མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་རྩིས་མཐོ་སློབ་ཅིག་འཛུཊ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༣ ཉིན་ངྷ་ས་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ང་གཅིག་འཁོར་བའི་ལོ་འཁོར་ཚོགས་ཆེན་རྒྱས་པ་དང་། ལྔ་བཅུའི་དུས་དྲན་གྱི་མཇུག་བསྡོམས་མཛད་ཚོགས་ཏེ། བཀའ་ཁྲི་མཆོག་ཆེད་ཕེབས་ཐོག་འབྲེལ་ཡོད་ཁག་ལ་ཕྱག་འཁྱེར་དང་སྨན་རྩིས་སྐོར་གྱི་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་རང་དབང་སྡེ་ཚན་ཁག་གི་འགན་འཛིན། བཞུགས་སྒར་ཉེ་འཁོར་གྱི་སློབ་གྲྭ་དང་ཚོགས་པ་ཁག་གི་སྐུ་ཚབ། དབུས་སྨན་རྩིས་ཁང་གཙོས་པའི་ཕྱོགས་མཐའ་ཁག་གི་ཡན་ལག་སྨན་ཁང་ཡོངས་ཀྱི་འགན་འཛིན་རྣམ་པ་བཅས་ཆེད་ཕེབས་ཐོག བཀའ་ཁྲི་མཆོག་གིས་སྣང་གསལ་མར་མེ་དབུ་འབྱེད་ཀྱིས་མཛད་སྒོ་དབུ་འཛུགས་གནང་རྗེས། སྐུ་མགྲོན་དང་ཚོགས་ཞུགས་པ་ཚང་མ་སྐུ་བཞེངས་ཐོག་བོད་དོན་ཆེད་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུས་རྗེས། མཛད་སྒོའི་སྟེང་སྨན་རྩིས་ཁང་གི་ལས་བྱེད་ཁག་ཅིག་ལ་ཞབས་ལོ་ ༣༠ དང་ ༢༠ འཁོར་པའི་གཟེགས་བསྟོད་ཕྱག་འཁྱེར་དང་། སྨན་རམས་པ་འབྲིང་བ་དང་སྨན་རམས་པ་ཆུང་པར་སློབ་ཁྲིད་གནང་མཁན་སྨན་དགེ་ཁག་ཅིག་ལ་ངོས་འཛིན་ཕྱག་འཁྱེར། དེ་བཞིན་སྨན་རམས་པ་འབྲིང་བ་དང་སྨན་རམས་པ་ཆུང་བ་ཐོན་མཁན་ཁག་ཅིག་ལ་གནས་རིམ་ཕྱག་འཁྱེར། སྐབས་ ༡༦ པའི་སྨན་རྩིས་སློབ་མའི་རྒྱུགས་འབྲས་རྩེ་ཕུད་སོ་སོར་བྱ་དགའི་ཕྱག་འཁྱེར་བཅས་སྤྲད་སོང་ལ། སྨན་རྩིས་སྐོར་གྱི་དཔེ་དེབ་ཁག་ཅིག་དབུ་འབྱེད་བཅས་གནང་སོང་།  

མཛད་སྒོའི་སྟེང་སྨན་རྩིས་ཁང་གི་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་གིས་དུས་དྲན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་སྐབས།  ༧གོང་ས་མཆོག་གཙོས་བོད་མི་རྣམས་བཙན་བྱོལ་དུ་ཕེབས་རྗེས་ཕྱོགས་ཡོངས་ནས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་ཆེད་སློབ་གྲྭ་དང་དགོན་སྡེ་གསར་འཛུགས་གནང་མགོ་ཚུགས་པ་ལྟར། ༡༩༦༡ བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་ཡར་རྒྱས་སུ་བཏང་སྟེ། ད་ཆར་བཙན་བྱོལ་ནང་བོད་གཞུང་གི་ཚོགས་པ་ཆེས་ཤོས་ཤིག་ཏུ་འཕེལ་རྒྱས་ཕྱིན་ཡོད་ཅིང་། ད་ལྟ་དབུས་སྨན་རྩིས་ཁང་གི་འཛིན་སྐྱོང་ཚན་པ་དང་། རིག་གཞུང་ཚན་པ། འཛིན་སྐྱོང་ཚགས་ཚུད་མཉམ་ལས་ཚན་པ་བཅས་ཚགས་ཚུད་རྒྱ་སྐྱེད་བྱུང་ཡོད་པ།  རྒྱ་བལ་ནང་ཡན་ལག་སྨན་ཁང་ ༥༢ དང་དེ་དག་ནང་ལས་བྱེད་ ༣༩༥ དང་། སློབ་མ་ ༡༡༤  བཅས་ཡོད་པ། ད་སྔ་སྨན་རྩིས་དང་འབྲེལ་བའི་དཔེ་དེབ་ ༡༢༥ དཔར་སྐྲུན་བྱས་ཡོད་ཚུལ་སོགས་ངོ་སྤྲོད་གནང་སོང་།

ཁོང་གིས་མུ་མཐུད་སྨན་རྩིས་ཁང་གི་ལས་འགན་དང་དམིགས་སྐོར་བརྗོད་པ་ལྟར་ན། རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཐོག བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད། ཕྱི་རྒྱལ་བ་བཅས་ནས་སློབ་མ་བསྡུས་ཏེ་ད་སྔ་སྨན་སློབ་སྐབས་ ༡༧ དང་རྩིས་སློབ་སྐབས་ ༨ བསྡུས་ཟིན་པ་དང་། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་གཙོ་བཟུང་གིས་དེང་གི་ཚན་རིག་སྨན་སྦྱོར་ལ་ཞིབ་འཇུག་ཐོག ཁྱབ་ཆེ་བའི་ནད་རིགས་སྤྱི་དང་ལྷག་པར་དུ་ཕྱི་ལུགས་སྨན་སྦྱོར་གྱིས་བཅོས་དཀའ་བའི་ནད་གཞི་ཁག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པར་གྲུབ་འབྲས་ཀྱང་གང་འཚམ་ཐོན་ཡོད་པ། འབད་བརྩོན་རིམ་པར་བརྒྱུད་ད་ཆར་བོད་ཀྱི་གསོ་བ་རིག་པར་རྒྱ་གར་གཞུང་གིས་ཁྲིམས་མཐུན་ངོས་ལེན་གྱིས་རྩ་ཁྲིམས་ནང་བཀོད་ཐུབ་བྱུང་ཡོད་པ། ད་ལྟ་ཚད་ལྡན་གྱི་སྨན་རྩིས་མཐོ་སློབ་ཅིག་འཛུགས་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

སྨན་རྩོས་ཁང་གི་དུས་དྲན་མཛད་སྒོའི་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྨན་རྩིས་ཁང་གིས་བོད་རང་ཉིད་ཀྱི་སྨན་དང་རྩིས་ཀྱི་ཐད་ནས་ཕྱི་ནང་གི་སྤྱི་ཚོགས་ཁྲོད་ཞབས་འདེགས་རླབས་ཆེན་སྒྲུབ་བཞིན་པར་བསྔག་བརྗོད་དང་། སྨན་རྩིས་ཁང་གི་དབུས་ས་གཉིས་ཀྱི་འབྲེལ་ཡོད་འགན་འཛིན་སྨན་པ་དག་དང་། དགེ་ལས་སློབ་མ་ཀུན་གྱིས་མ་འོང་པར་བོད་ཀྱི་སྨན་རྩིས་གཉིས་དེང་གི་ཚན་རིག་དང་ཞིབ་བསྡུར་ཐོག་རྒྱལ་སྤྱིའི་སྟེང་གདེང་འཇོག་སླེབས་ཐུབ་པ་ཞིག་བྱ་དགོས་པ་དང་། དེ་ཡང་བོད་རང་ཉིད་ཀྱི་སྲོལ་རྒྱུན་སྨན་རྩིས་ཀྱི་རང་གཤིས་ཐོག་འཕེལ་རྒྱས་སུ་གཏོང་དགོས་པ། འདས་པའི་ལོ་ ༥༠ རིང་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་ལྟར། མ་འོངས་པར་དེ་ལས་ལྷག་ཅིག་ཡོང་ཐུབ་པར་ནུས་པ་འདོན་དགོས་པའི་རེ་སྐུལ་གནང་སོང་།

མཐར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཆོག་གིས་སྨན་རྩིས་ཁང་གི་གྲུབ་འབྲས་སྐོར་ལ་གསུངས་རྒྱུར། སྐབས་ ༡༤ པའི་བཀའ་ཤག་གི་ལྟ་གྲུབ་གསུམ་སྟེ། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་ལག་བསྟར་དུ་འཁྱོལ་མཁན་ཏག་ཏག་སྨན་རྩིས་ཁང་ཆགས་ཡོད་པ་དང་། དེ་ནི་སྨན་རྩིས་ཁང་ཐོག་མར་འཛུགས་སྐབས་ཕྱོགས་གང་ཐད་ནས་སྐྱོ་བོ་ཡིན་ཡང་། སྐབས་དེའི་སྨན་པ་དང་ལས་བྱེད་རྣམས་ཆིག་སྒྲིལ་ཐོག་འཕྱར་གྲུ་མཉམ་འདེགས་བྱས་ཏེ། རིམ་བཞིན་བོད་ཀྱི་གསོ་བ་རིག་པ་དང་རྩིས་ཀྱི་སྲོལ་རྒྱུན་སྲོག་རྩར་བཟུང་པའི་སྟེང་འཛིན་སྐྱོང་དང་། སྨན་སྦྱོར། ནད་རིགས་བརྟག་དཔྱད། སློབ་གཉེར། ཚོང་འགྲེམས་སོགས་ཕྱོགས་ཡོངས་ནས་གསར་གཏོད་ཀྱི་རྣམ་པའི་སྒོ་ནས་ཕྱིན་ཡོད་པ་དང་། ད་ཆར་ཚོགས་པ་ཁག་མང་པོའི་ནང་སྨན་རྩིས་ཁང་འདི་དམིགས་བསལ་རང་ཁ་རང་གསོ་ཐུབ་ཡོད་པ་ནི་མིག་དཔེ་བཟང་པོ་ཞིག་ཆགས་ཡོད་པ། གྲུབ་འབྲས་དེ་སྨན་རྩིས་ཁང་གི་མི་རབས་རྒན་པ་ཚོ་སྟེ། སྨན་པ་ཟུར་པ་དང་ལས་བྱེད་ཟུར་པ། མ་བྱིན་ཡན་བཅས་སྤྱི་ཡོངས་ཀྱིས་དཀའ་ལས་བརྒྱབ་པའི་འབྲས་བུ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པར་གསུངས་པ་མ་ཟད།  མུ་མཐུད་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་གསུམ་གཞི་བཞག་ཐོག་ཕྱག་ལས་གནང་སྟེ། མ་འོངས་པར་བོད་སྨན་འདི་འཛམ་གླིང་ནང་གི་སྨན་གྱི་སྤུས་ཚད་ལེགས་ཤོས་དང་ཕོན་ཆེས་ཤོས་ཆགས་ཐུབ་པའི་རེ་བ་ཡོད་པར་གསུངས་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 1

  1. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    སྔོན་བྱོན་མེས་པོ་རྣམས་ཀྱིས་བོད་ལ་གསར་བཏོད་བྱས་པའི་ཕྱི་དངོས་པོ་དང་དཔལ་འབྱོར་ལག་ཤེས་ཀྱི་ཚན་རིག་གཅིག་བུ་ནི་བོད་ལུགས་གསོ་རིག་གི་ཉིང་བཅུད་འདི་ཉིད་ཡིན་པ་དང་། མ་འོངས་པར་ཡང་བོད་ཀྱི་དེང་རབས་གཞོན་སྐྱེས་རྣམས་ཀྱིས་འཛམ་གླིང་སྔོན་ཐོན་ཚན་རིག་གི་གསོ་བྱེད་ཀྱི་གཞུང་དང་སྦྲགས་ནས་བོད་ལུགས་གསོ་རིག་འདི་ཉིད་ཡར་རྒྱས་སུ་གཏོང་དགོས་པ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese