མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༦༠ རིང་སྲིད་སྐྱོང་མཁན་བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp


དེ་
རིང་ཕྱི་དྲོར་རྡོར་གདན་སྣེ་ལེན་ཁང་གི་ཚོགས་ཁང་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་ནས་ཕེབས་པའི་ཆོས་ཞུ་བ་ ༨༠༠༠ བརྒལ་བར་གསུང་བཤད་གནང་སྟེ། ང་ཚོའི་འཐབ་རྩོད་དེ་བདེན་པ་དང་ཡང་དག་པའི་ངོ་བོར་གནས་དང་མི་གནས་དེ། ང་ཚོའི་འཐབ་རྩོད་ཀྱི་ཐབས་ལམ་དེ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་འགྲོ་ཐུབ་མིན་ལ་རག་ལས་ཡོད་ཟེར།  

དེ་རིང་ཕྱི་ཚེས་ ༨ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ དང་ཕྱེད་ཀའི་སྟེང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་སྣེ་ལེན་ཁང་གི་ཚོགས་ཁང་དུ། བོད་ནས་ཕེབས་པའི་ཆོས་ཞུ་བ་ ༨༠༠༠ ལྷག་ལ་བཙན་བྱོལ་བོད་མིའི་བྱུང་རིམ་དང་ཤེས་ཡོན། ཆོས་དང་རིག་གཞུང་། ཆབ་སྲིད་གནས་སྟངས། གཞིས་ཆགས་ཀྱི་འཚོ་བ། ལམ་དབུ་མའི་སྲིད་བྱུས། བོད་རྒྱ་འབྲེལ་མོལ། ༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་དང་ཡང་སྲིད་ཕེབས་ཕྱོགས། དོལ་རྒྱལ་བསྟེན་པའི་སྐྱོན་གནས་བཅས་ཀྱི་ཐོག་བཀའ་སློབ་གནང་སོང་། 

ཟམ་གདོང་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་བའི་བརྒྱུད་རིམ་དང་དེའི་རྒྱབ་ལྗོངས་ངོ་སྤྲོད་དང་འབྲེལ་ནན་གྱིས་གསུངས་དོན། “ ད་བར་སྐྱབས་མགོན་རིན་པོ་ཆེའི་མཚན་གྱི་གཟི་བརྗིད་འོག་གནས་ཚུལ་མང་པོ་ཞིག་རང་བཞིན་གྱིས་ཡལ་འགྲོ་བཞིན་ཡོད། མ་འོངས་པར་མིང་ཙམ་ལ་བརྟེན་ནས་སྐུ་ངལ་བྱུང་བ་ཡིན་ན། རྒྱལ་བ་རིན་པོ་ཆེའི་མཚན་གྱི་གཟི་བརྗིད་མེད་སྐབས་སྐུ་ངལ་འཕྲད་སྲིད་པའི་རྒྱུ་མཚན་ལ་གཟིགས་ཏེ། ཁོང་གིས་བཀའ་སློབ་གནང་བ་ལྟར་དབྱིན་ཡིག་ནང་མིང་ག་རེ་ཡོད་པ་བོད་ཡིག་ནང་བཟོས་པ་རེད། དེ་ལྟར་གནང་བ་ཡིན་ན། གཞུང་གི་གནས་བབ་ལ་འགྱུར་བ་མི་ཐེབས་པ་དང་། རྒྱལ་སྤྱིའི་ཐོག་རྙོག་དྲ་མི་ཡོང་བ། བཙན་བྱོལ་སྒྲིག་འཛུགས་དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་དེ་མུ་མཐུད་སྡོད་རྒྱུར་ཕན་ཐོགས་ཡོད་སྟབས། མིང་དང་ཚིག་ཙམ་ལ་གནད་འགག་ཆེན་པོ་མ་རྩིས་པ་རེད། ༢༠༡༡ ཕྱི་ཟླ་ ༥ པའི་ནང་གི་དམིགས་བསལ་གྲོས་ཚོགས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་སྐབས་མིང་དེ་དབྱིན་བོད་གཉིས་དང་མཐུན་པ་བཟོས་པ་རེད། ཁ་ཤས་ཀྱིས་༧རྒྱལ་བ་རིན་པོ་ཆེས་བཙན་བྱོལ་བོད་གཞུང་མེད་པ་བཟོས་པ་རེད་ཟེར་བ་དང་། ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེས་གཞུང་འཛིན་སྐྱོང་གནང་རྒྱུའི་ཐུགས་འདོད་ཡོད་པ་མ་རེད་ཟེར་བ་དེ་བདེན་པ་མ་རེད་ ” ཅེས་གསུངས་སོང་།

ཡང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འཛིན་སྐྱོང་འགན་དབང་ལས་བགྲེས་ཡོལ་གནང་ཡོད་ནའང་། དགའ་ལྡན་ཕོ་བྲང་གཞུང་གི་ངོ་བོར་འགྱུར་བ་གང་ཡང་ཐེབས་མེད་པའི་སྐོར་གསུངས་དོན། “རྒྱལ་བ་སྐུ་ཕྲེང་བཅུ་བཞིའི་ནང་དགུང་ལོ་ ༡༦ ནས་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་ཏེ། དགུང་ལོ་ ༧༦ བར་མི་ལོ ༦༠ རིང་བོད་ཀྱི་ཁྲིམས་མཐུན་གཞུང་སྐྱབས་མགོན་རིན་པོ་ཆེ་གཅིག་པུས་སྐུ་ལས་བསྐྱོན་ཏེ། དཀའ་ངལ་དང་ཛ་དྲག་གང་འདྲ་འཕྲད་ཀྱང་། འཛིན་སྐྱོང་གནང་ཐུབ་ཡོད་པ་རེད། བོད་ཀྱི་བྱུང་རབས་ལ་ཕྱིར་བལྟས་བྱས་ན། སྔོན་གྱི་ཆོས་རྒྱལ་ནས་རྒྱལ་བ་སྐུ་ཕྲེང་ན་རིམ་དང་། ས་སྐྱའི་ཁྲི་རབས་ན་རིམ། གཙང་པ་སྡེ་སྲིད་དང་ཕག་གྲུའི་སྡེ་སྲིད་སོགས་གང་ལ་བལྟས་ཀྱང་། སྲིད་སྐྱོང་གཅིག་གིས་ལོ་དྲུག་ཅུའི་རིང་ཆབ་སྲིད་བསྐྱངས་པ་ཞིག་བྱུང་མྱོང་ཡོད་པ་མ་རེད། སྔར་བྱུང་མ་མྱོང་བའི་བོད་ཀྱི་གནས་བབ་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་ཐུགས་འགན་བཞེས་པ་རེད། མཐའ་མ་ཐུགས་འགན་རྩིས་སྤྲོད་གནང་བ་རེད། སྒྲིག་འཛུགས་རྒྱུན་གནས་ཡོང་བ་དང་སྒྲིག་འཛུགས་དེང་རབས་དང་མཐུན་པ། རྒྱལ་སྤྱིའི་སྟེང་སུས་བལྟས་ཀྱང་ཚང་མས་ངོས་ལེན་གནང་བ་མ་གཏོགས། སྐྱོན་བརྗོད་བྱ་རྒྱུ་མེད་པ་ཞིག་སྲོལ་བཏོད་གནང་ཡོད་པ་རེད། སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་བ་དེ། དགོས་པ་རྒྱུ་མཚན་གཙོ་བོ་གཅིག་བོད་དོན་བདེན་མཐའ་མ་སེལ་བར། བཙན་བྱོལ་བོད་མིའི་ཆབ་སྲིད་སྒྲིག་འཛུགས་དེ། ངེས་པར་དུ་རྒྱུན་མཐུད་དགོས་པ་ཧ་ཅང་གལ་ཆེན་རེད། སྒྲིག་འཛུགས་དེ་གནས་མ་ཐུབ་ན། བོད་དོན་བདེན་མཐའ་སེལ་ཆེད་རྒྱལ་སྤྱིའི་སྟེང་ལས་དོན་བསྒྲུབ་རྒྱུའི་ལམ་ཁ་མེད་པ་ཆགས་འགྲོ་ཡི་ཡོད། བོད་ནང་ཆབ་སྲིད་ལས་དོན་བྱེད་ཐུབ་ཀྱི་མེད་པ་གསལ་པོ་རེད། ཕྱི་ལོགས་སུའང་། ཆབ་སྲིད་ལས་དོན་ག་རེ་བྱས་ཀྱང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་བྱ་ཐུབ་ཀྱི་ཡོད་པ་མ་རེད། ༧རྒྱལ་དབང་ལྔ་པས་ཕྱག་བཏབ་པའི་ལོ་ ༣༦༠ བརྒལ་བའི་བོད་ཀྱི་ཁྲིམས་མཐུན་གཞུང་དེ། མ་ཉམས་པར་སྡོད་རྒྱུ་དེ་གལ་ཆེན་པོ་རེད། སྲིད་དོན་གྱི་ཐོག་ནས་གལ་ཆེན་པོ་རེད། སྤྱི་ཚོགས་ཀྱི་ཐོག་ནས་གལ་ཆེན་པོ་རེད། དེ་བཞིན་བྱུང་བའི་ཐོག་ནས་ཀྱང་གལ་ཆེན་པོ་ཆགས་ཡོད་པ་རེད། གཞུང་དེ་ང་གཅིག་ལོར་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་སྐབས་ཀྱང་དགའ་ལྡན་ཕོ་བྲང་གཞུང་མེད་པ་ཆགས་མེད་ལ། གཞུང་དེར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ས་གནས་གཞུང་ལ་ངོས་འཛིན་བྱས་ཡོད། གྲོས་མཐུན་དོན་ཚན་ ༡༧ ནང་དུའང་། ༧གོང་ས་མཆོག་གི་སྐུ་དབང་དང་དགའ་ལྡན་ཕོ་བྲང་གི་གནས་བབ་ལ་འགྱུར་བ་མི་གཏོང་བ་དེ་བརྗོད་ཚིག་ནང་གསལ་པོར་བཀོད་ཡོད། བཙན་བྱོལ་དུ་འབྱོར་རྗེས་ང་ཚོ་དམངས་གཙོའི་ངོ་བོར་ཕྱིན་པ་རེད། དམངས་གཙོའི་ངོ་བོར་ཕྱིན་རྗེས་ཁྲིམས་མཐུན་གཞུང་དེ་ཕུན་སུམ་ཚོགས་པ་དང་། ཡར་རྒྱས་ཕྱིན་པ་མ་གཏོགས་དེར་ཉམས་རྒུད་སྤུ་ཙམ་ཡང་ཕྱིན་མེད་ ” ཅེས་གསུངས་སོང་།

མཐར་ཁོང་གིས་བོད་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་འགྲོ་དགོས་དོན་སྐོར་ལ་གསུངས་རྒྱུར་ “བོད་མི་རིགས་ཀྱི་གཞི་རྩའི་འཐབ་རྩོད་དེ་བདེན་པར་གཞི་བཅོལ་བ་ཞིག་དང་། སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། བོད་མི་རིགས་དང་སངས་རྒྱས་ཀྱི་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་བར་འབྲེལ་བ་ཟབ་མོ་ཆགས་ཡོད་པ་རེད། གངས་ཅན་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་ཉམས་ན། དེ་འདྲའི་ཚང་ལ་མ་ནོར་བའི་བསྟན་པ་དེ། ནང་པའི་རྒྱལ་ཁབ་གཞན་པའི་ནང་ཡོད་པ་མ་རེད། ཐེག་པ་རེ་རེ་དང་གྲུབ་མཐའ་རེ་རེ། ཡང་ན་ཆོས་ཚན་རེ་ཟུང་ཙམ་ལས་ཚང་ལ་མ་ནོར་བའི་བསྟན་པ་མེད་བསྡད་པ་ཞིག་རེད། དེ་ཡིན་དུས་བོད་མི་རིགས་དེ་འཇིག་རྟེན་སྤྱི་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ང་ཚོའི་འཐབ་རྩོད་དེ་བདེན་པ་དང་ཡང་དག་པའི་འཐབ་རྩོད་ཆགས་ཡོད། ང་ཚོའི་འཐབ་རྩོད་དེ་བདེན་པ་དང་ཡང་དག་པའི་ངོ་བོར་གནས་དང་མི་གནས་དེ། ང་ཚོའི་འཐབ་རྩོད་ཀྱི་ཐབས་ལམ་དེ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་འགྲོ་ཐུབ་མིན་ལ་རག་ལས་ཡོད་ ” ཅེས་གསུངས།

གསར་འགོད་པ། དཔལ་ལྡན་གྱིས་རྡོ་རྗེ་གདན་ནས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༥ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 10

  1. ནད་པ says:
    ལོ་ 15 སྔོན།

    ཁྲི་ཟུར་ཟམ་དོང་རིན་པོ་ཆེ་མཆོག་གི་སྙིང་སྟོབས་དང་མཛད་རྗེས་དེར་བསྔགས་བརྗོད་བྱ་འོས་པ་ཞིག་མཐོང་།

    བླ་མ་འདིས་ལོ་ངོ་ཧྲིལ་པོ་བཅུའི་རིང་ཆབ་སྲིད་བསྐྱངས་རིང་སྐྱོན་ཆ་ཡོད་པའི་གནད་ལུགས་ཁ་ཤས་ཤིག་འགྲེལ་བརྗོད་བྱེད་ཀྱིན་ཡོད་མོད་རྩ་བའི་ཆ་ནས་བླ་མ་འདི་པའི་ཆོས་སྲིད་གཉིས་ཀྱི་ཐད་ལ་སྙིང་སྟོབས་རྨད་དུ་བྱུང་བ་ཞིག་ཡོད།

    འདི་ཡང་བོད་མི་རིགས་སྤྱི་དང་། ནང་བསྟན་ཆོས་ལུགས། རིག་གཞུང་། སྐད་ཡིག་དང་བཅས་པའི་བསོད་ནམས་ཀྱི་བསྐལ་བ་ཞིག་ཡིན། མཁས་དབང་འདི་ཡང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ།

    Reply
  2. ཧར་གདོང་ཨ་འཇིགས། says:
    ལོ་ 15 སྔོན།

    དྲ་གྲོགས་རིག་པ་ཅན་ལ་ཞུ་རྒྱུ། ཡིག་ནོར་ཤོར་མེད། ཞུ་ནོར་ཡང་བྱས་མེད།

    Reply
  3. རིག་པ་ཅན་གྱིས says:
    ལོ་ 15 སྔོན།

    གསར་འགོད་པ་ལ་ནོར་བཅོས་མ་བྱས་སྔོན་ལ་སོ་སོའི་ཡིག་ནོར་ལ་ལྟོས།

    Reply
  4. བློ་འཕེལ། says:
    ལོ་ 15 སྔོན།

    རྒྱལ་བའི་དགོངས་པ་བོད་ནང་དུ་གསལ་བཤད་གནང་བ་བཀའ་དྲིན་བླ་ལྷག་ཏུ་ཆེན། འོན་ཀྱང་རྒྱལ་བ་རང་ཉིད་ཀྱིས་གསལ་བཤད་གནང་བ་ལས་ལྷག་ཞིག་ཁག་པོ་རེད།
    གལ་ཆེ་ཤོས་བོད་ནང་དུ་བཤད་དུས་སྐད་ཆ་ཁ་མི་སྒྱུར་རྒྱུ་འདི་རེད། མང་པོ་ཞིག་གིས་སོ་སོའི་འདོད་ཕྱོགས་སུ་བསྒྱུར་ནས་འགྲེལ་བཤད་བྱེད་ཀྱི་འདུག་པས་དེ་ནི་རྩ་བ་ནས་ཡག་པོ་མ་རེད།

    Reply
  5. ཡུལ་གྱར་བའི་མི་ཚེ། says:
    ལོ་ 15 སྔོན།

    དངོས་ནས་རེད་ཤག ཆོས་འཕེལ་ལགས།

    Reply
  6. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    རྒྱལ་དབང་བཅུ་བཞི་བ་བགྲེས་ཡོལ་ཏུ་ཕེབ་པ་ཙམ་མ་རེད. ཏཱ་ལའི་བླ་མ་ན་རིམས་ཀྱིས་དབང་བསྒྱུར་རམ དགའ་ལྡན་ཕོ་བྲང་བགྲེས་ཡོལ་ལ་ཕྱིན་པར་འདོད
    སྔ་མའི་སྲིད་གཞུང་གི་རྒྱུན་དང་སྲིད་གཞུང་ཡིན་མིན་ལ་དོགས་པ་དང་འདོད་མི་འདོད་ཀྱི་དབང་གིས གསལ་གཤད་ཡང་དང་ཡང་དུ་གནང་དགོས་བྱུང་བར་བསམ་ན. འུ་ཅག་གནས་ལུགས་རང་ཞེན་ཆེ་བའི་གླེན་པ་ཨུ་ཚིག་ཅན་དག་དང.

    Reply
  7. ཧར་གདོང་ཨ་འཇིགས། says:
    ལོ་ 15 སྔོན།

    གསར་འགོད་པ་སྐུ་ཞབས་དཔལྡནལགས་ལ་གུས་ཞུ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་ཞེས་(མཁས་དབང་ཟེརབའི་ཐ་སྙད་འདི་སྦྱར་ན་ལེགས།
    མཁས་དབང་ཁོང་གི་བཀའ་སློབ་དྲ་ཐོག་ལ་བཀོད་པ་ཐུགས་རྗེ་ཆེ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ང་ཚོའི་འཐབ་རྩོད་དེ་བདེན་པ་དང་ཡང་དག་པའི་འཐབ་རྩོད་ཆགས་ཡོད། ང་ཚོའི་འཐབ་རྩོད་དེ་བདེན་པ་དང་ཡང་དག་པའི་ངོ་བོར་གནས་དང་མི་གནས་དེ། ང་ཚོའི་འཐབ་རྩོད་ཀྱི་ཐབས་ལམ་དེ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་འགྲོ་ཐུབ་མིན་ལ་རག་ལས་ཡོད། གསུངས་འདུག

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གྲོས་མཐུན་དོན་ཚན་ ༡༧ ནང་དུའང་། ༧གོང་ས་མཆོག་གི་སྐུ་དབང་དང་དགའ་ལྡན་ཕོ་བྲང་གི་གནས་བབ་ལ་འགྱུར་བ་མི་གཏོང་བ་དེ་བརྗོད་ཚིག་ནང་གསལ་པོར་བཀོད་ཡོད། བཙན་བྱོལ་དུ་འབྱོར་རྗེས་ང་ཚོ་དམངས་གཙོའི་ངོ་བོར་ཕྱིན་པ་རེད། དམངས་གཙོའི་ངོ་བོར་ཕྱིན་རྗེས་ཁྲིམས་མཐུན་གཞུང་དེ་ཕུན་སུམ་ཚོགས་པ་དང་། ཡར་རྒྱས་ཕྱིན་པ་མ་གཏོགས་དེར་ཉམས་རྒུད་སྤུ་ཙམ་ཡང་ཕྱིན་མེད།

    Reply
  10. ཆོས་འཕེལ says:
    ལོ་ 15 སྔོན།

    བོད་ཀྱི་ཆོས་བ་སྐོར་གཅིག་གིས་ཟེར་ན། གནས་སྐོར་དང་དུས་དབང་གི་དམིགས་ཡུལ་དང་མཐུན་བཀའ་སློབ་སེམས་དུ་ཕན་ཤོས་གྲས་གཅིག་ནི་ས་སྐྱ་གོང་མ་རིན་པོ་ཆེའི་བཀའ་སློབ་དེ་རེད་ཟེར་གྱི་འདུག འོན་ཅང་དུས་བབ་ཚང་གི་ཕྱོགས་འཛིན་གོག་ཏོ་དེས་དྲ་རྒྱ་འདིར་འགོད་མ་ཐུབ་པས་བཀའ་སློབ་དེ་དངོས་སུ་མ་ཐོས་མཁན་རྣམས་ལ་ཞལ་གསུང་བདུད་བརྩི་དེ་མྱོང་བ་སྐལ་བ་མེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese