མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་མིག་དམར་ཉིན་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ། རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་སྲུང་གཙི་དང་འབྲེལ། བོད་ཀྱི་རྩོམ་པ་པོ་དང་རྩོམ་སྒྲིག་པ་ཁག་ཅིག་གིས་སྐད་ཡིག་སྲུང་སྐྱོབ་ཐོག་བགྲོ་གླེང་གནང་སོང་།

བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་སོང་ལ། ཐེངས་འདིའི་བགྲོ་གླེང་སྟེང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་འགན་འཛིན་ནཱ་ག་སངས་རྒྱས་བསྟན་དར་ལགས། རྩོམ་པོ་པོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་དང་། རྩོམ་པ་པོ་གཡང་ཁོ་རྒྱལ་ལགས་གཙོས་ངྷ་ས་ཁུལ་གྱི་དུས་དེབ་དང་ཚགས་པར་ཀྱི་སྐུ་ཚབ། དེ་བཞིན་མང་ཚོགས་བཅས་ཁྱོན་ ༥༠ ཙམ་འདུ་འཛོམས་བྱུང་ཡོད།  

མཛད་སྒོའི་ཐོག་མར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་རུ་ཆོས་དར་ལགས་ཀྱིས། རྒྱལ་སྤྱིའི་སྐད་ཡིག་གི་གནས་སྟངས་ངོ་སྤྲོད་དང་སྦྲགས། བོད་སྐད་ཡིག་སྐད་ཡིག་རྒྱུན་ཚོགས་པས་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་སྟབས་བསྟུན་ཏེ། བོད་རིགས་མཁས་དབང་ཁག་གདན་ཞུས་ཀྱིས་བོད་ཀྱི་སྐད་དང་ཡི་གེའི་གནས་བབ་སྐོར་བགྲོ་གླེང་གནང་རྒྱུ་དང་། བོད་མིའི་ཟ་ཁང་དང་ཚོང་ཁང་། དུས་དེབ་དང་དྲ་རྒྱ། ཚགས་ཤོག་བཅས་ཀྱི་ཡིག་ནོར་ཐེར་འདོན། གཞི་རིམ་མང་ཚོགས་ཁྲོད་བོད་སྐད་ཡིག་སྲུང་སྐྱོབ་ཐོག་སྔར་ལས་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བཅས་ཞུས་སོང་།

བགྲོ་གླེང་སྟེང་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་བརྗོད་པ་ལྟར་ན། ད་ལྟའི་བོད་སྐད་ཡིག་གི་དཀའ་ངལ་ཆེ་ཤོས་གཅིག་ནི། དུས་དེབ་དང་དྲ་རྒྱ། ཚགས་ཤོག་བཅས་ཀྱི་ནང་ཏུ་ཡིག་ནོར་དང་གཏགས་ནོར་མང་དྲགས་པ་དང་ཁ་སྐད་བེད་སྤྱོད་གཏོང་བ་གཉིས་ཡིན་པ་དང་།  ཡིག་ནོར་མ་དག་རྒྱུན་འབྱམས་སུ་ཕྱིན་པ་དེས་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་དོ་ཕོག་འགྲོ་བཞིན་ཡོད་པ་མ་ཟད། བོད་སྐད་ཡིག་གི་རིན་ཐང་དང་ནུས་པའང་ཉམས་རྒུད་དུ་འགྲོ་བཞིན་ཡོད་སྐོར་དང་། དཀའ་ངལ་གཞན་ཞིག་ནི། བོད་ཀྱི་རྩོམ་པ་པོ་ཁག་ཅིག་གིས་རྩོམ་ཡིག་རྣམས་ཁ་སྐད་ནང་བྲིས་པ་དེའི་ཐོག་ནས། ཆོལ་ཁ་བྱེ་བྲག་པའི་ཀློག་མཁན་ཚོར་གོ་བརྡ་མི་འཕྲོད་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བརྗོད་སོང་ལ། སྐབས་དེར་ཁོང་གིས་ “རྩོམ་པ་པོ་ཞིག་ལ་མཚོན་ན། ཀློག་མཁན་དང་སྐད་ཡིག་གི་མདུན་ལམ་གཉིས་ཀར་བསམ་བློ་བཏང་སྟེ། རྩོམ་ཡིག་རྣམས་ངེས་པར་དུ་ཡིག་སྐད་ཐོག་འབྲི་ཐུབ་པ་ཞིག་གནང་དགོས་ཀྱི་འདུག་ ” ཅེས་བརྗོད་བྱུང་།

རྩོམ་པ་པོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས་བོད་ཆོལ་ཁ་གསུམ་གྱི་ཡུལ་སྐད་མི་འདྲ་བའི་དབང་གིས་༸གོང་ས་མཆོག་གི་གསུང་ཨ་མདོ་བས་གོ་མི་ཐུབ་པ་དང་། ཨ་མདོའི་མཁས་པའི་གསུང་དབུས་གཙང་ནས་གོ་མི་ཐུབ་པའི་གནས་སྟངས་ཆགས་ཡོད་སྐོར་དང་། སྐད་ཡིག་ཀྱི་དཀའ་ངལ་དེ་མི་སྒེར་བ་ཞིག་དང་ཚོགས་སྡེ་ཞིག་གིས་གཅིག་གྱུར་ཐུབ་པ་ཞིག་མིན་པར། མི་རིགས་ཀྱི་ཤེས་རིག་དང་དཔལ་འབྱོར་ཡར་རྒྱས་དང་བསྟུན་ཏེ་ཡོང་དགོས་པ་ཞིག་ཡིན་ཚུལ་བརྗོད་དེ།  “ སྐད་ཡིག་སྲུང་སྐྱོབ་དང་གཅིག་གྱུར་ཡོང་བའི་སྔོན་འགྲོའི་ལམ་ཁ་ནི། ཆོལ་ཁ་གསུམ་གྱི་བོད་མི་ཚོས་རང་གི་ཆོལ་ཁ་ལས་གཞན་པའི་ཆོལ་ཁ་གཉིས་ཀྱི་སྐད་རིགས་ལ་གོ་བ་ལེན་ཐུབ་རྒྱུ་དང་། བཙན་བྱོལ་སློབ་གྲྭ་ཆེ་ཁག་ཏུ་ཡིག་བསྒྱུར་སྡེ་ཚན་ཆེད་འཛུགས་ཀྱིས། ཚན་རིག་དང་སྒྱུ་རྩལ་སོགས་ཕྱིའི་རིག་གཞུང་ནང་འདྲེན་བྱས་ཏེ། བོད་སྐད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་ཀྱི་འདུག ” ཞེས་བརྗོད་སོང་།

རྩོམ་པ་པོ་ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས་རྒྱལ་སྤྱིའི་སྟེང་སྐད་ཡིག་ལ་ངོས་འཛིན་གནང་ཕྱོགས་དང་། བོད་ཀྱི་སྐད་ཡིག་གི་རིན་ཐང་སྐོར་ངོ་སྤྲོད་དང་འབྲེལ། བོད་ལ་ཡུལ་སྐད་མང་དྲགས་པའི་སྟབས་ཀྱིས།  སྐད་འཆད་ཉན་སྐབས་སྐད་ཡིག་གཅིག་པ་ཡིན་ནའང་། བོད་མི་ཕན་ཚུན་གོ་བརྡ་མ་འཕྲོད་པའི་དཀའ་ངལ་འཕྲད་ཀྱིན་ཡོད་ཚུལ་དང་། མདོ་དབུས་ཁམས་གསུམ་གྱི་བོད་མིའི་བརྡ་སྤྲོད་གཅིག་པ་དང་ཚིག་འགྲོས་གཅིག་པ། ཐ་སྙད་མང་ཆེ་བ་ཡང་གཅིག་གྱུར་ཡིན་སྟབས། བོད་མི་ཚོས་ཆོལ་ཁ་གསུམ་གྱིས་སྐད་རྒྱག་མི་ཐུབ་ཀྱང་། ཆོལ་ཁ་གསུམ་གྱི་སྐད་ལ་ཉན་ཐུབ་པ་ཞིག་གནང་དགོས་སྐོར་དང་། ཡང་ཁོང་གིས། རྒྱ་གར་ནང་མདོ་དབུས་ཁམས་ཀྱི་བོད་པ་འདུ་འཛོམས་བྱུང་ཐུབ་པ་འདི་ནི། སྐད་ཡིག་སྲུང་སྐྱོབ་ཀྱི་གོ་སྐབས་ཡག་ཤོས་ཤིག་ཡིན་པ་དང་། ཤེས་རབ་དགའ་ཚལ་གླིང་དང་སུ་ཇཱ་བོད་ཁྱིམ། སཱ་ར་མཐོ་སློབ་བཅས་སུ་ཡོད་པའི་མདོ་དབུས་ཁམས་གསུམ་གྱི་སློབ་ཕྲུག་ཚོས། ཆོལ་ཁ་རིས་མེད་ཀྱི་སྐད་རྒྱག་མ་ཐུབ་ཀྱང་གསལ་པོ་ཉན་ཐུབ་ཀྱི་ཡོད་སྐོར་དང་། དེ་ལས་ལྡོག་སྟེ་ཉིན་ཞིག་བོད་མི་ཞིག་ཚོས་བོད་སྐད་འཆད་ཉན་མ་ཤེས་ན་སྐབས་དེ་ནས་སྐད་ཡིག་ཉམས་མགོ་བཙུགས་ཡོད་སྐོར་སོགས་བརྗོད་བྱུང་།

མཐར་མར་རྩོམ་པ་པོ་གཡང་ཁོ་རྒྱལ་ལགས་ཀྱིས་བརྗོད་པ་ལྟར་ན། བོད་ཀྱི་རིག་གནས་ཐོག་མར་དགོན་སྡེ་ཁག་དང་སྐུ་དྲག་ཁྱིམ་རྒྱུད་ནས་དར་བ་ཞིིག་དང་། ལོ་རབས་ལྔ་བཅུའི་ནང་གཞི་ནས་བོད་ཆོལ་ཁ་གསུམ་གྱི་རོང་འབྲོག་ས་ཁུལ་གྱི་མང་ཚོགས་ཁྲོད་རྒྱ་ཁྱབ་ཏུ་དར་བ་ཞིག་ཡིན་པ་དང་། ༡༩༥༩ ལོར་བོད་གཞིས་བྱེས་གཉིས་སུ་གྱེས་རྗེས། ལོ་རྒྱུས་ཐོག་གི་བོད་ཀྱི་སྐད་ཡིག་གནས་སྟངས་ལ་གནོད་འཚབ་ཆེན་པོ་བྱུང་ཡོད་སྐོར་དང་། བཙན་བྱོལ་ནང་དགོན་སྡེ་ཁག་ཏུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་ནུས་པ་གང་འཚམ་ཐོན་ཡོད་ཀྱང་། སློབ་གྲྭ་ཁག་ཏུ་སློབ་མཐར་ཕྱིན་པའི་འབུམ་རམས་པ་དང་རབ་འབྱམས་པ་དག་གི་བོད་ཡིག་ཤེས་ཚད་སྐྱོ་བ་དང་། སྐད་ཡིག་ཐོག་བཅངས་བའི་འདུ་ཤེས་ཞན་པ་བཅས་ཀྱིས་སྐད་ཡིག་སྲུང་སྐྱོབ་ཐོག་གནོད་པ་ཆེན་པོ་ཐེབས་བཞིན་ཡོད་ཚུལ་དང་། སྐད་ཡིག་སྲུང་སྐྱོབ་ཀྱི་ལས་གཞི་འདི་སྐད་ཡིག་ཚོགས་པ་ཁོ་ནའི་འགན་འཁྲི་ཙམ་མིན་པར། མི་སྒེར་སོ་སོ་སྐད་ཡིག་བེད་སྤྱོད་དང་དོ་སྣང་བྱ་དགོས་པ་ཞིག་དང་། སྒྲིག་འཛུགས་ཀྱི་ངོས་ནས་སྟངས་འཛིན་ནན་མོ་བྱས་ཏེ། སློབ་གྲྭ་དང་དགེ་རྒན་ལ་དམིགས་བསལ་དགོངས་བཞེས་གནང་སྐོར་སོགས་བརྗོད་སོང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་ལྟར་ན། འཛམ་གླིང་སྟེང་ཁྱོན་སྐད་རིགས་ ༦༠༠༠ ཙམ་ཡོད་པའི་ཁྲོད་བཀོལ་སྤྱོད་བྱེད་བཞིན་པའི་སྐད་རིགས་ ༣༠༠༠ ཙམ་ལས་མེད་ལ། ད་ཆར་ཆ་སྙོམས་ཟླ་རེར་སྐད་རིགས་ ༢ རེ་ཉམས་རྒུད་དུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༢ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 7

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    བོད་སྐད་ཡིག་གི་སྐོར་ལ་བླ་མ་གཅིག་གིས་འདི་ལྟར་བཤད་འདུག

    http://www.youtube.com/watch?v=IRKDEmiDhBg&feature=related

    Reply
  2. འཇམ་ཚུལ། says:
    ལོ་ 14 སྔོན།

    བགྲོ་གླེང་འདི་དང་འདིའི་བགྲོ་གླེང་བ་ཚང་མ་ལ་ཡི་རང་དང་ཐུགས་རྗེ་ཆེ་ཞུ།

    ངས་འབྲི་འདོད་པ་ནི་བོད་ཀྱི་བརྡ་དག་དང་འབྲེལ་བའི་དོགས་པ་བྱེ་བྲག་པ་ཞིག་སྟེ། འདིའི་འགོ་བརྗོད་ཀྱི་བོད་སྐད་ཡིག་གི་ཁྱབ་ཁུངས་ཞེས་པའི་བོད་དང་སྐད་ཡིག་གཉིས་ཀྱི་བར་དུ་དྲུག་སྒྲ་མ་སྦྱར་ན་བཀླག་མི་བདེ་དང་། རང་གི་བརྡ་སྤྲོད་དང་ཡང་འགལ་བ་ཞིག་ཏུ་བསམ་ཡོད་ན་ཁུངས་ལྡན་གྱི་དོགས་སེལ་རེ་ཡོད་ན་བཀའ་དྲིན་ཆེ།
    ཞར་ལ་དུས་བབ་རྩོམ་སྒྲིག་པས་མཚོན་འབྲེལ་ཡོད་ཚང་མས་ཆད་ལྷག་དང་དག་ཆ་ལ་གཟབ་ན་མ་གཏོགས་སྐྱོན་གསུམ་པོ་དེས་དུས་བབ་ཀྱི་དཔལ་ཡོན་གནོན་བཞིན་འདུག་གོ།

    Reply
  3. དྲག་རླུངས། says:
    ལོ་ 14 སྔོན།

    སྐད་ཡིག་རྒྱུན་འཛིན་ཚོགས་པའི་བོད་སྐད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་ཀྱི་འདུག་ཞེས་པའི་བགྲོ་གླེང་ཚོགས་པ་ཐོས་པའི་དགའ་བསུ་ཡོད།
    ལས་འགུལ་འདི་ལྟ་བའི་སྐབས་སུ་ཆོས་ཁ་དང་ཆོས་ལུགས་རེས་སུ་མ་ཆད་པའི་ཐོག་ནས་ཤུགས་གནོན་རྒྱབ་རྒྱུ་གལ་ཆེན་པོ་རེད་ལ་བྱེད་བཞིན་ཡང་ཡོད་པས་ཡག་པོ་འདུག སླད་མར་ཞུ་རྒྱུ་ཞིག་ལ་ཐེངས་འདིའི་བགྲོ་གླེང་སྟེང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་བགྲོ་གླེང་བྱེད་མཁན་རྣམ་གྱི་བསམ་ཚུལ་སྐོར་བགྲོ་གླེང་ཡག་པོ་བྱས་འདུག་ཐུགས་རྗེ་ཆེ།
    མུ་མཐུད་ས་གནས་གང་སར་ཚོགས་ཆུང་དང་ཚོགས་འདུ་བསྐོང་ཚོགས་བྱེད་རྒྱུའི་རེད་ཡོད།
    བོད་རྒྱལ་ལོ། བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply
  4. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    འོ་ན་གངས་ཅན་པའི་ལས་དབང་ལ་བསམ་ཞིང་སྲོལ་རྒྱུན་ལ་དུངས་བ་ཡོད་ན། ཆོལ་གསུམ་སྐད་རིགས་གཅིག་གྱུར་བྱེད་དགོས། ཁྱད་པར་ཐ་སྙད་མིང་མཛཽད་ཁག་ལ་བདག་པོ་རྒྱག་དགོས་པ་མ་ཟད། གོང་བཀུར་གནང་དགོས། དེང་དུས་བོད་ན་མཁས་ཚུལ་ཁྲིམས་བློ་གྲོས་ཀྱིས་ཕྱོགས་གནང་བཞིན་པའི་མི་མཛོད་ཁག་ལ་གུས་བཀུར་དང་རྒྱབ་སྐྱོར་གནང་དགོས་པ་ལས། ཕར་ན་གཅིག་བསྒྲིག ཚུར་ན་གཅིག་བསྒྲིག་གི་བདད་ན་ཡག་པོ་ཨེ་ཡོད་ད། བོད་ལ་འགྲན་བསྡུར་རྣམ་པར་བཟུང་ནས་འཇོན་ལ་མི་འཇོན་པས་ཡང་བསྐྱར་གཅིག་བསྒྲིག་ན་དོན་དམ་པའི་ཐ་སྙད་གང་ལ་གཞི་བཅོལ། བོད་ན་ཆོལ་ཁ་གསུམ་གྱི་མཁས་དབང་རབ་འབྱམས་པ་དག་འ་རེད་

    Reply
  5. མི་ཆུང་། says:
    ལོ་ 14 སྔོན།

    རྡ་སའི་སྤྲེལ་ནག་པས། ཨ་མདོ་མཁས་པའི་གསུང་དབུས་གཙང་ནས་གོ་མི་ཐུབ་པའི་གནས་སྟངས་ཆགས་ཡོད་ཅེས་པ་འདི་མི་འཐད་དེ།

    ཨ་མདོའི་སྔ་རབས་ཀྱི་མཁས་པ་རྗེ་རིན་པོའི་གསུང་དབུས་གཙང་ནས་གོ་ཐུབ་ལ། ཉེ་རབས་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་ལགས་ཀྱི་གསུང་དབུས་གཙང་ནས་གོ་ཐུབ། དེང་རབས་ཀྱི་མཁས་པ་ཨ་ལགས་དོར་ཞི་སོགས་ཀྱི་གསུང་དབུས་གཙང་ནས་གོ་ཐུབ།

    འོན་ཀྱང་དེང་རབས་ཨ་མདོ་ཕྱོགས་ནས་རྩོམ་པ་པོར་མཁས་ཆེས་པ་རེ་གཉིས་ཀྱིས། ཡུལ་སྐད་སྟེང་ངག་ནས་གང་ཐོན་བྲིས་པ་རྣམས་དབུས་གཙང་བ་ཟད། ཨ་མདོའི་ཕྱོགས་ནས་ཀྱང་རེ་འགས་གོ་ཡི་མེད།

    འདི་ལྟ་བུའི་སྐད་ཡིག་བགྲོ་གླེང་གནང་བར་ཡིད་རང་དང་དགའ་བསུ་ཡོད། ད་དུང་རྒྱུན་པར་བགྲོ་གླེང་ཐུབ་པའི་རེ་སྨོན་ཡོད།

    Reply
  6. ཤིང་ལོ། says:
    ལོ་ 14 སྔོན།

    རེད། སྐད་ཡིག་ཟེར་ན་གཙོ་བོ་བརྡ་སྤྲོད་དང་བསྟུན་ནས་ཡིག་གེ་དང་སྐད་གཉིས་བེད་སྤྱོད་བྱེད་དགོས་པ་དེ་རེད། དེ་ཡང་ང་ཚོར་ཆོས་སྐད་དང་། མི་ནག་གི་སྐད་རང་བཞིན་པ། ད་དུང་སྙན་ངག་དང་། མངོན་བརྗོད་སོགས་ཀྱི་བརྡ་སྐད་མང་བས་དཀའ་ངལ་དང་། ཡིག་ཐོག་དང་། ངག་ཐོག་གི་བརྡ་དྲག་ཞན་སོགས་ཀྱི་དཀའ་ངལ་ལ་བསྟེན་སྐད་ཡིག་གཉིས་ཉམས་ཞན་དང་། སྙོག་འཛིང་ཅན་དུ་འགྲོ་བཞིན་ཡོད། འོན་ཀྱང་ད་ཆ་བརྡ་འཕྲིན་གྱི་བཀོལ་སྤྱོད་ཧ་ཅང་མྱུར་བས་ཚང་མས་གཅིག་གྱུར་ཤུགས་སྣོན་བྱེད་རྒྱུ་དཀའ་ཚགས་དེ་ཙམ་མེད་པས་ངེས་པར་དུ་རྩོམ་ཡིག་དང་། གསལ་བསྒྲགས་སྤེལ་མཁན། གཞུང་གི་ཡིག་ཆ་དང་། བརྡ་སྦྱོར་གནང་སྟངས་སོགས་ལ་ཧ་ཅང་ཡིད་གཟབ་ཀྱི་ངང་ནས་གཅིག་གྱུར་ལྟ་བུར་སྤེལ་དགོས།

    Reply
  7. མི་ཉག་དུང་བརྡ། says:
    ལོ་ 14 སྔོན།

    ཕལ་ཆེར་མི་ལོ་ས་ཡ་བཞི་ཙམ་གྱིས་གོང་ནས་འགྲོ་བ་མིའི་མཚུངས་ཟླ་མ་མཆིས་པའི་ཤེས་རབ་ལས། ལག་ཆ་བཀོལ་སྤྱོད་བྱེད་པའི་ནུས་རྩལ་དང་རིམ་བཞིན་སྐད་ཡིག་ཀྱང་འཕེལ་རྒྱས་ཕྱིན་ཡོད། ང་ཚོས་སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞེས་མགྲིན་དབྱངས་གཅིག་ཏུ་འདོད་པར་ལྟར། འགྲོ་བ་མིའི་འཚོ་གནས་ཀྱི་དགོས་མཁོ་དང་བརྒྱུད་རིམ་ཁྲོད་དུ་མེད་ཐབས་མེད་པའི་མ་ལག་གལ་ཆེར་ཞིག་ཆགས་ཡོད། སྔོན་ཆད་ང་ཚོས་སྐད་ཡིག་ནི་མི་རྣམས་ཀྱིས་ཕན་ཚུན་གོ་བརྡའ་སྤྲོད་བྱེད་ཀྱི་དགོས་མཁོ་ཙམ་ལ་ངོས་འཛིན་བགྱིས་ཡོད། དངོས་དོན་བདེན་འཛིན་ཐོག་ང་ཚོས་སྐད་ཡིག་ལ་འཛིན་པའི་བསམ་བློ་དེ་ཙམ་གྱིས་ནི་ཁུངས་འཁྱོལ་ཐུབ་ཐབས་མེད་དེ། དུས་རབས་ཉེར་གཅིག་པའི་འཛམ་གླིང་གི་འགྱུར་འགྲོས་དང་སྔོན་ཐོན་སྟོབས་ལྡན་རྒྱལ་ཁབ་དག་གི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ཀྱིས་མུ་དང་མཐའ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་བརྡོལ་བའི་དུས་མཚམས་འདི་ལས། མིའི་སེམས་ཁམས་སུ་སྐད་ཡིག་གི་ནུས་པ་དང་། རིན་ཐང་། བྱས་རྗེས་སོགས་ཀྱི་བག་ཆགས་ཀྱིས་འོད་སྟོང་གསལ་ལྷམ་མེར་འཕྲོས་བཞིན་ཡོད་པར་འདི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese