མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིར་གསུམ་དུས་སྲུང་གཙི།༼པར༽

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་ ༡༠ ཉིན་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས་གསུམ་བཅུ་དུས་དྲན་ཐེངས་ལྔ་གསུམ་པ་དེ་སྲུང་གཙི་བྱས་ཡོད་པ་ལྟར། ཧྥ་རན་སིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། གཞུང་དང་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཉམ་རུབ་ཐོག་ཐེངས་འདིའི་དུས་དྲན་སྲུང་གཙི་བྱས་ཡོད།

དེ་ཡང་ཁ་སང་སྔ་དྲོ་ཆུ་ཚོད་ ༩ ཐོག་རྒྱལ་ས་ཕ་རི་སིར་བོད་ཀྱི་བྱམས་བརྩེ་ཁང་གིས་གོ་སྒྲིག་འོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག་བོད་ཀྱི་རིས་མེད་སྨོན་ལམ་ཚོགས་ཡོད་པ་དང་། དེ་དང་དུས་མཉམ་ཕ་རེ་སིའི་རྫོང་གྲོང་གཉིས་པ་དང་བཅུ་གཅིག་པ་གཉིས་ཀྱིས་སྲིད་གཞུང་སྒོ་ཆེན་སྟེང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད། ཉིན་གུང་ཆུ་ཚོད་ ༡༢ ཐོག་ཧྥ་རན་སིའི་ས་གནས་ཁག་ ༢༣ གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཚོགས་འདུ་ཞིག་བསྐངས་ཏེ། ལོ་འདིའི་ནང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་གང་སྤེལ་ཐད་གྲོས་བསྡུར་དང་། ཚོགས་པ་ཁག་མཉམ་རུབ་ཐོག་ཧྥ་རན་སི་གཞུང་དང་གྲོས་ཚོགས་གོང་འོག སྲིད་དོན་ཚོགས་པ་ཚང་མར་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་ཁུར་དགོས་པའི་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ཧྥ་རན་སིའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཕ་རི་སིའི་རང་དབང་ཐང་ཆེན་དུ་དུས་དྲན་སྲུང་གཙིའི་མཛད་སྒོ་དངོས་གཞི་ཚུགས་ཤིང་། དངོས་གཞི་མཛད་སྒོ་ཐོག་ཕ་རི་སིའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དྲུང་ཆེ་ཚེ་རིང་དོན་གྲུབ་དང་། ཕ་རི་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (JENA FRANCOIS HUMBERT) རྫོང་གྲོང་ ༡༡ སྤྱི་ཁྱབ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས(PARICK BLOCHE)ཕ་རི་སི་ས་གནས་འཐུས་མི་ཟུར་པ་ཞིག་བཅས་ཆེད་ཕེབས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱོང་དང་གཏམ་བཤད་གནང་ཡོད། དུས་དྲན་ཐོག་མཉམ་ཞུགས་གནང་མཁན་དང་བོད་མི་ཚོས་རང་དབང་ཐང་ཆེན་ནས་མགོ་འཛུགས་ཀྱི་རྒྱ་ནག་གཞུང་ཚབ་ཁང་བར་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་བྱས་ཡོད་ལ། ལམ་བར་དང་རྒྱ་ནག་གཞུང་ཚབ་མདུན་དུ་བོད་རང་དབང་སློབ་ཕྲུག་ཚོགས་པས་བོད་ནང་བཙོན་འཇུག་མནར་གཅོད་སྐོར་ལ་གཏམ་བརྗོད་ཟློས་གར་འཁྲབ་སྟོན་བྱས་ཡོད།

ད་ལོའི་ངོ་རྒོལ་སྐད་འབོད་སྟེང་ཧྥ་རན་སའི་ས་གནས་ཁག་ ༢༣ གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཙམ་མ་ཟད། རྒྱལ་ས་ཕ་རི་སིར་ཡོད་པའི་བོད་མི་ ༦༠༠ ལྷག་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ། བོད་རྒྱ་མཐུན་ཚོགས། ཝེ་ཐི་ནམ་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་ནག་དམངས་གཙོ་ཚོགས་པ། ཐེ་ཝན་རང་བཙན་ཚོགས་པ། ཡུ་གུར་མནའ་མཐུན་ཚོགས་པ་སོགས་མཉམ་ཞུགས་བྱས་ཡོད་འདུག་ལ། ད་ལོ་ཧྥ་རན་སི་གཞུང་གིས་རྒྱ་ནག་དོན་གཅོད་ཁང་ལ་སྲུང་སྐྱོབ་ནན་མོ་བྱས་ཡོད་འདུག

 

རིས་མེད་སྨོན་ལམ་བོད་རིག་པ་སྐུ་ཞབས་ལགས་ཀྱི་བོད་མིའི་རང་སྲེག་འཚེ་མེད་ཞི་བའི་འཐབ་རྩོད་པའི་གསུང་བཤད་གནང་བཞིན་པ།

 

ཧྥ་རན་སིའི་ས་གནས་ཁག་ ༢༣ གྱི་བོད་དོན་རྒྱབ་སྐྱོབ་ཚོགས་པའི་འཐུས་མིའི་ཚོགས་འདུ།

 

བོད་གཞུང་སྐུ་ཚབ་དོན་གཅོད། གྲོས་ཚོགས་འཐུས་མི། རྫོང་དཔོན། ས་གནས་འཐུས་མི་བཅས།

 

གོམ་བགྲོད་སྐབས་བོད་རང་དབང་སློབ་ཕྲུག་ཚོགས་པས་སྐད་འབོད་ལ་སྣེ་ཁྲིད་བཞིན་པ།

 

གོམ་བགྲོད་སྐབས་བོད་རང་དབང་སློབ་ཕྲུག་ཚོགས་པས་སྐད་འབོད་ལ་སྣེ་ཁྲིད་བཞིན།

 

བོད་ནང་གི་བཙོན་འཇུག་མནར་གཅོད་ཀྱི་གཏམ་བརྗོད་འཁྲབ་སྟོན་བྱེད་བཞིན་པ།

 

རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ།

 

ཧྥ་རན་སིས་རྒྱ་ནག་གཞུང་ཚབ་ཁང་ལ་སྲུང་སྐྱོབ་ནན་མོ་བྱེད་སྟངས།

ས་གནས་གསར་འགོད་པ། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བོད་རྒྱ་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གསར་བ་གུ་རུ་རྡོ་རྗེ་དང་ཚོགས་གཞོན་ཀྲང་ཆིན་གཉིས་ཀྱིས་ཀྱང་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ཁར་མི་དམངས་ལ་གཏམ་བཤད་མདོར་བསྡུས་རེ་གནང་བའི་གོ་སྐབས་གནང་བ་ཡག་པོ་བྱུང་སོང།
    གུང་ཁྲན་ཏང་གིས་མི་གསོད་ཀྱིན་འདུག ང་ཚོའི་ཐུན་མོང་གི་དགྲ་བོ་གུང་ཁྲན་ཏང་ཡིན། གུང་ཁྲན་ཏང་གིས་ཀྲུང་གོ་མི་རིགས་ཀྱི་ཚབ་བྱེད་མི་ཐུབ། ཏང་ཀྲུང་དབྱང་ལ་ངོ་རྒོལ་བྱེད། མི་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་དགོས་པ་བཅས་ནི་ང་ཚོའི་གཏམ་བཤད་ཀྱི་་གནད་ཚིག་དག་ཡིན།

    Reply
  2. མིག says:
    ལོ་ 15 སྔོན།

    གསུམ་བཅུ་དུས་དྲན་གྱི་ཉིན་མོ་ནི་འུ་ཚོ་ལ་མཚོན་ན་ལོ་རྒྱུས་ཀྱིས་བརྗེད་མི་ཐུབ་པས་གལ་འགངས་ཆེ་བའི་དུས་ཚོད་ཁྱད་པ་ཅན་ཞིག་ཡིན་ལ་དེས་མི་ཚད་ཁ་སང་དེ་རིང་གི་གནས་བབ་ནས་བལྟས་ན་དེ་ལས་ཀྱང་བོད་ཀྱི་ཟུངས་ཁྲག་རྩ་ལམ་ན་རྒྱུ་བའི་སྐྱེས་བུ་སུ་ཡིན་རུང་སོས་དལ་ལྷོད་ཀྱིས་བསྡོད་པའི་དུས་ཚོད་ཅིག་ཡེ་ནས་མ་རེད། ཕྱི་རྒྱལ་ན་ཚོགས་པ་ཁག་གིས་བཀོད་སྒྲིག་འོག་རང་རེའི་སྤུན་ཟླ་དག་གིས་དུས་དྲན་བརྩི་སྲུང་བྱེད་པར་ཡི་རང་ཡོད་ལ་རྗེས་སུ་དམིགས་གསལ་གྱིས་ཕྱིར་བཞུགས་སྤུན་ཟླ་དག་གིས་ཕྱི་རབས་ཀྱི་བོད་དང་བོད་ཀྱི་གནས་བབ་ལ་གཞིག་ནས་རང་དང་རང་གི་ཤ་ལས་མཆེད་པའི་ནང་མི་བུ་ཕྲུག་དག་ལ་བོད་སྐད་གཙང་མ་ཞིག་འཁྱོང་བའི་ལས་དོན་བསྒྲུབ་རོགས།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    རྩིག་པའི་ངོས་ལ་ཡར་འཛེགས་བྱེད་ཀོ་བ་འདྲ་ཞིག་འདུག་ག དེ་རྐང་ལག་ལ་གོན་ནས་རྩིག་པའི་ངོས་ལ་spider man ནང་བཞིན་འགྲོ་ཐུབ་ཀི་འདུག ལོ་རྗེས་མ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་རིགས་གཞོན་སྐྱེས་གང་མང་མང་གིས་ཀོ་བ་དེ་གྲ་སྒྲིག་བྱས་ནས་གསུམ་དུས་ཉིན་མོར་བོད་རིགས་ཡོད་སའི་ཕྱི་རྒྱལ་ཁག་ཚང་མའི་རྒྱ་ནག་གི་གཞུང་ཚབ་ཁང་གི་དར་དམར་དེ་མར་འབེབས་ཐབས་བྱ་རོགས།
    ཧྥ་རན་སིའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚང་མར་བཀའ་དྲིན་ཆེ་ཞུ། ཟླ་བས་གསར་འགྱུར་བཏང་བར་ཡང་བཀའ་དྲིན་ཞུ། ༼རྒྱབ་སྐྱོབ་༽ མ་རེད། ༼རྒྱབ་སྐྱོར་༽ རེད། ཧེ་ཧེ་ཧེ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese