མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp


ཕྱི་ཚེས་
༢༤ ཉིན་བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད་བྱེད་མཁན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་འཇར་མན་པ་ཇོ་ཧཱ་མེལ་ཊོན། ལ་དྭགས་པ་གྲྭ་དཀོན་མཆོག་ནོར་བུ་དང་བཀྲ་ཤིས་རྣམ་རྒྱལ་བཅས་མི་སྣ་བཞི་རྒྱ་བལ་ས་མཚམས་བརྒལ་ཏེ་སངས་རྒྱས་སྐུ་འཁྲུངས་ཡུལ་ལིམྦི་ནེར་འབྱོར་ཏེ། ཕྱི་ཚེས་ ༢༥ ཉིན་འབྲི་གུང་དགོན་པའི་གྲྭ་མང་དང་ལྷན་དུ་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་གནང་ཡོད་འདུག

བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད་ཅེས་པའི་ལས་འགུལ་དེ་ཕྱི་ཚེས་ ༩ ཉིན་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལའི་དབང་ཆེན་ཐེངས་ ༣༢ པའི་སྟེང་མགོ་འཛུགས་གནང་སྟེ། ཝ་རཱ་ནཱ་སི་དང་རྩ་མཆོག་དྲུང་། ལིམྦི་ནེ་བཅས་ནང་པའི་གནས་ཆེན་བཞིར་གོམ་བགྲོད་གནང་སྟེ། བོད་རྒྱ་དམར་གྱིས་བཙན་འཛུལ་བྱས་པ་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་ཤོར་པ་རྣམས་དང་། རྒྱའི་བཙོན་འོག་ཏུ་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས། ལྷག་པར་དུ་ཉེ་ལམ་ནས་བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་དཔའ་བོ་དཔའ་མོ་རྣམ་པར་བསྔོ་སྨོན་མཆོད་འབུལ་གནང་བཞིན་ཡོད་འདུག

ཁ་པར་བརྒྱུད་གོམ་བགྲོད་པ་ཚོར་འབྲེལ་བ་བྱས་པར། གོམ་བགྲོད་ཀྱི་ལམ་བར་ནས་བོད་རིགས་འདུས་སྡོད་ཀྱི་ས་གནས་གང་དུ་བསླེབས་ཀྱང་། ས་གནས་བོད་མི་དང་གཞོན་ནུ། བུད་མེད་སོགས་ཀྱི་ཚོགས་མི་ཚོས་སྣེ་ལེན་དང་། མཉམ་ཞུགས་ཐོག་མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཡོད་ཀྱང་། ལིམྦི་ནེ་རུ་བལ་ཡུལ་ཉེན་རྟོག་པས་བཀག་སྡོམ་འོག་མཆོད་འབུལ་ཙམ་ལས་ལས་འགུལ་གཞན་སྤེལ་ཐུབ་མི་འདུག་ལ། བོད་ཀྱི་རྒྱལ་དར་དང་གོམ་བགྲོད་པའི་འཕྲེད་དར་སོགས་ཀྱང་ཕྱིར་བསྡུ་བྱེད་དགོས་བྱུང་འདུག  

རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཁ་པར་བརྒྱུད་བརྗོད་པ་ལྟར་ན་ཕྱི་ཚེས་ ༨ ཉིན་ཁོང་ཅག་ལ་༧གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་འདུག མོས་བརྗོད་དོན། “བོད་ནང་དུ་རང་སྲོག་བློས་གཏོང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། ཐུན་མོང་གི་འབོད་ཚིག་གཅིག་ནི་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་པ་འདི་རེད། འོན་ཀྱང་། སྐུ་གཤེགས་དཔའ་བོ་དཔའ་མོ་ཁོང་ཚོའི་མི་ཚེའི་ནང་༧གོང་ས་མཆོག་ལ་མཇལ་ཐུབ་མེད་སྟབས་ཁོང་ཚོའི་རྟེན་སྐལ་དུ་རྡོ་རྗེ་གདན་ནས་སྟོན་པའི་སྐུ་བརྙན་ཞིག་བླུས་ཏེ།  ༧གོང་ས་མཆོག་གི་དྲུང་ནས་བྱིན་འཇུག་དང་། གོམ་བགྲོད་སྐབས་གནས་ཆེན་ཁག་ལ་གདན་འདྲེན་གྱིས་སྐུ་གཤེགས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་སོགས་བྱེད་བཞིན་ཡོད་”ཅེས་བརྗོད་བྱུང་།

ཇོ་ཧཱ་མེལ་ཊོན་ལགས་ཀྱིས་ “ང་རང་བོད་དོན་འཐབ་རྩོད་འདྲ་མིན་ནང་མཉམ་ཞུགས་བྱས་ཏེ་ལོ་ ༧ ཙམ་འགྲོ་བཞིན་ཡོད་པའི་ཉམས་མྱོང་ལས། བོད་ཀྱི་འཐབ་རྩོད་ལ་བོད་མི་རང་གིས་འགན་འཁུར་དགོས་པ་རེད། ནུབ་ཕྱོགས་པ་ལ་ནམ་ཡང་རེ་བ་རྒྱག་རྒྱུ་མེད། ”ཅེས་བརྗོད་སོང་།

ཐེངས་འདིའི་གོམ་བགྲོད་ནང་མཉམ་ཞུགས་བྱེད་མཁན་ལ་དྭགས་ནས་ཡིན་པ་གྲྭ་དཀོན་མཆོག་ནོར་བུ་ལགས་ལ་བོད་དོན་ཆེད་གོམ་བགྲོད་བྱ་དགོས་པའི་སྐོར་དྲིས་པར། ཁོང་གིས་གཅིག་ནས་ཧི་མ་ལ་ཡའི་རི་རྒྱུད་དང་བོད་མི་རིགས་གཉིས་ས་བབ་དང་ལོ་རྒྱུས། རིག་གཞུང་སོགས་ཀྱི་ཐད་ནས་འབྲེལ་བ་དམ་པོ་ཡོད་པ་དང་། གཉིས་ནས་ཁོང་གི་དགེ་རྒན་སྔོམ་མ་བོད་དུ་ནང་ཆོས་སློབ་གཉེར་དུ་ཕེམས་པའི་སྐོར་དུས་རྒྱུན་གསུང་མྱོང་པའི་བག་ཆགས། ཁོང་ཡོད་སའི་དགོན་བདག་བོད་པ་ཡིན་པ་བཅས་ཀྱིས། བོད་ཀྱི་རྩ་དོན་ནི་རང་ཉིད་ཀྱི་རྩ་དོན་ཞིག་ཏུ་མཐོང་གི་ཡོད་པར་བརྗོད་བྱུང་། དེ་བཞིན་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་སློབ་སྦྱོང་བྱེད་ཀྱིན་པའི་སློབ་མ་བཀྲ་ཤིས་རྣམ་རྒྱལ་ལགས་སུ་གོམ་བགྲོད་སྐབས་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་སྐོར་དྲིས་པར། ཁོང་གིས་ “ཉིན་ལྟར་སོ་སོའི་ཅ་དངོས་མང་པོ་ཁུར་ཏེ་གོམ་པ་རྒྱག་དགོས་སྟབས། ང་ཚོའི་རྐང་པ་སྐྲང་པ་དང་། རྐང་པར་ཆུ་བུར་མང་པོ་ཐོན་ནས་གོམ་པ་རྒྱག་ཁག་པོ་བྱུང་། འོན་ཀྱང་། སྐབས་དེར་རང་ལུས་མེར་བསྲེགས་བྱེད་མཁན་ཚོ་བསམ་བློའི་ནང་དྲན་གསོ་བྱས་པ་ཡིན། དེ་འདྲ་བྱས་དུས་སོ་སོའི་དཀའ་ངལ་དྲན་པ་བརྗེད་དེ་གོམ་པ་རྒྱག་རྒྱུར་བློ་སྟོབས་སྐྱེ་ཡོང་གི་འདུག་”ཟེར།

བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད་ཅེས་པའི་གོམ་བགྲོད་པ་བཞི་ནི། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། འཇར་མན་ནས་ཡིན་པ་བོད་དོན་རྒྱབ་སྐྱོར་པ་སྐུ་ཞབས་ཇོ་ཧཱ་མེལ་ཊོན་ (Joe Hamilton)། ལ་དྭགས་པ་གྲྭ་དཀོན་མཆོག་ནོར་བུ་དང་བཀྲ་ཤིས་རྣམ་རྒྱལ་བཅས་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 9

  1. ལོག་སྨྲ། says:
    ལོ་ 14 སྔོན།

    དབྱིན་ཇི་རྒན་པོའི་གཏམ་དེ་གནད་ཁེལ་རེད།།
    མི་བརྗེད་དམ་པ་ཆོས་བཞིན་བརྩིས་ན་འགྲིག །
    མི་འགྱུར་བླ་མ་བཞིན་དུ་བཀུར་ན་ཆོག །
    རང་རིགས་སྐྱོབ་པའི་གདམས་ངག་དེ་ལྷག་ཅི།།

    ཕྱི་གླིང་མི་ལ་རེ་བ་བཅང་ན་ཆོངས།།
    རང་རྒྱལ་མི་རིགས་གང་ལ་ཁེ་མེད་ན།།
    གཞན་དོན་ཆེད་དུ་ལག་པ་མི་བསྲིང་བ།།
    རང་རེའི་ལོ་རྒྱུས་གཟིགས་དང་ཤེས་རྒྱུ་ཡོད།།

    Reply
  2. yishi says:
    ལོ་ 14 སྔོན།

    བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་ལས་འགུལ་དེར་མཉམ་ཞུགས་གནང་བར་ཡག་པོ་བྱུང་། དེ་མ་གཏོགས་མོ་རང་གིས་བོད་པ་ཚང་ལ་ཉེས་པ་ཆེན་པོ་བསགས་ཡོད་པ་རེད། འདི་ན་བོད་མི་ཚང་མས་བོད་པའི་ངོ་བོ་མ་བརླགས་པར་བོད་མི་བོད་མིའི་ས་ནས་སྡོད་ཐུབ་རྒྱུར་ཨུ་ཚུགས་གནང་སྟེ་བཙན་བྱོལ་ནང་རུག་རུག་བྱེད་ཀྱི་ཡོད་དུས་རྣམ་རྒྱལ་སྒྲོལ་དཀར་ཀྱིས་ཁྲིམས་ཐོག་ནས་རྒྱ་གར་གྱི་མི་སེར་བཟོས་སོང་བ་རེད། ཨཱ་རབ་ལུང་པ་ལྟ་བུ་ཡིན་ན་མོ་རང་གི་གདོང་པའི་ལྤགས་པ་བཀོག་ཚར་བ་རེད། ངས་རེ་བ་ལ་རྣམ་རྒྱལ་སྒྲོལ་དཀར་གྱིས་རྗེས་མ་ལྷ་རྒྱ་རི་མིང་གི་མགོ་ལ་མ་འཇོག་རོགས་གནང་། ངས་འདིའི་སྐོར་དེ་རིང་འདི་ནས་གསལ་བོ་བྱས་ནས་མི་ལབ། ཕ་ཡོས་དང་བོད་ཀྱི་ཉི་མ་དྲ་རྒྱ་སོགས་སུ་གསལ་བོར་ཡོད། http://www.tibetsun.com / http://www.phayul.com གཉིས་ལ་གཟིགས་དང་གསལ་བོ་མཁྱེན་ཡོང་གི་རེད། དེ་ཙམ་བྱོས།

    Reply
  3. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    འདི་འདྲིའི་སྙིང་སྟོབས་ཅན་གང་མང་ཡོང་དགོས་པ་མ་ཟད་ཡོངས་འོས་པ་ཞིག་རེད། ངོ་མ་ཁྱེད་ཚོ་ལ་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད། དབྱིན་ཇི་ཁོ་རང་གིས་བཤད་པ་དེ་རྟག་པར་དྲན་གྱིན་ཡོད། ཁ་ཤས་ཤིག་གི་ཁ་གནམ་ལ་གདེངས་ནས་བསྡད་ན་ཅོག་ཁ་ནང་དུ་སླེབས་ཡོང་བའི་རེ་བ་དེ་མི་སྲིད་པ་མ་ཟད་གླེན་རྟག་ཞིག་ཏུ་ངོས་བཟུང་ན་མི་ཆོག་པ་མེད། བོད་མི་རང་གིས་བོད་དོན་བརྩོན་རོགས། མུ་མཐུད་ནས་བརྩོན་རོགས། ལས་འགན་ཆེན་པོ་འགོ་རྩམས་རོགས་ཞུ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་མའི་རྒྱབ་ཏུ། རྒྱ་ཆེ་བོད་མི་མངས་འཕྲལ་དུ་ལངས་དགོས་མི་འདུག་གམ། རང་གཞན་གྱི་ཚེ་སྲོག་ལ་མ་གནོད་པར་ཞི་བའི་ངོ་རྒོལ་མཐར་ཕྱིན་པར་གནོངས་རོགས་གནང་ཐུགས་རྗེས་གཟིགས། གཞིས་བྱེས་བོད་མི་ཚོ། ད་ལོངས་ཤོག ཚང་མ་ལོངས་ཤོག ལོངས་ཤོག ལོངས་ཤོག བོད་རིགས་ཚོ་ལོངས་ཤོག །

    Reply
  5. ནད་པ says:
    ལོ་ 14 སྔོན།

    རྣམ་རྒྱལ་སྒྲོལ་མས་རང་ཉིད་རྒྱ་གར་གྱི་ས་ཐོགཏུ་སྐྱེས་པའི་བུ་ཕྲུག་གཅིག་ཡིན་པ་དེ་ན་ནིང་ཁྲིམས་ཐོག་ནས་བདེན་པ་མཐར་བསྐྱེལ་བྱས་ཏེ་རྒྱ་གར་གྱི་མི་སེར་ཐོབ་ཐང་གི་ལག་འཁྱེར་དེ་རག་ཟིན་མོད།

    རང་ཉིད་སྐྱེ་བའི་རྒྱུ་འབྲས་ཀྱི་གནད་ལུགས་དེ་ཤ་དང་རུས་འབྲེལ་ཐག་དམ་པོར་བཅིངས་པའི་དོང་དམར་བོད་ཀྱི་རིགས་སྨྱུག་ཏུ་མཆེད་པའི་དབང་གིས་ཐེངས་འདིར་ཞི་བའི་གོམ་བགྲོད་བྱས་པ་དེར་སེམས་གཏིང་ནས་བསྔགས་བརྗོད་མ་མེད་ཀ་མེད་གཅིག་ཆགས་སོང་།

    འདི་ཡང་སོ་སོའི་ནུས་པར་གཞིགས་ཏེ་སྤེལ་བའི་བའི་ལས་འགུལ་ཞིག་ཡིན་སྟབས་གང་ལྟར་ཡག་པོ་རེད།

    Reply
  6. སྤེན་རྡོར། says:
    ལོ་ 14 སྔོན།

    བོད་དང་ཆོས་དང་རིག་གཞུང་གཅིག་པའི་ལ་དྭགས་པ་གཉིས་དང་། ལྷག་པར་དུ་ཕྱི་རྒྱལ་མི་རིགས་ཡིན་པའི་ཇར་མན་པ་ཞིག་གིས་བོད་པའི་རྩ་དོན་ཐོག་ལས་འགུལ་སྤེལ་བར་སྙིང་ཁུངས་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ལྷ་རྒྱ་རིའི་བུ་མོ་ཟེར་ན་མི་ཤེས། རྣམ་རྒྱལ་སྒྲོལ་དཀར་ཟེར་བའི་བུ་མོ་ཆུང་ཆུང་འདིས་ན་ནིང་སོ་སོའི་ཤ་ཁྲག་གི་འབྱུང་ཁུངས་སྦེད་དེ་ཁྲིམས་ཐོག་ནས་རྒྱ་གར་གྱི་མི་རིགས་བཟོ་མཁན་དང་པོ་དེ་རེད། ཡིན་ནའང་ད་རེས་ཆེ་ཆུང་ལ་མ་ལྟོས་པའི་ཐོག་ནས་ལས་འགུལ་ཞིག་སྤེལ་བར་ཐུགས་རྗེ་ཆེ་ཙམ་ཞུ་རྒྱུ་ཡིན།

    Reply
  7. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཁོ་ཚོའི་བསམ་དོན་མྱུར་འགྲུབ་ཡོང་བར་སྨོན། མི་རེ་ངོས་གནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་རེད།
    གཞན་ཉེ་སྔོན་རྡོར་གདན་ནས་ཁོ་ཚོ་ལ་དར་དཀར་པོ་དྲི་མའི་མ་གོས་པ་རེ་འཐེན་པ་དང་། མཆོད་རྟེན་ལ་བསྐོར་ར་དང་དེ་ནས་རྙིང་མ་དགོན་པ་བར་དུ་སྐྱེལ་མ་བྱས་ཡིན། གསུང་ཆོས་ཡོད་པས་དེ་ག་ནས་མཚམས་བཞག་ཡིན།

    གོང་དུ་༼ ཇོ་ཧཱ་མེལ་ཊོན་ལགས་ཀྱིས་ “ང་རང་བོད་དོན་འཐབ་རྩོད་འདྲ་མིན་ནང་མཉམ་ཞུགས་བྱས་ཏེ་ལོ་ ༢༠ ཙམ་འགྲོ་བཞིན་ཡོད་པའི་ཉམས་མྱོང་ལས། བོད་ཀྱི་འཐབ་རྩོད་ལ་བོད་མི་རང་གིས་འགན་འཁུར་དགོས་པ་རེད། ནུབ་ཕྱོགས་པ་ལ་ནམ་ཡང་རེ་བ་རྒྱག་རྒྱུ་མེད། ”ཅེས་བརྗོད་སོང་།༽ སྐད་ཆ་འདི་ནི་ལྕི་ཁོག་ཆེ་བའི་སྐད་ཆ་ཞིག་ཏུ་ཚོར།
    གཞན། རྣམ་རྒྱལ་སྒྲོལ་དཀར་གྱིས ་༼ ཐུན་མོང་གི་འབོད་ཚིག་གཅིག་ནི་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་པ་འདི་རེད༽ ཅེས་བཤད་པ་འདི་ཡང་ཆབ་སྲིད་པ་ཚོས་ཤེས་དགོས་པའི་རིགས་རེད།

    Reply
  8. ཤིང་ལོ། says:
    ལོ་ 14 སྔོན།

    ཞི་བདེའི་སེམས་པ་འཛམ་གླིང་ཡུལ་དུ་ཕྱོགས།།
    ཞི་བའི་གོམས་པ་རང་གི་ཡུལ་དུ་བསྒྱུར།།
    ཞི་འཇམ་གནས་མལ་རེག་པའི་སྨོན་ལམ་གྱིས།།
    ཞི་བདེའི་མི་རིགས་སྐྱོབ་པའི་འདུན་པ་དྲངས།།

    Reply
  9. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    གལ་འགངས་ཆེ་གསར་འགྱུར་འདི་སླེབས་པར་དགའ་བོ་བྱུང་། འདི་ནི་བོད་མི་གཅིག་གིས་རང་གི་རྩ་དོན་ཆེད་བསྒྲུབ་ནུས་པའི་ལས་འགུལ་རླབས་ཆེན་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese