མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་མིག་གཡོཊ་བྱེད་རས་ནག་འདི་ཁོང་ཚོར་ལེན་དུ་འཇུག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

ན་གཞོན་ཤེས་རབ་ཚེ་རྡོར་ལགས་ཀྱིས་ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུཊ་སྒར་ནས་མགོ་བཙུཊ་ཏེ། མིག་སྒྲིབ་རྒྱལ་དཀྲོགས་ཟེར་བའི་གོམ་བགྲོད་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་པ་དེ་གཟའ་ལྷག་པའི་ཉིན་ལྡེ་ར་ལྡུན་ས་གནས་སུ་འབྱོར་ཏེ་མཚན་རྟགས་བསྡུ་རུབ་གནང་འདུག  

ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་ནས་མགོ་འཛུགས་གནང་བའི་ཤེས་རབ་ཚེ་རྡོར་ལགས་ཀྱི་༼ མིག་སྒྲིབ་རྒྱལ་དཀྲོགས ༽ཀྱི་ལས་འགུལ་དེ་རེས་གཟའ་ལྷག་པའི་ཉིན་ལྡེ་ར་རྡུན་ས་གནས་སུ་འབྱོར་ཏེ་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་འདུག་ལ། དེའི་རྗེས་མུ་མཐུད་དུ་དོན་གྲུབ་གླིང་གཞིས་ཆགས་དང་རྭ་ཇི་པུར། མཱ་སའོ་རི་སོགས་བོད་པའི་གཞིས་ཆགས་ཁག་བརྒྱུད་རྒྱ་གར་གྱི་ས་གནས་དང་གྲོང་ཁྱེར་མང་པོ་ཞིག་ཏུ་སྐོར་སྐྱོད་ཀྱིས།  བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དོ་ཁུར་བྱ་དགོས་པའི་འབོད་སྐུལ་མཚན་རྟགས་བསྡུ་རུབ་གནང་འཆར་ཡོད་འདུག  

ལས་འགུལ་སྐབས་ཉིན་ལྟར་ཞོགས་པ་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད་ ༥ བར་ཁོང་གི་མིག་གཉིས་རས་ནག་གིས་གཡོགས་ཏེ། མང་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་བ་དང་མཚན་རྟགས་བསྡུ་རུབ་བྱེད་ཀྱི་ཡོད་པ་དང་། མིག་གཉིས་རས་ནག་པོས་གཡོགས་དོན་ནི། རྒྱལ་ཚོགས་དང་འཛམ་གླིང་ནང་གི་སྲིད་གཞུང་མང་པོ་ཞིག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་གཞུང་གིས་བོད་མི་ཚོར་དྲག་གནོན་བྱེད་བཞིན་པ། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པ་བཅས་ཀྱི་གནས་ཚུལ་མཐོང་བཞིན་དུ་སྣང་མེད་གཏོང་གི་ཡོད་པར་ངོ་རྒོལ་མཚོན་བྱེད་ཅིག་ཡིན་པ་དང་།  རྒྱ་གར་རྒྱལ་ཡོངས་ནང་བོད་དོན་ངོ་སྤྲོད་དང་མཚན་རྟགས་བསྡུ་རུབ་བྱས་རྗེས། རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་། གཞུང་ཚབ་ཁག རྒྱ་གར་གཞུང་སོགས་སུ་ཕུལ་ཏེ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

 

ཁ་སང་ཕྱི་ཚེས་ ༢༢ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཤེས་རབ་ཚེ་རྡོར་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། ལས་འགུལ་གྱི་དུས་ཡུན་ཟླ་ ༣ ལྷག་གི་འཆར་གཞི་དང་། ད་ལྟའི་ཆར་ཁོང་གི་གྲོགས་པོ་ཀརྨ་དོན་གྲུབ་དང་ཀརྨ་དངོས་གྲུབ་གཉིས་ལྷན་དུ་ཡོད་འདུག་ལ། དེ་སྔ་ལྡི་ལིར་རང་ལུས་མེར་བསྲེགས་བཏང་བས་རྐང་པའི་རྨ་ཁ་སོས་ཡོད་ཀྱང་གོམ་བགྲོད་སྐབས་མཚམས་རེར་ན་ཟུག་རྒྱག་གི་ཡོད་པ་མ་ཟད། དབྱུག་རྟེན་མེད་པར་གོམ་པ་རྒྱག་དཀའ་བའི་གནས་སྟངས་ཆགས་ཡོད་སྟབས། ས་གནས་གཅིག་ནས་གཞན་དུ་འགྲོ་སྐབས་རླངས་འཁོར་ཞིག་ཀྱང་མཉམ་ཁྲིད་བྱེད་ཀྱི་ཡོད་འདུག ཁོང་གིས་བརྗོད་དོན “མཚན་རྟགས་བསྡུ་རུབ་ལས་འགུལ་མཇུག་སྒྲིལ་རྗེས་ལྡི་ལིར་ཡོད་པའི་རྒྱལ་ཚོགས་ལས་ཁུངས་སུ་ཕྱིན་ཏེ། མཚན་རྟགས་བཀོད་པའི་ཡིག་ཆ་དང་སྙན་ཞུ་འབུལ་སྐབས་ཁོང་ཚོས་ད་ནས་བོད་ཀྱི་གནད་དོན་ཐད་མིག་ཕྱེ་རྒྱུའི་དམ་བཅའ་དང་ལྷན་དུ། ང་རང་གི་མིག་ཁ་གཡོགས་ཡོད་པའི་རས་ནག་འདི་ཁོང་ཚོར་ལེན་དུ་འཇུག་རྒྱུ་ཡིན”ཞེས་བརྗོད་བྱུང་།

ཤེས་རབ་ཚེ་རྡོར་ལགས་ཀྱི་ལས་འགུལ་སྐབས་ “གངས་ལྗོང་གི་ཕོ་ཉ་” ཞེས་པའི་མིང་ཐོག་ནས་ཡིག་ཆ་ཞིག་འགྲེམས་སྤེལ་བྱེད་བཞིན་པའི་ནང་དོན་ཚན་འགའ་བཀོད་ཡོད་པ་ནི། ༡༽ རྒྱ་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་རྒྱལ་གཅེས་ཆོས་གཅོས་ཀྱི་སློབ་གསོ་མཚམས་འཇོག་བྱ་རྒྱུ། ༢༽ བོད་ནང་གི་བོད་མིའི་མངོན་འདོད་ལ་བརྩི་བཀུར་དང་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ནང་མིར་སུན་གཙེར་བཟོ་རྒྱུ་མཚམས་འཇོག ༣༽ ཞི་རྒོལ་མང་ཚོགས་ལ་དྲག་གནོན་མཚམས་འཇོག་དང་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་མི་སྣ་དང་གསར་འགོད་པ་བོད་ནང་གཏོང་དགོས་པ། ༤ ༽ རྒྱལ་སྤྱིའི་བཅའ་ཁྲིམས་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ལེགས་བྱང་རིགས་བོད་ནང་ལག་བསྟར་ཡོང་རྒྱུར་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། ༥༽ ཡར་ཀླུང་གཙང་པོ་གཙོས་པའི་བོད་ནང་གི་ཆུ་ཆེན་དག་ལ་གློག་ཁང་ཆུ་མཛོད་རྒྱག་པའི་ལས་གཞི་མཚམས་འཇོག་བྱ་དགོས་པ། ༦༽ བོད་ཀྱི་རང་བྱུང་ཁོར་ཡུག་ལ་རྒྱ་གཞུང་གིས་བརྩི་བཀུར་བྱ་དགོས་པ་བཅས་ཀྱི་ཐད་རྒྱལ་ཚོགས་དང་རྒྱལ་སྤྱིའི་དབུ་ཁྲིད་ཚོས་རྒྱ་གཞུང་ལ་འབོད་སྐུལ་དང་གནོན་ཤུགས་སྤྲོད་དགོས་པ་བཅས་རེད།

སྔ་ལོར་རྒྱ་གར་རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་དེ་བོད་ནང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་སྐབས། ཤེས་རབ་ཚེ་རྡོར་ལགས་ཀྱིས་ ༢༠༡༡ ལོའི་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ་རང་ལུས་མེར་བསྲེགས་བཏང་ཡོད་ཀྱང་། དེ་མ་ཐག་རྒྱ་གར་སྐོར་སྲུང་བ་འབྱོར་ཏེ་མེ་བསད་དེ་སྨན་ཁང་དུ་བསྐྱལ་ཡོད། སྐབས་དེ་ནས་བཟུང་ཁོང་གི་རྐང་པ་གཡོན་པར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ད་ཆར་ཡང་དབྱུག་པར་བརྟེན་ཏེ་འགྲོ་དགོས་པ་ཆགས་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 6

  1. ཅང་མེད། says:
    ལོ་ 14 སྔོན།

    བཀའ་དྲིན་ཆེ། གསལ་བསྒྲགས་དེ་མ་ཀློག་མི་ཟུང་གི ཀློག་ན་མིག་ཆུ་འཐོར་ཡོང་བས། ད་ཅི་བྱེད། ཀ་ཁ་ག་ངའི་ལས་འདི།

    Reply
  2. བསེ་རུ། says:
    ལོ་ 14 སྔོན།

    རིགས་ཀྱི་དོན་ཆེན་སྒྲུབ་པར་བརྩོན་སྤྲོ་བའི།།
    གང་ན་སུ་ཐུགས་རྗེ་བཀའ་དྲིན་ཆེ།།
    རིགས་ཀྱི་ཞབས་འདྲེན་ཀླད་མེད་ཅོལ་ཆུང་རྣམས།།
    འདི་དང་ཕྱི་མར་གཤེགས་པའི་གྲབས་མཛོད་ཅིག།

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    མིག་བོད་པ་རྒྱ་ནག་དམར་པོས་བཀབ་ཡོད།།
    རྒྱ་ནག་པོ་བཀོག་ན་བོད་ཡུལ་གསལ་འགྲོ།།
    མིག་མཉམ་འབྲེལ་རྒྱལ་ཚོགས་ཚོང་གིས་བཀབ་ཡོད།།
    ཚོང་ཁེ་ཕོག་མ་བསམ་འཛམ་གླིང་བདེ་འགྲོ།།

    Reply
  4. gyurmey says:
    ལོ་ 14 སྔོན།

    དགའ་བསུ་ཡོད། མུ་མཐུད་ནས་ལས་འགུལ་སྤེལ་རོགས་གནང་། བོད་པ་སྤྱི་ཡིན་ནའང་རང་རང་གི་ས་ནས་ལས་འགུལ་རེ་སྤེལ་རོགས་གནང་།

    Reply
  5. གངས་ཅན། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཨ་རི་ནེའུ་ཡོག་ཏུ་ཟས་བཅད་ངོ་རྒོལ་བྱེད་མཁན་གསུམ་དང། གླིང་ཚ་མ་བུ་གསུམ། གསོག་སྒར་སློབ་གྲྭའི་རྐང་འཁོར་སྐོར་བསྐྱོད་པ་གསུམ། ཤེས་རབ་ཚེ་རྡོར་བཅས་ཀྱི་བོད་བསྟན་སྲིད་ཀྱི་ཆེད་དུ་བློས་གཏོང་དང་སྙིང་སྟོབས་ཆེན་པོས་ལས་འགུལ་སྤེལ་བར། བོད་རྒྱ་ཆེ་མི་མང་དྲིན་དྲན་དགོས་པ། ཁོང་ཚོའི་བྱས་རྗེས་ལོ་རྒྱུས་དེབ་ཐེར་དུ་འགོད་ཆེད་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས་གྲོས་ཚོགས་ཀྱི་སྟོང་པའི་དུས་ཚོད་བླངས་ཏེ་དྲན་གསོ་ཞུ་སོང། ང་ཚོས་ཀྱང་བསྔགས་བརྗོད་དང་རྗེས་སུ་ཡི་རང་བྱེད་དོ། །

    Reply
  6. རིག་འཛིན། says:
    ལོ་ 14 སྔོན།

    ཤེས་རབ་ཚེ་རྡོར་ལགས་ནི་་་་་སྔོན་མ་ནས་བོད་དོན་གྱི་ཆེད་དུ་རང་ནུས་གང་ཡོད་དང་སེམས་ཐག་གཙང་བཅད་ཀྱི་ལས་འགུལ་མང་པོ་སྤེལ་མྱོང་བའི་རྒྱལ་གཅེས་དཔའ་བོ་ངོ་མ་ཞིག་རེད་་་་ཁོང་གིས་བློས་གཏོང་མང་པོ་གནངས་ཟིན་པའང་ཤེས་ཀྱིན་ཡོད་ལ་་་་་་མི་རིགས་ཀྱི་ཆེད་དུ་རང་སྲོག་དང་རང་ལུས་གཏོང་ཐུབ་པའི་སྙིང་སྟོབས་དང་དཔའ་ངར་ཡོད་པའང་ཤེས་ཀྱིན་ཡོད་་་་་་རེད་དེ་་་་་་ང་ཚོའི་འཐབ་རྩོད་འདི་རིམ་བཞིན་སྟོབས་ཤུགས་ཇེ་ཆེ་དང་འགྲུབ་འབྲས་ཇེ་བཟང་དུ་གཏོང་དགོས་པས་་་་
    ཚང་མ་་མཉམ་དུ་འཇིག་རྟེན་གྱི་ཁྱིམ་གཞིས་འདི་ནང་འཚོ་ཐོག་་་ད་ལྟའི་ལས་རིམ་་ནང་བཞིན་མུ་མཐུད་དེ་སྤེལ་བ་ལས་་་་་ཁ་སྔོན་ལྡི་ལི་རུ་གནངས་པའི་ཐག་བཅད་དང་བློས་གཏོང་དེ་འདྲ་རྩ་བ་ནས་མ་མཛད་རོགས་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese