མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་གནས་བསྐོ་བཞག

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར་ཉེ་ལམ་གསར་དུ་བསྐོས་བཞག་གནང་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ལགས། ཁྲིམས་ཞིབ་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་བཅས་ཀྱིས། ལྷན་ཁང་ཁག་གི་མཛད་གཙོ་རྣམ་པའི་དྲུང་དུ། ༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་དང་མཆོག་གསུམ་དཔང་འཛུགས་ཀྱིས་ལས་འཁུར་དམ་བཅའ་ཕུལ་འདུག

ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་ཐོག་ནང་སྲིད་ལས་ཁུངས་སུ་དྲུང་ཆེ་བསྐོ་བཞག་གི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་ནང་སྲིད་དྲུང་ཆེ་ཟུར་པ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་དྲུང་ཆེ་གསར་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རྗེས། དྲུང་ཆེ་གསར་པ་སྐུ་ཞབས་བསོད་རྣམས་སྟོབས་རྒྱལ་ལགས་ཀྱིས། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་མདུན་དུ་༸རྒྱལ་བའི་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་དང་། མཆོག་གསུམ་དཔང་ལ་བཙུགས་ཏེ་ལས་འཁུར་དམ་འབུལ་ཞུས་འདུག མཇུག་ཏུ་ནང་སྲིད་ལས་ཁུངས་ཀྱི་སྲི་ཞུ་བ་ཡོངས་ཀྱིས། དྲུང་ཆེ་གསར་པར་འཚམས་འདྲིའི་མཇལ་དར་དང་གསོལ་ཇ་འདེགས་འབུལ་སོགས་ཞུས་ཡོད།   

 

ཉིན་དེར་ཕྱི་དྲིལ་ལས་ཁུངས་ཀྱི་ཚོགས་ཁང་དུའང་དྲུང་ཆེ་གནས་སྤོར་གྱི་མཛད་སྒོ་ཞིག་ཚོགས་ཏེ། དྲིལ་བསྒྲགས་དྲུང་ཆེ་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། གསར་དུ་བསྐོས་པའི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ལགས་ཀྱི་ལོ་རྒྱུས་སྒྲོག་སྦྱང་གནང་རྗེས། དྲུང་ཆེ་གསར་པ་བཀྲ་ཤིས་ལགས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་དང་ལས་འཁུར་དམ་བཅའ་བཞག་འདུག་ལ། དེའི་རྗེས་ཕྱི་དྲིལ་ལས་བྱེད་ཡོངས་ཀྱིས་ཁོང་ལ་འཚམས་འདྲིའི་མཇལ་དར་བསྒྲོན་ཡོད་འདུག

 

དེ་བཞིན་ཉིན་དེར། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐོག་ཁང་དུའང་། ཁྲིམས་དྲུང་བསྐོ་བཞག་གི་མཛད་སྒོ་ཞིག་ཚོགས་ཏེ། གསར་དུ་བསྐོས་པའི་ཁྲིམས་ཞིབ་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་མདུན་དུ། ༸རྒྱལ་བའི་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་ཞུས་ཏེ། མ་འོངས་པར་ཁྲིམས་དང་སྒྲིག་གཞི་ཚུལ་བཞིན་ལག་བསྟར་བྱ་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་བཞག་ཡོད་ལ། དེའི་རྗེས་དེར་ཡོད་ཁྲིམས་ཞིབ་ཁང་གི་ལས་བྱེད་ཚོས་ཁོང་ལ་འཚམས་འདྲིའི་མཇལ་དར་བསྒྲོན་ཡོད་འདུག

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 5

  1. ཁ་བཏགས་དཀར་པོ། says:
    ལོ་ 14 སྔོན།

    ༄། དྲུང་ཆེ་ནི་ནང་གི་ལས་དོན་སྟངས་འཛིན་གྱིས་འཛིན་སྐྱོང་གི་གལ་ཆེ་ཤོས་དེ་ཡིན་པས། མི་སོ་སོའི་ལས་དོན་བྱེད་ཕྱོགས་དང་། ཆབ་སྲིད་ཀྱི་བྱང་ཚད་། ལས་ཀའི་མྱོང་བ། ལས་དོན་རྣམ་པ་མི་འདྲ་བ་དེ་དག་མི་སྣ་སོ་སོར་འཚམ་མིན་གལ་འགངས་ཆེ་ཤོས་ཞིག་ཡིན།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    དྲུང་ཆེ་གསར་པ་གསུམ་ལ་འཚམས་འདྲི་དང་ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུའོ།།

    Reply
  3. རྒྱ་རྙི། says:
    ལོ་ 14 སྔོན།

    ནོར་་་་མིང་ཅན་དེ་ངོ་མ་ནོར་རེད། མཆན་བུ་དེ་ནོར་ལྕི་ཙམ་ལས་རིན་ཐང་གང་ཡང་མི་འདུག ད་དུང་གངས་ཅན་སྐྱིད་གཤོངས་ལ་རྒྱུས་ཡོད་མདོག་མདོག་བྱས་འདུག་ཀྱང་་་དོན་དངོས་གུང་ཁྲན་གཞུང་གི་དོན་སྤྱི་དག་སེམས་ལ་བཟུང་ནས་བྲིས་འདུག
    ནོར་་་་ནོར་་་་ནོར་་་་་

    Reply
  4. ནོར། says:
    ལོ་ 14 སྔོན།

    བཙན་བྱོལ་བའི་སྤྱི་སྲོལ་ལྟར་ཁོང་གསུམ་ལ་འཚམས་འདྲི་ཡོད། ཡིན་ནའང་། སྤྱིར་བཙན་བྱོལ་ནང་མི་སྣ་རེ་འགའ་ཡར་ལ་བཞག་སྟེ་སྟོན་མོ་དང་། ཕར་ལ་བཏང་སྟེ་སྟོན་མོ། སྟོན་མོ་རྐྱང་རྐྱང་གི་ནང་དུ་མགོ་འཁོར་ནས་བསྡད་འདུག་ལ། སྟོན་མོ་རེ་རེའི་མདུན་རྒྱབ་དུའང་རྔ་ཚིགས་རེ་དང་སྐབས་འཚོལ་ཁེ་ཕན་རེ་ཚོང་འཁྱེར་བྱས་ཏེ་བསྡད་ཡོད།
    བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་དུ་གངས་སྐྱིད་ལྟེབས་ཁུག་འདི་ནི་ལྷག་བསམ་དང་ཆིག་སྒྲིལ། གདུང་སེམས་མཉམ་སྐྱེད་ཀྱི་ཚོར་བ་ནི་རི་བོང་གི་རྭ་དང་ནམ་མཁའི་པདྨོ་བཞིན་ཤིན་དཀོན་ནོ།

    Reply
  5. ཤག་སྒང་པ། says:
    ལོ་ 14 སྔོན།

    ཁོང་རྣམ་པར་བཀྲིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ། འདི་ལྟར་ཉིན་གཅིག་ཏུ་སྡེབ་བསྐོས་གནང་པ་འདི་ཡང་བཀའ་ཁྲི་གསར་པས་གནང་ཕྱོགས་གསར་པ་ཞིག་རེད་སྙམ། གཅིག་བྱས་ན་འདི་རྒྱབ་་ནས་ལམ་སྟོན་ཞིག་དང་གསར་གཏོད་ཀྱི་ལམ་སྒོ་དམིགས་བསལ་ཞིག་ཀྱང་མངོན་སྲིད།

    སྲིད་བྱུས་གསར་པ་མང་དག་ཅིག་བསྒྲག་རྒྱུ་ཡོད་མདོག་གསུངས་ཀྱང་། གོ་རྒྱུ་རིག་རྒྱུ་ཚོར་དེ་ཙམ་མི་འདུག་པས་མགྱོགས་མྱུར་ཕེབས་ནས་ཤོག་དང་། དུས་ཚོད་ཛ་དྲག་རེད།

    འོ༌༌༌༌༌བོད་གཞུང་དྲ་རྒྱ་ལེགས་པོ་བཅོས་འདུག བོད་ཡིག་གི་དྲ་ལམ་ཡང་ཕྲན་བུབཟང་དུ་སོང་བར་དམིགས་བསལ་བཀྲིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese