མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་ས་དབུས་སྨན་རྩིས་ཁང་ལོ་ ༥༠ འཁོར་བའི་འགྲེམས་སྟོན།

བོད་ཀྱི་དུས་བབ།
༢༠༡༡/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp


ད་ནངས་པར་རྡོ
་རྗེ་གདན་དུ་ངྷ་ས་དབུས་སྨན་རྩིས་ཁང་བརྙེས་ཏེ་ལོ་ ༥༠ འཁོར་བའི་པར་རིས་དང་སྨན་རྫས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སྟེ། མ་འོངས་པར་ཨ་རུ་ན་ཅལ་མངའ་སྡེའི་གཞུང་གིས་བོད་མི་ཚོར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཚུལ་བརྗོད་བྱུང་།  

དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་རྡོར་གདན་མཱ་ཧ་ཡཱ་ན་མགྲོན་ཁང་རྒྱབ་ལོགས་སུ་ཡོད་པའི་བོད་གཞུང་སྨན་རྩིས་ཁང་གི་རས་གུར་ནང་། བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་པར་རིས་དང་སྨན་རྫས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་འདས་པོ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གི་བུ་པདྨ་མཁའ་འགྲོ་ལགས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར། དེ་བཞིན་དུས་དབང་གོ་སྒྲིག་ཚོགས་པའི་ཚོགས་གཙོ་སོགས་ཕེབས་ཡོད་འདུག

མཛད་སྒོའི་ཐོག་མར་སྨན་རྩིས་ཁང་གི་འགྲེམས་སྟོན་གོ་སྒྲིག་ཚོགས་པའི་ཚོགས་གཙོ་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་བརྗོད་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ནི་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བར་ཕྱིར་དྲན་བྱས་པ་ཞིག་ཡིན་པ་དང་། འགྲེམས་སྟོན་དེ་ནི་བོད་ནས་ཕེབས་པའི་ཆོས་ཞུ་བ་དང་། ནུབ་ལ་དྭགས་དང་ཕྱི་རྒྱལ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཚོར་བོད་ཀྱི་སྨན་རྩིས་སྐོར་གོ་རྟོགས་སྤེལ་ཆེད་ཡིན་འདུག

འགྲེམས་སྟོན་དེར་སྡེ་ཚན་མི་འདྲ་བ་ ༡༥ ཙམ་ལ་དབྱེ་ཡོད་པ་དག་ནི། ནད་བཅོས་ཉམས་ཞིབ་སྡེ་ཚན་དང་། སྨན་རྩིས་རིག་གཞུང་སྡེ་ཚན། འཛིན་སྐྱོང་སྡེ་ཚན། ཡན་ལག་སྤྱི་ཁྱབ་སྡེ་ཚན། སྨན་རྩིས་མཐོ་སློབ་སྡེ་ཚན། འཇམ་དཔྱད་སྡེ་ཚན། སྐར་དཔྱད་རྩིས་རིག་སྡེ་ཚན། སྨན་སྦྱོར་ཁང་། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་བཅས་རེད།

འགྲེམས་སྟོན་དེའི་ཐད་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་བརྗོད་དོན། “ འགྲེམས་སྟོན་འདིའི་ནང་སྨན་རྩིས་ཁང་གིས་མི་ལོ་ ༥༠ རིང་སྨན་རྩིས་གཉིས་ཀྱི་ལག་ལེན་ཐོག་གྲུབ་འབྲས་ག་རེ་བྱུང་མེད་མཚོན་ཐུབ་པར་བྱས་ཡོད། ད་ལོའི་ཕྱི་ཟླ་ ༣ པ་ནས་སྨན་རྩིས་ཁང་གིས་རྒྱ་གར་རྒྱལ་ཡོངས་ལ་སྨན་རྩིས་སྐོར་འགྲེམས་སྟོན་བྱས་ཡོད་ལ། དུས་དབང་སྐབས་འགྲེམས་སྟོན་བྱས་ན་འགྲེམས་སྟོན་གྱི་གོ་སྐབས་མ་རག་པའི་བོད་དང་ལ་དྭགས། ཕྱི་རྒྱལ་ཁག་ནས་ཕེབས་པའི་མང་ཚོགས་ལ་སྨན་རྩིས་སྐོར་ཤེས་རྟོགས་ཡོང་རྒྱུར་ཕན་ཀྱི་རེད། སྨན་རྩིས་ཁང་གི་མཐའ་མའི་འགྲེམས་སྟོན་དེ་ ༢༠༡༢ ལོིའི་ཕྱི་ཟླ་ ༢ པའི་ནང་རྒྱལ་ས་ལྡི་ལིར་མཇུག་བསྒྲིལ་རྒྱུ་ཡིན། གཞན་སྨན་རྩིས་ཁང་གིས་དུས་དབང་སྐབས་རྡོར་གདན་ས་གནས་སྣེ་ལེན་ཁང་དང་། མཆོད་རྟེན་ཆེན་མོའི་མདུན་ཐང་། ཀརྨ་བཀའ་བརྒྱུད། མི་མང་འཛོམས་ས་བཅས་སུ་འཕྲལ་སེལ་ཡན་ལག་སྨན་ཁང་བཙུགས་ཏེ། མང་ཚོགས་ལ་སྨན་བཅོས་རོགས་རམ་དང་། བོད་ནས་ཕེབས་པའི་ཆོས་ཞུ་བ་དང་བགྲེས་སོང་ནད་གཅོང་རིགས་ལ་རིན་མེད་ཐོག་སྨན་སྦྱིན་གཏོང་བཞིན་ཡོད་ ” ཅེས་བརྗོད་བྱུང་།

སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་བརྗོད་དོན། “ བོད་ཀྱི་གསོ་བ་རིག་པ་འདི་འཛམ་གླིང་སྟེང་ཁྱད་དུ་འཕགས་པའི་རིག་གནས་ཤིག་ཡིན་པ་དང་། རིག་གནས་དེར་རིན་ཐང་ཆེན་པོ་ཡོད་སྟབས་རྒྱ་གར་གཞུང་གིས་ཀྱང་ཁྲིམས་ཐོག་ནས་ངོས་ལེན་གནང་ཡོད་པ་རེད། ང་ཚོའི་འཆར་གཞིའི་ནང་སྨན་རྩིས་མཐོ་སློབ་གསར་འཛུགས་གནང་རྒྱུ་དང་། ཨ་རུ་ན་ཅལ་མངའ་སྡེ་དང་གཞིས་ཆགས་ཁག་ནང་སྨན་རྩ་འདེབས་འཛུགས་བྱ་རྒྱུའི་འཆར་གཞི་སོགས་ཡོད་པ་རེད། ས་ཆ་དང་ཞིང་ཁའི་ཐོག་ནས་དགོས་མཁོ་བྱུང་ན་ཨ་རུ་ན་ཅལ་མངའ་སྡེ་གཞུང་ལ་སྙན་སེང་ཞུ་འཆར་ཡོད། ད་ཆར་ཨ་རུ་ན་ཅལ་དུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ ༦ ཙམ་ཡོད་པ་དེ་ཚོར་དམིགས་བསལ་དཀའ་ངལ་དེ་འདྲ་གང་ཡང་མེད་ ” ཅེས་བརྗོད་བྱུང་།

མཇུག་ཏུ་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་བཙན་བྱོལ་བོད་མིའི་སྨན་རྩིས་རིག་གཞུང་ལ་གདེང་འཇོག་དང་མ་འོངས་པར་མུ་མཐུད་ཡར་རྒྱས་གཏོང་སྐོར་སོགས་བརྗོད་དེ། སྨན་རྩིས་ཁང་གིས་མཆིན་ནད་བཅོས་ཐབས་ཀྱི་བོད་སྨན་གསར་བཟོ་གནང་བ་དེས་སྡུག་བསྔལ་གྱིས་མནར་བཞིན་པའི་ཉམ་ཐག་ནད་པ་ཚོར་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་། དེང་ཕྱིན་དབུས་སྨན་རྩིས་ཁང་ལ་རོགས་རམ་གང་འདྲ་ཞིག་གནང་དགོས་ཀྱང་། ང་རང་གིས་གང་ཐུབ་ཀྱིས་རོགས་པ་གང་ཐུབ་གནང་རྒྱུ་ཡིན་ཚུལ་སོགས་བརྗོད་བྱུང་།

དབུས་སྨན་རྩིས་ཁང་གི་ལོ་འཁོར་འགྲེམས་སྟོན་འདི་འབྱུང་འགྱུར་ཕྱི་ཟླ་ ༣ པའི་ནང་བཞུགས་སྒར་ངྷ་རམ་ས་ལར་གཏོང་འཆར་ཡོད་འདུག  

རྡོར་གདན་གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese