མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཚེ་མེད་ཡིན་པ་ཞིག་ཡང་ཡང་འཚེ་མེད་ཡིན་ཚུལ་བརྗོད་མི་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་༼ བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ། ༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་། གོ་སྒྲིག་པས་བགྲོ་གླེང་གི་ནང་དོན་ཕྱོགས་སྡོམ་གྱིས་གསར་འགོད་བསྒྲགས་གཏམ་བཅས་སྤེལ་སོང་།

 

ཁ་སང་ཕྱི་ཚེས་ ༢༠ ཉིན་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གོ་སྒྲིག་འོག  ༼ བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ ༽ཞེས་པའི་བགྲོ་གླེང་ཞིག་ཚོགས་ཏེ། བོད་མིའི་མེར་བསྲེགས་ལས་འགུལ་དང་བོད་ནང་གི་ད་ལྟའི་སྟངས། བཙན་བྱོལ་སྤྱི་ཚོགས་ནང་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་འཕེལ་གཏོང་ཐབས། རྒྱ་གཞུང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་འཁྱོག་བརྗོད་བྱེད་བཞིན་པ་ཐེར་འདོན་བཅས་ཀྱི་ཐད་གཏམ་བཤད་གནང་སོང་།

ཐེངས་འདིའི་བགྲོ་གླེང་ཐོག་སྤྱི་འཐུས་བསོད་ནམས་རྒྱལ་མཚན་དང་ཤར་གླིང་ཟླ་སྒྲོན། ལི་ཐང་འཇམ་བཟོད། རྨོག་རུ་བསྟན་པ། གངས་ལྷ་མོ་དང་།  དབུས་གཞོན་ནུའི་ཚོགས་གཞོན་ནོར་གྲུབ་ལྷ་དར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་ཚོགས་གཙོ་རྡོ་རྗེ་ཚེ་བརྟན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་བཅས་དང་། རྩོམ་པ་པོ་དང་དགེ་རྒན་སོགས་གདན་ཞུས་བགྲོ་གླེང་བ་ ༡༥ དང་ཟུར་ཞུགས་པ་བཅས་མི་གྲངས་ ༥༠ ཙམ་མཉམ་ཞུགས་གནང་སོང་ལ། མཇུག་ཏུ་གོ་སྒྲིག་པའི་ངོས་ནས་བགྲོ་གླེང་སྐབས་ཀྱི་བསམ་ཚུལ་བསྡུ་སྒྲིག་གིས་དོན་ཚན་ ༧ ཅན་གྱི་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་སོང་།

བགྲོ་གླེང་གི་ཐོག་མར་གོ་སྒྲིག་པ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བགྲོ་གླེང་གི་དམིགས་ཡུལ་ངོ་སྤྲོད་གནང་བ་ལྟར་ན། བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་བསྟུད་མུར་འབྱུང་བཞིན་པའི་སྐབས་འདིར། གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་བླ་ན་མེད་པའི་གཅེས་སྲོག་གི་མཛད་རྗེས་ཆུད་ཟོས་སུ་མི་གཏོང་ཆེད་དང་།  དེ་དག་གི་འཐབ་རྩོད་ངོ་བོ་ངོས་འཛིན་སྟངས། གཞིས་བྱེས་བོད་མིའི་འཐབ་རྩོད་སྟོབས་ཤུགས་གཅིག་སྒྲིལ་ཡོང་ཐབས། གསར་འགྱུར་མཁོ་སྒྲུབ་དང་ཁྱབ་སྤེལ་གཏོང་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་གོ་བསྡུར་ཧ་ཅང་གལ་ཆེ་བར་མཐོང་སྟེ། བགྲོ་གླེང་འདི་གོ་སྒྲིག་གནང་ཚུལ་བརྗོད་བྱུང་།   

 

སྔ་དྲོའི་བགྲོ་གླེང་སྐབས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱི་གཙོ་སྐྱོང་འོག ༼ བོད་མིའི་མེར་བསྲེགས་ལས་འགུལ་དང་བོད་ནང་གི་འོས་ལངས་ལ་ལྟ་བ༽ཞེས་པའི་བརྗོད་གཞིའི་ཐོག ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་དང་ནོར་གླིང་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་ལྷ་ལུང་རྒྱལ། ལོ་རྒྱུས་ཉམས་ཞིབ་པ་འཇུ་བསྟན་སྐྱོང་། རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་བཅས་ཀྱིས་གཏམ་བཤད་དང་དྲི་བར་ལན་འདེབས་གནང་སོང་། དེའི་རྗེས་ཚངས་དབྱངས་རྒྱ་མཚོ་ལགས་ཀྱི་གཙོ་སྐྱོང་འོག ༼བཙན་བྱོལ་བོད་མིའི་ད་ལྟའི་འཐབ་རྩོད་ཀྱི་སྟོབས་ཤུགས་ཇི་ལྟར་གོང་འཕེལ་དུ་གཏོང་ཐབས ༽ ཞེས་པའི་བརྗོད་གཞིའི་ཐོག་དོན་གྲུབ་ལྷ་དར་ལགས་དང་རྡོ་རྗེ་ཚེ་བརྟན། འཆི་མེད་གཡུང་དྲུང་། དམ་ཆོས་དཔལ་བཟང་བཅས་ཀྱིས་གཏམ་བཤད་དང་དྲི་བར་ལན་འདེབས་གནང་སོང་ལ། ཕྱི་དྲོའི་བགྲོ་གླེང་སྐབས། དོན་གྲུབ་ལྷ་དར་ལགས་ཀྱི་གཙོ་སྐྱོང་འོག ༼རྒྱ་ནག་གི་འཁྱོག་བཤད་དག་ལ་བདེན་པས་རྒོལ་རྡུང་གཏོང་བ༽ ཞེས་པའི་བརྗོད་གཞིའི་ཐོག་སྤྱི་འཐུས་བསོད་ནམས་རྒྱལ་མཚན་དང་ཤར་གླིང་ཟླ་སྒྲོན། རྨོག་རུ་བསྟན་པ། གངས་ལྷ་མོ། འཇམ་དབྱངས་བཟོད་པ་བཅས་ཀྱིས་གཏམ་བཤད་གནང་སོང་།

 

བགྲོ་གླེང་སྐབས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་རྒྱ་ནག་གི་དར་དམར་མེར་བསྲེགས་གཏོང་དོན་ནི། ཚོར་བའི་དབང་གིས་མ་ཡིན་པར་ལོ་རྒྱུས་ཀྱི་བདེན་པ་སྲུང་སྐྱོབ་ཆེད་ཡིན་ཚུལ་བརྗོད་དོན། “རང་བཙན་རྩོད་མཁན་ཞིག་གི་ངོས་ནས་སྐར་མ་ལྔ་ཅན་གྱི་དར་ཆ་དེ་ངོས་ལེན་བྱེད་ཐབས་ཡོད་པ་མ་རེད། དེར་བརྟེན་དར་ཆ་དེ་མར་ཕབས་པ་དང་མེར་བསྲེགས་བཏང་སྟེ་ངོས་ལེན་མེད་པའི་རྣམ་འགྱུར་སྟོན་བཞིན་ཡོད།  དར་ཆ་དེ་ངོས་ལེན་མ་ཐུབ་པར་གཞོན་ནུ་ལྷན་ཚོགས་ལ་རྒྱུ་མཚན་གཉིས་ཡོད། དང་པོ། དར་ཆ་དེ་ ༡༩༤༩ ཕྱི་ཟླ་ ༧ པའི་ནང་སྒྲིག་བཟོ་བྱས་པ་རེད། དར་ཆ་དེར་འགྲེལ་བཤད་མ་འདྲ་བ་གསུམ་ཡོད།  ས་ཁོངས་ཀྱི་ངོ་བ་དང་། མི་རིགས་ཀྱི་ངོ་བོ། གྲལ་རིམ་གྱི་ངོ་བོ་བཅས་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་གསུམ་ལས། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་གཞིར་བཞག་ཐོག་འགྲེལ་བཤད་བརྒྱབ་ཡོད་སྟབས།  བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་གནང་མ་ཐུབ་པར་རྒྱ་ནག་གི་དར་ཆ་དེ་མེར་བསྲེགས་གཏོང་གི་ཡོད་པ་རེད། གཉིས་པ། སྐར་མ་ལྔ་ཡི་དར་ཆ་དེའི་དབང་སྒྱུར་འོག་བོད་མི་ས་ཡ་གཅིག་ལྷག་འདས་གྲོངས་ཕྱིན་པ་རེད། ང་ཚོར་སོ་སོའི་རྒྱལ་དར་ཞིག་ཡོད་པ་རེད། དེར་བརྟེན། རྒྱ་ནག་གི་དར་ཆ་མེར་བསྲེགས་གཏོང་བཞིན་ཡོད” ཅེས་བརྗོད་དེ།  མི་རེ་འགས་རྒྱ་ནག་གི་དར་ཆ་མེར་བསྲེགས་བཏང་ན་རྒྱ་མིར་ཕོག་ཐུག་འགྲོ་རྒྱུར་དོགས་བཞིན་ཡོད་ཀྱང་།  ང་ཚོའི་འཐབ་རྩོད་དེ་གཞན་ལ་བསྟུན་པའི་ཆེད་དུ་མ་ཡིན་པར། སོ་སོའི་རང་དབང་རང་བཙན་གྱི་ཆེད་ཡིན་སྟབས། རྒྱ་མི་བརྒྱ་ཡི་རྒྱབ་སྐྱོར་ཐོབ་པ་དང་བོད་མི་གཅིག་གི་སེམས་ཤུགས་ཆག་པ་གཉིས་ལས། བོད་མི་གཅིག་གི་སེམས་ཤུགས་ཆག་པ་དེ་གྱོང་ཆེན་པོ་ཡིན་ཚུལ་བརྗོད་སོང་།

 

སྤྱི་འཐུས་འཇམ་དབྱང་བཟོད་པ་ལགས་ཀྱིས། “མ་གཞི་ནས་འཚེ་མེད་ཞི་བ་ཡིན་པ་ཞིག་ལ་ཡང་དང་བསྐྱར་དུ་རེད་ཅེས་ཨུ་ཚུགས་རྒྱག་དགོས་དོན་མི་འདུག གལ་སྲིད། འཚེ་བའི་ལས་འགུལ་ཡིན་ན་ནི་དེ་ལ་འཚེ་མེད་ཞི་བ་ཡིན་པར་ཨུ་ཚུགས་རྒྱག་དགོས་ཆགས་གི་རེད། དཔེར་ན། བོད་རྒྱ་ནག་གི་ཆ་ཤས་མིན་པས་རྐྱེན་གྱིས། རྒྱ་གཞུང་གིས་ཀྲུང་གོའི་བོད་ལྗོངས། ཀྲུང་གོའི་ལྷ་ས་སོགས་ཀྲུང་གོ་ཞེས་ཨུ་ཚུགས་རྒྱག་གི་ཡོད་པ་རེད། དེ་དང་གཅིག་མཚུངས་རེད། ང་ཚོས་བོད་པ་རང་གི་ལུས་འགུལ་དེ་འཚེ་མེད་ཡིན་པ་གང་ཞིག་ལ། ཡང་དང་བསྐྱར་དུ་འཚེ་མེད་ཅེས་ཨུ་ཚུགས་བརྒྱབ་སྟེ་བཤད་བསྡད་པ་ཡིན་ན། དེ་ནི་བོད་པའི་འཐབ་རྩོད་ཀྱི་ངོ་བོ་དེ་འཚེ་བ་ཡིན་མིན་གཞན་ལ་དོགས་སློང་བྱེད་ཀྱི་ཡོད་པ་རེད” ཅེས་བརྗོད་དེ།  འཛམ་གླིང་སྒང་སཱ་དམ་མའོ་སཱན་དང་། དྷ་ཌ་ཧྥེ། ཨོ་ས་མཱན་ལ་ཌན་སོགས་དམར་གསོད་བཏང་བ་ཡིན་ནའང་། དེ་ལ་རྒྱལ་སྤྱིའི་ཐོག་འཚེ་བ་རེད་ལབ་མཁན་གཅིག་ཀྱང་བྱུང་ཡོད་པ་མ་རེད། དེར་བརྟེན། ང་ཚོ་བོད་པའི་རང་ལུས་མེར་བསྲེགས་ཞི་རྒོལ་ལ་འཚེ་བ་རེད་ཅེས་བརྗོད་སའི་གཞི་གང་ཡང་མེད་སྟབས།  འཚེ་བ་ཡིན་མིན་གྱི་གླེང་སློང་བྱས་ན་ཡག་པོ་མེད་སྐོར་བརྗོད་སོང་།

བགྲོ་གླེང་མཇུག་སྒྲིལ་རྗེས་བགྲོ་གླེང་སྐབས་བྱུང་བའི་བསམ་ཚུལ་རྣམས་བསྡུ་སྒྲིག་གིས་ ༼ང་ཚོས་ཅིའི་ཕྱིར་ངོ་རྒོལ་སྤེལ༽ཞེས་པའི་དོན་ཚན་ ༧ ཅན་གྱི་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་སོང་། དོན་ཚན་ཁག་ནི། གཅིག བོད་འདི་སྔ་མོ་ནས་ཀྲུང་གོའི་ཆ་ཤས་ཤིག་ཡིན་ཚུལ་གྱི་ལོ་རྒྱུས་རྫུན་མ་དེས་མི་རབས་གསར་བའི་བསམ་བློ་རྨོངས་སྒྱུར་དང་མི་རིགས་ཀྱི་ལོ་རྒྱུས་ནག་གསུབ་བཏང་བའི་ཉེས་པ་ཆེན་པོ་བསགས་པ། གཉིས། བོད་ཞི་བས་བཅིངས་འགྲོལ་བཏང་ཚུལ་གྱི་ཧམ་བཤད་དེ་གཉའ་གནོན་དང་བཙན་འཛུལ་གྱི་ནག་ཉེས་ཡོད་དོ་ཅོག་འགེབ་སྦས་ཀྱི་བྱུས་ངན་ཡིན་པ། གསུམ། བོད་ཆོལ་ཁ་གསུམ་པོ་དུམ་བུ་མང་པོར་བཅད་བགོས་ཀྱིས་མི་རིགས་གཅིག་གྱུར་གྱི་རང་སྐྱོང་ཁེ་དབང་ལ་གནོད་ཚབས་ཆེ་ཞིང་མི་རིགས་ཀྱི་ངོ་བོ་གཞན་འགྱུར་གྱི་བྱུས་ངན་སྤེལ་བ། བཞི། རྒྱ་མི་མང་པོ་བོད་དུ་གནས་སྤོ་ཤུགས་ཆེན་གྱིས་བོད་ཡུལ་མི་སེར་སྤེལ་ཡུལ་བཟོ་བཞིན་པ་དང་། བོད་ཀྱི་འབྲོག་པ་རྩ་སྟོང་དང་མཉམ་ལས་སྲིད་བྱུས་སྤེལ་བ། ལྔ། ༧གོང་ས་མཆོག་ལ་ཉེས་འགེལ་མཚན་དམོད་ཀྱིས་བོད་མིའི་རང་དབང་དད་མོས་ལ་བཙན་གནོན་རྒྱུན་མུར་སྤེལ་བ། དྲུག བོད་རིགས་མང་ཚོགས་ཀྱིས་༸གོང་ས་མཆོག་བོད་དུ་གདན་ཞུ་དང་། བོད་ཀྱི་ཆོས་ལུགས་དད་མོས་རང་དབང་དང་། བོད་མིའི་ཁེ་དབང་སྲུང་སྐྱོབ། བོད་རང་དབང་རང་བཙན་བཅས་ཀྱི་ཆེད་ཞི་བའི་ངོ་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་དམར་གསོད་བྱས་པ། བདུན། ༸གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འབྱུང་འགྱུར་བོད་འདི་ཀྲུང་གོའི་མངའ་ཁོངས་སུ་མཉམ་གནས་འཆམ་མཐུན་གྱིས་འཚོ་ཐབས་སུ་བསམ་འཆར་ཡིག་ཆ་ཕུལ་ཡང་། རྒྱ་གཞུང་གིས་ཡ་ལན་མེ་པར་ཉེས་འཛུགས་སྣ་ཚོགས་བྱས་ཡོད་པ་བཅས་རེད།

དེ་བཞིན།  གོང་གསལ་གནད་དོན་དེ་དག་གི་རྐྱེན་པས་གཞིས་བཞུགས་བོད་མིའི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཏེ། རྒྱ་གཞུང་ལ་ངོ་རྒོལ་གྱི་རླབས་ཕྲེང་དང་མེ་ལྕེ་ཤུགས་ཀྱིས་མཆེད་བཞིན་པ་ཡིན་སྟབས།  འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁུར་དགོས་པར་མ་ཟད། རྒྱ་ནག་མི་མང་གི་གཙོས་འཛམ་གླིང་གི་མི་མང་ཡོངས་ཀྱིས་དེ་དོན་གསལ་རྟོགས་ཐུབ་རྒྱུའི་འབོད་སྐུལ་དང་། གཞིས་བཞུགས་བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་བོད་དོན་ཆེད་སྙིང་སྟོབས་ཆེན་པོའི་སྒོ་ནས་རང་ལུས་མེ་མཆོད་ལ་ཕུལ་བཞིན་པ་ནི་དངོས་གནས་བློ་ཡུལ་ལ་ཤོང་དཀའ་བའི་བློས་གཏོང་ཆེན་པོ་ཞིག་དང་། སྙིང་སྟོབས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་དང་འབྲེལ། རྒྱལ་སྤྱིའི་གཟུར་གནས་གཞུང་མང་ཡོངས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། བོད་མི་མང་པོ་ཞིག་གིས་རང་སྲོག་བློས་བཏང་གིས་རང་ལུས་མེ་མཆོད་འབུལ་བཞིན་པའི་དགོས་དོན་གང་ཡིན་པ་དང་། རྒྱ་གཞུང་གི་ཐ་ཤལ་གྱི་སྤྱོད་པ་སོགས་ལ་རྒྱུས་ལོན་བྱས་ཏེ་དྲང་བདེན་གྱི་སྒོ་ནས་རྒྱབ་སྐྱོར་ཅི་ནུས་གནང་སྐྱོང་ཡོང་བའི་གཞེན་སྐུལ་ཡང་ཞུས་སོང་།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༢༣ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 6

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ཁ་ཕོ་ཡ་ཀླུང་གཙང་པོ་འདྲ།
    དོན་དམ་གཙང་པོའི་ལྦུ་བ་རེད།
    མགོ་བོ་སེང་གེའི་གཡུ་རལ་ལྡན།
    མཇུག་མ་མེད་པའི་སྲིན་འབུ་རེད།

    འདི་ཡི་རིགས་ལ་དྭོགས་ཟོན་གྱིས།
    འདི་ཡི་རིགས་ལ་གཟུ་ནས་བལྟ།
    ཕྱིན་པའི་རྐང་རྗེས་སྒོར་ཐིག་རེད།
    གང་དུ་འགྲོ་མིན་ཇེ་གསལ་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དར་དམར་མེར་བསྲེགས་པ་འདིས་བོད་དོན་གྱི་ལས་དོན་ལ་ཕན་པའི་ཞི་དྲག་གི་ལས་འགུལ་གང་གིས་ཁོངས་སུ་འགྲོའམ་གཞོན་ལྷན་ལགས།

    Reply
  3. མི་ཆུང་། says:
    ལོ་ 14 སྔོན།

    བགྲོ་གླེང་འདི་རིགས་སྐབས་གསར་འགོད་པས། བགྲོ་གླེང་བ་རྣམས་ཀྱི་གཏམ་གྱི་བརྗོད་སྙིང་ཐུང་ངུ་རེ་ཟུར་འདོན་གྱིས། དྲ་ཚིགས་ས་མིག་བགོས་འགྲེམས་ཀྱིས་འདོན་དགོས་ཀྱང་བྱུང་མི་འདུག

    གཞན་དུ་ན། ད་ཐཻངས་ཀྱི་བགྲོ་གླེང་སྐབས་གཞོན་ནུའི་ཚོགས་གཞོན་དང་སྤྱི་འཐུས་འཇམ་བཟོད་གཉིས་ཀྱི་སྐད་ཆ་དུམ་དུ་དེ་དག དོན་སྙིང་དུ་གྱུར་ཡོད་ན། ཕལ་ཆེར་ད་ཐེངས་ཀྱི་བགྲོ་གླེང་འདི་འཚོགས་པ་ཙམ་ལས་དོན་སྙིང་ཆེར་བྱུང་མི་འདུག

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    བགྲོ་གླེང་གི་ངོ་དང་། སོ་སོའི་བསམ་ཚུལ་ནམ་ཡང་ལོགས་སུ་འགྲོ་བ་འདི་འུ་ཚང་གི་མཁས་ཚུལ་ཚོའི་རང་བཞིན་ལྟ་བུ་ཡིན། མ་གཞི་ཁོང་རྣམ་པ་སློབ་གསོའི་ཁོར་ཡུག་གང་ནས་ཕེབས་པ་དང་། ཞིབ་ཚགས་ཀྱི་ཉམས་མྱོང་ཅི་ཙམ་མངའ་འམ། འོན་ཀྱང་༼རང་གི་ཚོད་ཀྱི་རི་དྭགས་དང་། ས་ཆའི་ཚོད་ཀྱི་དེ་ཕོ་རེད།༽

    Reply
  5. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤྱི་འཐུས་ཤར་གླིང་ཟླ་སྒྲོན་དང་བསོད་ནམས་རྒྱལ་མཚན་གཉིས་ནི་སྐུ་མགྲོན་གཙོ་བོའི་གྲས་སུ་ཡོད་ཀྱང་གཏམ་བཤད་ཚིག་གཅིག་ཀྱང་འདིའི་ནང་དུ་བཀོད་མིན་འདུག །ཕལ་ཆེར་ཁོང་གཉིས་ཀྱི་སྐད་ཆ་ལ་ལྗིད་ཁོག་མེད་པ་ཡིན་ནམ། ཡང་ན་གསར་འགོད་པའི་བློ་ཡུལ་ལ་མ་ཤོངས་པ་ཡིན་ནམ།

    Reply
  6. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    གསར་འགོད་པས་གསར་འགྱུར་ཧ་ཅང་ཞིབ་ཚགས་ཀྱིས་བྲིས་འདུག འོན་ཀྱང་ནང་དུ་ལེན་རྒྱུ་གཅིག་ཀྱང་མི་འདུག ངྷ་རམ་ས་ལས་ཆབ་སྲིད་པ་ཟེར་ན་སྲིད་དོན་ཚན་རིག་མི་ཤེས་མཁན། རྩོམ་པ་པོ་ཟེར་ན་རྩོམ་རིག་གཞུང་ལུགས་མི་ངེས་མཁན་འདི་དག་གིས་ཅིག་ཅིག་མིག་མིག་ཟེར་ནས་མང་པོ་ཞིག་བཤད་ཡོང་ཡང་། ནང་དུ་ལེན་ཆོག་པ་དང་ལྗིད་ཁོག་ཡོད་པའི་དོན་དག་ཅིག་ཀྱང་མེད་པས་སུན་སྣང་སྐྱེ་ཡོང་གི་འདུག ལྷག་པར་དུ་ཐེངས་འདིར་གཞོན་ནུའི་ཚོགས་གཞོན་གྱིས་ཁོ་རང་གི་བྱས་ཉེས་ཤིག་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་བ་མེད་ནའང་ཨུ་ཚུགས་ཀྱིས་བར་དུ་བཅུག་ཡོང་བ་འདི་ཁྱད་མཚར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese