མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙུན་མའི་ནུས་སྟོབས་གོང་སྤེལ་དུ་གཏོང་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་མིག་དམར་ཉིན་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་གླེང་མོལ་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བདུན་གཅིག་རིང་བཙུན་མའི་ནུས་སྟོབས་གོང་སྤེལ་གྱི་ཟབ་སྦྱོང་མཇུག་སྡོམ་དང་འབྲེལ། གདན་ཞུའི་སྐུ་མགྲོན་ཁག་ཅིག་གིས་གཏམ་བཤད་དང་དྲི་བ་དྲིས་ལན་གནང་སོང་།

 

དེ་རིང་སྔ་དྲོའི་ཆུ་ཆོས་ ༡༠།༣༠ སྟེང་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་གླེང་མོལ་ཁང་དུ་དབུས་བོད་ཀྱི་དབུ་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བདུན་ཕྲག་གཅིག་རིང་གི་༼བཙུན་མའི་ནུས་སྟོབས་གོང་སྤེལ་གྱི་ལོ་འཁོར་ཟབ་སྦྱོང་ཐེངས་བཞི་བ། ༽ཞེས་ཟབ་སྦྱོང་མཇུག་སྡོམ་གྱི་མཛད་སྒོ་བསྟུན་ཏེ་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་། ཆོས་རིག་དྲུང་ཆེ་ངག་དབང་ཆོས་འབྱོར། བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་གཞོན་པ་ཨ་ནེ་བློ་བཟང་བདེ་ཆེན་བཅས་ཕེབས་འདུག གཞན། བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་གཙོས་པའི་ལས་བྱེད་ཁག་གཅིག་དང་། བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་བཅས་ཀྱང་མཉམ་ཞུགས་གནང་འདུག  

མཛད་སྒོའི་ཐོག་མར་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ཟབ་སྦྱོང་གི་དགོས་པ་དམིགས་ཡུལ་ངོ་སྤྲོད་བྱས་པ་ལྟར་ན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལོ་ལྟར་བཙན་བྱོལ་ནང་གི་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་ཐད་ཟབ་སྦྱོང་སྤྲོད་བཞིན་ཡོད་པ་དང་། ལོ་འགའི་གོང་ནས་བཙུན་མ་ཚོར་ཡང་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་མགོ་འཛུགས་ཀྱིས་ད་ལོ་བཙུན་མའི་ནུས་སྟོབས་གོང་སྤེལ་གྱི་ཟབ་སྦྱོང་ཐེངས་ ༤ དེ་ཆགས་ཡོད་འདུག ཁོང་གིས་ཟབ་སྦྱོང་སྤྲོད་དགོས་པའི་རྒྱུ་མཚན་སྐོར་ནས་ “བོད་རིགས་བུད་མེད་ཚོར་ལས་དོན་གང་ཡང་བསྒྲུབ་ཐུབ་པའི་ནུས་པ་ཡོད་ཀྱང་། གདེང་སྤོབས་མེད་པ་མ་ཟད། ཁྱིམ་ལས་ཙག་ཙིག་རིགས་ནི་བུད་མེད་ཀྱི་འགན་འཁྲི་ཡིན་ཤག་ཅིག་ལ་བུད་མེད་ཚོ་རང་ངོས་ནས་ཀྱང་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཟབ་སྦྱོང་གང་མང་སྤྲད་དེ་ཁོང་ཚོར་སོ་སོའི་འཇོན་ཐང་ངོས་འཛིན་ཐུབ་པ་དང་། ལས་དོན་གང་ལ་ཡང་འཇུག་ཐུབ་པའི་བློ་སྟོབས་བསྐྲུན་དགོས་ཀྱི་འདུག ” ཅེས་དང་། ཟབ་སྦྱོང་ནང་ཞུགས་མཁན་དག་གིས་ཐུབ་ན་མ་འོངས་པར་ཟབ་སྦྱོང་གི་ལེགས་ཆ་བླངས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་ཀྱི་འགན་འཁུར་ཐུབ་རྒྱུ་དང་། དེ་ལྟར་མ་བྱུང་ཡང་ཟབ་སྦྱོང་དུ་ཡོང་མཁན་ཚོས་རྗེས་ཕྱོགས་ཕན་ཚུན་ལ་འབྲེལ་བ་བཟུང་སྟེ། ཁ་འཐོར་དུ་ཡོད་པའི་བཙུན་མ་རྣམས་ཀྱི་འབྲེལ་ལམ་ཇེ་ལེགས་སུ་གཏོང་དགོས་པའི་འབོད་སྐུལ་བཅས་གནང་སོང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བོད་མི་ཞིག་ཏུ་སྐྱེས་པའི་རྗེས་ནས་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོར་རང་བཞིན་གྱིས་གྲུབ་ཡོད་པ་ཞིག་དང་། ཁོང་རང་ཉིད་ལ་མཚོན་ན་གྲྭ་བ་ཞིག་ཡིན་ཡང་། དེང་སྐབས་བོད་ནང་གི་ཛ་དྲག་གནས་བབ་འདི་འདྲའི་འོག ཞོགས་པ་སྔ་པོ་ཡར་ལངས་པ་དང་མཉམ་དུ་དྲ་ཚིགས་སོགས་སྔོག་གི་ཡོད་པ་ལས་ཞལ་འདོན་དགེ་སྦྱོར་གང་ཡང་བྱེད་ཀྱི་མེད་པ་དང་། དེ་ནི་བོད་ནང་དང་རྒྱལ་སྤྱིའི་ནང་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་ཆེད་ཡིན་སྐོར་བརྗོད་སོང་། བོད་དོན་ལ་འགན་འཁུར་ཕྱོགས་ཐད་ནས་གཞན་ལ་འཛུབ་མོ་འཛུགས་རྒྱུ་དང་། སྐད་ཆ་ཤོད་སྡོད་རྒྱུ་ཙམ་མིན་པར་སྤྱི་ཚོགས་ཀྱི་ཕྱོགས་ངོས་གང་ཞིག་ནས་སོ་སོའི་འཇོན་ཐང་ལ་དཔག་པའི་ཁ་ཡོད་ལག་ཡོད་ཀྱི་ནུས་པ་འདོན་རྒྱུ་དང་། ནུས་པ་དེ་ཡང་ལག་ལེན་སྟེང་འགྲོ་ཐུབ་པ་ཞིག་བྱ་དགོས་པ། ད་སྔ་བོད་ཕྱི་ནང་གཉིས་སུ་བཙུན་མ་ཚོས་རང་ཚོད་ལ་དཔག་པའི་ཆབ་སྲིད་ཐད་འགན་གང་འཚམ་འཁུར་ཡོད་པ་དང་། ད་དུང་མུ་མཐུད་འགན་འཁུར་གྱི་ནུས་པ་རྒྱ་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་སོང་།

 

བཙུན་མ་ཚོས་སོ་སོའི་ནུས་པ་བོད་དང་འཛམ་གླིང་སྤྱི་ཚོགས་ནང་གདེང་འཇོག་སླེབས་ཐུབ་པ་ཞིག་བྱ་དགོས་པའི་ཐད་ཆོས་རིག་དྲུང་ཆེ་ངག་དབང་ཆོས་འབྱོར་ལགས་ཀྱིས་གསུངས་པ་ལྟར་ན། བུད་མེད་ནི་ཕྲུ་གུ་སྐྱེས་པ་ཙམ་མ་ཟད་བུ་ཕྲུག་གསོ་སྐྱོང་། དེ་བཞིན་ཁྱིམ་ཚང་སྐྱོང་རྒྱུ་དང་ཁྱིམ་མཚེས་བར་གྱི་འགྲིག་མཐུན་སོགས་ཀྱི་ཐད་སྐྱེས་པ་ཕོ་ལས་ནུས་པ་ཆེར་འདོན་ཀྱི་ཡོད་པ་དང་། བུད་མེད་ནི་འཛམ་གླེང་ལ་ཁ་ལོ་སྒྱུར་མཁན་ཞིག་ཡིན་པ་ལྟར། བཙུན་མ་ཚོར་བུ་སྐྱེས་ཁྱིམ་གསོ་བྱ་བའི་འགན་དེ་མེད་ཀྱང་། བུད་མེད་ཀྱི་ནུས་པ་དེ་དག་གཅིག་མཚུངས་སུ་ཡོད་སྟབས། དེང་ཕྱིན་བཙུན་དགོན་དག་གིས་རྒྱ་གར་དང་རྒྱལ་སྤྱིའི་བུད་མེད་ཚོགས་པ་དག་ལ་འབྲེལ་ལམ་བཟུང་སྟེ། བོད་དང་འཛམ་གླིང་གི་བུད་མེད་ཚོར་ཕན་ནུས་ལྡན་པའི་ཞབས་འདེགས་བསྒྲུབ་རྒྱུར་བསམ་བློ་གཏོང་དགོས་སྐོར་དང་། བོད་མིའི་སྤྱི་ཚོགས་ནང་ཨ་མ་མང་པོ་ཞིག་གིས་སོ་སོའི་འགན་ནི། ཕྲུ་གུ་སྐྱེས་རྒྱུ་དང་ཁོང་ཚོར་ཟ་འཐུང་སྤྲོད་རྒྱུ་ཙམ་ལས་བདག་པོ་ཡག་པོ་རྒྱག་གི་མེད་པའི་གནས་ཚུལ་བྱུང་དང་འབྱུང་མུས་ཡིན་སྟབས། བཙུན་མ་ཚོས་བོད་པའི་སྤྱི་ཚོགས་ཁྲོད་དུ་ཨ་མ་ཞིག་ཡིན་ན་ཕྲུ་གུ་སྐྱེས་རྒྱུ་ལས་ལྷག་པའི་འགན་ཞིག་ཡོད་པ་ནི། ཕྲུ་གུའི་ཕྱི་ནང་གི་འཚར་ལོངས་དང་འབྲེལ་བའི་གསོ་སྐྱོང་སློབ་གསོ་སྤྲོད་རྒྱུར་ནུས་པ་འདོན་དགོས་པའི་རེ་སྐུལ་དང་སྦྲགས། ཁོང་གིས་ “ང་རང་ཉིད་ལའང་མཐོང་ཐོས་ཀྱི་ཉམས་མྱོང་ཡོད། བོད་པའི་ཨ་ནེ་རེ་ཟུང་གིས་ཞབས་འདྲེན་གྱི་བྱ་སྤྱོད་དེ་འདྲ་ཡོང་གི་འདུག དེ་འདྲ་མ་གནང་རོགས། བྱུང་ན་ཨ་ནེ་གཙང་མ་ཞིག་དང་མི་ཡོང་ན། གྲྭ་ཆས་ཕུད་རོགས། སྐྱ་མིན་སེར་མིན་གྱིས་ཞབས་འདྲེན་མ་ཞུ་རོགས་ ”ཞེས་ཀྱང་བརྗོད་སོང་།

 

མཐར་བོད་ཀྱི་བཙུན་མའི་ལས་འཆར་འགན་འཛིན་གཞོན་པ་ཨ་ནེ་བློ་བཟང་བདེ་ཆེན་ལགས་ཀྱིས་བོད་སྤྱི་ཚོགས་ནི་སྐྱེས་པ་དང་སྐྱེས་མ། གྲྭ་བ་དང་བཙུན་མ་བཅས་སྡེ་ཚན་བཞི་ཡིས་གྲུབ་ཡོད་སྟབས། ཁྱོན་ཡོངས་ནས་ཡར་རྒྱས་སུ་འགྲོ་དགོས་པར་ཟུར་བཞིའི་ནང་གི་ཟུར་གཅིག་སྟེ། བཙུན་མའི་ཟུར་ངོས་དེ་ཡར་འགྲོ་ཆོག་པ་ལ་ཨང་བསམ་པ་ཞིག་ད་ལྟའི་ཆར་ཆགས་ཡོད་པ་དང་། དེ་ལ་སྤྱི་ཚོགས་ཕྱོགས་ཡོངས་ནས་གོ་སྐབས་སྐྲུན་བཞིན་པའི་སྐབས། བཙུན་མ་ཚོས་གོ་སྐབས་དམ་འཛིན་ཐོག་ཡར་རྒྱས་འགྲོ་ཐུབ་པ་བྱ་རྒྱུ་དང་། ད་ལྟའི་མི་རབས་འདིས་ལས་ཀ་ཡག་པོ་ཞིག་བྱ་མ་ཐུབ་ན་རྗེས་མ་ད་ལྟའི་བཙུན་མ་ཚོས་མ་འཇོག་པའི་ལོ་རྒྱུས་ཀྱི་ནག་ཉེས་ཕོག་ཡོང་གི་ཡོད་སྐོར་བརྗོད་སོང་། དེ་བཞིན་ད་ལྟའི་ཆར་བཙུན་མའི་བཀའ་བློན་དང་སྤྱི་འཐུས་མེད་པ་དེར་གོ་སྐབས་མེད་པས་ལན་པ་ཞིག་མིན་པར་ནུས་པས་མ་འདང་བ་ཞིག་ཡིན་ཚུལ་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ཟབ་ལ་ཞུགས་མཁན་བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་བཙུན་མ་ཉི་མ་ལྷ་མོར་ཐེངས་འདིའི་ཟབ་སྦྱོང་གི་དགེ་སྐྱོན་སྐོར་དྲིས་པར། ཁོང་མོས། གཅིག་ནས་ཟབ་སྦྱོང་སྤྲོད་མཁན་ཚོར་ཉམས་མྱོང་གཏིང་ཟབ་ཡོད་མཁན་རྐྱང་ཡིན་པ་དང་། གཉིས་ནས་ཟབ་སྦྱོང་སྐབས་སོ་སོའི་ནུས་པ་མངོན་འགྱུར་ཡོང་ཐབས་དང་། མང་ཚོགས་མདུན་དུ་སྐད་ཆ་བཤད་ཐུབ་པ། དེ་བཞིན་ལུས་རྩལ་སྦྱོང་བརྡར་སོགས་ཕྱོགས་ཡོངས་ནས་སྦྱོང་བརྡར་ཡག་པོ་སྤྲད་ཐོབ་ཡོད་པ་དང་། གོ་སྐབས་འདི་རྒྱུད་བཙུན་དགོན་གཞན་དག་ནས་ཕེབས་པའི་བཙུན་མ་མང་པོ་ཞིག་ཕན་ཚུན་ངོ་ཤེས་དང་འབྲེལ་ལམ་ལེགས་པོ་བྱུང་སྐོར་བརྗོད་སོང་།

ཐེངས་འདིའི་བཙུན་མའི་ཟབ་སྦྱོང་དེར་རྒྱ་གར་དང་བལ་ཡུལ་གྱི་བཙུན་དགོན་ ༨ ནས་བཙུན་མ་ ༡༧ ཙམ་མཉམ་ཞུགས་གནང་ཡོད་འདུག

 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 7

  1. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    Mother Teresa ནང་བཞིན་བོད་པའི་བུད་མེད་ཅིག་དེ་སྔོན་བོད་པའི་སྤྱི་ཚོགས་ལ་བྱོང་མྱོང་མེད།
    དོན་ལག་ལེན་གྱི་ཐོག་ནས་བཤད་ན་འགྲོ་བ་མི་ལ་ཕན་ཐོགས་mother Teresa ནང་བཞིན་སྐྱེས་པ་ཕོ་ཞིག་ཀྱང་བོད་མིགས་ཀྱི་ནང་དུ་དེ་སྔོན་སྐུ་འཁྲུངས་མྱོང་མེད་པ་དེསེམས་ཕམ་དང་ངོ་ཚ་དགོས་བ་ཞིག་རེད།
    Mother Teresa ནང་བཞིན་བོད་པའི་བཙུན་མ་ཞིག་འཇིག་རྟེན་ལ་ཡོང་ཐུབ་པའི་སྨོན་ལམ་ཞུ།

    Reply
  2. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    གང་ལ་སྡོམ་པ་ཡོད་ན་དེ་ལ་རང་ངབང་མེད།
    གང་ལ་རང་དབང་ཡོད་ན་དེ་ལ་སྡོམ་པ་མེད།
    སྡོམ་པ་ཞུ་བ་ནི་རྐེ་ལ་ལྕིབས་ཐག་གྱོན་པ་དང་ཨ་ན་མ་ན་རེང་ཟེར་བ་འདི་ཚ་བ་མདའ་སྨྱུག་གི་བོད་པའི་བཙུན་མ་ཚོ་ལ་བཤད་པ་འདྲ།
    བུད་མེད་ཟེར་བ་དེ་རྒྱོ་རྒྱག་མཁན་མེད་ན་རྩ་ལམ་ནས་ཁྲག་འཁོར་མི་ཐུབ་པ་ཚེ་ཐུང་ཐུང་ཆགས་ཀྱི་རེད་ཟེར།ན

    Reply
  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ཨ་ལ་ལ་ཀླུ་མཁར་བྱམས་ཀྱིས་འདི་ལ་སོང་ནས་ཅི་ཞིག་བཤད་ཡོད་ལ།
    “རབ་ཡིན་ན་ཚང་མས་ནུས་ཤུགས་བསྡུ་ལེན་གནང་རོགས། སོན་རྩ་བསྐྱེད་བསྲིང་གནང་རོགས”ཞེས་བཤད་ཡོད་རྒྱུ་རེད། ངའི་རེ་བའང་དེ་ཡིན། དེ་ལས་གཞན་པའི་བཙུན་མའི་ནུས་ཤུགས་སྤེལ་ས་ཞིག་ཡོད་ནི་མ་རེད། དོན་དངོས་ལ་ལག་པ་འཇུས་ན། གཞུང་བཀའ་པོད་ལྔ་བུད་མེད་ཀྱིས་སྦྱངས་རྒྱུ་ཞིག་ཡིན་ནི་མ་རེད་ལ། ཤེས་ནིའང་མ་རེད། ད་བཙུན་མ་ལ་བེད་སྤྱོད་ཅི་ཞིག་ཡོད་ནི་རེད། ནུས་ཤུགས་ཅི་ཞིག་ཡོད་ནི་རེད། རབ་ཡིན་ན། འདི་ཚོར་གློག་ཀླད་སྦྱངས་བཅུག ཕན་ཚུན་ཡིག་འབྲེལ་མང་ཙམ་བྱེད་བཅུག་ན་ད་གཟོད་བཙུན་མའི་ནུས་ཤུགས་སྔོག་འདོན་ཐུབ་ནི་རེད། དེ་མིན་གཟན་ཤབ་ལས་ཀྱང་དམར་ལ་མཐུག་པོའི་གདོང་པགས་དེའི་འོག་ནས་བོད་ཀྱི་བཙུན་མ་ཚོ་ཐར་དཀའ་ཡ།

    Reply
  4. གྲྭ་རྒོད says:
    ལོ་ 14 སྔོན།

    བཙུན་མའི་ནུས་པ་དང་གོ་རྟོགས་ཡར་རྒྱས་གཏོང་རྒྱུའི་ཆེད་ཟབ་སྦྱོང་ཚོགས་པ་ཐུགས་རྗེ་ཆེ། ཡིན་ནའང་གནའ་དེང་གི་བཙུན་མའི་ལག་རྗེས་ལ་བསམ་ན་བཙུན་མའི་ནུས་ཤིག་ནི་དོན་དངོས་སུ་ཞུས་ན་གྲྭ་ལྭ་བཞག་ནས་བུ་མེད་ཀྱི་འགན་འགུར་བཞུས་ན་བོད་དོན་དངོས་དང་བཙུན་མའི་བསྒྲུབ་ཐུབ་པའི་ང་ཚོའི་མི་རིགས་ལ་མཁོ་བའི་ལག་རྗེས་དངོས་རེད།

    Reply
  5. རྫ་ཆུའི་ཟླ་བ། says:
    ལོ་ 14 སྔོན།

    བཙུན་མ་འདི་ཚོ་འཕགས་སྟངས་ངོ་མ་ཡག་གི

    Reply
  6. གངས་ཅན། says:
    ལོ་ 14 སྔོན།

    ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ཟེར་བ་ཡིན་པ་ཡོད། ངག་དབང་ཆོས་འབྱོར་ཟེར་བ་དེ་ནོར་བ་འདྲ། གསར་འགོད་པས་ནོར་བཅོས་ཡོང་བ་ཞུ།

    Reply
  7. ཤིང་ལོ། says:
    ལོ་ 14 སྔོན།

    བུ་མེད་གནམ་གྱི་ཕྱེད་ཀ་ཡིན།།
    བཙུན་མ་བཙུན་པའི་ཕྱེད་ཀ་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese