མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ ༡༡༤ བཀག་ཉར་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཕུར་བུའི་ཉིན་བལ་ཡུལ་ས་མཚམས་ནས་བོད་མི་ ༡༡༤ བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག

ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོ་ཆུ་ཚོད་ ༨ ཙམ་ལ་རྒྱ་གར་ནས་བལ་ཡུལ་དུ་བསྐྱོད་བཞིན་པའི་རླངས་འཁོར་ ༤ བལ་ཡུལ་ས་མཚམས་ཐན་ཀོ་ཊི་ (Thankot) ནས་ཞིབ་བཤེར་བྱས་ཏེ། བོད་མི་ ༡༡༤ འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ལ། ཁོང་ཚོའི་ཁྲོད་སྐྱེས་པ་  ༦༢ དང་བུད་མེད་ ༥༢ ཡོད་འདུག  བལ་ཡུལ་རྒྱལ་ས་ཀཱ་ཋི་མན་ཌུ་(Kathmandu) ཉེན་རྟོག་ལས་ཁུངས་ཀྱི་མགོ་དཔོན་རཱ་ཇེན་ཌར་(Rajendra Shrestha) གྱིས་དེ་ནི་བལ་ཡུལ་ས་ཐོག་ནས་བོད་མི་འཛིན་བཟུང་བྱས་པའི་གྲངས་འབོར་མང་ཤོས་དེ་ཆགས་ཡོད་པར་བརྗོད་འདུག

རླངས་འཁོར་ལ་ཞིབ་བཤེར་སྐབས་བལ་ཡུལ་ཉེན་རྟོག་པས་བོད་མི་ཚོར་ཕྱི་བསྐྱོད་ལག་འཁྱེར་སྟོན་རྒྱུ་མེད་པར་ཁ་གཡར་ཏེ་འཛིན་བཟུང་བྱས་ཡོད་ཅིང་། ད་ལྟ་འཛིན་བཟུང་བྱས་ཟིན་པའི་བོད་མི་རྣམས་ཀཱ་ལེ་མཱ་ཊེ་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་ཁང་(Metropolitan Police Circle, Kalimati ) དུ་བཀག་ཉར་བྱས་ཡོད་པ་མ་ཟད། ཉེན་རྟོག་མགོ་དཔོན་རཱ་ཇེན་ཌར་གྱིས་བོད་མི་ཕོན་ཆེན་པོ་བལ་ཡུལ་ནང་འཛུལ་ཡོང་པའི་རྒྱབ་ལྗོངས་ལ་ཞིབ་འཇུག་ཆ་ཚང་པ་ཞིག་བྱས་རྗེས། བལ་ཡུལ་གཞིས་སྤོར་ལྷན་ཁང་(Department of Immigration) ལ་རྩིས་སྤྲོད་ཀྱིས་ཐག་གཅོད་བྱེད་འཇུག་རྒྱུ་ཡིན་སྐོར་བརྗོད་འདུག  

བོད་མི་དེ་དག་གི་ཁྲོད་དུ་རྒྱ་གར་གཞུང་ལ་ཐོ་འགོད་བྱས་ཡོད་པ་དང་བལ་ཡུལ་གཞུང་ལ་ཐོ་འགོད་བྱས་ཡོད་པའི་རིགས་ཁག་ཅིག་ཀྱང་ཡོད་འདུག   གང་ལྟར་འཛིན་བཟུང་བཀག་ཉར་བྱས་པའི་རྒྱུ་མཚན་ནི། རྒྱ་གར་ནས་བལ་ཡུལ་ནང་འཛུལ་ཆོག་པའི་ཕྱི་སྐྱོད་ལག་འཁྱེར་མེད་པར་ཁ་གཡར་ཏེ་བཀག་ཉར་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ནད་པའི་སྐད་ཆ་ལ་རྒྱབ་སྐྱོར་ཡོད།
    བོད་མི་བོད་ནས་འོང་ཡང་རུང་། རྒྱ་གར་ནས་ཕྱི་རྒྱལ་འགྲོ་ཡང་རུང་། གལ་སྲིད་ལག་འཁྱེར་མེད་པར་ས་འཚམས་བརྒལ་འདོད་ཡོད་མཁན་ཚང་མ་ངེས་པར་དུ་འཛིན་བཟུང་བྱེད་དགོས།
    བོད་པ་རྒྱ་གཞུང་གི་ཆབ་སྲིད་གཉའ་གནོན་ཡོད་པ་ལས། འཛམ་གླིང་གང་སར་ཁྲིམས་འགལ་བྱ་བ་ནམ་ཡང་བྱེད་བཅུག་ཐབས་མེད། ངའི་ཤ་ཁྲག་གཅིག་པ་བོད་རིགས་ཚོ་ཅུང་ཟད་གཟབ་དགོས་པ་མི་འདུག་གམ།

    Reply
  2. ནམ་མཁའ་བསྟན་འཛིན། says:
    ལོ་ 11 སྔོན།

    དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན་ཝན་ཅ་པོ་སང་ཉིན་སྔ་དྲོའི་ཆུ་ཚོད་༡༡་སྟེང་བལ་ཡུལ་དུ་ཡོང་འཆར་འདུག ཝན་གྱིས་བལ་ཡུལ་དུ་་བལྟ་སྐོར་བྱེད་འཆར་སྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ནས་གསལ་བསྒྲགས་བྱས་ཟིན་ཀྱང་ཟླ་ཚེས་ཁ་སང་རྒྱ་ནག་གི་བལ་ཡུལ་གཞུང་ཚབ་པ་ཡོའུ་ཧྭོ་ལན་བལ་ཡུལ་སྲིད་བློན་དང་ཐུག་ཕྲད་བྱས་རྗེས་མ་གཏོགས་ཕྱིར་བསྒྲགས་བྱས་མི་འདུག ཝན་གྱི་བལྟ་སྐོར་འདི་༢༠༠༡་ལོར་ཀྲུའུ་རོན་ཅིས་བལ་ཡུལ་དུ་བསྐྱོད་པ་ནས་ད་ལྟའི་བར་རྒྱ་ནག་གི་སྲིད་བློན་བལ་ཡུལ་དུ་སླེབས་པ་ཐོག་མ་ཆགས་འདུག

    Reply
  3. ལྗང་སྨྱུག says:
    ལོ་ 11 སྔོན།

    བོད་མི་རིགས་ཀྱི་ལས་དབང་ལ་སོམས་དང་། བོད་རིགས་ཚོར་རང་དབང་དང་བག་ཕེབས་པའི་གོམ་པ་སྤོ་ས་ཤིག་ས་སྟེང་འདིར་མེད་ངེས་རེད། ཇི་འདྲའི་ཉམས་ང་བ་དང་ཡིད་སྐྱོ་བ་ཞིག་རེད་ཨ།

    Reply
  4. ནད་པ says:
    ལོ་ 11 སྔོན།

    ཡག་པོ་རེད། དང་ཐོག་བོད་མིའི་མངོན་འདོད་ལྟར་རྒྱ་གར་ནང་དུ་འཛུལ་དུ་བཅུག་པ་རེད།
    དེ་ནས་རྒྱ་ནག་གིས་གནོན་ཤུགས་མ་གཟོད་པར་བོད་མི་ཚོ་རྒྱ་གར་ས་ཐོག་ནས་བལ་ཡུལ་འཛུལ་རྒྱུའི་མཐོང་ཆེན་མེད་རབ་ཁུལ་གྱིས་འཛིན་བཟུང་བྱེད་ཁུལ་ཙམ་ཞིག་རེད།

    དེས་རྒྱ་ནག་ལ་ངོ་སྲུབ་བྱས་པ་རེད་ལ་བོད་མིར་ཡང་ཕན་ཐོགས་བྱས་ཟིན། དེ་ཡང་ཆབ་སྲིད་ཀྱི་འཁྲབ་སྟངས་ཤིག་ལས་བོད་མིར་བལ་ཡུལ་གྱི་ཆེད་དེ་སྡུག་སྦྱོང་བཏང་བ་གཏན་ནས་མ་རེད་དྲན། རྒྱ་མི་དང་། རྒྱ་གར། བོད་མི། བལ་ཡུལ་བཅས་རང་རང་སོ་སོར་དགོས་པའི་དགོས་འདུན་ཆ་ཚང་ཞིག་ཚང་འདུག

    Reply
  5. ཤག་སྒང་པ། says:
    ལོ་ 11 སྔོན།

    དྲིན་ཅན་མ་ཡུམ་ལྷ་སྐྱིད། །ཁྱེད་ཅག་གང་དུ་བཞུར་གྱིན།།
    ཁ་སང་ཆས་ནས་ད་བར། །ཁ་པར་སྐུད་པ་ཆད་སོང་།།

    གོས་ལྭ་སྔོན་པོའི་ཁྲོད་དུ། །ཁྱེད་ཀྱི་ཞབས་རྗེས་མེད་ཤོག།
    ཆོས་པ་མུན་དུ་འཐུམ་པའི། །ཧ་ཅང་ཉེན་ཁ་ཆེ་བས།།

    ཡིད་གཟབ་གནང་གིན་ཕེབས་ཤིག་༌༌༌༌༌༌༌༌༌བདག་གི་མ་ཡུམ་ཀྱེ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist