མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟས་བཅད་ངོ་རྒོལ་གནང་སྟེ་ཟླ་བ་གཅིག་ཧྲིལ་བོ་འཁོར།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་ཟས་བཅད་ངོ་རྒོལ་གནང་བཞིན་པ་དག་ལ། ཁྱོན་ཆུ་ཆོད་ ༧༢༠ ཙམ་ཕྱིན་ཏེ་་ཟླ་བ་གཅིག་ཧྲིལ་བོ་འཁོར་གྱི་ཡོད་ཀྱང་། རྒྱལ་ཚོགས་ཀྱིས་ད་དུང་ཁ་གསལ་གྱི་བརྡ་ལན་གང་ཡང་སྤྲད་མི་འདུག

ཕྱི་ཟླ་ ༢ ཚེས་ ༢༢ ཉིན་ཏེ་བོད་ཆུ་འབྲུག་ལོ་གསར་ཚེས་གཅིག་ཉིན། བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས། ཨ་རིར་གནས་སྡོད་རྡོ་རྗེ་རྒྱལ་པོ་ལགས་གསུམ་གྱིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ། དགོས་འདུན་དོན་ཚན་ ༥ ཡི་འོག་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ། དེ་རིང་ཕྱི་ཚེས་ ༢༢ ཉིན་བར་ཁྱོན་བསྡོམས་ཆུ་ཚོད་ ༧༢༠ ཕྱིན་ཏེ། ཏག་ཏག་ཟླ་བ་གཅིག་འཁོར་བཞིན་ཡོད་པ་དང་། ཉིན་འགའི་གོང་ནས་རང་ལོ་ ༥༩ ཡིན་པའི་རྡོ་རྗེ་རྒྱལ་པོ་ལགས་ཀྱི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་གྲོད་ཁོག་ནང་ཟུག་གཟེར་ཆེན་པོ་བརྒྱབ་སྟེ་ཛ་དྲག་གི་གནས་སྟངས་ཆགས་སྐབས། ས་གནས་སྨན་པ་ཚོས་ཁོང་གིས་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་རིམ་པར་ཞུས་འདུག་ཀྱང་། རྡོ་རྗེ་རྒྱལ་པོ་ལགས་ཀྱིས་རྒྱལ་ཚོགས་ཀྱིས་དགོས་འདུན་ཁག་ལ་བརྡ་ལན་མ་སྤྲད་བར་ལས་འགུལ་མཚམས་འཇོག་རྒྱུ་མིན་ཚུལ་བརྗོད་སྟབས། ཕྱི་ཚེས་ ༢༧ ཉིན་གྱི་ཉིན་རྒྱབ་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པ་འབྱོར་ཏེ། རྡོ་རྗེ་རྒྱལ་པོ་ལགས་རླངས་འཁོར་བཅུག་སྟེ་སྨན་ཁང་དུ་འཁྲིད་ཡོད་འདུག 

དེ་རིང་ཕྱི་ཚེས་ ༢༢ ཉིན་གསར་འགོད་པས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ། ཟས་བཅད་ངོ་རྒོལ་བ་གསུམ་གྱི་གནས་སྟངས་དང་རྒྱལ་ཚོགས་ཀྱི་བརྡ་ལན་ཡོད་མེད་བཀའ་འདྲི་ཞུས་དོན་ལྟར་ན། ཟས་བཅད་ངོ་རྒོལ་བ་གསུམ་གྱི་ཆོད་སེམས་སྔར་བཞིན་བརྟན་པོ་ཡིན་ཡང་། ཚེས་ ༢༦ ཉིན་ནེའུ་ཡོག་ཉེན་རྟོག་པ་ཚོས་རྡོ་རྗེ་རྒྱལ་པོ་ལགས་སྨན་ཁང་ལ་བཙན་ཁྲིད་བྱས་ཡོད་པ་དང་། སྐབས་དེར་བོད་མི་ ༥༠ ཙམ་གྱིས་ཉེན་རྟོག་པའི་རླངས་འཁོར་མདུན་བཀག་པ་དང་། ཁ་ཤས་རླངས་འཁོར་འཁོར་ལོའི་འོག་ཉལ་ཏེ་ “ ང་ཚོའི་མི་མ་ཁྲིད་རོགས། ང་ཚོས་རྒྱལ་ཚོགས་ཀྱི་བརྡ་ལན་ལ་སྒུག་ཡོད་ ” ཅེས་ངུ་འབོད་བྱེད་བཞིན་ཞུ་བ་འཐེན་ཡོད་ཀྱང་ཕན་འབྲས་མེད་ཆགས་ཡོད་འདུག ད་ལྟ་རྡོ་རྗེ་རྒྱལ་པོར་ནེའུ་ཡོག་སྨན་ཁང་ཞིག་ཏུ་གཞོན་ནུའི་དང་བླང་རུ་ཁག་གི་ལྟ་རྟོག་འོག་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་། ཁོང་གི་ཆོད་སེམས་ལ་སྔར་བཞིན་འགྱུར་བ་མེད་པར་སྨན་ཁང་ནང་མུ་མཐུད་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་བ་རྣམ་པའི་གནས་སྟངས་ལ་སེམས་འཚབ་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་ཁ་གསལ་གྱི་བརྡ་ལན་གང་ཡང་ད་སྔ་འབྱོར་ཡོད་མི་འདུག 

ཕྱི་ཚེས་ ༢༡ ཉིན་ཤིང་བཟའ་རིན་པོ་མཆོག་གིས་ཟས་བཅད་ངོ་རྒོལ་ལས་འགུལ་ཐད་གསུངས་དོན། “མཚམས་རེར་བསམ་བློ་བཏང་ན་མིའི་ཚེ་སྲོག་ཟེར་བ་འདི་ཧ་ཅང་མཁྲེགས་པོ་ཞིག་རེད་བསམ་སྟེ་ཅུང་ཧང་སངས་ཀྱི་འདུག ཉིན་ཤས་གོང་ནས་བྲང་ཁོག་ཏུ་ཟ་འཁྲུག་རྒྱག་པ་དང་། གཉིད་ཁུག་མ་ཐུབ་པ། ཞེ་མེར་ལངས་པ་སོགས་ཡོང་གི་འདུག ང་ཚོའི་འཐབ་རྩོད་དེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་ཆགས་ཡོད་དུས། ལས་སླ་པོ་ཡོད་པ་མ་རེད། འོན་ཀྱང་། ང་ཚོས་ག་དུས་ཡིན་རུང་ཡོང་གི་མ་རེད་ལབ་སྟེ་དཔའ་ཞུམ་ནས་བསྡད་ན། ལོ་བརྒྱ་ཕྲག་མང་པོར་ང་ཚོ་མ་ཡོང་བའི་ཐོག་ནས་ལྷག་རྒྱུ་ཡིན་པ་ཐག་ཆོད་རེད། རྒྱ་གར་གྱིས་ལོ་ ༢༠༠ རིང་ཡོང་གི་མ་རེད་ལབ་སྟེ་འཐབ་རྩོད་མ་བྱས་པས་མ་ཡོང་བ་རེད། གྷན་ངྷི་བསླེབས་པའི་སྐབས་འཐབ་རྩོད་ཀྱི་མགོ་བརྩམས་ཏེ་ལོ་ ༦༠ ནང་རྒྱ་གར་ལ་རང་བཙན་རག་པ་རེད། སྐྱབས་མགོན་རིན་པོ་ཆེ་དགུང་ལོ་ཆེན་པོ་རེད། ཁོང་བོད་དུ་ཕེབས་རྒྱུར་ང་ཚོས་བློས་གཏོང་ཆེན་པོ་ཞིག་གནང་དགོས་པ་རེད། ད་བར་རྒྱལ་གཅེས་དཔའ་པོ་དཔའ་མོ་མང་པོ་ཞིག་གིས་བློས་གཏོང་བྱས་པ་དེ། བཙན་བྱོལ་ནང་སྡོད་མཁན་ཚོས་འཕྲོ་བརླག་ཏུ་མ་སོང་བ་ཞིག་གནང་དགོས་པ་རེད་ ” ཅེས་གསུངས་ཡོད།   

ཡེ་ཤེས་བསྟན་འཛིན་ལགས་ཀྱིས་ལས་འགུལ་འདིའི་ཐད་ལ་བརྗོད་དོན། “ ད་ལྟའི་ཆར་ཡར་མར་ལ་འགྲོ་སྐབས་གཟུགས་པོ་ན་བ་དང་མཚམས་རེར་ཞེ་མེར་ལངས་པ། མགོ་ན་བ་སོགས་ཡོང་གི་འདུག ཡིན་ནའང་། དེ་ཚོ་དཀའ་ངལ་ཆེན་པོ་མ་རེད། ལས་འགུལ་འདི་བོད་མི་རིགས་ཀྱི་ཆེད་ཡིན་སྟབས། ང་རང་གི་ནང་མི་དང་གྲོགས་པོ་ཚོས་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག་ ” ཅེས་བརྗོད་ཡོད། རྡོ་རྗེ་རྒྱལ་པོ་ལགས་ཀྱིས་ཀྱང་ “རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོ་རྩ་མེད་བཟོ་ཐུབ་ཀྱང་། ཕྱི་ལོགས་སུ་སྡོད་མཁན་བོད་མི་ཚོ་ནམ་ཡང་རྩ་མེད་བཟོ་ཐུབ་ཀྱི་མ་རེད། ” ཅེས་བརྗོད་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 9

  1. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    གུས་པས་ཀྱང་ཁྱེད་རྒྱལ་གཅེས་དཔའ་བོ་རྣམ་པས་སྐབས་འདིའི་ལས་འགུལ་འདི་མཚམས་འཇོག་བྱེད་རོགས་ཅེས་འབོད་སྐུལ་རྒྱུན་ཆད་མེད་པར་ཞུ་བཞིན་ཡོད། མི་རེ་རེ་ཡི་ངོས་ནས་བཤད་ན་ཚེ་སྲོག་གི་རིན་ཐང་ལ་དབྱེ་བ་དང་ཁྱད་པར་སྤུ་ཙམ་མེད་ཀྱང་། བོད་སྤྱི་བར་མཚོན་ན་རྩ་བ་ནས་འདྲ་ཡི་མ་རེད། ཤིང་ཟ་རིན་པོར་ཆེར་མཚོན་ན་བོད་ཕྱི་ནང་གི་སྤུན་ཟླ་ཁྲི་སྟོང་མང་པོའི་བཀུར་སྟི་བྱེད་ཡུལ་ཞིག་རེད་ལ། ཁོང་གིས་ནུས་པ་དང་འཇོན་ཐང་མ་མི་ཕལ་པ་ཞིག་གིས་འགྲན་ཟླ་བྲལ་བ་ཞིག་ཡིན་པས། གལ་སྲིད་ཁོང་རྣམ་པའི་སྐུ་ཚེ་ལ་བར་ཆད་རེ་འབྱུུང་བས་ན། གཞོན་དཔོན་ཚེ་དབང་རིག་འཛིན་ལགས་ཀྱིས་འོས་པ་ཞིག་དང་རྒྱལ་ཁ་ཞིག་ཏུ་འདོད་སྲིད་ཀྱི་མོད། གུས་པས་འདོད་ན་བོད་སྤྱི་ཡོངས་ལ་གྱོང་གུད་ཞིག་དང་ཕམ་ཁ་ཞིག་གོ

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    འདྲ་འདྲའི་ནང་ནས་མ་འདྲ་དུས།།
    མི་ལ་བཟང་ངན་འཆོར་གྱི་ཡོད།།
    མི་ལ་བཟང་ངན་མེད་སོང་ཚེ།།
    ཐར་བ་ལབ་ཀྱང་སྟོང་བ་ཡིན།།

    Reply
  3. མིག says:
    ལོ་ 14 སྔོན།

    བཀླགས་ཟིན་ནས་མིག་ཆུ་ཞིག་གིས་སེམས་ཀྱི་རྩད་པ་ཡོངས་སུ་བརླན་སོང།
    དཔའ་བོ་དག་གི་བསམ་དོན་ཡིད་བཞིན་འགྲུབ་པར་ཤོག།

    Reply
  4. ཅང་མེད། says:
    ལོ་ 14 སྔོན།

    བཀའ་དྲིན་ཆེ་ལགས།

    Reply
  5. ཟླ་བ་དོན་གྲུབ། says:
    ལོ་ 14 སྔོན།

    ཁྱེད་རྣམས་ཀྱི་སྙིང་སྟོབས་ལ་ང་ཧང་སངས་སོང་། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ། ཁྱེད་རྣམས་དང་འདྲ་བ་མི་བརྒྱ་ཡོད་ན་རང་བཙན་ལེན་པར་ཐེ་ཚོམ་མི་འདུག

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ད་ལྟའི་ཞི་བའི་ཟས་བཅད་ངོ་རྒོལ་བོད་རིགས་གསུམ་གྱི་སྐུ་ཚེ་ཡུན་བརྟན་ཤོག །བོད་རྒྱལ་ལོ། །

    Reply
  7. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    རྒྱལ་ཚོགས་ལྗགས་ལན་ནི་དལ་འབྱོར་མི་ལུས་ལས་ཀྱང་དཀོན་། ངོ་རྒོལ་བའི་མི་ཚེ་ནི་དགུན་ཁའི་བ་མོ་དང་འདྲ། དམར་ཤོག་པའི་གདུག་རྩུབ་ནི་མེ་མ་མུར་གྱི་ལས་མཁན་དང་འདྲ། གླིང་འདིས་བོད་མིས་སྡུག་རུས་ལྕགས་ངར་ལས་ཀྱང་མཁྲེགས་པ་ལ། ཨོྂ་ཨ་མ་ར་ཎི་ཛི་ཝནྟི་ཡེ་སྭ་ཧཱཿ

    Reply
  8. sangkye says:
    ལོ་ 14 སྔོན།

    བོད་མི་རིགས་གི་ཆེད་ཏུ་ལྷག་བསམ་དང་ཆོད་སེམས་ལྡན་པའི་བླ་མ་ཤིང་ཟ་རིན་པོ་ཆེ་དང་ཡི་ཤེས་དོན་འགྲུབ་རྡོ་རྗེ་རྒྱལ་གསུམ་གྱིས་འདྲ་དཔར་དེ་ངའི་མིག་གི་མཐོང་རྗེས་ངའི་སེམས་ཀྱིས་སྙིང་རྩ་འདར་བ་དང་མིག་ནས་མཆུ་མ་དབང་མེད་དུ་ཤོར་སོང་། ཉིད་གྱིས་དམ་བཅའ་དེ་ཁྱེད་ཚོ་དཀོན་མཆོག་ལ་དུས་ནམ་ཡིན་ཡང་ངའི་སེམས་ནས་མི་བརྗེད་པར་ལྷ་ལ་སྐྱབས་བཅོལ་བྱེད་པ་དེ་ངའི་མི་ཚེའི་ནང་གི་དམ་བཅའ་ཡིན། སྙིང་ཐག་པ་ནས་ཐུགས་རྗེ་ཆེའོ།

    Reply
  9. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    བདེན་པའི་ཨུ་ཚུག་ནི་ངོ་རྒོལ་ནང་གི་ཆེས་གཏིང་གནག་པ་དང་། ལན་ཞིག་མ་སྟེར་ན་རང་གར་འཇོག་མི་ཐུབ་པའི་གནད་དོན་གལ་ཆེན་ཞིག་ཡིན་ཙང་། རྒྱལ་ཚོགས་ཡིན་ནའང་འདྲ། རྒྱ་ནག་ཡིན་ནའང་འདྲ་ཡོད་ཚད་ཀྱི་སེམས་ལ་བརྡའ་ལན་གནད་དུ་ཁེལ་བ་ཞིག་གཏོན་གྱི་ཡོད་པས། རྒྱལ་ཞེན་དཔའ་བོ་དཔའ་མོ་ཚོ་ལ་སྙིང་ནས་རྗེས་སུ་ཡི་རང་དང་། གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད། ཁྱེད་ཚོའི་ཆོད་སེམས་དང་དཔའ་ངར་ནི་འཛམ་གླིང་ནང་གི། ཆེ་བས་ཅུང་ཟ་དང་། རྫུན་པ་བདེན་སྒྲོག་བྱེད་ཚད་ཀྱི། ཀླ་ཀློའི་གདུག་རྩུབ་མི་བཟོད་པ་འདི་དག་ལས་ངེས་པར་དུ། བདེན་པར་རྒྱལ་བའི་དཔང་པོ་ཡོད་ངེས་པ་ཡིན་པས། ངས་སྙིང་ཐག་པ་ནས་ལག་ཐལ་མོ་སྦྱར། མིག་མཆི་མས་བརྣངས་ཤིང་ཡི་རང་དང་རྒྱབ་སྐྱོར་ལན་ཅིག་མ་ཡིན་པར་ཞུ་གི་ཡོད། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese