མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོར་གདན་དུས་དབང་ཐོག་གསང་ཉུལ་བ་ ༥༠༠ བཏང་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp


བོད་ནས་ཕེབས་པའི་ཆོས་ཞུ་བ་ཞིག་གིས་བརྗོད་ན་ཐེངས་འདིའི་དུས་འཁོར་དབང་ཆེན་སྟེང་རྒྱ་ནག་གཞུང་གིས་གསང་ཉུལ་བ་ལྔ་བརྒྱ་ཙམ་བཏང་ཡོད་པའི་སྐད་ཆ་ཞིག་བོད་ནང་ཁྱབ་ཡོད་འདུག    

རྡོར་གདན་དུས་འཁོར་དབང་ཆེན་སྟེང་བོད་ནས་ཆེད་དུ་ཕེབས་པའི་ཆུ་ཞུ་བ་ཞིག་གིས་ཟླ་ ༡༢ ཚེས་ ༢༧ ཉིན་འདི་གའི་གསར་འགོད་པར་བརྗོད་པ་ལྟར་ན། ༢༠༠༨ ལོའི་ཚུན་ནས་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་གསང་ཉུལ་བ་མངགས་གཏོང་བྱས་ཏེ། དགོན་པའི་དགེ་འདུན་པ་ཚོས་བོད་དོན་དང་འབྲེལ་བའི་ཁ་བརྡ་ཕྲན་བུ་རེ་བྱས་ཀྱང་། དེ་མ་ཐག་ཉེན་རྟོག་མི་སྣ་ཡོང་སྟེ་འཛིན་བཟུང་དང་འདྲི་གཅོད་བྱེད་པའི་གནས་ཚུལ་འབྱུང་བཞིན་པ་མ་ཟད།  ཉེ་བའི་དུས་ནས་བོད་ཀྱི་སློབ་གྲྭ་ཁག་དང་གྲོང་སྡེ་ཁག་དུའང་གསང་ཉུལ་བ་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་ཐེངས་འདིའི་དུས་དབང་སྟེང་གཞུང་ངོས་ནས་གསང་ཉུལ་བ་ ༥༠༠ ཆེད་མངགས་བཏང་ཡོད་ཚུལ་དང་། དེ་དག་གིས་བོད་ཕྱི་ཕྱོགས་སུ་ཡོད་པའི་དམིགས་བསལ་མི་སྣ་བརྩད་གཅོད་དང་། ཕྱི་ཕྱོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ། དུས་དབང་སྐབས་ཀྱི་གནས་ཚུལ་མཁོ་གཏོང་བྱ་འཆར་ཡོད་ཚུལ་ཞིག་ཁྱབ་ཡོད་འདུག 

ཕྱི་ཚེས་ ༢༩ ཉིན་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་གོང་གི་གནས་ཚུལ་དེའི་སྐོར་ལ་མཁྱེན་རྟོག་གང་འདྲ་ཡོད་མེད་དང་། དུས་དབང་སྐབས་༸གོང་ས་མཆོག་གི་སྐུའི་ཉེན་སྲུང་ཐད་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས “ ཐེངས་འདིར་དུས་དབང་ཐོག་ད་སྔ་བོད་ནས་ཆོས་ཞུ་བ་ ༧༠༠༠ ལྷག་ཕེབས་འདུག གལ་སྲིད། རྒྱ་གཞུང་གིས་ཕྱི་སྐྱོད་ལག་འཁྱེར་ཐོག་དམ་དྲག་དང་བཀག་འགོག་མ་བྱས་པ་ཡིན་ན་དེ་ལས་མང་བ་ཕེབས་འཆར་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་། ང་ཚོའི་ངོས་ནས་ཀྱང་བོད་ནས་ཕེབས་པའི་ཆོས་ཞུ་བ་དང་མཉམ་དུ་རྒྱ་གཞུང་གིས་གནས་ཚུལ་འཚོལ་སྒྲུབ་བྱེད་མཁན་བཏང་ཡོད་ངེས་པར་ཚོད་དཔག་བྱེད་ཀྱི་ཡོད། ང་ཚོས་ཀྱང་ཐེངས་འདིར་གསང་ཉུལ་བ་ ༡༠༠༠ ནས་ ༡༥༠༠ ཡས་མས་བཏང་ཡོད་པའི་གནས་ཚུལ་ཁག་ཅིག་གོ་བྱུང་། དེའི་རིགས་ལ་༸གོང་ས་མཆོག་གིས་ཐེངས་མང་པོར་བཙན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་མཐའ་དག་ཕྱི་གསལ་ནང་གསལ་དང་།  སྦས་སྐུང་བྱ་དགོས་པའི་རིགས་གཅིག་ཀྱང་མེད། ཅེས་བཀའ་སློབ་རིམ་པར་གནང་སྟབས། མི་ག་ཚོད་བཏང་ཡང་ཁྱད་པར་ཡོད་པ་མ་རེད། གཙོ་བོ། དེའི་རིགས་ཀྱིས་ཕྱིར་ཕེབས་རྗེས་དངོས་ཡོད་གནས་ཚུལ་གང་ཡིན་པ་བདེན་པ་དང་དྲང་པོའི་ལམ་ནས་བརྡ་སྤྲོད་རྒྱུ་གལ་ཆེན་པོ་རེད། ”ཅེས་བརྗོད་བྱུང་། 

ཡང་༸གོང་ས་མཆོག་གི་སྐུའི་ཉེན་སྲུང་ཐད་དུ་ཁོང་གིས “ སྤྱི་ཡོངས་ཀྱི་བདེ་སྲུང་མི་སྣའི་གྲངས་འབོར་ག་ཚོད་ཡོད་མེད་བཤད་མི་ཐུབ་ཀྱང་། ཐེངས་འདིའི་སྐུའི་ཉེན་སྲུང་གི་ཕྱོགས་ནས་ཉེ་ཆར་མངའ་སྡེ་གཞུང་གིས་གཙོ་འགན་བཞེས་ཏེ། དམིགས་བསལ་བདེ་སྲུང་མི་སྣ་དང་བདེ་སྲུང་བ་འདང་ངེས་ཡོད་པ་ཞིག་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་ལ། ང་ཚོའི་ངོས་ནས་ཀྱང་དམིགས་བསལ་སྐུ་སྲུང་བ་དང་། ནམ་རྒྱུན་ཡོད་བསྡད་པའི་སྐུ་བཅར་སྐུ་སྲུང་བ། བདེ་སྲུང་ལས་བྱེད། དང་བླངས་སྐུ་སྲུང་བ་བཅས་སྔར་ལས་ལྷག་པའི་གྲ་སྒྲིག་ཡོད། གཙོ་བོ། ང་ཚོས་ད་ལྟའི་ཆར་༸གོང་ས་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་བྱས་ཡོད་པ་དང་། གནས་སྟངས་ཡག་པོ་ཞིག་གི་ལམ་དུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་བཏང་བའི་མི་སྣ་དེ་དག་གིས། ཟིང་ཟིང་དང་དཀྲུག་ཤིང་རིགས་བྱེད་མི་སྲིད་པ་མིན་སྟབས། བདེ་སྲུང་ལས་ཁུངས་ཀྱིས་ནམ་རྒྱུན་བརྟག་དཔྱད་དང་དོ་སྣང་བྱེད་བཞིན་པ་ཙམ་མིན་པར། བོད་མི་དོ་སྣང་ཅན་སྤྱི་བའི་སེམས་ཤུགས་ཡོད་མཁན་ཚོས་དེའི་རིགས་ལ་དོ་སྣང་བྱས་ཏེ་བདེ་སྲུང་ལས་ལས་ཁུངས་ལ་འབྲེལ་བ་དང་འཕྱར་གྲུ་མཉམ་འདེགས་བྱ་ཐུབ་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་རྙོག་མི་འབྱུང་བ་པར་ཕན་པ་ཆེན་པོ་ཡོང་གི་རེད ”ཅེས་བརྗོད་བྱུང་།    

གསར་འགོད་པ། དོན་གོས་རྡོ་རྗེ་གདན་ནས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 9

  1. བྱ་གཞུང་འཇམ་དབྱངས། says:
    ལོ་ 14 སྔོན།

    གསང་ཉུལ་བ་འདི་འདྲ་མང་པོ་ཞིག་ཡོད་པ་ཤེས་བཞིན་དུ་མི་མང་གསུང་ཆོས་ར྄་བར་གཏོང་སྐབས་ཀྱི་སྐྱ་སེར་དབྱེ་མེད་ལ་ཞིབ་གཤེར་དང་གོ་སྒྲིག་ལ་བསམ་བློ་ཞིག་བཏང་ན་ངོ་མ་ཡིད་སྐྱོ་བ་ཞིག་རེད། སྐྱ་སེར་ཕལ་ཆེར་འབུམ་གསུམ་མ་ཟིན་ཙམ་འཛོམས་ཡོད་པ་རེད། ཡིན་ན་ཡང་ ཞིབ་གཤེར་དང་ལྟ་རྟོག་བྱེད་མཁན་མིའི་གྲངས་ཚོད་དཔག་ན་ཧ་ཅང་ཉུང་དྲག་པ་རེད། ད་ནང་སྔ་དྲོ་ང་ཚོ་གསུང་ཆོས་རྭ་བར་སྐྱོད་སྐབས་མི་ཚང་མ་ལུག་ར་ནང་དུ་ལུག་མཛུལ་བ་ནང་བཞིན་མཛུལ་འགྲོ་ཀི་འདུག འདི་དག་མཐོང་སྐབས་ངོ་མ་སེམས་ནས་སྐྱིད་པོ་ཞིག་གཏན་ནས་མ་རེད། གསུང་ཆོས་གསུངས་སྐབས་སྔར་དང་བསྡུར་ན་ད་རེས་ཀྱི་ལྟ་རྟོག་དང་གོ་སྒྲིག་སོགས་ངོ་མ་སྐྱོ་བོ་བྱེ་བྲེག་རེད། མི་ཚང་མས་སྨྲེ་ངག་འདོན་གྱིནའདུག་ལ་སེམས་ཁྲེལ་ཞེ་བོ་བྱེད་ཀྱིན་འདུག གསང་ཉུལ་བ་འདི་འདྲ་མང་པོ་ཐོན་ཡོད་པ་བཤད་ཀི་བཤད་ཀི་ལ་ཡང་ལྟ་རྟོག་དང་གོ་སྒྲིག་འདི་འདྲ་ཞིག་སྐྱོ་ཀི བདེ་སྲུང་ལས་ཁུངས་ཀྱིས་ཀྱང་གནས་སྟངས་འདི་དག་མཐོང་ཡོད་རྒྱུ་རེད། འདི་དག་ལ་ལྟ་རྟོག་དང་གོ་སྒྲིག་ཞིབ་ཚགས་ཤིག་བྱེད་རེམ་རེད། ཉེན་ཁ་ཆེན་པོ་འདུག མི་ཚང་མའི་སེམས་ཁྲེལ་བྱེད་ཀྱིན་འདུག

    Reply
  2. མི་ཉག་དུང་བརྡ། says:
    ལོ་ 14 སྔོན།

    ང་ཚོའི་ཁ་རྒྱུན་ལ། ཨ་ཁུ་ཨ་ཁུ་སྤྱང་པོ། རི་བོང་རི་བོང་སྤྱང་པོ་ཞེས་ཟེར་སྲོལ་ཡོད་པར་ལྟར། རྒྱ་ནག་གཞུང་གིས་ངོས་ནས་ཀྱང་དམིགས་བསལ་དུས་དབང་སྐབས་ཆོས་ཕྱོགས་ཀྱི་མཛད་རིམ་གཙོ་བོ་སོང་ཙང་། ཉུལ་མ་དེ་ཙམ་མང་པོ་ཞིག་གཏང་དགོས་དོན་མེད་པ་དང་ཡང་སྒོས་བཞུགས་སྒར་རྡ་སའི་བཙན་བྱོལ་བོད་གཞུང་ནི་༧་གོང་ས་མཆོག་གིས་གསུངས་པར་ལྟར་ཕྱི་གསལ་ནང་གསལ་གྱི་གཞུང་ཞིག་ཡིན་པ་ཅིས་ཀྱང་ལོ་ཤེས། འོན་ཀྱང་ཁོང་ཚོས་མི་དེ་ཙམ་ཕོན་ཆེན་ཞིག་བཏང་ཡོད་མེད་མི་ཤེས་ཀྱང་ཁོང་ཚོའི་དམིགས་ཡུལ་ནི་གསང་ཉུལ་མ་ཡིན་པར་༧མགོན་པོ་གང་གི་སྐུ་འཕྱའི་སྐོར་ལ་ཡིན་པར་སྨོས་མེད་ཡིན་པས། གོང་ལ་དཔལ་ལྡན་བདེ་དྲུང་ཆེན་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གསུངས་པར་བཞིན་༧གོས་ས་མཆོག་གི་སྐུ་འཕྱའི་སྐོར་ལ་མངའ་སྡེ་གཞུང་དང་བདེ་སྲུང་ཙམ་མ་ཡིན་པར་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་འགན་འཁྲི་ཡོད་པས་ཚང་མས་ཕྱོགས་ཡོངས་ནས་དོ་སྣང་བགྱི་རྒྱུ་གལ་གནད་ཆེའོ་སྙམ།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ལ་ལས་བོད་པ་བཙོང་སྟེ་འཚོ་བ་སྐྱེལ།
    མདོ་ཁམས་སྟོད་སྨད་བོད་པའི་ཆེད་དུ་ཤི།།
    རྒྱལ་ཚོང་བ་དག་སྙིང་རྗེ་྄ཡིད་སྐྱོའི་གནས།།
    རང་རེའི་ཧེ་བག་འདི་ལ་རྒོད་རེ་བྲོ།

    Reply
  4. ཐོ་རེངས། says:
    ལོ་ 14 སྔོན།

    སྐབས་འདིར་དུས་འཁོར་དབང་ཆེན་སྐབས་དང་བསྟུན་དེ་གསང་ཉུལ་པ་མང་པོ་ཆེད་མངགས་བྱས་ཡོད་ངེས། འོན་ཀྱང་གསང་ཉུལ་བ་པ་ཕར་ཆེ་བ་ནི་གསར་དུ་འབྱོར་བ་མིན་པར་སྔར་ནས་བརྡད་ཡོད་ངེས་ཅན་རེད། མ་ཟད་རྒྱ་རིགས་ཡིན་པའི་ངེས་པ་ཡང་མེད་ལ་བོད་མིའི་བསྒྲིག་འཛུགས་ཀྱི་ནང་དུའང་ཊ་རུ་ལྟ་བུའི་ངོ་གཉིས་མ་མང་པོ་ཡོད་ངེས།
    གང་ལྟར་གསང་བ་ཞིག་བརྟོལ་འོངས་རྒྱུ་ཡོད་ཚོད་མི་འདུག་སྟེ། གོང་ས་མཆོག་གི་སྐུའི་བདེ་སྲུང་སྐོར་ལ་དོ་དམ་ཚག་ཚུད་པོ་བྱ་རྒྱུ་གལ་ཆེ་རྙམ།

    Reply
  5. གཟི་མིག་༣པ says:
    ལོ་ 14 སྔོན།

    གསང་ཉུལ་ཡོད་སྲིད་པ་རེད་ལ་དམ་དོན་ཡང་བྱ་དགོས་
    དམིགས་བསལ་གནད་འགག་ནི་དེ་སྔོན་དུས་དབང་གནང་མ་ཐུབ་པ་དེ་ད་ད་ཡང་དོག་གནད་ཆེན་པོ་ཡོད་ལ་གནས་ཚུལ་ཁྱད་ཚར་དེ་འདྲ་གོ་རྒྱུ་འདུག་པས་སྐུ་འགྲོན་སུ་འདྲ་ཞིག་ཡིན་རུང་དེས་འཁྱེར་ཡོང་བའི་བཟའ་ཆས་གང་ཡང་༸གོང་ས་མཆོག་ལ་ཕུལ་མི་རུང་དེའི་འགན་དབང་ཚང་མ་བོད་གཞུང་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ཁོ་ན་ལ་ཡོད་
    རྒྱ་གར་སྐུ་འགྲོན་ལ་ཟབ་ཟབ་དགོས་
    བོད་རྒྱལ་ལོ་
    ༸གོང་ས་མཆོག་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པ་ཤོག་

    Reply
  6. ལྗང་སྨྱུག says:
    ལོ་ 14 སྔོན།

    ༧གོང་ས་མཆོག་ནས་གསུངས་པ་བཞིན་རེད། ཉུལ་མ་ཇི་ཙམ་མང་ན་དེ་ཙམ་ཡག་ག ཡིན་ནའང་ཉུལ་མ་ཚོས་ང་ཚོས་ག་རེ་བྱེད་ཀྱིན་ཡོད་པ་དག་དྲང་པོར་བྱས་ནས་ཨ་ཁུ་ཚང་ལ་མར་ལབ་རོགས་བྱས་ན། ང་ཚོས་ནམ་ཡང་དྲང་བདེན་དང་ཀུན་སྨན་གྱི་བྱ་བ་ཁོ་ན་བྱེད་བཞིན་ཡོད་པས། ཞེད་དགོས་ཡ་དང་། རྐུག་རྡོལ་ཡག་ཅི་ཡང་མེད་པས་ཉུལ་མ་ད་དུང་མང་ཙམ་གཏོང་རོགས་བྱས་ན་ཡག་ག

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཐེངས་འདིའི་དུས་འཁོར་དབང་ཆེན་སྟེང་རྒྱ་ནག་གཞུང་གིས་གསང་ཉུལ་བ་ལྔ་བརྒྱ་ཙམ་བཏང་ཡོད་པའི་སྐད་ཆ་ཞིག་བོད་ནང་ཁྱབ་ཡོད་འདུག་ཨེ། ཨ་ལས། ད་འོ་ན་ང་ཚོས་ག་རེ་གཟབ་དགོས་སམ། ཚང་མས་དྭོགས་ཟོན་མ་ནོར་བར་གལ་སྲིད་དྭོགས་གནད་བྱུང་ན་དུས་ཐོག་སྙན་སེང་ཞུ་རྒྱུར་གྲ་སྒྲིག་ཨང་སྡོད་པ་དགསོ་པ་ནི། བོད་མི་ཡོད་དོ་ཅོག་གི་ལས་འགན་རེད་དོ། །༸གང་སྐུའི་༸སྐུ་ཚེ་ཡུན་བརྟན་ཤོག །

    Reply
  8. ཡུལ་གྱར་བའི་མི་ཚེ། says:
    ལོ་ 14 སྔོན།

    འདྲ་པར་འདི་བོད་ནས་འཕེབས་པའི་ཆོས་གཞུ་བ་ཡིན་ན་།
    དྲ་རྒྱའི་ཐོགས་མ་བཞག་ན་ལེགས།

    Reply
  9. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    དངོས་ཡོད་གནས་ཚུལ་ཇི་བཞུན་བཤད་མཁན་མེད་ངེས་རེད. དེ་ཚོ་དམར་གཞུང་ལ་ཅིག་བཤད་དགོས་ཤིང. ཇི་བཞིན་བཤད་ན་དེས་ལས་ཀ་ཏག་ཏག་བྱས་མི་འདུག་ཟེར་ནས་ཁོ་ལ་ཅིག་བྱེད་ངེས་རེད. མ་གཞི་ནས་དམར་གཞུང་ལ་ལས་ཀ་བྱས་ན. ཐང་གི་རྡོ་ལེན་རྒྱུའི་ཚབ་ལ. རང་གི་རུམ་ནས་བྲོ་ཟག ཞེས་པའི་དཔེ་བཞིན་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese