མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་ཤུལ་དུ་རྒྱ་གཞུང་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྔ་དྲོར་མཚོ་སྔོན་ཡུལ་ཤུལ་ཁྲི་འདུ་རྫོང་ཟིལ་དཀར་དགོན་པའི་དགེ་འདུན་པ་དང་རྫ་སྟོད་གྲོང་བརྡལ་ཉེ་འཁོར་གྱི་མི་མང་བཅས་སྐྱ་སེར་ ༡༤༠༠ཙམ་གྱིས་རྒྱ་གཞུང་ལ་སྐད་འབོད་ངོ་རྒོལ་གནང་འདུག

གོང་གསལ་ནས་ཚུལ་སྐོར་བོད་ནས་ཕྱི་ཕྱོགས་སུ་བཏང་འབྱོར་བྱུང་བའི་ནང་བཀོད་དོན། “ ཡུལ་ཤུལ་ཁྲི་འདུ་རྫོང་ཟིལ་དཀར་དགོན་པའི་གྲྭ་བ་ ༤༠༠ ཡས་མས་ཤིག་གིས་ཁ་སང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༠ སྟེང་། རྫ་སྟོད་གྲོང་བརྡལ་དུ་བོད་མི་ཡོངས་ཀྱི་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེས་ཀྱི་ཆེད་དུ་ཞི་རྒོལ་བྱེད་དུ་ཕེབས་པ་རེད། དགོན་པ་དང་རྫ་སྟོད་གྲོང་བརྡལ་གྱི་བར་སྤྱི་ལེ་ ༡༢ ལྷག་ཡོད་ལ་ཕལ་ཆེར་ཆུ་ཚོད་ ༢ ལྷག་འགྲོ་དགོས་སྟབས་མགྱོགས་པོར་མ་འབྱོར་ལ། དེ་དུས་དགོན་པ་དང་རྫ་སྟོད་བར་གྱི་གཤིས་ཆུ་ཟམ་ཁ་རུ་རྒྱ་དམག་འབོར་ཆེན་ཐོན་ཏེ་གྲྭ་མང་ས་ཆ་དེར་བཀག་འགོག་བྱས་ཀྱང་། གྲྭ་མང་གིས་ཨུ་ཚུགས་ཀྱིས་དེ་ཀར་མ་ཁོག་པར་སྤྱི་ལེ་ ༢ ལྷག་ཏུ་བཙན་སྐྱོད་བྱས།

སྐབས་དེར་རྒྱ་དམག་གིས་བཙན་འགོག་བྱས་པས་གྲྭ་མང་དང་ས་དེ་གའི་མང་ཚོགས་སྟོང་ལྷག་འབྱོར་ཏེ་ས་དེ་ནས་སྐད་འབོད་རྒྱག་རྒྱུ་ལས་ཐབས་མེད་དུ་གྱུར། གྲྭ་མང་གི་ཕྱག་ཏུ་རས་དཀར་པོའི་སྟེང་ལ་ཡི་གེ་དམར་པོ་དང་སྔོན་པོ་གཉིས་ཀྱིས། ༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་རིན་པོ་ཆེའི་གཙོས་ཉེས་མེད་བཙོན་པ་རྣམས་བཙོན་གྲོལ་གཏོང་དགོས། བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་དགོས། བོད་མིའི་སྐད་ཡིག་ལ་མཐོང་ཆེན་བྱེད་དགོས་སོགས་བྲིས་ཏེ་ཆུ་ཚོད་ ༣ ལྷག་ལ་སྐད་འབོད་བྱས་ཡོད་པ་རེད།

ཡིན་ན་ཡང་སྐབས་དེར་རྒྱ་མིའི་ཉེན་རྟོག་པ་དང་དམག་མི་མང་པོ་ཞིག་ཐོན་ཡོད་ཀྱང་། དྲག་གནོན་བྱེད་རྒྱུ་དང་མེ་མདའ་སོགས་བཀོལ་སྤྱོད་མ་བཏང་བར་སློབ་གསོ་མང་པོ་བརྒྱབ་པ་མ་ཟད། ས་འདི་ཀར་ཁྱོད་ཚོས་རང་གི་འདོད་པ་ལྟར་སྐད་འབོད་གང་འདོད་བརྒྱབ་ན་ཆོག དེ་མིན་རྫ་སྟོད་གྲོང་བརྡལ་དུ་འགྲོ་མི་ཆོག་པའི་བཙན་བཀག་བྱས་འདུག དེ་དུས་སེར་སྐྱ་མང་ཚོགས་ ༡༤༠༠ ལྷག་གིས་སྐད་འབོད་བརྒྱབ་པ་རེད། ཡིན་ན་ཡང་གནས་སྐབས་སུ་བོད་མི་གཅིག་ཀྱང་འཛིན་བཟུང་དང་གཅར་རྡུང་རིགས་གང་ཡང་བྱས་མི་འདུག” ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༡ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༧ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 6

  1. འབྲོག་པ་རྣལ་མ། says:
    ལོ་ 13 སྔོན།

    སྤུན་ཟླ་ཚོ་གདུང་སེམས་མཉམ་སྐྱེད་ཡོད་བོད་རྒྱལ་ལོ། ལན་འབུམ་བཟླས་རྒྱུ་ཡིན།

    Reply
  2. ཤིང་ལོ། says:
    ལོ་ 13 སྔོན།

    ༼ཇག་པས་ཐུབ་ནས་སྒང་ལ། རོགས་པས་ཐུབ་༽ཟེར་བ་ལྟར་ཡུ་ཤུལ་ལ་དངོས་གནས་དཀའ་ངལ་འཕར་མ་རེད། འོན་ཀྱང་རྒྱ་ཁྱི་ཚང་གིས་སྡོད་དུ་འཇུག་གི་མེད་པ་རེད། ཧ་ལས་པའི་བསམ་བློ་གཅིག་མཐུན་དང་། ནུས་ཤུགས་ཆིག་སྒྲིལ་རེད། རྗེས་ཡི་རང་མ་གཏོགས་བླ་རྒན་ལ་བྱེད་ཐབས་ཅང་མི་འདུག

    Reply
  3. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    དགུན་ཁར་ཕྱི་གནམ་གཤིས་ཧ་ཅང་གྲང་ཞིང་གྲང་ཚད་ཀླད་ཀོར་འོག་ལ་སླེབས་འདུག འོན་ཀྱང་སྒ་སྐྱེ་དགུ་མདོ་པ་རྣམས་ཀྱི་སྙིང་ཁོང་གི་དྲོད་ཚད་ནི་བརྒྱ་བརྒལ་ཞིང་མི་རིགས་ཀྱི་ལས་འགུལ་དགུང་ལ་ཆས་སོང་། སེམས་ཤུགས་མ་ཆག ང་ཚོ་ཚང་མ་ཁྱེད་ཚོ་དང་མཉམ་དུ་ཡོད།

    Reply
  4. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    ༢༠༡༢ ལོར་སླར་ཡང་སྒ་སྐྱེ་དགུ་མདོ་འགུལ་བསྐྱོད་ཐེབས་གིན། འདི་ནི་རང་བྱུང་ས་ཡོམ་གྱིས་མིན་པར་འགྲོ་བ་མིའི་ཆིག་སྒྲིལ་གྱི་ནུས་པས་འགུལ་གིན་འདུག རང་དབང་གི་འབོད་སྒྲས་འགུལ་བསྐྱོད་ཐེབས་སོང་། དེ་ཡང་ཉིན་གཅིག་མིན་པར་ཉིན་ཤས་ཕྱིན་སོང་། འགུལ་ལག་ས་ཁུལ་གཞན་ལ་ཁྱབ་སོང་།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སྡེབས་ལངས་ཀྱི་ལས་འགུལ་བྱས་ན། སྤོབས་པ་དང་གཟི་བརྗིད་འདུག མུ་མཐུད་མཐར་བསྐྱལ་དགོས་རེད་དོ། །

    Reply
  6. ཤར་མདའ། says:
    ལོ་ 13 སྔོན།

    སྤུན་ཟླ་ཚོ་ཁྱེད་ཚོས་སྡུག་བསྔལ་དེ་ང་ཚོས་མཐོང་བཞིན་ཡོད་མ་ཟད་འུ་ཚོ་ལ་དྲན་བདེན་ཡོད་པས་དུས་ནམ་ཞིག་འུ་ཚོ་དམར་གཞུང་གི་དྲག་གནོན་ལས་རྒྱལ་ངེས་ཡིན་སྤུན་ཟླ་ཚོ་ཁྱེད་ཚོས་ལས་འགུལ་ལ་ཡི་རང་དང་རྒྱབ་སྐྱོར་ཡོད་བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese