མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐུ་ཕུང་སྨན་ཁང་དུ་ཉར་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ཀྱི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་རྫོང་སྨན་ཁང་དུ་ཉར་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༣ པ་ཡས་མས་སུ། མདོ་སྨད་ཀན་ལྷོ་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མའི་ཕ་བསོད་ནམས་ཡེ་ཤེས་དང་མ་ལྷ་དབྱངས་གཉིས་ཀྱི་རང་ལོ་ ༡༩ ཡིན་པའི་བུ་མོ་ཚེ་རིང་སྐྱིད་ལགས་ཀྱིས། རྨ་ཆུ་རྫོང་གི་སྔོ་ཚལ་ཁྲོམ་རའི་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་རྗེས། ཉེན་རྟོག་པས་ཁོ་མོས་སྐུ་ཕུང་རྫོང་ཐོག་ཏུ་འཁྱེར་ཡོད་པ་ལྟར། ཉིན་དེའི་གནས་ཚུལ་བྱུང་རྗེས་ཕ་མ་དང་ནང་མི་གཉེན་འབྲེལ། གྲོང་མི་ཁག་ཅིག་བཅས་རྫོང་ཉེན་རྟོག་ལས་ཁུངས་སུ་བཅར་ཏེ། སྐུང་ཕུང་ནང་མིར་རྩིས་སྤྲོད་བྱེད་པའི་ཐད་ལ་རེ་སྐུལ་ཞུས་ཀྱང་ཡ་ལན་མ་སྤྲད་སྟབས། བོད་མི་ཁག་ཅིག་གིས་ཁོང་ཁྲོ་དང་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་གནས་ཚུལ་ཆེན་པོ་ཆགས་སྲིད་པའི་ཉེན་བརྡ་བཏང་མཐར། ཉེན་རྟོག་པས་ཚེ་རིང་སྐྱིད་ཀྱི་ཕ་མས་རང་ལུས་མེར་བསྲེགས་བཏང་བ་དེ་བོད་ཀྱི་ཆབ་སྲིད་དང་འབྲེལ་བ་མེད་པའི་ངོས་ལེན་དང་འཛུབ་ཐེལ་བརྒྱབ་པ་ཡིན་ན། སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་ཆོག་ཅེས་བཤད་ཡོད་འདུག སྐབས་དེར་ཕ་མ་དང་ནང་མི་ཚོས་ངོས་ལེན་བྱས་མེད་སྟབས། ཉེན་རྟོག་པས་ཁོ་མོའི་ཤི་རྐྱེན་ལ་བརྟག་དཔྱད་བྱ་ཆེད་སྐུ་ཕུང་ཉར་དགོས་པའི་བརྡ་ལན་སྤྲད་དེ། ད་ལྟའི་ཆར་བེམ་པོ་རྫོང་སྨན་ཁང་དུ་ཉར་ཡོད་འདུག

ཐེངས་འདིའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐད་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ཀྱིས། རྫོང་སྔོ་ཚལ་ཁྲོམ་རྭའི་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དངོས་ཡོད་ཡིན་སྐོར་བཀོད་ཡོད་ཀྱང་།  ཁོ་མོ་མ་འདས་པའི་ཡར་སྔོན་དུ་འཛིན་ཁང་ནང་ཚ་དྲོད་འཕྲུལ་འཁོར་ལ་མགོ་བོ་བརྡབ་ཏེ་དྲན་པ་ཐོར་བའི་གནས་ཚུལ་བྱུང་ཡོད་སྐོར་དང་། རྗེས་སུ་གནད་དོན་དེར་རྐྱེན་བྱས་ཏེ་སློབ་གྲྭའི་རྒྱུགས་འབྲས་ཡག་པོ་མ་ལོན་པར་སེམས་ཀྱི་དཀའ་ངལ་འཕྲད་དེ་རང་སྲོག་བཅད་ཡོད་པའི་གནས་ཚུལ་སྤེལ་འདུག

གསར་འགོད་པ། དོན་གོ

མཆན། 4

  1. thapkegyatso says:
    ལོ་ 11 སྔོན།

    འདི་ལྟར་མིག་མཐོང་ལག་ཟིན་གྱི་མངོན་སུམ་ལའང་རྒྱ་གཞུང་གིས་འཁྱོག་བརྗོད་འབའ་ཞིག་བྱེད་པ་ནི་རྒྱུན་ལྡན་རེད། ཡིན་ཡང་བོད་ཀྱི་དཔའ་བོ་དཔའ་མོ་འདི་དག་གིས་ཆོས་སྲིད་རང་དབང་གི་ཐད་དུ་དྲང་བདེན་དང་འཚེ་མེདཞི་བ་ཁོ་ནས་བརྩད་པས་ཞུམ་པ་མེད་པའི་སྙིང་སྟོབས་ནི་བསྐལ་བའི་བར་དུ་གནས་པའོ།།

    Reply
  2. འདྲེ་མེ་འབུད། says:
    ལོ་ 11 སྔོན།

    མ་འདས་པའི་ཡར་སྔོན་དུ་འཛིན་ཁང་ནང་ཚ་དྲོད་འཕྲུལ་འཁོར་ལལ་མགོ་བོ་བརྡབས་ཏེ་དྲན་པ་འཐོར་བའི་གནས་ཚུལ་བྱུང་ཡོད་ཅེས་པ་བདེན་པ་ཡིན་མིན་ཁོ་མོའི་སློབ་གྲོགས་ཚོར་འབྲེལ་གཏུགས་བྱེད་ཚེ་བདེན་དཔང་ཁུངས་འཕེར་རྙེད་ངེས།

    Reply
  3. ཤིང་ལོ། says:
    ལོ་ 11 སྔོན།

    ད་རྒྱ་ཁྱི་རྒན་ཚང་གིས་མི་ཤ་ཟ་བསམ་གི་ཡོད་ནི་ཡིན་རྒྱུ་རེད། འདི་ཆེད་དུ་བོད་མི་ཚོར་འཁོན་འཛིན་སློང་བྱེད་རེད། བོད་མི་ཚོའི་བཟོད་བསྒོམ་གྱི་མཐའ་ཟད་དུས་རྗེས་སུ་ཕུང་བོ་བཏོན་ན་རྒྱ་རོ་ཡིན་པ་གཏན་ཁེལ་ཡིན།

    Reply
  4. མི་ཆུང་། says:
    ལོ་ 11 སྔོན།

    རྒྱ་གཞུང་གི་རྒྱལ་གཅེས་མ་འདས་པོ་རྨ་ཆུའི་ཚེ་རིང་སྐྱིད་ཀྱི་སྐུ་ཕུང་ནང་མིར་མི་སྤྲོད་པ་དང་། དཔང་རྟགས་རྫུན་མ་བཟོ་བ། དཔང་རྟགས་རྫུན་མར་ནང་མིར་ས་རྟགས་འགོད་འཇུག་པ། སོགས་ནི།

    ཁོ་པ་ཚོས་གནད་འགག་ཅིག་མཐོང་གི་ཡོད། སློབ་འབྲིང་གི་སློབ་མ་ཡིན་པ། དེང་རབ་ཀྱི་སློབ་གསོ་ཆ་ཚང་ཐོབ་པ། རྒྱལ་ནང་གི་གནས་ཚུལ་མཐོང་བ། རང་ལོ་བཅོ་བརྒྱད་ཡན་སླེབས་ཚར་བ། བསམ་བློར་ནད་སྐྱོན་མེད་པའི་སློབ་མ་ཞིག་གིས། རྒྱ་གཞུང་གིས་བོད་རིགས་ས་ཁུལ་དང་། བོད་མི་རིགས་ལ་བྱེད་པའི་བྱ་ངན་རྣམས་ལ།

    ངོ་རྒོལ་གྱིས་རང་ལུས་སྲེག་པ་འདི་ཕྱོགས་གང་སར་ཤུགས་རྐྱེན་ཆེན་པོ་ཡོད་པ་མ་ཟད། མ་འོངས་པའི་ལོ་རྒྱུས་ཀྱི་དྲན་ཤིང་ཡིན་པས་རེད། དེས་ན་ང་ཚོས་ད་དུང་ཁོ་མོའི་དངོས་ཡོད་གནས་ཚུལ་རྣམས། རྒྱལ་སྤྱིའི་སྟེང་གསལ་པོར་བཟོ་བར། གཞུང་དང་གཞུང་འབྲེལ་མིན་པ་ཚང་མར་འགན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist