མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཟས་བཅད་ངོ་རྒོལ་མཚམས་འཇོག

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་པ་དག་གིས་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་ཡོད་འདུག

དེ་རིང་ཨ་རིའི་ནེའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ལས་རོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སློབ་སྟོན་པ་ན་བཱེ་ཕེལའེ་(Navi Pillay)མཆོག་གཙོས་པའི་ལས་བྱེད་ཁག་ཅིག་རྒྱལ་ཚོགས་མདུན་དུ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་པའི་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས་བཅས་ཀྱིས་སར་ཕེབས་ཏེ། ཁོང་ཅག་གི་དགོས་འདུན་ཁག་ལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཞིབ་འཇུག་བྱས་ཏེ། གང་མགྱོགས་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན་པའི་ཁས་ལེན་གནང་པ་ལྟར། ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་སྟེ་ཁོང་རྣམ་པ་སྨན་ཁང་ཞིག་ཏུ་ཕེབས་ཡོད་འདུག སྐབས་དེར་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གལ་སྲིད་རྒྱལ་ཚོགས་ཀྱིས་བོད་བློས་གཏོང་བྱ་རྒྱུ་ཡིན་ན། ང་ཚོ་འདི་གར་རང་སྲོག་གཏོང་རྒྱུར་བློ་འགྱོད་སྤུ་ཙམ་ཡང་མེད། ང་ཚོས་ཐེངས་འདིར་རྒྱལ་ཚོགས་ཀྱིས་ཁས་ལེན་གནང་བར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག

མཆན། 40

  1. མགོ་ལོག་ཟླ་བྷེ། says:
    ལོ་ 11 སྔོན།

    བུ་དང་བུ་འདྲ་ན་བུ་ཐམས་ཅད་གེ་སར་ཡིན ། རྟ་དང་རྟ་འདྲ་ན་རྟ་ཐམས་ཅད་རྐྱང་རྒོད་ཡིན་ཟེར་བ་བཞིན ། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་དང་འཐབ་གྲོགས་རྡོ་རྗེ་རྒྱལ་པོ ། ཡེ་ཤེས་བསྟན་འཛིན་རྣམ་པ་གཉིས་བཅས་ཀྱིས་བླ་ལྷག་གི་དོན་ཆེན་འགྲུབ་པ་ལ་རྟེན་འབྲེལ་ཞུ་རྒྱུ་དང ་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་། བྱང་སེམས་ཀྱི་གཤོག་རུ་བརྐྱངས ། སྙིང་རྗེ་ཡི་རིལ་བུ་བབས་ནས ། ང་ཚོ་གཉོང་ཆུང་བོད་པའི་སྣོད་བཅུད་ཀྱི་ཉེན་ཁ་དང་སྡུག་བསྔལ་ལ་གཟིགས་རྟོག་མཛད་རྒྱུ་ཞལ་བཞེས་གནང་བ་ལ་ཐུགས་རྗེ་ཆེ ། བཀའ་དྲིན་ཆེ །
    འདིར་ཟུར་ཞུ་ཞིག་ལ ། དྲ་གྲོགས་ཁ་ཤས་ཀྱིས་དུས་རྟག་པར ། སྤྱི་ལོ ༡༩༥༩ནས་ད་བར་དུ་འགྲོ་སོང་ཁ་མེད་སྣ་མེད་བཏང་སྟེ ། དངོས་ཤུགས་བརྒྱུད་གསུམ་ནས་བོད་དོན་ལ་རོགས་པ་བྱེད་མཁན ། སྟོབས་ཆེན་ཨ་རི་སོགས་རྒྱལ་ཁབ་གཞན་གྱིས་རོགས་བྱས་ན། ཁོ་ཚོར་དམིགས་ཡུལ་གཞན་དང་འདོད་དོན་གཞན་ཞིག་ཡོད་པ་རེད་ཟེར་བ་དང་། ཡང་མ་བྱས་ན་འདི་ཚོ་རྒྱ་ནག་རྒྱལ་ཁབ་ལ་སྐྲག་གིན་ཡོད་པ་རེད་སོགས ། ཅི་འདོད་དུ་བཤད་པ་དང་། ལྷག་པར་དུ ། ང་ཚོས་མུ་མཐུད་དུ ། སྐྱིད་སྡུག་གི་ཞུ་གཏུག་བྱེད་ས ། བདེན་དོན་གྱི་གནས་ལུགས་བརྗོད་ས ། དཀར་ནག་གི་དཔང་ཕོར་འཇོག་རྒྱུ ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལའང་། ལོང་བ་དང་འོན་པ་སོགས ། མདོར་ན་གཞན་སེམས་བསྲེག་པའི་གཏམ་ནག་གི་བཤལ་སྐྱུག་འཕེན་རྒྱུར་གཟབ་པར་འཚལ་ཞུ་རྒྱུ་ཡིན ། ང་ཚོས་བོད་ཡིག་དྲ་ཐོག་ལ་བྲིས་པས་གཞན་གྱི་མི་མཐོང་ངོ་བསམ་མཁན ། རྣ་བ་བཀབ་ནས་དྲིལ་བུ་རྐུ་བའི་རྟུལ་ཞུགས་ཅན་ཡོད་སྲིད་ཀྱང་། གྱོད་ཡ་ཕྱོགས་ཀྱིས་དབྱིན་ཡིག་སོགས་ལ་བསྒྱུར་ཏེ །མ་རྩོམ་དང་དེའི་དྲ་ཚུགས་བཅས་བཤད་ཡུལ་ལ་བཏངས་ནས ། བོད་མི་མང་གིས་ཁྱོད་ཚོ་ལའང་འདི་དང་འདི་ལྟ་བུ་བཤད་ཀྱིན་ཡོད་པ་རེད ། ཁོ་ཚོའི་སྐད་ཆ་ལ་ཆགས་འཇོག་ས་ཡོད་པ་མ་རེད་སོགས་ཟེར་མི་སྲིད་པ་མ་རེད ། དེ་དགྲ་དགའ་གཉེན་སྡུག་གི་ལག་ཆ་ཞིག་རང་ཤུགས་ཀྱིས་ཆགས་ཚར་བ་མ་རེད་དམ ། ཡང་ཁ་ཤས་ཀྱིས་ཚིག་གི་ཞ་དང་ཞོར་ནས ། བུ་ཕ་བསྟོད་མི་དགོས་དགྲ་བསྟོད་དགོས་ཟེར་བ་ལྟར ། རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་བ་རྐྱང་དྲིལ་བསྒྲགས་བྱེད་ཀྱིན་ཡོད ། དཔེར་ན་དེང་སྐབས་འཛམ་གླིང་རྒྱལ་ཁབ་གཞན་དག རྒྱ་ནག་གི་དཔལ་འབྱོར་ལ་རེ་དགོས་ཡོད ། དམག་ཤུགས་ལ་སྐྲག་གིན་ཡོད ། ཐབས་ཇུས་ལ་འཐོམ་བཞིན་ཡོད་སོགས་དངོས་མིན་ལྟར་སྣང་གི་གཏམ་བཤད་དག་གིས་ནི ། ཕྱིའི་རོགས་སྐྱོར་ནང་གི་སེམས་ཤུགས་སོགས་ལ་གནོད་པར་ངེས་པས ། རྒྱ་ཆེ་ཡོན་ཕྱུག་གི་དྲ་གྲོགས་རྣམས་ཀྱིས ། བསམ་གཞིག་མཛད་རོགས་ཞུ །

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 11 སྔོན།

    ལགས་སོ་ལགས་སོ། ཨ་མའི་བུ་རྒོད་གསུམ།ངོ་མ་བུ་རྟགས་བཞག་ཐལ། ཐུགས་རྗེ་ཆེའོ།།

    Reply
  3. ཁྲོ་ཕྲུག། says:
    ལོ་ 11 སྔོན།

    བོད་ཀྱི་དཔའ་བོ་༸སྐྱབས་རྗེ་ཤིང་བཟའ་མཆོག་སྤྲུལ་རིན་པོ་ཆེ་དང་རྡོ་རྗེ་རྒྱལ་བོ་ ཡེ་ཤེས་བསྟན་འཛིན་རྣམས་གསུམ་ལ་སྙིང་དབུས་ཐུགས་རྗེ་ཆེ་ཞུ། སྐུ་གཟུགས་ལ་ཐུགས་བཅག་གནང་རོགས། དེ་བཞིན་བོད་ཀྱི་རང་བཙན་བཙན་ལེན་པ་གཞན་ནུ་ཚོགས་པའི་ལས་སྣེ་ཡོང་ལ་ཐུགས་རྗེ་ཆེ་ཞུ།

    Reply
  4. མི་ཆུང་། says:
    ལོ་ 11 སྔོན།

    རྒྱལ་གཅེས་པ་ཁོང་གསུམ་ལ་གུས་བརྩི་དང་ཡིད་རང་ཡོད། འོན་ཀྱང་རྒྱལ་ཚོགས་ཀྱིས་བོད་མི་དམངས་དང་ལྷག་དོན་གཞོན་ལྷན་ལ་བུ་རམ་ཞིག་ལས་ཅི་ཡང་སྤྲད་མེད། བུ་རམ་གྱི་དྲོ་བ་དེ་ཡང་། ཆུ་ཚོད་ཁ་ཤས་ཙམ་རེད།

    འོན་ཀྱང་བོད་མི་རིགས་ཀྱི་ཚེ་སྲོག་རྩ་ཆེན་ཡིན་ལ། ལྷག་དོན་ཁོང་རྣམས་གསུམ་ལྟ་བུའི་རྒྱལ་གཅེས་པ་རྣམས་ཀྱི་ཚེ་སྲོག་ལ་དེ་བས་ཀྱང་གཅེས་སྤྲས་བྱེད་དགོས།

    Reply
  5. sangkye says:
    ལོ་ 11 སྔོན།

    བླ་མ་ཤིང་ཟ་རིན་པོ་ཆེ་དང་རྡོ་རྗེ་རྒྱལ་ཡི་ཤེས་ཚེ་རིང་གསུམ་གྱིས་དུས་ཚིག་ངེས་མེད་ཟས་བཅད་ངོ་རྒོལ་བྱེད་པ་ལ་མཐའ་རྗེས་སུ་གྲུབ་འབྲིས་ཡག་པོ་ཐོག་པ་དེ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། བོད་རྒྱལ་ལོ།

    Reply
  6. སྦྲ་རོག་རོག། says:
    ལོ་ 11 སྔོན།

    རྒྱལ་ཚོགས་ནས་ཁས་ལེན་བྱས་སོང་། ཟས་བཅད་ངོ་རྒོལ་རྒྱལ་ཁའི་ངང་མཚམས་འཇོགས་གནང་འདུག སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་གཙོས་བའི་རྡོ་རྗེ་རྒྱལ་པོ་དང་ཡེ་ཤེས་བསྟན་འཛིན་རྣམ་པ་གསུམ་ལ་ངའི་ལུས་ངག་ཡིད་གསུམ་ནས་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ཡིན་ནའང་རྒྱལ་ཚོགས་ནས་ཁོང་ཚོའི་དགོས་འདུན་ཁག་ལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཞིབ་འཇུག་བྱས་ཏེ། གང་མགྱོགས་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན་བྱས་བ་ཏེ་ང་ཚོས་ཡིད་ཆེས་བྱེད་ཐུབ་བམ། ངའི་ཐུབ་ས་རེད་། མ་ཟད་ད་ཐེངས་གི་ལས་འགུལ་འདི་རྒྱལ་ཁའི་ངང་མཇུག་བསྡུས་བའང་ང་ལ་ཡིད་ཆེས་མེད། ང་རང་ཉིད་ཀྱི་བསམ་པ་ལ་ད་ཐེངས་གི་ཟས་བཅད་ངོ་རྒོལ་འདི་མཇུག་བསྡུ་ཡ་སྔ་དྲག་སོང་བསམ། སྟག་གི་རྔ་མའི་མི་འཇུ། འཇུས་གི་ནངས་མོ་མི་གཏོང་ཟེར་བའི་དཔེ་ལྟར། རྒྱལ་ཚོགས་ནས་དངོས་སུ་རྒྱ་ནག་ལ་སྐད་ཆ་ཞིག་བཤད་ཡ་པར་དུ་ཟས་བཅད་ངོ་རྒོལ་མུ་མཐུད་དུ་མཇུག་སྐྱོང་དགོས་སམ་།
    ད་ཟས་བཅད་ངོ་རྒོལ་ཡང་མཚམས་བཞག་ནས། རྒྱལ་ཚོགས་ཀྱི་བློ་བདེ་རུ་ཕྱིན་ཡོད། ནམ་ཞིག་ལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཞིབ་འཇུག་བྱེད་པ་རི་བོང་གི་རྭ་ནང་བཞིན་རེད། དེའི་རྐྱེན་གྱིས་ངས་ལས་དོན་འདི་རྒྱལ་ཁའི་ངང་མཇུག་བསྡུས་བ་རེད་བསམ་གྱི་མི་འདུག།

    Reply
  7. thapkegyatso says:
    ལོ་ 11 སྔོན།

    བཙན་པོ་དམ་པ་ཡི་མཛད་རྗེས་སྙེག་མཁན།།
    གངས་ཅན་བོད་པ་ཡི་བདེ་སྡུག་རུམ་མཁན།།
    གཞོན་སྐྱེས་ཕོ་མོ་ཚོར་ལམ་སྟོན་གནང་མཁན།།
    གཅེས་སྲོག་བོད་དོན་དུ་ཕངས་མེད་གཏོང་མཁན།།
    ཁྱེད་ཚོའི་རྣམ་དག་གི་ལྷག་བསམ་རི་མོ།།
    རྡོ་ལ་བརྐོས་པ་བཞིན་བོད་ཀྱིས་ལོས་ཤེས།།

    Reply
  8. ཚ་ཤོད་ཤེས་རབ། says:
    ལོ་ 11 སྔོན།

    ཨོ་ཡ། ད་བར་ཉིན་སུམ་བཅུའི་རིང་རྒྱལ་གཅེས་པ་ཁོ་ཚོས་དེ་ལྟར་ཟས་བཅད་ངོ་རྒོལ་གྱིས་བོད་མིའི་བདེ་དོན་ཆེད་ལས་འགུལ་སྤེལ་རིང་། ངེད་ནས་ཀྱང་སྔ་དགོང་གི་ཟ་མ་ཟ་ཐེངས་ཚང་མར་ཟ་མའི་བྲོ་བ་གཏན་ནས་མ་ཚོར། དེ་གང་ཡིན་ཞེ་ན་ངས་ཟ་མ་ག་དུས་ཟ་སྐབས་ཁོང་ཚོ་མིག་ལ་མངོན་ཡོང་གི་འདུག

    Reply
  9. རང་རྟོན། says:
    ལོ་ 11 སྔོན།

    བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply
  10. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 11 སྔོན།

    ད་ཐེངས་རྒྱལ་ཚོགས་ལ་ཁ་ཞིག་གྲག་བཅུག་པ་རེད། དངོས་གནས་རིན་ཐང་ཆེ་གི་འདོད་ཡོད། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་ཁོང་རྣམ་པ་གསུམ་པ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མིའི་རིགས་ཀྱི་བསམ་བློ་དང་། མིའི་རིགས་ཀྱི་དཔྱོད་ཤེས། དོན་དངོས་འདི་དག་གི་ཕྱིར་དུ། ང་མ་ང་ཚོས་བརྗེད་ཐབས་གཏན་ནས་མེད། མི་བུ་དངོས་མ་དག

    Reply
  11. འཆི་མེད་སེང་གེ། says:
    ལོ་ 11 སྔོན།

    ངས་སྙིང་ཁོང་རུས་པའི་སྟེང་ནས་ཁྱེད་ཅག་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན་

    Reply
  12. འདྲེ་མེ་འབུད། says:
    ལོ་ 11 སྔོན།

    འུ་བུ་ཅག་གི་ཉག་ཕྲ་བའི་གནས་བབ་ཀྱིས། ཁྱེད་ཅག་ལ་འོ་བརྒྱལ་ཚད་མེད་གཟན་སོང་། ཐུགས་རྗེ་ཆེ།

    Reply
  13. ཤིང་ལོ། says:
    ལོ་ 11 སྔོན།

    སྟོད་གངས་ཀྱི་རི་ལ་ཉི་མ་ཤར་ཐལ།།
    གངས་རི་བོ་དཀར་ནོ་དངོས་གནས་ཡིན་ཐལ།།
    གངས་དཀར་བོའི་རྩེ་ལ་སེངྒེ་འགྱིང་ཐལ།།
    གངས་གཟི་བརྗིད་ཆེ་ནོ་དངོས་གནས་ཡིན་ཐལ།།

    Reply
  14. གནས་ཚང་། says:
    ལོ་ 11 སྔོན།

    དམིགས་མེད་བརྩེ་བ་ནམ་མཁའི་མཐའ་ལ་བསྲིངས།
    དྲི་མེད་མཁྱེན་པ་དུས་གསུམ་ལག་མཐིལ་བླངས།
    ནག་ཕྱོགས་དགྲ་སྡེར་འཐབ་ཕོད་སྙིང་ཁམས་ཅན།
    གངས་ཅན་དཔའ་བོའི་གཙུག་རྒྱན་ཤིང་བཟའི་འཁོར།།

    Reply
  15. རྒྱང་མིག says:
    ལོ་ 11 སྔོན།

    ༸སྐྱབས་རྗེ་༸ཤིང་བཟའ་རིན་པོ་ཆེ་དང་མཆོག་དང། རྡོ་རྗེ་རྒྱལ་པོ། ཡེ་ཤེས་བསྟན་འཛིན་བཅས་ལ་སེམས་གཏིང་ནས་གུས་འདུད་གྲངས་མེད་ཞུ་བ་དང་ཆབ་ཅིག་བོད་མི་ས་དྲུག་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ།

    ཞར་ལ་ལོག་འཇོམས་ཟེར་བ་དེར་༸་བདུན་རྟགས་འདི་སུས་ཀྱང་རིན་སྤྲད་ནས་ཉོས་མེད་པས་འཕགས་ནོར་བདུན་གྱིས་ཐུགས་རྒྱུད་གཏམ་པའི་སྐྱབས་གནས་སུ་ལ་སྦྱར་འོས་ལ་སྦྱར་ཆོག་པས་ཁྱོད་ཀྱིས་སྐུག་རྟགས་མ་སྟོན་རོགས་ཞུ།

    Reply
  16. nyiser says:
    ལོ་ 11 སྔོན།

    ལྷན་རྒྱས་སྐུ་གཟུགས་ལ་ཐུགས་བཅག་གནང་།

    Reply
  17. གསལ་ལེ་རྒྱལ། says:
    ལོ་ 11 སྔོན།

    ཤིང་བཟའི་མཆོག་སྤྲུལ་རིན་པོ་ཆེ་དང་རྡོ་རྗེ་རྒྱལ་བོ་རིན་པོ་ཆེ། ཡེ་ཤེས་བསྟན་འཛིན་རིན་པོ་ཆེ་སོགས་ངེས་དོན་གྱི་རིན་པོ་ཆེ་རྣམས་ལ་སྙིང་ནས་གུས། 

    Reply
  18. རྫ་སྲས་བདེ་ཆེན says:
    ལོ་ 11 སྔོན།

    གནད་དུ་ཐིངས་བ། ནུས་པ་ཡོད་པ། དུས་སུ་བབས་པའི་ལས་འགུལ་འདི་ལ་མངོན་པར་བསྟོད། གོ་སྒྲིག་པ་དང་མཉམ་ཞུགས་པ་དག་གི་ཆོད་སེམས་ལ་སྙིང་ཐག་པ་ནས་གུས་འདུད་ཞུ།

    Reply
  19. བསང་ཆུ་འབྲུག་བྷེ། says:
    ལོ་ 11 སྔོན།

    ཁྱེད་ཀྱིས་མི་ཡུལ་ལ་ངོ་གདོང་བསྟན་ཞིང་རང་ལུས་ཀྱི་མཛད་པའི་གཏིང་མཐའ་མི་དཔོག་པའི་ཉིན་མ་འདི་དག་ནི་ནམ་ཡང་བོད་རང་བཙན་འཐབ་རྩོད་ཁྲོད་ཀྱི་བརྗིད་ཅིང་ལྷིང་བའི་རྡོ་རིང་ཞིག་ཡིན་ངེས་ན། སེམས་ནས་རྟེན་འབྲེལ་ཞུའོ།

    Reply
  20. སྐར་ཁྲི་བཙན། says:
    ལོ་ 11 སྔོན།

    ད་ཚང་མས་མཉམ་དུ་སེམས་ལྷོད་ལ་བབ་ཀྱིན་ཐལ་མོར་ཞིག་རྡེབ་ཡྭ
    ཀི་ཀི་སོ་སོ་ལྷ་རྒྱལ་ལོ།

    Reply
  21. མགོ་ལོག་ཟླ་བྷེ། says:
    ལོ་ 11 སྔོན།

    སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་ཡེ་ཤེས་བསྟན་འཛིན ། རྡོ་རྗེ་རྒྱ་བོ་གསུམ་གྱིས་ཟས་བཅད་གནང་བའི་གྲུབ་འབྲས་བྱུང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐུ་གཟུགས་སྔར་བཞིན་གསལ་ཐིང་ཡོང་བའི་སྨོན་འདུན་ཡོད །

    Reply
  22. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    དགའ་སྤྲོ་ཆེ། ཐུགས་རྗེ་ཆེ། བདེན་པ་རྒྱལ། །

    Reply
  23. ཤག་སྒང་པ། says:
    ལོ་ 11 སྔོན།

    མི་གསོན་པོའི་མེ་མཆོད་སུམ་ཅུ་ཏག་ཏག་དང་། མི་གསོན་པོའི་ཉིན་གྲངས་སུམ་ཅུ་ཏག་ཏག་གི་ལྟོགས་མཆོད་ཀྱི་མཚམས་འདིར། བདེན་དཔང་བྱེད་མཁན་ཡིན་ཟེར་བའི་འཛམ་གླིང་མཉམ་འབྲེལ་དང་འགྲི་མི་གཉིས་ནས་ལག་མཐུད་ཅིག་བཏང་པ་བཟང་ཡང་། ད་དུང་ཞིབ་འཇུག་བྱས་རྗེས་ཟེར་ན༌༌༌༌༌༌༌བསམ་ཚོད་མ་འཐིག་སོང་།

    Reply
  24. མི་ཉག་དུང་བརྡ། says:
    ལོ་ 11 སྔོན།

    ཁྱེད་དང་ང་ཡི་ཁེ་ལས་རྩོད་པའི་དུས་རབས་འདི་ཡི་སྤྱི་ཚོགས་སུ། །
    སྲིད་ལས་སྐྱེས་ཀྱང་སྲིད་པའི་དགོས་འདོད་ཉིད་ལ་མི་མཁོ་རྒྱབ་ན་བསྐྱུར། །
    བདེན་པའི་སྟོབས་ཀྱི་གད་རྒྱངས་སྒྲོག་སྟེ་ས་ཆེན་ཡོམ་ཡོམ་འདར་བར་བྱས། །
    གངས་རི་ཚང་གི་ལས་སྐལ་ལྕི་མོ་རྒྱན་དུ་རོལ་མཁན་ཁྱེད་རྒྱལ་ལོ། །

    Reply
  25. བྱ་གཞུང་འཇམ་བྷེ says:
    ལོ་ 11 སྔོན།

    སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་དང་རྡོ་རྗེ་རྒྱལ་བོ་ཡེ་ཤེས་བསྟན་འཛིན་གསུམ་གྱི་ཆུ་ཚོད་དང་ཉིན་མ་འདི་འདྲ་མང་པོ་ཞིག་ལ་ཟས་བཅད་ཀྱིས་བོད་མི་རིགས་ཀྱི་བདེ་སྡུག་དང་བདེན་པ་རང་དབང་གི་ཆེད་དུ་ལྷུར་སྐྱིད་དང་དཀའ་སྡུག་ལ་བཟོད་སེམས་བྱས་པར་ངའི་སྙིང་ཁོང་རུས་བའི་གསེང་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་ཡིན།
    ཁྱེད་རྣམ་པའི་ད་རེས་ཉིན་སུམ་བཅུ་རིང་གི་ལྟོགས་སྐོམ་གྱི་དཀའ་སྡུག་དང་ལུས་སེམས་ཀྱི་ན་ཟུག་དེ་དག་ང་ཚོས་ནམ་ཡང་བརྗེད་མི་སྲིད། འདི་ཚང་མ་་མི་རིགས་ཤིག་གི་བདེ་སྡུག་དང་བདེན་དོན་གྱི་ཆེད་དུ་ཡིན་པས་གཟི་བརྗིད་ཆེ་ལ་དོན་སྙིང་ཡང་ལྡན་པ་ཞིག་ཡིན་པ་བཤད་ཅི་དགོས། དབང་ཤུགས་ཆེ་བའི་རྒྱ་ནག་གཞུང་བྲན་གཡོག་ཏུ་འགྱུར་ཉེན་ཆེ་བའི་རྒྱལ་མཉམ་འབྲེལ་རྒྱལ་ཚོགས་ཁང་བརྩེགས་མཐོ་པོ་དེ་ཡང་ཁྱེད་གསུམ་གྱིས་འགུལ་ལྕོགས་ཤིག་རྒྱག་བཅུགས་པ་རེད། ཁྱེད་གསུམ་སྙིང་སྟོབས་དང་བློ་གཏོང་ལ་བསྟེན་ནས་ཁང་བརྩེགས་འདི་འདྲ་མཐོ་པོ་ཞིག་ཡམ་ཡོམ་སྒུལ་བ་དངོས་གནས་གཟི་བརྗིད་རེད། ད་བར་བོད་མི་ཚོ་ས་ལྡིང་གནམ་ལྡིང་བྱེད་པ་རེད་ཡིན་ན་ཡང་ཉིན་དེ་རིང་བར་ཁང་བརྩེགས་འདི་གཡོ་འགུལ་ཙམ་བྱུང་མེད་པ་རེད། དེར་བརྟེན་ཁྱེད་རྣམ་པར་དུས་རྟག་ཏུ་གུས་བརྩི་དང་བསྔགས་བརྗོད་ཡོད། བཙན་བྱོལ་བོད་མི་ཕལ་ཆེ་བ་ལ་འདི་འདྲའི་བློས་གཏོང་དང་སྙིང་སྟོབས་ཞིག་ཡོད་རྒྱུ་ན་བོད་གངས་ཅན་ལྗོངས་ལ་རང་དབང་གི་ཉིན་མ་མི་འགྱངས་བར་འཆར་རྒྱུ་ཡིན་པ་གདོན་མི་ཟ།

    Reply
  26. ལོག་འཇོམས་རལ་གྲི། says:
    ལོ་ 11 སྔོན།

    ཤིང་རིན་པོ་ཆེ་དང་ཡེ་ཤེས་བསྟན་འཛིན་གཉིས་ཀྱི་ཐུགས་སྟོབས་ལ་རྗེས་སུ་ཡི་རང་དང་། ནམ་ནམ་ཞར་ཞར་ལ་ཤིང་གཟའ་བླ་མས་གཞན་གྱི་གནོན་ཤུགས་ལ་མགོ་མ་སྒུར་བར་སྙིང་སྟོབས་ཆེན་པོས་བོད་དོན་མདུན་སྐྱོད་ལ་ང་བོད་པའི་གཞོན་སྐྱེས་ཤིག་གི་ངོས་ནས་ལྷག་པར་དགའ་ཞེན་དང་རྒྱབ་སྐྱོར་ཞུ་གི་ཡོད།

    རྒྱལ་བ་ཀརྨ་པ་དང་ས་སྐྱ་བདག་ཁྲི་རིན་པོ་ཆེ་རྣམས་ཀྱི་མཚན་ཐོག་མས་མར་བཀོག་པའི་བདུན་རྟགས་འདི་ཤིང་གཟའ་བླ་མའི་མིང་ཐོག་ལ་སྦྱར་བ་ནི་ཞེན་ཁོག་མེ་ལྟར་འབར་བའི་ཨ་དགེས་ཐལ་ཆ་ཆེན་པོ་རེད། བསམ་བློ་ཐོང་ལ་བཟང་སྤྱོད་ཀྱི་ཐོག་ནས་ཕྱིས་གཟབ་ན་དགའ་ཚོད་རེད་སྙམ།

    Reply
  27. རོ་ལངས། says:
    ལོ་ 11 སྔོན།

    ཤིང་གཟའ་རིན་པོ་ཆེ་དང་ཡེ་ཤེས་བསྟན་འཛིན་གཉིས་ལ་སེམས་རྩ་འཁོལ་བའི་མཚམས་འདྲི་དང་། གཞན་བོད་མི་ང་ཡིན་ཟེར་མཁན་ཚོས་ཀྱང་འདི་དང་འདྲ་བའི་ལས་འགུལ་རེ་སྤེལ་ཐུབ་པའི་སྨོན་འདུན་ཡོད།

    Reply
  28. ཨ་རིག་དགེ་མཐོང་། says:
    ལོ་ 11 སྔོན།

    ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་དང་ཡེ་ཤེས་བསྟན་འཛིན། རྡོ་རྗེ་རྒྱ་བོ་གསུམ་གྱིས་ཟས་བཅད་གནང་བའི་གྲུབ་འབྲས་བྱུང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐུ་གཟུགས་སྔར་བཞིན་གསལ་ཐིང་ཡོང་བའི་སྨོན་འདུན་ཡོད།

    Reply
  29. བསོད་ནམས་རྒྱ་མཚོ། says:
    ལོ་ 11 སྔོན།

    བླ་མ་ཤིང་བཟང་རིན་པོ་ཆེ་གཙོས་པའི་ཟས་བཅད་ངོ་རྒོལ་གནང་མཁན་གསུམ་ལ་སྙིང་ཐགས་པ་ནས་ཐུགས་རྗེ་ཆེ་ཞུ།  ཁྱེད་རྣམས་ཀྱིས་ཡོད་ཚད་བློས་གཏོང་རྣམས་བར་སྙིང་མེད་ང་ལྟ་བུར་བློ་ཡུལ་ལས་འདས་པའི་རླབས་ཆེན་གྱི་བྱ་བཞག་བཟང་པོ་ཞིག་ཡིན་པ་སྨོས་ཅི་དགོས། ཕྱིས་སུ་ཁྱེད་རྣམས་པས་སྐུ་གཟུགས་ལ་བདག་གཅེས་ཡག་པོ་གནང་སྟེ། མུ་མཐུད་དེ་ང་ཚོའི་དབུ་ཁྲིད་གནང་རོགས་ཞུའོ། ཁྱེད་རྣམས་ཀྱིས་ཐུགས་དགོང་མྱུར་འགྲུབ་ཡོང་བའི་སྨོན་འདུན་དང་བཅས་སོ།།

    Reply
  30. བཟོད་པ་ལྷ་རྩེ། says:
    ལོ་ 11 སྔོན།

    དངོས་གནས་དགའ་བྱུང་། དཔའ་བོ་གསུམ་གྱིས་བློས་གཏོང་ཆེན་པོས་རྒྱལ་ཚོགས་ངོ་སྟོན་དགོས་པ་བཟོ་ཐུབ་པ་ད་ག་རང་རྒྱལ་ཁ་ཆེན་པོ་ཞིག་ཡིན། དཔལ་འབྱོར་གྱི་བྲན་དུ་གྱུར་བའི་རྒྱལ་ཚོགས་དེར་ངོ་ཚ་དང་ཁྲེ་གཞུང་ཡོད་ན་སྔོ་ཐོགས་པའི་ལས་དོན་ཞིག་བྱ་རན་ཡོད།

    Reply
  31. རིག་འཛིན། says:
    ལོ་ 11 སྔོན།

    ཉེར་གནས་བོད་མི་ཡོངས་ཀྱིས་འགན་བཞེས་སྟེ་་་ཟས་བཅད་གནངས་མཁན་གསུམ་གྱི་སྐུ་གཟུགས་སྔ་ལྟར་ཡོང་བའི་གསོ་སྨན་དང་བཞེས་ལག་གྲ་སྒྲིགས་ཡག་པོ་གནང་རོགས།

    Reply
  32. གྱད་ལྷ་དགའ། says:
    ལོ་ 11 སྔོན།

    ཡག་པོ་བྱུང་འདུག ཐུགས་རྗེ་ཆེ།

    Reply
  33. བདེ་ཆེན། says:
    ལོ་ 11 སྔོན།

    དེ་ཡང་སྐབས་འཕྲལ་གྱི་རྒྱལ་ཁ་ཞིག་རེད། ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ ད་བར་སྐུ་ལས་སྐྱོན་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  34. ཤག་སྒང་པ། says:
    ལོ་ 11 སྔོན།

    ཀྱེ་ཀྱེ༌༌༌༌༌འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་མིའི་ཐོབ་ཐང་གི་མི་རྗེ་ཀྱེ།

    འགྲོ་བ་མི་ཞིག་གིས་ཟླ་གཅིག་ཏག་ཏག་ཏུ་ལྟོགས་གོམས་བརྒྱབ་པའི་མཚམས་སུ་ང་ཚོ་ཡང་འགྲོ་བ་འདྲ་བ་ཞིག་ཏུ་བརྩིས་ཏེ་ང་ཚོའི་སྐྱིད་སྡུག་ལ་ཕྱག་མཐུད་གནང་བར་སེམས་པ་རེ་ཞིག་དགའ།

    གལ་ཏེ་ཁྱེད་ཀྱི་ཞིབ་འཇུག་བྱ་ངེས་ཀྱི་སྐད་ཆ་སྙན་པོ་དེ། སླར་ཡང་ཁྱེད་ཀྱི་ཡིག་ཚང་གི་ཤོག་སྙིགས་ཀྱི་ཁྲོད་དུ་རུལད་ཏུ་སོང་ན། དཀོན་མཆོག་འགྲིག་གི་མ་རེད་དཱ།

    ཉིན་མོ་དེ་ནས་༌༌༌༌༌༌ང་ཚོ་བོད་པ་འཛམ་གླིང་གི་མདུན་དུ་ལག་རྡང་སྦྲེལ་ཏེ་འཆེ་ངེས་ཡིན་དཱ།

    སྐུ་དྲིན་ཆེ། སྙིང་སྟོབས་ཅན་གྱི་བོད་མི་གསུམ། སྐུ་གཟུགས་ལ་སླར་ཡང་ཐུགས་ལྕགས་གནང་རོགས་མཁྱེན། ཁྱེད་རྣམས་ང་ཚོའི་སྣེ་འདྲེན་མི་སྣ་གལ་ཆེན་རྐྱང་ཡིན། ཐུགས་རྗེ་ཆེ། ང་ཚོས་ཁྱེད་ཚོའི་བྱ་བཟང་བརྗེད་མི་སྲིད།

    Reply
  35. རིག་འཛིན། says:
    ལོ་ 11 སྔོན།

    མཆོག་ཏུ་བཀུར་འོས་པའི་མི་རིགས་ཀྱི་དཔའ་བོ་རྣམ་གསུམ་གྱིས་ཟས་བཅད་ངོ་རྒོལ་གནས་སྐབས་མཚམས་འཇོག་གནངས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།
    རྣམ་པར་གསུམ་གྱི་སྐུ་སྲོག་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཐུབ་པའི་སྙིང་སྟོབས་དང་དཔའ་ངར་ཡོད་པ་ཀུན་གྱིས་ཤེས་གསལ་རེད་་་་ཡིན་ཡང་་་་་ང་ཚོའི་འཐབ་རྩོད་འདི་བདེན་མཐར་མ་གསལ་བར་ནུས་པ་མཉམ་རུབ་དང་ངར་ཤུགས་ཇེ་རུ་གཏོང་དགོས་པས་་་་་་་འཇིག་རྟེན་འདིའི་སྟེང་དུ་རྣམ་པར་གསུམ་ང་ཚོ་དང་མཉམ་དུ་ངེས་པར་འཚོ་བཞུགས་གནང་རོགས།།

    Reply
  36. ཨ་ར་དཀར་པོ says:
    ལོ་ 11 སྔོན།

    རྒྱལ་ཚོགས་རྒྱ་ནག་ལ་སྐྲག་ནས་ཁ་ཡ་བྱེད་ཀྱི་རེད་བསམས་མ་བྱུང་ཡང་ད་རེས་ཁོང་རྣམ་པའི་དགོས་འདུན་ལ་བསམ་ཞིབ་བྱེད་རྒྱུའི་བརྡ་ལན་སྤྲད་ནས་སྲོག་བསྐྱབ་པར་ཐུགས་རྗེ་ཆེ་ཞུ།

    Reply
  37. norlhatso says:
    ལོ་ 11 སྔོན།

    སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་དང་རྡོ་རྗེ་རྒྱལ་པོ། ཡེ་ཤེས་བསྟན་འཛིན་རྣམ་པ་གསུམ་གྱིས་ཁ་བ་གངས་ཅན་པའི་ཆེད་དུ་བློས་གཏོང་ཆེན་པོས་ཟས་བཅད་ངོ་རྒོལ་གནང་སྟེ་རྒྱལ་ཚོགས་ཀྱིས་ཁེ་ལེན་གནང་རག་བར་བཞུགས་པ་ནི་ལས་སླ་མོ་ཞིག་མིན། ཁོང་རྣམ་པ་གསུམ་ལ་འཚམས་འདྲི་དང་སྐུ་གཟུགས་ཡར་ངོའི་ཟླ་ལྟར་འཕེལ་ཞིང་བསམ་དོན་ལྷན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

    Reply
  38. སྟག་ཕྲུག says:
    ལོ་ 11 སྔོན།

    ངས་རྒྱལ་ཚོགས་འདི་ལ་ཡང་བོད་ཀྱི་ཚེ་སྲོག་ཅིག་དགོས་ཀྱི་ཡོད་ས་རེད་བསམ་སོང་མོད། དེ་རིང་སྟེ་ཟས་བཅད་ཉིན་ཉི་ཤུ་སོང་དུས་གཞི་ནས་ལན་ཞིག་སྤྲད་སོང། ཡིན་ན་ཡང་རྒྱལ་ཚོགས་ཀྱི་ང་ཚོའི་ཚེ་སྲོག་དེ་འགྲོ་བ་མི་སྤྱིའི་ཚེ་སྲོག་བཞིན་ཆེ་མཐོང་དང་འགན་ལེན་བྱེད་ཀྱི་མི་འདུག ངོ་མ་སྐྱོ་བ་སྐྱེ་གཞི་ཞིག་རེད།

    Reply
  39. གངས་རིའི་ཤེལ་དཀར། says:
    ལོ་ 11 སྔོན།

    ཆེ་འདོད་ཁྲིར་བརྗིད་སྤང་བས་གཞན་ཕན་བརྩོན། །
    རེས་མེད་ཆོལ་གསུམ་ཡོངས་ལ་བྱམས་སྙིང་སྐྱོང་། །
    མཐོ་པོའི་བརྗིད་ཉམས་མི་དགོས་དཀྱུས་གཤིས་སྟོན། །
    ༧སྐྱབས་རྗེ་ཤིང་བཟའ་ཐུགས་སྤྱོད་མངོན་པར་བསྟོད། །

    གཉེར་ཉེ་མཛའ་བཤེས་དྲོད་ཁྱིམ་རྒྱབ་ཏུ་བསྐྱུར། །
    ཆོལ་གསུམ་མི་རིགས་བདེ་སྡུག་དང་དུ་ལེན། །
    གཅེས་པའི་རང་སྲོག་དོར་བའི་ཉམས་ངར་མེད། །
    རྒྱལ་གཅེས་དཔའ་བོ་རྡོ་རྗེ་རྒྱལ་པོར་བསྟོད། །

    ཕྱུག་ལྡན་རྒྱལ་ཁམས་ཡུལ་དུ་སླེབས་ན་ཡང་། །
    རང་ཉིད་སྒེར་གྱི་བདེའི་དོན་ཡོངས་སྤང་ནས། །
    ལ་བ་གངས་ཅན་བདེ་སྡུག་ཐབས་ལ་བརྩོན། །
    རྒྱལ་གཅེས་དཔའ་བོ་ཡེ་ཤེས་བསྟན་འཛིན་བསྟོད། །

    Reply
  40. ཁམས་པ། says:
    ལོ་ 11 སྔོན།

    ཁོང་ཚོར་བཀའ་དྲིན་ཆེ་ཞེས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist