྔའི་ཨ་རི་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདུས་པོ་རྡོ་རྗེ་མཁའ་འགྲོ་མཆོག་གི་བུ་ཨ་རུ་ནཱ་ཅལ་ཁོར་ཡུག་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གཙོས། བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་མཆོག་དང་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་མཆོག རྟ་དབང་དགོན་པའི་མཁན་པོ་གུ་རུ་རིན་པོ་ཆེ་མཆོག དེ་བཞིན། སྐུ་སྒེར་དྲུང་ཆེ་དང་བདེ་སྲུང་དྲུང་ཆེ། ཕྱི་དྲིལ་དྲུང་ཆེ། གཞུང་ཞབས་ལས་བྱེད་དང་གསར་འགོད་པ་བཅས་འདུ་འཛོམས་བྱུང་ཡོད།

འགྲེམས་སྟོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་པདྨ་མཁའ་འགྲོ་མཆོག་ནས་འགྲེམས་སྟོན་ཁང་དབུ་འབྱེད་དང་། ཐེངས་འདིའི་འགྲེམས་སྟོན་པར་རིས་ཡོངས་ལ་གཟིགས་སྐོར་གནང་སོང་ལ། སྐབས་དེར་གསར་འགོས་པས་ཁོང་ལ་པར་རིས་འགྲེམས་སྟོན་བརྒྱུད་སེམས་ཚོར་གང་འདྲ་བྱུང་མིན་དྲིས་པའི་ལན་དུ་ཁོང་གིས། “ ང་རང་གི་ངོས་ནས་ཐེངས་འདིའི་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་འདི་ཧ་ཅང་ཡག་པོར་མཐོང་བྱུང་། པར་རིས་འདི་དག་བརྒྱུད་༸གོང་ས་མཆོག་སྐུ་གཞོན་པའི་དུས་ནས་ད་ལྟའི་བར་གྱི་མཛད་རྣམ་གསལ་བོ་ཤེས་ཐུབ་པར་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འདས་པའི་ལོ་ ༥༠ ལྷག་གི་ལོ་རྒྱུས་ཡོངས་སུ་རྫོགས་པ་ཧ་གོ་ཐུབ་ཀྱི་འདུག གནས་ཚུལ་ཆུང་ཚགས་ཙམ་མིན་པར་རྒྱ་ཁྱབ་གཏིང་ཟབ་ཀྱི་སྒོ་ནས་འགྲེམས་སྟོན་བྱས་འདུག” ཅེས་གསུངས་གནང་སོང་།

ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་པར་རིས་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི། བོད་ནང་དང་ཕྱི་རྒྱལ་ཡུལ་གྲུ་ཁག  རྒྱལ་བལ་འབྲུག་གསུམ་བཅས་ནས་ཕེབས་པའི་ཆོས་ཞུ་རྣམས་ལ། འདས་པའི་མི་ལོ་ངོ་ ༥༠ བཙན་བྱོལ་བོད་མིའི་སྤྱིའི་གནས་སྟངས་དང་། ལྷག་པར་དུ་༸གོང་ས་མཆོག་སྐུ་གཞོན་ནུའི་དུས་ཀྱི་མཛད་འཕྲིན་དང་ད་ལྟའི་བར་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། རྒྱལ་པོ་གཙོས་གནད་ཡོད་མི་སྣར་ཐུག་འཕྲད་གནང་བའི་སྐོར་སོགས་པར་རིས་ཀྱི་ལམ་ནས་ངོ་སྤྲོད་བྱ་འཆར་ཡིན་འདུག་ལ།  ཐེངས་འདིར་ཁྱོན་བསྡོམས་པར་རིས་གྲངས་ ༨༠ ལྷག་ཡོད་པ་ཁག་༸གོང་ས་མཆོག་གི་མཛད་རྣམ་དང་འདས་པའི་མི་ལོ་ ༥༠  ལྷག་གི་བོད་མི་སྐྱབས་བཅོལ་བའི་ལོ་རྒྱུས།  བོད་ཀྱི་རྒྱལ་རབས་ལོ་རྒྱུས་བཅས་སྡེ་ཚན་མི་འདྲ་བ་གསུམ་དུ་བགོས་ཏེ་འགྲེམས་སྟོན་བྱས་འདུག

དེ་བཞིན། ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་ཉིན་ ༡༠ རིང་པར་རིས་འགྲེམས་སྟོན་འདི་ཁོ་ན་མིན་པར།  དུས་དབང་སྐབས་རྒྱལ་སྤྱིའི་གསར་འགོད་པ་དག་ལ་གནས་ལ་གནས་ཚུལ་སྤེལ་གཏོང་ཁང་གོ་སྒྲིག་དང་ཉིན་རེའི་མཛད་རིམ་ངོ་སྤྲོད་བཅས་གནང་རྒྱུ་ཡིན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡ ནས་ཚེས་ ༧ བར་ཆོས་ཞུ་བའི་སྡོད་གུར་ས་ཚིགས་སུ་༸གོང་ས་མཆོག་གིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་སྐུ་དབང་རྩིས་སྤྲོད་བྱས་པའི་སྐོར་དང་།  བཀའ་ཁྲིའི་དམ་འབུལ་མཛད་སྒོའི་སྐོར།  སྐུའི་ཡང་སྲིད་སྐོར་ལ་༸གོང་ས་མཆོག་རང་ནས་གནང་བའི་བཀའ་སློབ།  དོལ་རྒྱལ་བསྟེན་པའི་ཐད་ལ་དགེ་སྐྱོན་གང་ཡོད། ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་སྒེར་ལངས་བྱས་པའི་སྐོར་གྱི་པར་རིས་དང་གློག་རྙན།  ཁམས་སྐྱེ་རྒུ་མདོའི་ས་ཡོམ་སྐབས་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་གྱི་རོགས་རམ་གང་འདྲ་གནང་ཡོད་མེད་སོགས་ཀྱི་གློག་བརྙན་ཁག་མི་མང་གི་གཟིགས་འབུལ་ཞུ་འཆར་ཡོད་པ་མ་ཟད། ཕྱི་ཚེས་ ༧ ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་ནས་གསར་དུ་འབྱོར་བའི་ཆོས་ཞུ་བ་རྣམས་ལ་བཀའ་སློབ་གནང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་མི་མང་ལ་ལམ་སྟོན་བཀའ་སློབ་གནང་རྒྱུ་བཅས་ཀྱི་ལས་རིམ་བསྒྲིགས་ཡོད་འདུག

རྡོར་གདན་གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༤ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 7

  1. སྙིང་རྩ་སྤར་འཛིན། says:
    ལོ་ 15 སྔོན།

    ངོ་ནི་ངོ་སྟེ་གདོང་གི་དོན།།
    སར་ནི་ས་ལ་ཞེས་བའི་དོན།།
    གློན་ནི་གླན་གྱི་སྐུལ་ཚིག་ཡིན།།
    དེ་དོན་མཁས་བས་ཤེས་བར་མཛོད།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ལོག་སྨྲས་ལོག་པར་མ་སྨྲས་ན། །
    སུ་ཞིག་ལོག་པར་སྨྲ་བར་འགྱུར། །

    ངོ་སར་གློན་ཞེས་ཚིག་གི་དོན། །
    སྙིང་རྩ་སྤར་འཛིན་ལགས་ལ་འདྲི། །

    རི་བོང་གནམ་རྡིབ་ཀྱལ་ཀའི་ཚིག །
    བོད་ཡིག་ཡར་རྒྱས་འགྲོ་ཕྱིར་བྲིས། །

    སྐུ་རྩེད་ཡིན་ནོ་རྣམ་གཉིས་ལགས། །

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ཡང་ན་རྒན་ཞུ་རྒྱུ་ཞོག ཡང་ན་སྐྱོན་བརྗོད་བྱེད་རྒྱུ་ཞོག དཀར་ནག་ལྷན་ཅིག་ཏུ་འགྲོ་རེ་སྐན།།།།།

    Reply
  4. སྙིང་རྩ་སྤར་འཛིན། says:
    ལོ་ 15 སྔོན།

    ལོག་སྨྲ་ལགས། ཁྱོད་ཀྱིས་བྲིས་བའི་མཆན་འདི་ཚང་མ་ཡིག་ནོར་རེད། ངོ་མ་སངས་རྒྱས་ལ་ཀ་ཁ། ད་དུང་༧ཡིད་བཞིན་ནོར་བུར་བཀའ་གཏོང་གིན་འདུག ངོ་སར་གློན།

    Reply
  5. ལོག་སྨྲ། says:
    ལོ་ 15 སྔོན།

    ང་ཡིན་ན་ཡང་། ད་རེའི་༧ རྒྱལ་བ་རིན་པོ་ཆེ་ཁོང་གིས་དངོས་སུ་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དམིགས་བསལ་གྱིས་བཀའ་སློབ་གྲ་དག་ཞིག་གནང་དགོས་བ་ཤིན་ཏུ་ནས་ཀྱང་ཤིན་ཏུ་གལ་ཆེན་རེད་བསམ་གི རྒྱུ་མཚན། མདོ་དབུས་ཁམས་གསུམ་གྱི་ཆོས་ཞུ་བ་ཚོར་ཆ་བཞག་ནས་བཤད་ན། ཁོང་ཚོས་ས་ནག་པོ་འདོམ་ལ་འཇལ་སྤྲུན་དཀར་པོ་ཐད་བཟུང་ནས་ཕྱི་ནང་གི་འགལ་རྐྱེན་གང་མང་ཞིག་གདོང་ལེན་གྱིས་བརྒལ་ནས་ཡོང་བ་རེད་ལ། ལ་ཤས་ཤིག་གིས་རང་གི་ལས་གནས་དང་ནང་མི་ཚོ་གཏན་མར་བཞག་རབས་དང་། འགའ་རེས་འགྲོ་གྲོན་གྱི་སྒོར་མོ་ཚང་མ་བུ་ལོན་ཡིན་སྐད། གཅིག་མཐུན་གྱི་དཀའ་ངལ་ཞིག་ཡོད་པ་ནི་ལག་འཁྱེར་མི་རགས་པ་འདི་རེད་མོད། འདིའི་ཐད་ནས་བཤད་ནའང་འཇོན་སྟངས་དང་རྒྱུ་ཡོད་མཁན་ཚོར་ཧ་ཅང་གི་དཀའ་ངལ་ཆེན་པོ་མེད་ནའང་དེ་ལས་ལྡོག་པའི་མི་ཚོའི་ངོས་ནས་བཤད་ན་ལོ་ལྔ་དྲུག་བཅུ་ཁ་ལ་དཀའ་ལས་བརྒྱབ་མྱོང་འདུག་ལ་དེའི་ཡུན་དུའང་ལྐོག་མ་ཐེངས་མང་སྤྲད་ཀྱང་འབྲས་མེད་དུ་སོང་མཁན་ཡང་མང་པོ་ཡོད་སྐད་དང་། ལྐོག་མ་དེའང་ཆུང་ཆུང་ཞིིག་ག་ལ་ཡིན་ཏེ། སེམས་ཅན་གྱི་ཐད་ནས་ཡག་དང་ཤ་བཟན་སྐོར་མོའི་ཐད་ནས་དམངས་སྐོར་ཁྲི་གཅིག་གཉིས་ཀྱི་སྐད་ཆ་རེད་འདུག་གོ །
    བཀའ་སློབ་དེའང་རྒྱུན་ཤེས་ཀྱི་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲུས་ཙམ་མིན་པར་དེ་དག་གི་ཞོར་དུ་གཙོ་བོར་བཙན་བྱོལ་བོད་མིའི་སྒྲིག་གཞིའི་འདས་ཟིན་བའི་ལོ་རྒྱུས་དང་མ་འོངས་བསྒྲུབ་འཆར་ཇི་ཡོད་དང་། སྐུ་དབང་མི་དམངས་ལ་བརྩིས་སྤྲད་དགོས་པ་བཅས་ཀྱི་ཐད་ནས་གནང་ན་དགེ་མཚན་ཆེན་པོ་འདུག་སྙམ་མོ།།
    མེ་འཁོར་ནང་ཡོང་བཞིན་བྲིས་བ་ཡིན་པས་ནོར་ཆད་རེ་ཡོད་ན་བཀླག་ཤེས་བྱོས།

    Reply
  6. གངས་སྨྱུག says:
    ལོ་ 15 སྔོན།

    རྒན་ཆབ་བྲག་ལྷ་མོ་ཁྱོད་རང་འཇོན་མདོག་སྤུ་རིལ་འདྲ་བོ་དཔེ་འདུག རྟག་པར་ཕག་ཕག་ཕིག་ཕིག་ཞིག་ལབ་བཞིན་འདུག ཧཧཧཧཧ།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བོད་ནས་ཕེབས་པ་ཚོར་བཀའ་སློབ་གནང་མཁན་ཚང་མས་བཅའ་ཁྲིམས་ཀྱི་དགོངས་དོན་ལས་མི་བརྒལ་བའི་གསུང་བཤད་གནང་རྒྱུ་དང་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་གཞིའི་གནས་སྟངས་དང་འབྱུང་འགྱུར་གྱི་འོས་འགན་བཅས་ཇི་མ་ཇི་བཞིན་པ་ཞིག་ངོ་སྤྲོད་གནང་རྒྱུ་ཧ་ཅང་གལ་ཆེ། ལྷ་རབ་བྱུང་ན་ཡིད་བཞིན་ནོར་བུས་ཀྱང་བཀའ་སློབ་ཟབ་མོ་ཞིག་གནང་རྒྱུའི་རེ་བ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese