མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ལ་རྒྱབ་སྐྱོར་བྱས་ཏེ་རྒྱ་གར་གྱི་བདེ་འཇགས་སྲུང་བ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp


རྒྱ་ནག་གིས་མདོ་དབུས་མཐོ་སྒང་གི་རི་ཆུ་ནགས་གསུམ་ལ་བཤུ་གཞོག་ཚད་མེད་བཏང་བ་དེས་རྒྱ་གར་བྱང་ཤར་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། རང་བྱུང་ཁམས་ཀྱི་གནོད་འཚེ་སྣ་ཚོགས་འབྱུང་བཞིན་ཡོད་སྟབས། ད་ཆར་བྱང་ཤར་ཁུལ་གྱི་མི་མང་ཕྱོགས་བསྒྲིལ་གྱིས་བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་ནག་ལ་ངོ་རྒོལ་བྱེད་དགོས་པའི་བསམ་ཚུལ་སླེབས་བཞིན་ཡོད།

ཉེ་ལམ་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྔར་བས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐབས་འདིར། རྒྱ་གར་བྱང་ཤར་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་(The Core Group for Tibetan Cause)ཚོས། རྒྱ་ནག་གི་དམག་དོན་རྒྱ་སྐྱེད་དང་མི་སེར་སྤོ་ཤུགས། བོད་ཀྱི་ཁོར་ཡུག་གཏོར་བཅོམ་སོགས་ཀྱི་གནད་དོན་དང་འབྲེལ། རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཁྱབ་བསྒྲགས་དང་། མངའ་སྡེ་དེ་དག་གི་མི་མང་རྣམས་རྡོག་རྩ་གཅིག་སྒྲིལ་ཐོག རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱེད་པར་ངོ་རྒོལ་དང་གནོན་ཤུགས་སྤྲོད་པ་དང་། ས་ཁུལ་དེ་དག་གི་མི་མང་རྣམས་མཉམ་འབྲེལ་ཐོག་བོད་དོན་རྒྱབ་སྐྱོར་གྱི་ཤོག་ཁག་ཆེན་པོ་ཞིག་འཛུགས་དགོས་སྐུལ་སློང་བྱེད་བཞིན་ཡོད་འདུག  

བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨ་སམ་(Assam) མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊེ་(Guwahati) རུ་༼ བོད་དང་ཧི་མ་ལ་ཡའི་ཁོར་ཡུག་དང་སྣོད་བཅུད༽ཅེས་པའི་བརྗོད་གཞིའི་ཐོག་རྒྱལ་ཡོངས་རང་བཞིན་གྱི་བགྲོ་གླེང་ཚོགས་ཆེན་ཞིག་ཚོགས་རྒྱུ་ཡིན་འདུག་ལ། ཚོགས་ཆེན་དེའི་གོང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བསྐངས་ཏེ། རྒྱ་གར་དང་རྒྱལ་སྤྱིའི་མི་མང་དང་ཚོགས་སྡེ་ཁག་བཅས་ལ་ཉེ་བའི་བོད་ནང་གི་ཛ་དྲག་གནས་བབ་སྐོར་ལ་ཁ་ཕྱོགས་ཏེ། ལས་དོན་ཇི་ལྟར་བསྒྲུབ་དགོས་པའི་འཆར་གཞི་གཏན་འབེབས་བྱ་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༦ ཉིན་གྱི་ཚོགས་འདུའི་གྲོས་གཞི་གཙོ་གནད་ཆེ་ཤོས་ཤིག་ནི། རྒྱ་ནག་གིས་བོད་ནང་གང་བྱུང་གཏེར་རྫས་སྔོག་འཁྱེར་བྱེད་བཞིན་པ་དང་། བོད་ཀྱི་ཤིང་ནགས་གཅོད་འབྲེག་བྱེད་ཀྱིན་པ་དེས་རྒྱ་གར་བྱང་ཤར་ཁུལ་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་མེད་གཉིས་ཡིན་འདུག ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་དང་རྒྱ་གར་བྱང་ཤར་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཀིརེ་མའེ་(R K Khrimey) ཡིས་བརྗོད་པ་ལྟར་ན། ཉིན་དེའི་ཚོགས་ཆེན་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཀྱང་མཉམ་ཞུགས་གནང་རྒྱུར་གྲ་སྒྲིག་ཡོད་ཚུལ་བརྗོད་འདུག

ཟླ་འདིའི་ཚེས་ ༡ ཉིན་སྐུ་ཚབས་ཀིརེ་མའེ་ཡིས་རྒྱ་གར་བྱང་ཤར་ཁུལ་གྱི་མི་མང་ཚོར་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་པར་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་ཅིང་། ཁོང་གིས་ “རྒྱ་གར་བྱང་ཤར་གྱི་ས་བབ་ཐད་ནས་བཤད་ན། རྒྱ་ནག་གི་དབང་ཤུགས་ང་ཚོའི་སྟེང་སླེབ་བཞིན་ཡོད། དེ་བཞིན་བོད་ནང་གི་གཙང་བོའི་ཁ་ཕྱོགས་བསྒྱུར་འཆར་དེས་རྒྱ་གར་ལ་ཉེན་ཁ་ཆེན་པོ་འཕྲད་རྒྱུ་རེད། ཁོར་ཡུག་ཉམས་ཞིབ་པ་ཚོས་བརྗོད་ན། རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་མཛོད་དང་གློག་ཁང་སོགས་ལས་གཞི་འདྲ་མིན་སྤེལ་གྱིན་པ་དེས། རྒྱ་གར་ནང་བཞུར་བཞིན་པའི་བྷར་མ་པུ་ཊི་རཱའམ་(Brahmaputra) ཨ་རུ་ན་ཅལ་ནང་དུ་སཱ་ཡེང་ཆུ་(Siang river) ཞེས་འབོད་པའི་ཆུ་ཆེན་འདིར་ཤུགས་རྐྱེན་ཐེབས་ཏེ་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་ཡོད། ”ཅེས་བརྗོད་ཡོད་ལ། དེ་བཞིན་ཕྱི་ཚེས་ ༡ ཉིན་གྱི་དགོང་མོ་ཨ་རུ་ཎ་ཅལ་མངའ་སྡེ་གཞུང་གི་མགྲིན་ཚབ་པས་བོད་ནས་བཞུར་ཡོང་བའི་སཱ་ཡེང་ཆུ་བོ་ད་ལྟ་ཨ་རུ་ཎ་ཅལ་ནང་ཧ་ལམ་སྐམ་ཚར་ཡོད་ཚུལ་བསྒྲགས་འདུག

གཟའ་ཕུར་བའི་ཉིན་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཆབ་སྲིད་སློབ་སྟོན་པ་ཌ་བྷེ་ (Tako Dabi) ཡིས་བརྗོད་པ་ལྟར་ན། ཤར་སཱ་ཡེང་རྫོང་ཁོངས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་པཱ་སེ་གྷ་ཊི་ (Pasighat) གྲོང་སྡེ་བརྒྱུད་བཞུར་བཞིན་པའི་སཱ་ཡེང་ཆུ་བོ་ཉིན་དེའི་ཕྱི་དྲོ་བློ་བུར་དུ་ཇེ་ཉུང་ཕྱིན་ཏེ་ད་ཆར་སྐམ་ལ་ཉེ་སྐོར་དང་། ༢༠༠༩ ཟླ་ ༦ ཚེས་ ༩ ཉིན་བློ་བུར་དུ་སཱ་ཡེང་ཆུ་བོ་(མཐོ་ཚད་མི་ཌར་ ༣༠ ) རྒྱས་ཏེ་གོང་གི་གྲོང་སྡེ་དེའི་རྒྱུ་དངོས་ལ་གཏོར་སྐྱོན་ཆེན་པོ་བྱུང་ཞིང་མི་ ༧ ཙམ་རྐྱེན་ལམ་དུ་ཕྱིན་པ་དེ་ནི། རྒྱ་ནག་གིས་ཡར་ཀླུང་གཙང་པོར་བརྒྱབ་པའི་གློག་ཁང་ཆུ་མཛོད་ཅིག་ཤོར་པ་ལས་བྱུང་པ་ཞིག་ཡིན་སྟབས། རྒྱ་གར་དབུས་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཨ་རུ་ཎ་ཅལ་མངའ་སྡེ་གཞུང་དང་མཉམ་འབྲེལ་ཐོག དཀའ་ངལ་དེ་དག་གི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱ་དགོས་པ་ལས། མང་ཚོགས་ཀྱི་འཇིགས་སྣང་དང་སྡུག་སྐད་བཏོན་པ་ཙམ་གྱིས་གནད་དོན་སེལ་མི་ཐུབ་ཚུལ་བརྗོད་འདུག

ཕྱི་ཚེས་ ༢ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལའེ་(Hong Lei) ཡིས། ཡར་ཀླུང་གཙང་བོའི་བཞུར་རྒྱུན་ཁག་ཏུ་གློག་ཁང་དང་ཆུ་མཛོད་བརྒྱབ་ཡོད་ཀྱང་། དེ་དག་གིས་གཙང་བོའི་ཆུའི་བརྒྱ་ཆ་ ༡ ཙམ་ལས་བེད་སྤྱོད་བྱེད་ཀྱི་མེད་སྟབས། ཡར་ཀླུང་གཙང་བོ་བཞུར་ཡུལ་ཁག་ལ་ཤུགས་རྐྱེན་གང་ཡང་ཐེབས་མི་མི་སྲིད་སྐོར་བརྗོད་འདུག གནད་དོན་དེ་དང་འབྲེལ་ཕྱི་ཚེས་ ༣ ཉིན་བྷེ་ཇེ་པེ་(BJP) ཡི་ཚོགས་གཙོ་ཟུར་པ་རཱ་ཇི་ཎ་ཐི་(Rajnath Singh) ཡིས་སྲིད་བློན་མན་མོ་ཧན་སེན་(Manmohan Singh) ལ་ཡི་གེ་ཞིག་ཕུལ་ཏེ། ཡར་ཀླུང་གཙང་བོའི་གནད་དོན་ཐད་རྒྱ་དཀར་ནག་དང་བྷང་ལཱ་ཌེ་ཤི་བཅས་ཀྱི་བར་རྒྱལ་སྤྱི་རང་བཞིན་གྱི་ཆིངས་ཡིག་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། ཡི་གེ་དེའི་ནང་ཡར་ཀླུང་གཙང་བོའམ་བྷར་མ་པུ་ཊི་རཱ་གཙང་བོའི་ཁ་ཕྱོགས་སྒྱུར་བཞིན་པ་དང་། གནད་དོན་དེས་ཨ་རུ་ཎ་ཅལ་གཙོས་རྒྱ་གར་བྱང་ཤར་ཁུལ་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ཉེན་ཡོད་སྐོར་བཀོད་ཡོད་འདུག

ཀིརེ་མའེ་ཡིས་རྒྱ་གར་ནང་གི་བོད་པ་སྐྱབས་བཅོལ་བ་ཉིས་འབུམ་ལྷག་གིས་རྒྱ་ནག་གི་དབང་སྒྱུར་འོག་བོད་ཀྱི་རིག་གཞུང་རྩ་བརླག་ཏུ་འགྲོ་རྒྱུར་བློ་འཚབ་བྱེད་ཀྱི་ཡོད་པར་བརྗོད་ཅིང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཨ་རུ་ཎ་ཅལ་མངའ་སྡེ་ནི་རྒྱ་གར་གྱི་ས་ཁོངས་ཤིག་ཡིན་སྟབས། རྒྱ་ནག་གིས་ཨ་རུ་ཎ་ཅལ་ཁོང་ཚོའི་ཁྱབ་ཁོངས་ཡིན་ཚུལ་བསྒྲགས་བཞིན་པར་རྒྱ་གར་གཞུང་གིས་སྔར་ལས་ལྷག་པའི་ལངས་ཕྱོགས་བརྟན་པོ་དང་དྲག་རྒོལ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། རྒྱ་གར་གྱི་ཁོར་ཡུག་ཉམས་ཞིབ་པ་ཌུ་ཊཱ་(Soumyadip Dutta) ཡིས་ “གལ་སྲིད་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཁ་ཕྱོགས་རྒྱ་ནག་ཤར་ཕྱོགས་སུ་བསྒྱུར་ཚེ། རྒྱ་གར་བྱང་ཤར་ཁུལ་གྱི་མི་མང་དང་ལྷག་པར་དུ་ཨ་སམ་(Assam) ཁུལ་ལ་བློ་ཡིད་དུ་ཤོང་དཀའ་བའི་མཇུག་འབྲས་ངན་པ་འབྱུང་ངེས་རེད་”ཅེས་ཉེན་བརྡ་བཏང་ཡོད་པ་རེད།

ཡར་ཀླུང་གཙང་པོ་ནི་འཛམ་གླིང་སྟེང་གི་གཙང་བོ་མཐོ་ཤོས་ཤིག་ཏུ་བརྩི་ཞིང་། དེ་ནི་བོད་ནས་རྒྱ་གར་དང་བྷང་ལཱ་ཌེ་ཤི་བརྒྱུད་(Bay of Bengal) རྒྱ་མཚོར་འབབ་པ་དང་། བོད་ནས་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་གྱི་ཊུ་ཊེན་(tuting) བརྒྱུད་ཨ་རི་ཎ་ཅལ་ནང་འབབ་སྐབས་ཡར་ཀླུང་གཙང་བོ་ལ་སཱ་ཡེང་ཆུ་བོ་དང་། ཨ་སམ་ནང་འབབ་སྐབས་བྷར་མ་པུ་ཊི་རཱ ། བྷང་ལཱ་ཌེ་ཤིའི་(Bangladesh) ནང་མེ་གྷ་(Mega) ཞེས་སུ་འབོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 1

  1. ཤིང་ལོ། says:
    ལོ་ 14 སྔོན།

    ཧིན་ངྷི་བཀའ་དྲིན་ཅན་ཚང་ལགས། རང་གི་མགོ་ལ་ཡོང་རེག་བར་སྒུག་ཐུབ་ཀྱི་མི་འདུག་གམ། མིའི་སྐྱིད་སྡུག་རེས་མོས་དང་། གཅིག་ལ་གཅིག་བསྟེན་གྱི་འཚོ་བ། ད་དུང་ལེགས་བཤད་བྱིས་པའི་ཁ་ནས་ལེན་དགོས་པ་སོགས་དགེ་རྒན་གྱིས་ཀྱང་མཁྱེན་དགོས་ཡཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese