མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཅིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཞོགས་པར་རྔ་པ་ཀིརྟི་དགོན་པའི་རྒྱ་གཞུང་ཉེན་རྟོག་ལས་ཁུངས་སྒོ་ཁར། བོད་རིགས་བུད་མེད་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་འདུག  

 

ད་ལྟ་རིང་གནས་ཚུལ་འབྱོར་གསལ་ལ། དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༦།༣༠ ཙམ་ལ་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་གཏན་སྡོད་བྱས་ནས་ཡོད་པའི་ཀིརྟི་དགོན་པར་དམིགས་བསལ་ལྟ་སྲུང་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་སྒོ་མདུན་དུ། རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ལམ་དཀར་ཚང་གི་མནའ་མ་རིན་ཆེན་ཞུ་པ། ཕ་མིང་ལ་ར་སྣ། མ་མིང་ལ་ལྷ་ཁོ། རང་ལོ་ ༣༢ ཡིན་པ། ཁོང་མོས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས་ཞེས་ཞུ་འབོད་གནང་བཞིན་རང་ལུས་མེར་བསྲེགས་བཏང་སྟེ། ས་གནས་དེ་ཀ་རང་དུ་སྐུ་གྲོངས་ཡོད་འདུག

 

རིན་ཆེན་ལགས་ནི་ནགས་ཚང་མའི་ར་སྣ་ཚང་གི་ཕ་ར་སྣ་དང་མ་ལྷ་ཁོ་གཉིས་སུ་སྐྱེས་ཤིང་། རྗེས་སུ་རྭ་རུ་བའི་ལམ་དཀར་ཚང་གི་བུ་བྷུ་ངྷ་ཟེར་བའི་མནའ་མར་སོང་ཡོད་ཅིང་། མི་ཚང་དེར་གཟའ་མི་ཁྱོན་བརྒྱད་ཡོད་པ་དང་། ཁོང་ལ་ཕ་མ་གཅིག་པའི་མིང་སྲིང་བརྒྱད་ཡོད་པའི་ནང་ནས་ཁོང་ཆེ་ཤོས་གཉིས་པ་དེ་ཡིན་འདུག  སྐབས་ཐོག་དེར་ཁོང་གི་སྐུ་ཕུང་དགོན་པའི་ནང་ཡར་འཁྱེར་ཐུབ་པ་བྱུང་ཡོད་མོད་དེའི་རྗེས་སུ་སྐུ་ཕུང་རྒྱ་གཞུང་གིས་བཙན་འཕྲོག་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་མ་བྱུང་།

ཁོང་གི་གཟའ་ཟླ་ལོ་གཅིག་གི་སྔོན་ལ་གྲོངས་ཡོད་སྟབས། ད་ཆར་ཤུལ་དུ་ཕ་མ་གཉིས་ཀ་མེད་པའི་ཕྲུ་གུ་ ༤ ལྷག་ཡོད་པའི་ནང་ནས་ཆེ་ཤོས་ལོ་ ༡༣ དང་། ཆུང་ཤོས་དེ་ཟླ་ངོ་ཁ་ཤས་ལས་སོན་མེད་པའི་བྱིས་པ་བྲང་འབྱར་ཞིག་ཡིན་འདུག དོན་རྐྱེན་དེ་བྱུང་མ་ཐག་རྔ་པའི་རྫོང་མཁར་དུ་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་སྔར་བས་མང་དུ་བཏང་སྟེ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག ཐེངས་འདིའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་བོད་ནང་བྱུང་བའི་རང་ལུས་མེར་བསྲེགས་གནང་བ་ ༢༤ པ་དང་ཨ་མདོ་རྔ་པའི་ནང་དུ་བྱུང་བའི་རང་ལུས་མེ་སྲེག་གནང་བ་ ༡༦ པ་དེ་ཆགས་ཡོད་འདུག

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 16

  1. རྟ་མགྲིན། says:
    ལོ་ 14 སྔོན།

    སྙིང་ཁོང་རུས་པའི་གསང་ནས་གུས་འདུད་ཞུ། ཁྱེད་ཅག་ནི་བོད་ཀྱི་སྲིད་པ་མ་འཇིགས་པའི་བར་བོད་ཀྱི་དཔའ་བོའི་ལོ་རྒྱུས་ཀྱི་རྡོ་རིང་ཞེ་གཅིག་སྟེ་ནམ་ཞིག་གི་ཚེ་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་ཁྱེད་ཅག་གི་ལོ་རྒྱུས་གསོན་པོ་བསྐལ་བར་དུ་གནས་ངེས།

    Reply
  2. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་མོ་རྔ་བ་གཅའ་ར་རུ་བའི་ལམ་དཀར་ཚང་གི་མནའ་མ་རིན་ཆེན་ལགས་ཀྱི་བློས་བཏང་དང་ཆོད་སེམས་ལ་གུས་འདུད་ཞུ་རྒྱུ་དང་། ཤུལ་ལུས་ཁོང་གི་ཕ་མ་གཉིས་དང་ནང་མི་སྤུན་མཆེད་ཚོར་ཐུགས་གསོ་དང་གདུང་སེམས་སྐྱེ་ཞུ། ཨོཾ་མ་ཎྀ་པདྨེ་ཧཱུཾ།

    Reply
  3. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    རང་གི་གཅེས་ཕྲུག་དམར་མོ་ཡང་དོར་ནས་བོད་རང་དབང་དང་༧སྤྱི་ནོར་༧གོང་ས་མཆོག་ལ་དམིགས་པའི་མཛད་རྗེས་ལ་སྙིང་ཐག་པ་ནས་གུས་འདུད་ཞུ། གཅེས་པའི་གངས་ཅན་པ་རྣམས་ཁྱེད་ཚོ་རེ་རེ་འདི་ལྟར་བཞུད་ནས་མ་འོངས་པར་སྙིང་མེད་ང་ཚོ་ལ་བདེ་སྐྱིད་ག་འདྲ་ཞིག་ཐོབ་ཀྱང་ང་ནི་ངོ་གནོངས་པ་འདྲ་ཚོར་ཡོང་གི་འདུག

    Reply
  4. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    སྐྱབས་སུ་འཆིའོ་འཕགས་མཆོག་སྤྱན་རས་གཟིགས། །ཐུགས་རྗེས་གཟིགས་ཤིག་གངས་ཅན་འགྲོ་བའི་མགོན། །དཔའ་མོ་འདི་ཡི་ཐུགས་ཀྱི་རེ་དོན་ཀུན། མྱུར་དུ་འགྲུབ་པར་མཛོད་ཅིག་ཡིད་བཞིན་ནོར། །
    དངོས་གནས་འདི་ཚོ་གོ་ཡོང་དུས་བཙན་བྱོལ་ནང་གི་སྨྱུག་ཐོག་པར་རློམ་པའི་ཀླུ་བྱམས་ཅན་དང་། རང་བཙན་གྱི་ཁ་སྟོང་བསྒྲགས་པའི་འཇམ་ནོར་སོགས་ལ་བརྡ་ལན་ཞིག་འཕྲོད་པར་ཤོག ལོ་རྒྱུས་པར་ཁས་འཆེ་བའི་བཀྲ་ཚེ་ཅན་ནས་ཀྱང་གོ་དགོས་པར་ཡོད་དོ། །

    Reply
  5. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཁོང་གིས་བོད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་རྗེས་ང་ཚོས་རྗེས་སུ་ཡི་རང་ཙམ་ལས་ཞུ་མི་ཐུབ་པ་དང་། ཡང་ན། ཁ་ཡོད་ལག་ཡོད་ཀྱི་རོགས་རམ་ཙམ་ཡང་ཞུ་མི་ཤེས་པ་འདི་སྐྱོ་བོ་རེད། ད་ནི་ཁོང་གི་ཤུལ་ལུས་ནང་མི་ལ་གདུང་སེམས་མཉམ་སྐྱེད་བྱ་འདོད་མཁན་ཚོས་ཁོང་གི་ཤུལ་ལུས་བྱིས་པ་དེ་ཚོར་སློབ་སྦྱོང་གི་མཐུན་འགྱུར་དང་། ཨ་མ་དྲིན་མོ་ཆེ་མི་རིགས་འདིའི་དོན་དུ་བཞུད་ཤུལ་དུ་མི་རིགས་ཀྱི་ཨ་ཁུ་ཨ་ནེ་དང་སྤུན་ཟླ་དག་གི་བརྩེ་བ་དང་བྱམས་བརྩེ་རག་ཐབས་ཤིག་ལ་ང་ཚོས་བསམ་བློ་གཏོང་ཐུབ་ན་འོ་ཙི་རེད། དེ་མ་གཏོགས་མི་རིགས་ཀྱི་དོན་དང་མི་རིགས་ཀྱི་འཐབ་རྩོད་ཆེད་འགན་འཁུར་གི་ཡིན་ལབ་ན་འོས་འཚམ་ཞིག་ཏུ་མཐོང་ཁག་པོ་འདུག

    Reply
  6. འབའ་སྲས། says:
    ལོ་ 14 སྔོན།

    བོད་བསྟན་པ་ཆབ་སྲིད་ཀྱི་དོན་ལ་རང་ལུས་མཆོད་མེ་རུ་བསྒྲོན་པའི་དཔའ་མོ་ལགས་སུ་གུས་འདུད་མྱ་ངན་ཞུ། ཨ་མའི་འོ་མ་ལ་རེ་སྒུག་བྱེད་བཞིན་པའི་བྱིས་པ་དེར་བསམ་ན་མིག་ཆུ་རང་དབང་མེད་པར་བཞུར་སོང་།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ངོ་མ་གནས་ཚུལ་དེ་དག་གོ་ཡོང་དུས་སེམས་སྐྱོ་ནས་ངུ་དགོས་པ་ཡིན་དང་དཔའ་བོ་དེ་དག་ལ་སྔགས་ནས་དགའ་དགོས་པ་ཡིན་མི་ཤེས་དུ།བསྐྱར་དུ་རང་དབང་ལུང་པ་ཞིག་ལ་མི་ལུས་བཟང་པོ་ཞིག་གི་སྐྱེ་བ་ལེན་པའི་སྨོན་ལམ་ཞུ།

    Reply
  8. ཤིང་ལོ། says:
    ལོ་ 14 སྔོན།

    གླིང་གི་སེང་ལྕམ་འབྲུག་མོ་དང་།།
    དཔའ་མོ་ཨ་སྟག་ལྷ་མོ་སོགས།།
    བུ་ཕྲུག་སྐྱེ་འཕེལ་ཙམ་མིན་པར།།
    བྱས་རྗེས་མི་རིགས་སྙིང་ལ་བཀོད།།

    Reply
  9. བཙན་པོའི་བུ། says:
    ལོ་ 14 སྔོན།

    ང་ཚོས་ཁོང་གི་སྙིང་སྟོབས་དང་བློས་གཏོང་ལ་ཡིད་རང་ཞུ་དགོས་པ་མ་ཟད་དེ་བས་ཁོང་གི་ཤུལ་ལུས་ཕྲུག་གུ་རྣམས་ལ་ལྟ་སྐྱོང་བྱེད་དགོས་པ་ནི་ཧ་ཅང་གི་གལ་ཆེན་ཞིག་ཡིན།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མྱ་ངན་གུས་དུད་དང་། རྟེན་བཟང་མྱུར་ཐོབ་ཤོག །

    Reply
  11. ཤག་སྒང་པ། says:
    ལོ་ 14 སྔོན།

    དཔའ་མོ་རིན་ཆེན་ལགས་ལ་གུས་འདུད་ཞུ། ཕྱི་ལོ་ ༡༩༥༩ ༣ ༡༢ དང་། དེ་རིང་གི་གནས་ཚུལ་འདི་ནི་ང་ཚོའི་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ནངཁྱིམ་པ་བུད་མེད་ཀྱི་བློས་བཏང་དམིགས་བསལ་ཞིག་ཡིན་པས་ཁྱེད་ཀྱི་ལོ་རྒྱུས་རྡོ་རིང་དུ་བརྐོ་ངེས་ཡིན།
    བདེ་བདེན་ཞིང་དུ་སྐྱེ་བར་སྨོན། འདི་ཕྱིའི་༸སྐྱབས་མགོན་གྱིས་ཁྱེད་ཀྱི་བློས་བཏང་ལ་ཐུགས་སྨོན་ལམ་འདྲེན་གནང་བཞིན་རེད།

    བློ་བདེར་ཕེབས་ཤིག ཐུགས་རྗེ་ཆེ།

    Reply
  12. ཅང་མེད། says:
    ལོ་ 14 སྔོན།

    དཔའ་རྒོད་ཚོར་ཁྱེད་ཚོ་ཅི་འདྲི་སྙིང་སྟོབས་ཞིག ཅི་འདྲི་དཔའ་ངར་ཞིག
    བདག་གི་ཁྱེད་ཚོའི་སྙིང་སྟོབས་ལ་གུས་འདུད་ཞུ་བཞིན་ཡོད་་་་པུས་མོའི་ལྷ་ང་ས་ལ་བཙུག་ནས་ལག་གཉིས་ཐལ་མོ་སྙིང་ཀར་སྦྱར་ནས་མིག་རིང་ཐུང་ཞིག་དང་མཉམ་དུ་ཁྱེད་ཚོའི་མྱ་ངན་ཞུ་བཞིན་ཡོད།

    Reply
  13. སྨྱུག་མདའ། says:
    ལོ་ 14 སྔོན།

    རེད་ཡ་བྱིས་པ་དམར་འབྱོར་ཅན་གྱི་བུད་མེད་ནས་བཟུང་བྱིས་པ་ལོ་དགུ་ཅན་གྱི་བར་དུ་མི་རིགས་ལ་བཅང་བའི་ལ་རྒྱ་དང་སྙིང་སྟོབས་ད་དུང་བཙན་འོག་གི་མནར་གཅོད་འདི་དག་ང་ཚོ་ཚང་མའི་་ཤེས་དགོས་པ་ཞིག་རེད།སྙིང་ཉེ་བའི་སྤུན་ཟླ་ཚོས་རེ་བ་མངོན་འགྱུར་བྱ་ཐུབ་པའི་ཡིད་ཆེས་ཡོད།ཤུལ་དུ་ལྷག་མཁན་ཚོས་དུས་ཚོད་དང་སྐད་ཆ་དམ་འཛིན་བྱེད་རོགས་ཟེར་བ་དེ་ཡིན།

    Reply
  14. སངྒེ ། says:
    ལོ་ 14 སྔོན།

    རྨ་ཆུ་རུ་མེར་བསྲེག་ཞི་རྒོལ།
    ཁ་སང་ཕྱི་ཚེས་གསུམ་ཉིན་གྱི་ཆུ་ཚོད་གསུམ་པ་ཡས་མས་སུ། ཨ་མདོ་རྨ་ཆུ་རྫོང་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་དུ། རྫོང་བོད་རིགས་སློབ་འབྲེང་གི་སློབ་མ་བུ་མོ་ཞིག་གིས་རང་ལུས་མེར་བསྲེག་གནང་འདུག འོན་ཀྱང་ད་དུང་མིང་དང་ལོ་སོགས་གསལ་བོ་མ་ཤེས། འདི་ནི་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་ཉེར་བཞི་བ་ཡིན་འདུག གནས་ཚུལ་རིམ་གྱིས་གསལ་བོ་བཟོས་ཡོང་།

    Reply
  15. གྱད་ལྷ་དགའ། says:
    ལོ་ 14 སྔོན།

    རྒྱལ་གཅེས་མ་རིན་ཆེན་མཆོག་ལ་སྙིང་ནས་གུས་འདུད་དང་། སྐྱེད་མ་མཆོག་གི་སྙིང་སྟོབས་དང་ཆོད་སེམས་ལ་ཡིད་རང་ཚད་མེད་ཡོད། མཆོག་ཉིད་བདེ་ནས་བདེ་བར་འགྲོ་སྨོན་དང་། ཤུལ་ལུས་ཀྱི་ཡ་ང་བའི་དྭ་ཕྲུག་དག་ལ་གདུང་སེམས་མཉམ་སྐྱེད་ཡོད།

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཁོ་མོ་གཙོས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ།
    བྱིས་པ་དམར་འབྱོར་ཅན་གྱི་བུད་མེད་ནས་བཟུང་རང་སྲོག་བློས་གཏོང་བྱེད་ཀྱིན་པ་འདིས་བོད་མི་རིགས་ཀྱི་སྙིང་སྟོབས་དང་མ་འོངས་པའི་རེ་བ་ཚོར་གི
    བོད་བསྟན་སྲིད་ཆེད་གྲོངས་ཟིན་པ་དག་ལ་དལ་རྟེན་བཟང་བོ་ཞིག་ཐོབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese