མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་རྩོམ་དེབ་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཞེས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ། བོད་པའི་རྩོམ་པ་པོ་ཚོས་རྒྱ་ནག་གི་འཁྱོག་བཤད་ལ་ཐེར་འདོན་བྱས་ཏེ། དངོས་ཡོད་གནས་ཚུལ་ལོ་རྒྱུས་དེབ་ཐེར་ནང་འགོད་འགལ་ཆེ་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་གསར་འགོད་པ་བཀྲ་ཤིས་བདེ་ལེགས་དང་འཇིགས་བྲལ་བསྟན་འཛིན་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་༼ བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས། ༽ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྐུ་མགྲོན་དུ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག གཞན་གསར་འགོད་པ་བཅས་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་གུས་འདུད་ཞུས་རྗེས། སྤྱི་འཐུས་ཚོགས་གཞོན་མཆོག་གིས་དཔེ་དེབ་དབུ་འབྱེད་དང་སྦྲགས། དཔེ་དེབ་རྩོམ་སྒྲིག་དཔར་སྐྲུན་གནང་པར་སྔགས་བརྗོད་དང་། ལྷག་པར་དུ་བོད་རྒྱའི་གནད་དོན་ཐད་ཞིབ་འཇུག་རང་བཞིན་གྱི་རྩོམ་ཡིག་དང་དཔེ་དེབ་དགོས་གལ་ཆེ་སྐོར་གྱི་གསུང་བཤད་གནང་སོང་།  

སྐབས་དེར་རྩོམ་སྒྲིག་པ་འཇིགས་བྲལ་བསྟན་འཛིན་ལགས་ཀྱིས་དཔེ་དེབ་དེ་རྩོམ་སྒྲིག་དཔར་སྐྲུན་ཞུ་དགོས་པའི་རྒྱུ་མཚན་སྐོར་ངོ་སྤྲོད་གནང་བ་ལྟར་ན། ༼ བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས། ༡༩༤༩ – ༢༠༡༢ །༽ཞེས་པའི་བརྗོད་གཞི་འདི་བསླངས་པའི་ཐོག་ནས་འདས་པའི་མི་ལོ་ ༦༣ ལ་ཉེ་བའི་རིང་བོད་མིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ག་རེ་བྱས་ནས་བློས་གཏོང་གི་ཡོད་པ་སོགས། མདོར་ན་བོད་མིས་ཁྲག་དང་མིག་ཆུས་བྲིས་པའི་བོད་ཀྱི་དོབ་དངོས་བྱུང་རབས་ལ་ཕྱིར་བལྟ་དང་། ལོ་རྒྱུས་ཀྱི་གནད་དོན་དེ་དག་ལ་བསམ་གཞིག་བྱས་པའི་ཐོག་ནས་བོད་ཀྱི་རྩ་དོན་ཟེར་བ་གང་ཡིན་པ་དང་། ཡུན་རིང་གཞུང་མང་ཁ་བྲལ་དང་དཀའ་སྡུག་མནར་གཅོད་མྱོང་བཞིན་པའི་བོད་མི་མང་གི་དགོས་འདུན་གང་ཡིན་པ་དེ་སྒྲུབ་ཐུབ་ཆེད་གོམ་པ་མདུན་དུ་སྤོ་བར་མཁོ་བའི་བསམ་ཚུལ་དང་ཐབས་ལམ་སྐོར་ཅིག་སྟོན་ཐབས་བྱེད་འདོད་པ་དེ་ཡིན་པས། གཞི་རྒྱ་ཆེ་བའི་བརྗོད་གཞི་འདིའི་ཐོག བོད་མིའི་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་དང་དོན་སྣང་ཅན་དག་གི་དགོངས་ཚུལ་དང་ཆེད་རྩོམ་འདི་དག་བསྡུ་ལེན་བྱས་པ་ཡིན། དེར་བརྟེན་ ༼བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས། ༡༩༤༩ – ༢༠༡༢། ༽ཞེས་པའི་དཔེ་དེབ་འདིས་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཐད་དགོངས་བཞེས་གནང་རྒྱུར་ཅུང་ཟད་ཕན་རེ་ཡོད་བསྟན་བསྟན་འདུག

ཁོང་གིས་མུ་མཐུད་དུ་མ་འོངས་རྩ་དོན་སྒྲུབ་ཕྱོགས་ཐད་ཀྱི་བརྗོད་གཞི་ཁག་གི་ཐོག་མུ་མཐུད་ནས་ཞིབ་འཇུག་རང་བཞིན་ལྡན་པའི་དགོངས་འཆར་བསྡུ་ལེན་བྱེད་རྒྱུ་ཡིན་པ། རྩེ་ཕུད་རྩོམ་ཡིག་ཁག་ལ་བྱ་དགའ་དང་། ཞིབ་འཇུག་རང་བཞིན་ལྡན་པའི་རྩོམ་ཡིག་ལ་རྩོམ་ཡོན་འབུལ་ཐབས་བྱེད་རྒྱུ། མདོར་ན་མུ་མཐུད་ནས་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཐད་ཁྱོན་ཡོངས་ནས་དགོངས་པ་བཞེས་རྒྱུའི་ཆ་རྐྱེན་དུ་འགྱུར་ངེས་པའི་ལས་དོན་རྩོམ་འཆར་ཡོད་སྐོར་བརྗོད་སོང་།

མཐར་སྤྱི་མཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་ཀྱི་ཐོག་མར། རྩོམ་སྒྲིག་པ་ཁོང་གཉིས་ཀྱིས་བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཞེས་པའི་བརྗོད་གཞིའི་སྟེང་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་དང་རྩོམ་པ་པོ་ཁག་ཅིག་བཅས་ཀྱི་རྩོམ་ཡིག་བསྡུ་ལེན་དང་། པར་སྐྲུན་གྱིས་བཙན་བྱོལ་སྤྱི་ཚོགས་ནང་དཔེ་དེབ་འདི་འགྲེམས་སྤེལ་བྱས་པར་བསྔགས་བརྗོད་དང་། དེ་བཞིན་རྒྱ་དམར་གྱི་བོད་ལ་བཙན་འཛུལ་བྱས་པ་ནས་ད་ལྟའི་བར་རྒྱ་ནག་གི་དབང་སྒྱུར་འོག་བོད་མིའི་ཚེ་སྲོག་ཤོར་བའི་གྲངས་ཚད་ཧ་ཅང་ཆེན་པོ་ཡིན་པ་དང་། དཔལ་འབྱོར་གྱི་གནས་སྟངས་དང་། མིའི་རྣམ་དཔྱོད། མིའི་རང་དབང་སོགས་ཕྱོགས་གང་ནས་བལྟས་ཀྱང་བོད་མི་ཚོར་གུན་གསབ་བྱ་ཐབས་མེད་པའི་གྱོང་གུད་ཅིག་ཐེབས་ཡོད་པར་བརྗོད་སོང་།

ཁོག་གིས་མུ་མཐུད་གསུངས་དོན། “ ༢༠༠༡ ཙམ་ནས་བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་ཞིག་བྱུང་ཡོད་ཀྱང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རེ་བ་བྱེད་པ་ནང་བཞིན་ཕར་གཞོག དེའི་ཟུར་ཙམ་ལའང་སླེབས་ཐུབ་ཀྱི་མེད་པ་མ་ཟད། བཙན་བྱོལ་ཕྱོགས་ཀྱི་ལས་དོན་དང་། སེམས་ཤུགས། ལྷག་བསམ། སྙིང་སྟོབས་སོགས་ལ་སྒྲོ་གུར་གྱི་རྣམ་པ་རྐྱང་བརྗོད་དེ། གཞི་རྩའི་ཐོག་ནས་ཏཱ་ལའི་རུ་ཚོགས། ཁ་བྲལ་རིང་ལུགས་སོགས་ཀྱི་ཁ་རྡུང་གཏོང་པ་དང་། ༢༠༠༨ ལོའི་ཞི་རྒོལ་ལས་འགུལ་ལའང་རྡུང་གཅོག་འཕྲོག་བསྲེགས་ཀྱི་སྙོན་འཛུགས་བྱས་ཡོད་པ་དང་། ད་ལྟའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་ཡང་འཇིགས་སྐུལ་རིང་ལུགས་པའི་རྣམ་པ་ཞིག་གི་ཐད་ནས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་སོགས་ནི་རྒྱ་ནག་གི་རྩོམ་པ་པོའམ་མི་རེ་ཟུང་གི་བསམ་ཚུལ་མིན་པར། རྒྱ་ནག་གཞུང་འབྲེལ་ཐོག་དྲི་བསྒྲགས་བྱེད་ཀྱི་ཡོད་པ་ཞིག་ཡིན་སྟབས། ད་ལྟའི་ཆར་དངོས་ཡོད་ལ་ཞིབ་འཇུག་དང་གནས་ཚུལ་མཁོ་སྒྲུབ། ཉམས་ཞིབ་སོགས་བྱས་ཏེ་དེབ་ཐེར་ནང་འགོད་རྒྱུ་ནི་ད་ལྟའི་འཐབ་རྩོད་དང་འབྱུང་འགྱུར་གྱི་མི་རབས་ཚོའི་ཆེད་དུ་ཧ་ཅང་གལ་ཆེན་པོ་རེད” ཅེས་གསུངས་སོང་།

བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་(༡༩༤༥ – ༢༠༡༢) ཞེས་པའི་དཔེ་དེབ་འདི་ལ་ཤོག་ངོས་ ༢༣༧ འདུག་ལ། རྩོམ་ཡིག་རྣམས་༧གོང་ས་མཆོག་ཐོག་མར་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་སྐབས་ཀྱི་གསར་འགོད་གསལ་བསྒྲགས་དང་གསུང་བཤད་གལ་གནད་ཆེ་བའི་རིགས། དེ་བཞིན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་༼ ལྔ་བཅུའི་དུས་དྲན་ཚོགས་ཆུང་ལ་ཕུལ་བའི་སྙན་ཞུ༽ དང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཀྱིས་བྲིས་པའི་ ༼ བོད་མིའི་བསམ་བློ་གཅིག་མཐུན་གྱིས་རྒྱལ་སྤྱིའི་ཁྲིམས་ཐོག་གི་ཐོབ་ཐང་རྩོད་དགོས། ༽ཞེས་པ། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་གྱིས་བྲིས་པའི་༼ བོད་པའི་གཞུང་ནུས་པ་ལྡན་པ་ཞིག་བོད་པས་བྱེད་དགོས༽ཞེས་པ། ད་ལྟའི་བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་བྲིས་པའི་༼འབར་བཞིན་པའི་བོད་ནང་གི་མེ་ལྕེ ༽སོགས་རྩོམ་པ་པོ་དང་། ཆབ་སྲིད་ཉམས་ཞིབ་པ་བཅས་ཀྱི་རྩོམ་ཡིག་ ༢༠ ལས་གྲུབ་འདུག་ལ། དཔེ་དེབ་འདི་རིན་མེད་ཐོག་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།  

མཆན། 5

  1. མི་ཆུང་། says:
    ལོ་ 11 སྔོན།

    ཡག་པོ་འདུག ཕྱོགས་གང་ས་ནས་ནུས་ཤུགས་སྤུངས་དགོས། རྩོམ་སྒྲིག་པ་གཉིས་ལ་འཚམས་འདྲི་ཞུ།

    Reply
  2. རྒྱ་རྙི། says:
    ལོ་ 11 སྔོན།

    དུས་ཐོག་ཆར་བ་བཞིན་དཔེ་དེབ་འདི་འདྲ་རྩོམ་འབྲི་གནང་བར་ངོ་མ་བཟང་། རྩོམ་སྒྲིག་པ་ཚང་མང་ཁ་དྲོ་བཀྲ་ཤིས་ཡོད།
    ཡིན་ཡང་འཇིགས་བྲལ་བསྟན་འཛིན་ཟེར་བ་འདི་ལ་ཆོལ་ཁ་དང་། ལུང་ཚན་སོགས་ཀྱི་ཚོར་བ་དང་ཞེན་ཁོག་ཆེ་དྲགས་རབས་འདུག་པས་མི་འདི་མཐོང་ན་མི་སྐྱིད་པ་འདུག

    Reply
  3. བཙན་བྱོལ་བ་ says:
    ལོ་ 11 སྔོན།

    དཔེ་དེབ་དེ་ལྟ་བུ་ཞིག་ཕྱོགས་བསྒྲིགས་བྱས་པ་ལ་དགའ་བསུ་ཞུ། ཁོ་བོའི་རེ་བ་ལ། དེའི་ནང་དུ་ཉམས་ཞིབ་པ་མཁས་དབང་འཇམ་དབྱངས་ནོར་བུའི་སྒྱུར་རྩོམ་ཞིག་ཡོད་པའི་རེ་བ་ཧ་ཅང་ཆེ། གང་མྱུར་ལག་ཏུ་ཡོང་བའི་རེ་བ་ཆེ། ཁ་དྲོ།

    Reply
  4. མི་འགྱུར་བཀྲ་ཤིས། says:
    ལོ་ 11 སྔོན།

    དུས་ཚོད་འདི་འདྲ་ལ་རྩོམ་དེབ་འདི་འདྲ་སྤར་འགྲེམ་ཐུབ་པ་དགའ་བསུ་དང་། ལས་མི་གཉིས་དང་། དེ་ལས་ཀྱང་གུས་འོས་པའི་རྩོམ་པ་པོ་རྣམ་པར་འཚམས་འདྲི་ཞུ། དེང་སང་མི་འགའ་རེས་དང་པོ་དེབ་ཅིག་འདོན་གྱི་ཡིན་ལབ་ནས། མ་དངུལ་སློང་པ་སོགས་བྱས་རེ། རྗེས་སུ་གོ་ཐོས་མེད་པ་ཆགས་འགྲོ་གི་འདུག དེ་འདྲ་མིན་པ། ཁྱེད་གཉིས་ཀྱིས་དུས་ཐོག་ཆར་པ་ལྟར་བཏོན་ཐུབ་པར་དགའ་བོ་བྱུང་ལགས།
    གསལ་འགོད་པ་སོགས་ཀྱིས་བྱུང་ན། རྩོམ་དེབ་འདིའི་ནང་གི་རྩོམ་ཡིག་ཁག་ཀྱང་འདིར་ཁ་གསལ་བྱས་ཏེ་འབྲི་ཐུབ་ན་རང་བཞིན་གྱིས་ཁ་གསལ་དུ་འགྲོ་གི་རེད།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 11 སྔོན།

    རྩོམ་སྒྲིག་པ་ཟུང་ལ་དགའ་བསུ་དང་བསྔགས་བརྗོད་ཡོད་ལ།རྗེས་སུ་གྲོང་སྡེ་དང་པོ་ནས་གསོལ་ཇ་མངར་མོ་འདྲེན་རྒྱུ་གཏན་འཁེལ་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist