མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱའི་གཞུང་ཚབ་ཁང་སྒོ་ཁར་ཟས་བཅད་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ལོ་གསར་ཚེས་ ༡ ཉིན། ཨོ་སི་ཌོ་ལི་ཡའི་ནེའུ་ཁཱ་སཱ་བོད་རིགས་ཚོགས་པའི་གོ་སྒྲིག་འོག སིག་ནེའི་བཅའ་སྡོད་རྒྱའི་གཞུང་ཚབ་ཁང་སྒོ་ཁར་ཟས་བཅད་ངོ་རྒོལ་བྱས་འདུག

འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཁ་སང་ལོ་གསར་ཚེས་ ༡ ཉིན། ཨོ་སི་ཌོ་ལི་ཡའི་ནེའུ་ཁཱ་སཱ་བོད་རིགས་ཚོགས་པའི་གོ་སྒྲིག་འོག སིག་ནེའི་བོད་རིགས་མཐུན་ཚོགས་དང་། སིག་ནེའི་གཞོན་ནུ་ཚོགས་པ། སིག་ནེའི་རྒྱལ་ཡོངས་སློབ་ཕྲུག་ཚོགས་མི་བཅས་མི་གྲངས་ ༢༠ ཙམ་གྱིས།  བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། རྒྱ་གཞུང་གི་དྲག་གནོན་དམར་གསོད་འོག་དཀའ་སྡུག་མྱོངས་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད།  ཆུ་ཚོད་ ༡༢ རིང་སིག་ནེའི་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ཁར་འདུ་འཛོམས་ཀྱིས།  ༸གོང་ས་མཆོག་གི་སྐུ་པར་དང་རང་ལས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་སྒྲིག་བཤོམས་དང་། བོད་ཀྱི་རྒྱལ་དར་དང་འབོད་ཚིག་འཕྲེད་བྱང་ཕྱར་བ།  ཁ་ལ་ཁ་རས་ནག་པོ་སོགས་དཀྲིས་ཏེ་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག 

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༥ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 7

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    བྲི་བ་བོའི་ཞེ་འདོད་ཇི་བཞིན་བརྡ་འཕྲོོད་ན་ལུང་དུ་སྟོན་པར་གྲུབ་པ་མ་ཡིན་ནམ། དེ་ལས་དག་ཆའི་དགོས་འདུན་གང་ཡོད་དམ། བརྡ་མ་ནོར་བར་འཕྲོད་མི་ཆོག་ན་་་་ ལྷག་པར་དུ་འཕྲིན་ཐུང་སོགས་ལ་་་་
    དེས་ན་ཨོ་སི་ཁྲི་ལི་ཡ་. ཡང་ན. ཨོ་སྀ་ཁྲྀ་ལེ་ཡ། ནིའུ་ཁ་སོ། སིས་རྡྀ་ནིས། གང་ལེགས་སམ། སྒྲ་བསྒྱུར་ལ་གཙོ་བོ་་་གདངས་ཇི་བཞིན་ཐོན་ཐུབ་པ་ལེགས་ཤས་མ་ཡིན་ནམ།

    Reply
  2. འཇིགས་མེད says:
    ལོ་ 14 སྔོན།

    གསར་འགོད་པ་ལགས་དག་ཆ་དང་བརྗོད་པ་སོགས་ལ་ཅུང་གཟབ་རོགས་

    Reply
  3. ཐོ་རེངས། says:
    ལོ་ 14 སྔོན།

    རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་རྒྱུ་འདི་ལ་གོ་འདུག
    དེ་མིན་རྡ་ས་གཙུག་ལག་ཁང་གི་མདུན་ནས་རྒྱ་དར་མེ་བསྲེག་གཏོང་ཁུལ་བཟོས་པ་འདི་ནི་བོད་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་སེམས་པ་སྐྱོ་བྱེད་དང་། བོད་མི་མང་གི་ཞབས་འདྲེན་ཞིག་རེད། སྙིང་མ་རྗེ:(

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་མཚམས་ཁང་གི་སྒོ་ཁ་དེ་འདྲའི་ལས་འགུལ་སྤེལ་བར་བཟང་ལ་ད་དུང་བོད་མི་ཡོངས་ཀྱི་རྒྱ་ནག་གཞུང་མཚམས་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ཁ་ཙམ་མ་ཟད་འགྲོ་ལམ་ཡོངས་སུ་བཀགས་ནས་སྡོད་དགོས།ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལག་ལས་ཡག་པོ་ཞིག་མ་ལྟར་བ་དུ་སྒོ་ཁ་རུ་མུ་འཐུད་ནས་གྱོད་ཉལ་དང་ངོ་རྒོལ་བྱེད་དགོས་པ་དེ་ནི་ང་ཚོ་བཙན་བྱོལ་བའི་བྱེད་ཐུབ་པའི་ལས་འགུལ་ཞིག་ཡིན།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    མི་གཅིག་གིས་བྲིས་པའི་གསར་གནས་ཧ་ཅང་ཐུང་ཐུང་འདི་འདྲ་བའི་ནང་དུའང་ཐ་སྙད་གཅིག་གྱུར་ཡོང་མི་ཐུབ་ན། བོད་གངས་ཅན་ལྗོངས་ལ་ནི་ཅི་ཁག མཁས་པ་ཡིན་དང་མིན་རྩི་རྩི་གྲངས་མེད་པས་ཡི་གེ་འབྲི་བཞིན་པས་ན། ཐ་སྙད་གཅིག་གྱུར་ཇི་ལྟར་ཡོང་ཐུབ། ༼ཨོ་སི་ཌོ་ལི་ཡའི་ནེའུ་ཁཱ་སཱ་༽ དང་༼ཨོ་ཊ་ལི་ཡའི་ནེའུ་ཁཱ་སཱ་༽ ལྟ་བུ་རེད།
    ད་དུང་༼སིག་ནེའི་༽ ཟེར་བ་འདི་sydney ཟེར་བ་ཡིན་རྒྱུ་རེད་པ། གོང་དུ་༼ཨོ་ཊ་ལི་ཡ་༽ ཟེར་བ་དང་འོག་ནས་༼སིག་ནེའི་༽ཟེར་བར་བསམས་ན་རྒྱ་ཡིག་གམ་རྒྱ་སྐད་ལས་བསྒྱུར་བ་ཡིན་ནམ་ཡང་སྙམ། ཡང་དུས་བབ་ཚང་ལ་ཐ་སྙད་གཅིག་སྤྱོད་ཀྱི་གཏན་འབེབས་སྒྲིག་གཞི་ཞིག་ཀྱང་ཡོད་རབས་གོ་ཐོས་བྱུང་ན། གཅིག་ཐང་ན་འདི་ཚོ་ཡང་གཏན་ཕབ་དེའི་ཁོངས་གཏོགས་ཡིན་སྲིད། གང་ལྟར་བོད་ཡིག་འབྲི་སྤྱོད་གནང་མཁན་ཚང་མས་ཐ་སྙད་ཚང་མ་གཅིག་གྱུར་ཡོང་རེ་ཆེ། ཁ་ཉིན་གཉིས་གསུམ་གྱི་སྔོན་ཏག་ཏག་ལ་དྷ་སའི་མཁས་དབང་འགས་འདིའི་ཐད་དུ་བགྲོ་གླེང་གནང་མ་ཐག་མ་ཡིན་ནམ། མཁས་པའི་གསུང་མ་བརྩིས་ན་ལོ་བརྒྱ་འགོར་ཡང་ལོག་ལམ་དུ་འཕྱན་པ་བཅོས་ཐབས་མེད་པ་རེད།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ཨོ་སི་ཐྲོ་ལི་ཡར་ཡོད་པའི་བོད་མི་བརྒྱ་ཆའི་གོ་དགུ་ཆབ་སྲིད་བཙོན་པ་ཡིན་ལ། དེ་ཡང་བོད་ནས་ཡུལ་གྲུ་གཅིག་ནས་གཅིག་ཏུ་སྐྱབས་བཅོལ་དམིགས་བསལ་བྱས་པ་རྐྱང་ཡིན་མོད། ཟས་བཅད་ངོ་རྒོལ་སྐབས་མི་ཉི་ཤུ་ལས་མ་འཛོམས་པ་དེ་ཡི་རེ་སྐྱོ།
    ང་སྔོན་མ་ནས་མི་དེ་ཚོས་ཆབ་སྲིད་ལ་ཞིག་སེམས་གཏིང་བྱས་ཡོད་མེད་ལ་དོག་པ་ཡོད་ཡ།
    འདྲ་པར་ལས་ངོ་ཤེས་གཅིག་འདུག་པ་ནི་ཡེ་ཤེས་བཟང་པོ་རེད། ངོ་མ་མི་སེམས་ཤུགས་ཅན་དང་ལྷག་བསམ་རྣམ་དག་མི་དྲང་མོ་ཞིག་ཡིན། ས་གནས་དེར་འཛོམས་པའི་ཁྱོད་སེམས་གཏིང་ནས་བཀའ་དྲིན་ཆེ་ཟེར་འདོད། ཨོ་སི་ཐྲོ་ལི་ཡའི་མི་གྲངས་བརྒྱ་ཆའི་༤༠ ཙམ་ཧྭ་རིན་སྟེ་རྒྱ་རིགས་ཡིན་སྐད་ལ་ཁྱོད་ཚོ་ངོ་མས་གཟི་བརྗིད་ཆེན་པོ་རེད། གཞན་ཚོ་རྒྱ་རིགས་དེ་ཚོར་སྐྲག་ནས་སམ། ཡང་ན་རྒྱ་རིགས་དེ་ཚོའི་ཚོང་ཁང་དང་ཟ་ཁང་གི་གཡོག་པོ་ཡང་ཡིན་སྲིད་ན། ཁོ་ཚོར་ཁག་ཡོད་ཀྱི་མ་རེད། སོ་སོའི་ལས་ཀ་དེ་མི་རིགས་འཐབ་རྩོད་ལས་གལ་ཆུང་བ་མ་ཡིན་ནམ། བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་སྐྱིད་ས་བདེ་ས་ཞིག་ཏུ་སླེབས་རྗེས་མི་རིགས་འཐབ་རྩོད་ཡང་བརྗེད་འགྲོ་བ་འདི་ངོ་མ་ཡ་ཆ། ད་ཁྱོད་ཚོས་ལོ་སར་སྐྱིད་པོ་ཐོངས་ལོ། །

    Reply
  7. འོ་མ། says:
    ལོ་ 14 སྔོན།

    ཚེ་ཐག་རིང་རྒྱུ་ཆོ་ཐུགས་རྗེ་ཆེ། ཡག་པོ་འདུག་མུ་མཐུད་ནས་འདི་ལྟར་ལས་འགུལ་རབ་དང་རིམ་པ་སྤེལ་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese