མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་ ༡༠ རྗེས་ཤེས་རིག་དྲུང་ཆེ་ཕེབས་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཤེས་རིག་བཀའ་བློན་ཟུར་བ་ཐུབ་བསྟན་ལུང་རིགས་ལགས་ཀྱིས་བཀའ་ཁྲི་མཆོག་ལ། བཀའ་ཤག་གསར་པའི་དུས་ཡུན་ནང་ཤེས་ཡོན་ཐོག་འཐུས་ཤོར་ཕྱིན་ཡོད་མེད་དང་། བཀའ་ཁྲིའི་ཕྱག་ལས་གང་གནང་བཅས་ལ་དྲི་བ་བཏོན་པའི་ལན་དུ། བཀའ་ཁྲི་མཆོག་གིས་ཕྱི་ཟླ་ ༤ ཚེས་ཤར་ཙམ་ལ་ཤེས་རིག་དྲུང་ཆེ་གསར་པ་ཕེབས་ཀྱི་ཡོད་ཚུལ་གསུངས་སོང་།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་བསྒྲིལ་ལ་ཉེ་བའི་སྐབས་འདིར། དེ་རིང་སྔ་དྲོར་གྲོས་ཚོགས་ནང་དེ་སྔའི་ཤེས་རིག་བཀའ་བློན་མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་ད་ལྟའི་ཤེས་རིག་བཀའ་བློན་དང་བཀའ་བློན་ཁྲི་པ་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་ལ། ཤེས་རིག་ལས་ཁུངས་ཀྱི་ལས་དོན་སྤྱི་དང་། ལྷག་པར་དུ་ད་ཆར་ཤེས་རིག་ལས་ཁུངས་ལ་དྲུང་ཆེ་མེད་པ་བཅས་ཀྱི་ཐད་སྐར་རྟགས་ཅན་གྱི་དྲི་བ་དོན་ཚན་ ༣ ཅན་ཞིག་བཏོན་ཏེ། བཀའ་བློན་ཁྲི་པ་མཆོག་གིས་ལས་འཁུར་དམ་འབུལ་སྐབས་དང་། བསྟན་བདག་བླ་ཆེན་རྣམ་པའི་ཚོགས་ཆེན་སྟེང་། དེ་བཞིན། ཐེངས་སྔོན་མའི་གྲོས་ཚོགས་ནང་བཅས་སུ་ཤེས་རིག་གི་ལས་དོན་གལ་ཆེན་དོན་ཆེན་ཡིན་ཚུལ་གསུངས་སྟབས་ཤེས་རིག་ཐོག་ཐུགས་འགན་ཆེ་ཙམ་བཞེས་རྒྱུ་ཡིན་པའི་མཐོང་ཚུལ་བྱུང་ཡང་། ཉེ་ལམ་ཤེས་རིག་དྲུང་ཆེ་བཀའ་དྲུང་དུ་གནས་སྤོ་གནང་འདུག་པར་འཀའ་དྲི་ཞུ་རྒྱུར།

དང་པོ། ཤེས་རིག་ལས་ཁུངས་ཀྱི་ལས་ཀ་དེ་བཞིན་ཞུམ་བུ་གཉིད་དུ་སོང་ཡང་། བྱི་བ་ཡིད་ལ་ཤར་ཤར་ཟེར་བ་ལྟར་སྡོད་དགོས་པའི་ཚོར་བ་རྣོ་བའི་གནས་སྐབས་ལ། ཤེས་རིག་བཀའ་བློན་བཞུགས་ཁོམ་མེད་ཁར། ཨ་མ་ལྟ་བུར་འགན་འཁུར་མཁན་ལས་ཁུངས་ཀྱི་དྲུང་ཆེའང་མེད་པར་ལྷག་ཡོད་པ་འདིས་ཤེས་ཡོན་ཡར་རྒྱས་ལ་ཕན་གནོད་གང་འདྲ་ཞིག་འབྱུང་ངམ། གཉིས་པ། བཀའ་ཁྲི་མཆོག་གིས་དམ་འབུལ་ཞུས་ཏེ་ཟླ་འདིའི་ཚེས་ ༡༤ བར་ཉིན་གྲངས་ ༢༢༣ ཕྱིན་པའི་རིང་། ངྷ་སར་བཞུགས་ག་ཚོད་བཞུགས་ཡོད་པ་དང་། དེའི་ཁྲོད་ཤེས་རིག་ལས་ཁུངས་ནང་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐད་གོ་བསྡུར་དང་ལས་འཆར་གང་ཞིག་ཡོད། གསུམ་པ། ཤེས་རིག་དྲུང་ཆེ་ག་དུས་བསྐོ་རྒྱུ་ཡིན་བཅས་དྲི་བ་བཏོན་སོང་།  

གོང་གསལ་དྲི་བར་བཀའ་ཁྲི་མཆོག་གིས་ཡིག་ཐོག་གི་ལན་འདེབས་གནང་བའི་ནང་། དང་པོ། བཀའ་བློན་ཁྲི་པས་ཤེས་རིག་བཀའ་བློན་གྱི་ལས་འགན་གཅིག་ལྕོགས་དང་། བཀའ་དྲུང་གིས་ཟླ་གཅིག་ལྷག་ཙམ་རིང་ཤེས་རིག་དྲུང་ཆེའི་ལས་འགན་གཅིག་ལྕོགས་ཞུ་བཞིན་ཡོད་པ་བདེན་པ་ཡིན་ཡང་། ཤེས་རིག་ལས་ཁུངས་ཀྱི་ལས་དོན་ཐོག་འཐུས་ཤོར་སོང་མེད་ལ། ཤིན་ཏུ་གལ་གནད་ཆེ་བའི་ཤེས་ཡོན་གྱི་ལས་དོན་ཐོག བྱི་ལ་གཉིད་དུ་ཡུར་ཡང་ཙི་ཙི་ཡིད་ལ་འཁོར་བའི་དཔེ་ལྟར། མ་བརྗེད་པར་ཡིད་ལ་འཆང་ཡོད། གཉིས་པ། ཕྲན་ནས་བཀའ་ཁྲིའི་དམ་འབུལ་ཞུས་ཏེ་ད་ལྟའི་བར་གྱི་བརྒྱ་ཆ་ ༦༠ མན་ཙམ་ངྷ་སར་བསྡད་པ་དང་། གཞན་ལྡི་ལི་གཙོས་པའི་རྒྱ་གར་ནང་ཁུལ་དང་། ཨ་རི་དང་ཡུ་རོབ་ཁུལ་དུ་གཞུང་དོན་ཕྱོགས་སྐྱོད་ཞུས་འདུག ཤེས་རིག་ལས་ཁུངས་ནང་དངོས་སུ་བཅར་རྒྱུའི་དུས་ཚོད་མང་པོ་བྱུང་མེད་ཀྱང་།  ཤེས་ཡོན་ཡར་རྒྱས་ཐོག་གྲོས་བསྡུར་དང་། འཆར་འགོད། ལམ་སྟོན། དངོས་སུ་ལག་ལེན་བཅས་ཞུས་ཡོད། གསུམ་པ། ཤེས་རིག་དྲུང་ལ་ཤེས་ཡོན་ཐོག་ཉམས་མྱོང་ཡོད་མཁན་ཞིག་ཕྱི་ཟླ་ ༢ པའི་ཟླ་མགོར་བསྐོ་བཞག་ཟིན་ཞིང་། རིང་མིན་ཕྱི་ཟླ་ ༤ པའི་ཚེས་ཤར་ལ་ལས་བཅར་ཐུབ་པའི་རེ་བ་ཡོད་ཅེས་བཀོད་འདུག

སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་འཕྲོས་དོན་དྲི་བའི་ཚུལ་དུ། ཤེས་རིག་དྲུང་ཆེ་བཀའ་དྲུང་དུ་བསྐོ་བཞག་བྱས་པ་དེས་ཤེས་ཡོན་ལས་དོན་ཐོག་ཕན་གནོད་གང་འདྲ་བྱུང་ཡོད་མེད་དང་། གལ་སྲིད་བྱི་ལ་གཉིད་དུ་ཡུར་ཡང་ཙི་ཙི་ཡིད་ལ་འཁོར་བའི་དཔེ་དོན་ལ་གནས་བཞིན་ཡོད་ན། ད་བར་ཤེས་ཡོན་ཐོག་ལས་དོན་གང་བྱས་དང་འཆར་འགོད་གང་ཡོད་ཁ་གསལ་གསུང་རྒྱུ་ཡོད་མེད་བཅས་བསྐྱར་འདྲི་ཞུས་པའི་ལན་དུ། བཀའ་ཁྲི་མཆོག་གིས་“ ད་ལྟའི་བར་ངས་བཀའ་བློན་ཁྲི་པ་དང་མཉམ་དུ་ཤེས་རིག་བཀའ་བློན་གྱི་འགན་བཞེས་པ་དང་། བཀའ་དྲུང་གིས་ཀྱང་བཀའ་དྲུང་དང་མཉམ་དུ་ཤེས་རིག་དྲུང་ཆེའི་ལས་འགན་བཅས་མཉམ་འཁུར་ཞུ་བཞིན་ཡོད། ད་ལྟའི་བར་ང་ལས་ཁུངས་དུ་བཅར་མེད་ནའང་། ལས་དོན་ཐོག་ད་བར་འཐུས་ཤོར་ཕྱིན་མེད་ལ། མ་འོངས་པར་ཡང་འགྲོ་བ་མ་རེད་ཞུ་རྒྱུ་ཡིན། བཀའ་ཁྲི་སྔོན་མས་ཀྱང་ལས་ཁུངས་གཉིས་དང་གསུམ་གྱི་ཕྱག་ལས་གནང་ཡོད་ལ། ཟླ་ ༦ ཙམ་མ་ཟད། ལོ་ ༡ རིང་ཕེབས་ཐུབ་མེད་པ་བྱུང་ཡོད་ཀྱང་། ལས་ཁུངས་དེ་དག་གི་ལས་དོན་འཐུས་ཤོར་ཕྱིན་མེད། ཤེས་རིག་ལས་ཁུང་དང་བཀའ་ཤག་ཐག་ཉེ་ཡིན་སྟབས་ཕྱག་ལས་མཉམ་དུ་གནང་ཆོག་གི་རེད” ཅེས་ལན་འདེབས་གནང་སོང་།  

བཀའ་ཁྲི་མཆོག་གིས་མུ་མཐུད་དོན། “ ད་བར་ཕྱག་ལས་ག་རེ་གནང་ཡོད་ཅེ་ན། སྔར་ལོ་དམ་འབུལ་བྱས་རྗེས་ཐོག་མར་སློབ་སྤྱི་རྣམ་དང་ལྷན་དུ་ཚོགས་འདུ་དང་། སློབ་གྲྭའི་འགན་འཛིན་ཚང་མ་མཉམ་རུབ་ཀྱི་ཚོགས་འདུ་བཅས་ད་ལྟའི་བར་ཚོགས་མ་མྱོང་བའི་ཚོགས་འདུ་ཚོགས་པ་དང་། འཆར་ཟླའི་ནང་རྒྱ་གར་གྱི་སློབ་སྤྱི་དང་འགན་འཛིན་རྣམ་པའི་མཉམ་དུ་ཚོགས་འདུ་སྐོང་རྒྱུའི་ལས་རིམ་བསྒྲིགས་ཡོད། འདས་པའི་ལོ་ ༣༠ ལྷག་གི་རིང་བཀའ་བློན་དང་དྲུང་ཆེ་རྣམ་པའི་སྐུ་ངལ་སྐྱོན་པའི་འབྲས་བུ་དེར། ད་ལན་ང་ཤེས་རིག་བཀའ་བློན་བྱས་ཏེ་ཟླ་ ༦ འགོར་བའི་ནང་དུའང་འབྲས་བུ་མི་དམན་པ་བྱུང་ཡོད་ཅེས་ཡིག་ཐོག་ནས་གསལ་བཤད་བྱས་ཡོད་ལ། གཏན་སློབ་ CTS བརྒྱུད་དེ་སློབ་གྲྭ་རྩིས་སྤྲོད་སྟངས་སོགས་ཀྱི་ཐོག་ནས་ཀྱང་། འདས་པའི་ཟླ་ཤས་རིང་བཀའ་བློན་གྱི་འགན་འཁུར་བའི་ཐོག་ནས་དཀའ་ལས་བརྒྱབ་སྟབས། མི་རབས་རྒན་པ་མང་པོས་བཀའ་དྲིན་ལ་བརྟེན་ནས་འབྲས་བུ་མི་དམན་པ་སྟོན་གྱི་ཡོད། ཤེས་རིག་དྲུང་ཆེ་ལ་མཚོན་ན། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ལྡི་ལི་འབྱོར་གྱི་ཡོད་ལ། ཕྱི་ཟླ་ ༤ བའི་ཚེས་ ༡ ཉིན་འདིར་འབྱོར་གྱི་ཡོད། ཁོང་འདིར་འབྱོར་རྗེས་དྲུང་ཆེའི་ལས་འགན་བཞེས་རྒྱུ་ཡིན”ཞེས་གསུངས་བྱུང་། 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༩ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

མཆན། 12

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    http://feminamissindia.indiatimes.com/photoshow/11777780.cms?curpg=16 སྒང་ཏོག་བུ་མོ་བསོད་ནམས་དཔལ་ཆོས་ལ་འོས་བླུགས་རོགས།

    Reply
  2. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    རྒྱ་གར་གྱི་སློབ་གྲྭ་ཁག་གི་སློབ་སྤྱི་སོགས་ལ་གྲོས་བསྡུར་བྱ་རྒྱུ་དེ་གཙོ་ཆེ་མིན་མི་ཤེས། ཁོང་ཅག་ནི་རྒྱ་གར་བའི་སློབ་གསོ་དང་རིག་གནས་སྐོར་ནས་སློབ་སྤྱིའི་གོ་གནས་ལ་ཐོན་པ་རེད། བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཅུང་ཙམ་ཡང་ཡོད་རྒྱུ་མ་རེད་འདོད་ཀི། བོད་ཀྱི་རིག་གནས་ལ་བརྩེ་བ་ཅུང་ཙམ་ཡང་ཡོད་རྒྱུ་མ་རེད་འདོད་ཀི། དེ་ནི་ཁོང་གིས་གྲོས་བསྡུར་བྱ་ས་དག་ནོར་ཡོད་པ་འདྲ། མི་རིགས་རང་གི་རིག་གནས་འདི་རིག་གནས་གཞན་པ་དག་དང་གཅིག་མཚུངས་སུ་བལྟས་ན་ནོར་བ་རེད་ལ། རང་གི་རིག་གནས་ལ་གོམས་པ་མེད་ན་གཅིག་མཚུངས་སུ་ལྟ་རྒྱུ་རེད་འདོད་ཀི། དེ་བཀའ་ཁྲི་མཆོག་གིས་མཚོན་ཐུབ་པ་འདྲ། དངོས་གནས་བཤད་ན། བཀའ་ཁྲི་བཆོག་གིས་གྲོས་བསྡུར་བྱ་དགོས་ས་དག་གི་བོད་རང་གི་སྐད་ཡིག་རིག་གནས་ལ་མཁས་ཤིང་བྱང་བའི་མི་སྣ་དག་ཡིན་དགོས་པ་རེད་འདོད། དེ་མ་གཏོགས་གཞན་ཉམས་མྱོང་མེད་མཁན་དག་དང་ལྷན་དུ་གྲོས་བསྡུར་བྱས་ན་ཁོང་ཚོས་ནི་མུན་ནག་མདའ་འཕེན་གྱི་དཔེ་སྐྱོང་རྒྱུ་རེད་འདོད་ཀི།

    Reply
  3. སྐལ་ཟུར་འཕྲིན་ལས། says:
    ལོ་ 14 སྔོན།

    དཔལ་ལྡན་བོད་ཀྱི་དུས་བབ་གསར་འགོད་པ་དོན་ཁོ་ལགས། ཁྱོད་ཀྱིས་གསར་འགྱུར་བྲིས་པ་ཡག་པོ་ཆགས་ཡོང་བཞིན་འདུག སྔོན་མ་ཁྱོད་ཀྱི་གསར་འགྱུར་མང་ཆེ་བར་གོ་རྒྱུ་ཚོར་རྒྱུ་གང་ཡང་མེད་ཀྱང་སེམས་ཤུགས་ཆག་གི་རེད་བསམས་ཏེ་སྐྱོན་བརྗོད་བྱས་མྱོང་མེད། ད་དུང་ཆབ་སྲིད་ཁོ་ན་མ་ཡིན་པར་སྤྱི་ཚོགས་ནང་འཛུལ་ནས་གནས་ཚུལ་བསྔོག་འདོན་བྱ་དགོས་པ་གལ་ཆེན་རེད་འདུག་དྲན་ཡོད།

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ཐུབ་བསྟན་ལུང་རིགས་ཁོ་རང་དེ་སྔ་ཤེས་རིག་བཀའ་བློན་ལས་ཐོགས་ཡིན་སྐབས་ཤེས་ཡོན་ཐད་མཐུས་ཤོར་མ་གཏོག་ཡར་རྒྱས་གང་ཡང་བཏང་ཐུབ་མེད། སོ་སོའི་ལག་པར་ཡོད་དུས་ད་ལན་གྱི་དྲི་བ་དེ་ཡིད་ལ་དྲན་མྱོང་མེད་ལ་ལག་ལེན་དངོས་ལ་ཞུགས་རྒྱུ་ནི་ཕ་རིའི་སྤང་རྒྱན་རང་རེད། ད་ལན་དྲི་བ་དེ་ག་པར་ནས་ཐོན་པ་རེད། ཡ་མཚན་མ་རེད་པས། ཅིག་ན་ཉམས་མྱོང་ཡིན་ཡིན་ཁུལ་ཡིན་པ་འདྲ། ཡང་ཅིག་མིན་ན་རང་ཉིད་ཀྱིས་མཐུས་ཤོར་དེ་གཞན་གྱིས་ཡར་རྒྱས་བཏང་ཙང་ངོ་གནོང་བ་དང་ཁ་སྐྱེངས་བ་མིན་དྲོ། མི་ལ་དེ་འདྲའི་རྣམ་འགྱུར་མང་པོ་བཏོན་རྒྱུ་འདུག་ག། ཧ་ཧ་ཧ།

    Reply
  5. རྟ་མགྲིན་རྡོ་རྗེ། says:
    ལོ་ 14 སྔོན།

    བཀུར་འོས་དཔལ་ལྡན་བཀའ་ཁྲི་མཆོག་གིས། འཆར་ཟླའི་ནང་རྒྱ་གར་གྱི་སློབ་སྤྱི་དང་འགན་འཛིན་རྣམ་པའི་མཉམ་དུ་ཚོགས་འདུ་སྐོང་རྒྱུའི་ལས་རིམ་བསྒྲིགས་ཡོད། ཅེས་གསུངས་འདུག སློབ་སྤྱི་དང་འགན་འཛིན་རྣམས་བསྐངས་ནས་འཚོགས་རྒྱུ་དེ་ལེགས་ཀྱང་། ཁོང་ཚོ་ཕལ་ཆེ་བ་འཛིན་སྐྱོང་རང་གི་ནང་མགོ་འཐོམས་ནས་ཤེས་ཡོན་ཐོག་ཞིབ་ཕྲ་ཤེས་རྟོགས་དེ་ཙམ་མེད། ཁོང་ཚོ་དང་མཉམ་དུ་སློབ་གྲྭ་རེ་ནས་དགེ་རྒན་ཤེས་ཡོན་ཅན་རེ་ངེས་པར་ལྷན་ཚོགས་དེ་ནང་ཞུགས་རྒྱུའི་ཆ་བསྐྲུན་ན། ཤེས་ཡོན་ལེགས་བཅོས་ཐོག་ཏན་ཏན་ཕན་ཐོགས་ཆེན་པ་ོ་ཡོང་ལ། ཚོགས་འདུ་དེ་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུ་ཡིན།

    Reply
  6. རྒྱང་ལྟ། says:
    ལོ་ 14 སྔོན།

    གོང་ནས་དྲ་མཆན་པ་ཞིག་གིས། དགེ་རྒན་གྱི་གད་སྙིགས་ཡོད་ཚུལ་བཤད་བྱུང་། གལ་སྲིད་གད་སྙིགས་ཡོད་ན། གད་སྙིགས་དེ་ཚོ་བཟོ་བསྐྲུན་བྱེད་ས་ལ་ཡང་བསམ་བློ་ཞིག་མི་གཏོང་ཐབས་མེད་རེད། སྔོན་མ་མཚན་ཉིད་དགེ་རྒན་དམ་པ་དེ་ཉིད་ཞལ་བཞུགས་སྐབས་ཀྱི་དགེ་འོས་སྐབས་དང་པོ་དང་གཉིས་པ། གསུམ་པ་རྣམས་ཤིན་ཏུ་ཡག་པོ་ཡོད་ཚུལ་སྤྱི་ཚོགས་ནང་སྦིར་གྲགས་ཅིག་ཡོད། ད་ལྟ་དགེ་འོས་སྐབས་དང་པོ་དང་གཉིས་པ། གསུམ་པའི་ཁྲོད་དགེ་རྒན་ཅི་ཙམ་ཞིག་དགེ་རྒན་གྱི་ལས་གནས་ཐོག་བཞུགས་ཡོད་པ་དང་། ཅི་ཙམ་ཞིག་མེད་པ། གང་ལ་ཕྱིན་པ། ཅི་ཕྱིར་ཕྱིན་པའི་སྐོར་ལའང་ཞིབ་འཇུག་བཅུག་བྱ་འདོད་བྱུང་། ཤེས་མཁན་ཚོས་མཆན་ཞིག་འདེབས་རོགས་ཐུགས་རྗེ་གཟིགས།

    Reply
  7. རྒྱང་ལྟ། says:
    ལོ་ 14 སྔོན།

    ཤེས་ཚད་དང་ལག་ཁྱེར་འདྲ་མཉམ་མིན་ཡང་། འདྲ་མཉམ་མེད་པ་གཉིས་ལས་འདེམས་དགོས་པ་དེ་ཤེས་ཚད་འདེམས་དགོས་མོད། ད་ལྟ་ལག་ཁྱེར་འདེམས་ནས་དགེ་རྒན་ཤེས་ཚད་ཅན་ཇི་སྙེད་ཅིག་བློ་ཕམ་གྱི་གནས་དེ་དངོས་བདེན་རེད། གྱོང་རྒུད་དེ་དགེ་རྒན་གྱི་དཀའ་ངལ་གཅིག་པོ་མ་ཡིན་པར་ཚབས་ཆེ་ས་དེ་མི་རིགས་ཤིག་ལོང་བ་ཆགས་རྒྱུའི་ཉེན་ཁའི་དཀའ་ངལ་ཞིག་ཡིན། འདི་ཐད་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱིས་བྱེད་ཐུབ་པ་དང་བྱེད་དགོས་པའི་གནད་དོན་གཅིག་ནི། སློབ་གྲྭ་ཁག་ནང་སྐོར་སྐྱོད་ཀྱིས་དགེ་རྒན་ཤེས་ཡོན་ཅན་དང་ལྷག་བསམ་ཅན་གང་
    ཡིན་ལ་ ཞིབ་འཇུག་བྱས་ཏེ། ཁོང་ཚོར་ཤེས་ཚད་ཀྱི་གནས་སྟངས་དང་འཚམས་པའི་འཛིན་རིམ་བཀོད་སྒྲིག་དང་། ལག་ཁྱེར་གྱི་གནད་དོན་ཡིན་ན་ལག་ཁྱེར་ཇི་འདྲ་ཞིག་གི་ཤེས་ཚད་དགོས་པའི་ཐད་འདྲ་མཉམ་གྱི་ཡིག་རྒྱུགས་བཏང་སྟེ། རྒྱུགས་འཕྲོད་བྱུང་ན། ལག་ཁྱེར་གྱི་དོད་ཅིག་སྤྲད་དེ་གང་ལྟར་མ་འོངས་བོད་ཀྱི་གསོན་རྩ་གསོ་སྐྱོང་བྱེད་མཁན་གྱི་དགེ་རྒན་ཤེས་ཡོན་དང་ལྷག་བསམ་ཡོད་མཁན་དེ་ཚོ་མ་ཤོར་བའི་ཐབས་ཤིག་རང་གཞུང་ཤེས་རིག་ལ་ངེས་པར་དགོས་པ་ཡིན།

    Reply
  8. བདེ་རྒྱལ། says:
    ལོ་ 14 སྔོན།

    ཁག་ཅིག་གི་བསམ་ཚུལ་འདི་ཚོ་བདེན་པ་རེད། ཉིན་ཤས་སྔོན་ལ་ངེད་ཀྱི་གྲོགས་པོ་ལྷག་བསམ་ཡོད་མཁན། བོད་ཡིག་གི་ཤེས་ཚད་མཐོ་བོ་ཡོད་པའི་དམའ་རིམ་དགེ་རྒན་ཞིག་ཀྱང་སློབ་གྲྭ་ནས་ཐོན་རྒྱུ་ཡིན་སྐོར་བཤད་བྱུང་། རྒྱུ་མཚན་ད་བར་སྤྱི་སེམས་ཞིག་བཟུང་ནས་བོད་པའི་སྤྱི་ཚོགས་ནང་དགེ་རྒན་གྱི་ལས་ཀ་བྱས་ནས་ལོ་བཅུ་གཉིས་སོང་ན་ཡང་། དེང་སྐབས་མི་སྐོར་ཞིག་གིས་ལག་ཁྱེར་མཐོ་བོ་རེ་ཁྱེར་ཡོང་། སློབ་ཚན་ཡག་པོ་ཁྲིད་ཐུབ་པའི་ཤེས་ཚད་མེད་པར་གླ་ཆ་མཐོ་བོ་ཟ་བ་འདི་ཚོ་འགྲིག་མེད་པས། ད་ལྟ་མུ་མཐུད་དགེ་རྒན་བྱེད་འདོད་མི་འདུག་ཟེར།

    Reply
  9. ཚ་ཤོད་ཤེས་རབ། says:
    ལོ་ 14 སྔོན།

    ཤེས་རིག་གིས་འཐུས་ཤོར་ཆེ་ཤོས་གཅིག་འདི་རེད། ཤེས་ཡོན་གྱི་གནས་ཚད་ལ་བལྟས་ནས་གླ་ཕོགས་མ་སྤྲད་པར། ལག་འཁྱེར་ལ་བལྟས་ནས་གླ་ཕོགས་སྤྲོད་ཀྱི་ཡོད། ཤེས་ཡོན་གྱི་ཚད་གཞི་ངེས་ཅན་ཡོད་ཀྱང་ལག་ཁྱེར་མཐོ་བོ་འཁྱེར་རྒྱུ་མེད་པའི་དགེ་རྒན་ཚད་ལྡན་དེ་འདྲ་སློབ་གྲྭར་སྡོད་འདོད་མེད་པར་ཕྱིན་པ་ཡང་གང་འཚམས་ཡོད། བདེན་མི་བདེན་ཞིབ་འཇུག་བྱས་ན་ཤེས། དེང་སྐབས་སློབ་གྲྭ་ཁག་མང་པོར་ལག་ཁྱེར་མཐོ་པོ་ལ་བརྟེན་གླ་ཕོགས་མཐོ་བོ་ཟ་བ་དང་། སློབ་ཕྲུག་ལ་སློབ་ཚན་ཏག་ཏག་སློབ་ཁྲིད་ཐུབ་ཀྱི་མེད་པ་དང་། ལྷག་བསམ་མེད་པའི་གད་སྙིགས་དེ་འདྲ་མང་པོ་ཡོད་པས་འདིའི་སྐོར་ལ་ཤེས་རིག་གིས་ངེས་པར་གཟབ་ནན་གྱིས་ཉམས་ཞིབ་བྱ་དགོས་པར་མཐོང་།

    Reply
  10. ཆོས་འཕེལ says:
    ལོ་ 14 སྔོན།

    ངས་གོ་ཐོས་ལ་ཤེས་ཡོན་སྲིད་ཇུས་གསར་བའི་ནང་དུ། དགེ་རྒན་སྤུས་དག་གོ་སྒྲིགས་བྱེད་ནས། དགེ་རྒན་གྱི་གླ་ཕོག་སྤར་གྱི་རེད་ཟེར་བ་ཞིག་ཐོས་སོང་། བཀའ་ཁྲི་མཆོག་ཤེས་ཡོན་ཡོད་པ་ནང་བཞིན། རྩ་བ་ནས་གཏན་པོ་དང་ཡར་རྒྱས་གཏོང་ཐུབ་པའི་ཡིད་ཆེས་ཡོད། ད་ལྟར་སློབ་གྲྭ་ཁག་ལ་རྒྱུས་ལོན་བྱས་ན། དགེ་རྒན་མང་ཆེ་བ་ཤེས་ཚད་སྐྱོ་བོ་རེད་ལ། ལྷག་པར་བློ་སྟོབ་སྤེལ་བའི་སློབ་གསོ་གཏོང་མཁན་ཞི་དྲག་གིས་ཉུང་ཉུང་རེད་ཤག སྡོད་སའི་ཁང་པ་དང་། གྱོན་པའི་སྒྲིག་ཆས་རྣམས་རྗེས་ལུས་ཐེབས་མེད་རུང་། ཤེས་ཡོན་ཐོག་ནས་འཛམ་གླིང་གི་སློབ་གྲྭ་གཞན་དང་བསྡུར་ན་རང་རེའི་སློབ་གྲྭ་ནས་ཐོན་པ་རྣམས་ཤེས་ཚད་སྐྱོ་བོ་རེད། དེའི་རྒྱུ་མཚན་གཙོ་བོ་ནི། སློབ་སྦྱོང་དང་ཉམས་མྱོང་ཅན་གྱི་དགེ་རྒན་རྣམས་བོད་གཞུང་སློབ་གྲྭས་བདག་པོ་ཕོག་གི་མེད། དེའི་རྒྱུ་མཚན། སློབ་གྲྭའི་དགེ་རྒན་རྣམས་ཀྱི་ཟླ་རེའི་གསོལ་ཕོག་གིས་སོ་སོས་གཟའ་ཚང་ལ་གནས་སྐབས་ཀྱི་ལྟོ་གོས་འགྲིགས་ཙམ་ལས་མི་སྤྱི་འགྲོས་ལ་དགོས་པའི་ཅ་དངོས་ཉོ་བྱེད་ཀྱང་འདངས་ཀྱི་མེད། དེར་བརྟེན་སློབ་ཕྲུག་ཞིག་གི་ངོས་ནས་བཤད་ན། བོད་གཞུང་གི་སློབ་གྲྭའི་དགེ་རྒན་བྱེད་པ་ལས་ནད་གཡོག་བྱེད་པ་གདེམས་མཁན་མང་པ་མངོན་གསལ་རེད། བྱས་ཙང་རྩ་བ་ནས་གཏན་རླིང་བྱེད་ཅིང་ཡར་རྒྱས་གཏོང་དགོས་འདུག སུས་ཀྱང་ཟེར་རྒྱུ་མེད་པ་ཞིག་ནམ་ཡང་མི་ཐོན། རེ་བ་ཡང་མ་རྒྱེབ། གོང་ས་མཆོག་ལ་ཡང་དོལ་རྒྱལ་ཚོགས་པས་ངན་རྒུ་སྨྲ་བའི་སྒང་རེད། དེ་དག་ཧང་སངས་དགོས་པ་དང་། བློ་ཕམས་དགོས་པའི་གནས་དོན་གང་ཡང་མ་རེད། ཤུགས་རྒྱོབ། བཀའ་བློན་ལགས་ཁྱེད་བཀའ་བློན་དུ་གདེམས་མཁན་ངེད་དབུ་ནག་བོད་པ་ཡིན་ལ། ངེད་ཅག་གིས་ཁྱེད་ཀྱིས་རྗེས་སུ་ཤར་བསྐྱོད་ཆོག་བསམ་ནས་ཁྱེད་གདེམས་པ་ཡིན། ཁྱེད་ཀྱིས་སྣེ་ཁྲིད། བོད་གཞིས་བྱེས་གཉིས་ལ་ཡོད་པའི་ཁ་ཞེ་གཉིས་མེད་ཀྱི་བོད་སྤྱི་བའི་དོན་དུ་ལྷག་བསམ་དང་། ཤེས་ཡོན་ཅན་ཡོངས་རྗེས་སུ་འབྲངས་ངེས་རེད་ལ། བོད་པ་རྣམས་ཀྱིས་སྔོན་ཁྱེད་ལ་འོས་ཤོག་བླུག་པའི་སྐབས་ལས་ཀྱང་བརྡབ་གཅིག་གིས་རྒྱབ་སྐྱོར་མང་གིན་འདུག བོད་རྒྱལ་ལོ།

    Reply
  11. ཤིང་ལོ། says:
    ལོ་ 14 སྔོན།

    བཀའ་ཟུར་ཐུབ་ལུང་ལགས་ཀྱི་བཀའ་འདྲི་འདི་དག་ཉམས་མྱོང་དང་ཐུགས་ཚགས་རང་བཞིན་ཅན་གྱི་བཀའ་འདྲི་ཞིག་ཡིན་ནའང་། བཀའ་ཁྲི་ལགས་ཀྱིས་ལྗགས་ལན་དེ་གནད་འགྲོ་ཞིག་རེད་མི་འདུག་ལ། རྒྱ་གར་གྱི་སློབ་སྤྱི་སོགས་དང་གྲོས་བསྡུར་གནང་རྒྱུར་བལྟས་ན་སློབ་གྲྭ་ཁག་ལ་ཡོད་ཡིག་གི་ཤེས་ཚད་སྐྱོ་བ་ནི་གཟིགས་ཀྱི་མེད་པ་འདྲ། དངོས་གནས་བྱས་ན་བོད་ཡིག་མཁས་པ་དང་དབྱིན་ཧིན་མཁས་པ་སོགས་ཁྲིད་ནས་སློབ་གྲྭ་ཡོངས་ལ་གཟིགས་སྐོར་དང་། ཚོད་ལྟ་གནང་ན་རྟོགས་ཐུབ་རྒྱུ་རེད་མ་གཏོགས། མིང་ཙམ་བཟུང་ནས་ཧམ་བཤད་གནང་ནས་བཞུགས་ན་འཐུས་ཤོར་དང་། གྱོང་གུད་ཟེར་བ་དངོས་སུ་བསྟན་སོང་བ་རེད།

    Reply
  12. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ངས་ནི་འདི་འཐུས་ཤོར་ཆེན་པོ་ཞིག་ལ་ངོས་འཛིན་གྱིན་ཡོད། ཤེས་རིག་སྐོར་གྱི་ཕྱག་ལས་རེ་མེད་ན། དེ་ལ་དྲུང་ཆེ་ཞིག་དགོས་དོན་ཡང་ཡོད་རྒྱུ་མ་རེད། ད་བར་དུ་ལྷག་སོང་བ་ནི་བཀའ་ཁྲི་ཁོང་ལ་འདིའི་ཕྱོགས་ནས་ཕྱག་ལས་ཅང་མེད་སོང་བ་ཡིན་རྒྱུ་རེད་འདོད་ཀི། འདི་ནི་དངོས་གནས་དོ་སྣང་བྱ་དགོས་ས་ཞིག་ཅི་ལ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese